མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དུ་ཕེབས་འཇུག་རོགས་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨོ་སི་ཊོ་ལི་ཡའི་ཆབ་སྲིད་མཁས་དབང་དང་མང་ཚོགས་ཀྱིས་༧གོང་ས་མཆོག་ཁམས་སྐྱེ་རྒུ་མདོར་ཕེབས་རྒྱུར་ཡུལ་དེའི་སྲིད་བློན་མཆོག་ལ་སྙན་ཞུ་ཕུལ་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་ཨོ་སི་ཊོ་ལི་ཡའི་གཞུང་འཛིན་ཆབ་སྲིད་མཁས་དབང་དང་གྲོས་ཚོགས་ཀྱི་དབུ་ཁྲིད་སོགས་མི་སྣ་བཅུ་ཚུད་པའི་ཁྱོན་མི་ ༡༡༠༠ ཙམ་གྱིས་མཚན་རྟགས་བསྡུ་རུབ་ཀྱིས་ཡུལ་དེའི་སྲིད་བློན་  Kevin Rudd ཁེ་ཝན་རོ་ཌ་མཆོག་གི་མཚན་ཐོག་ཏུ་ཕྱག་ཡིག་ཅིག་ཕུལ་ཏེ། ཉེ་ཆར་བོད་ཀྱི་ཁམས་སྐྱེ་རྒུ་མདོར་གནོད་འཚེ་ཐེབས་པའི་མི་མང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གནོད་འཚེ་ཐེབས་ཡུལ་དུ་ཕེབས་པར་རྒྱ་ནག་དབུ་ཁྲིད་བགྲེས་གཞོན་གཉིས་ལ་སྙན་ཞུ་ཞིག་ཕུལ་ཡོད་པ་བཞིན། སྲིད་བློན་མཆོག་གིས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་ལ་༧གོང་ས་མཆོག་གནོད་འཚེ་ཐེབས་ཡུལ་དུ་ཆིབས་སྒྱུར་བསྐྱང་རྒྱུའི་ཐད་ངེས་པར་དུ་བཀའ་མོལ་ཞུ་དགོས་པའི་ཡིག་ཐོག་འབོད་སྐུལ་ཞིག་ཞུས་ཡོད་འདུག་ལ།
དེ་ནི་འདས་པའི་བདུན་ཕྲག་འདིའི་ནང་གོད་ཆག་བྱུང་མཁན་གྱི་བོད་མི་ཚོས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་དང་སྲིད་བློན་ཝུན་ཅ་པོ་གཉིས་ལ་ཡིག་ཐོག་གི་སྙན་ཞུ་ཞིག་ཕུལ་བ་དེར་རྒྱུར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་ཞིག་རེད་འདུག

ཚེས་ ༡༨ ཉིན་༧གོང་ས་མཆོག་གིས་ཁོང་ན་ནིང་ལོར་ཐེ་ཝན་དུ་མྱ་ངན་ཐུགས་གསོ་ཆེད་བཅར་ཐུབ་པ་དེ་ཕན་ཐོགས་ཆེན་པོ་བྱུང་ཅེས་དང་། ཡང་ཁོང་གིས་སྐབས་དེར་གོད་ཆག་བྱུང་ཡུལ་གྱི་མི་མང་ཚོས་རྒྱ་ནག་གི་དབུ་ཁྲིད་ལ་སྙན་ཞུ་ཕུལ་ཡོད་མེད་ཤེས་རྟོགས་མ་བྱུང་ཡང་གནོད་འཚེ་ཐེབས་མཁན་ཚོས་ཁོ་བོ་དེ་གར་བཅར་ཐུབ་རྒྱུའི་རེ་བ་རྒྱག་བཞིན་ཡོད་ཚུལ་ཐོས་མྱོང་ཞེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་ཡོད་འདུག

གོང་ཚེས་ཉིན་ཨོ་སི་ཊོ་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་ཨོ་སི་ཊོ་ལི་ཡ་ནི་བོད་རིགས་འདུས་སྡོད་ཀྱི་སྤྱི་ཚོགས་ཆེན་པོ་ཡིན་པར་མ་ཟད། ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ནང་རྒྱལ་ཁབ་འདིའི་ནང་གནས་སྡོད་བོད་མི་གང་འཚམ་གྱི་སྤུན་མཆེད་དང་ཉེ་འབྲེལ་སོགས་ལ་ས་ཡོམ་གྱི་གོད་ཆག་ནང་ཤི་རྨས་ཀྱི་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པས་སྲིད་བློན་གྱིས་ཁོང་ཚོར་གདུང་སེམས་མཉམ་སྐྱེད་བྱ་དགོས་ལུགས་ཀྱང་བརྗོད་ཡོད་འདུག རྒྱ་ནག་གཞུང་ཕྱོགས་ཀྱི་རྩིས་ཐོ་ལྟར་ན་ཐེངས་འདིའི་གོད་ཆག་ནང་བོད་མི་བརྒྱ་ཆ་ ༩༧ ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་ལ་དེ་ནི་བོད་རང་སྐྱོངས་ལྗོངས་ཕྱི་ལོགས་ཀྱི་བོད་རིགས་རང་སྐྱོང་ཁུལ་ཆེ་ཤོས་ཤིག་ཆགས་ཡོད་འདུག 


འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༥ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༧ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 7

  1. དོན་ལྡན says:
    ལོ་ 16 སྔོན།

    ཨོ་སིའི་སྲིད་བློན་ལ་འབུལ་བའི་ཞུ་སྙན་འདིར་སྲིད་དོན་མཁས་པ་དང་གྲོས་ཚོགས་འཐུས་མི་མི་བཅུ་ཙམ་མ་ཡིན་པར་འདིར་ཨོ་སིའི་དབུས་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཚང་མའི་སྐུ་ཚབ་མཚོན་པའི་གྲོས་ཚོགས་འཐུས་མི་བཅུས་མཚན་རྟགས་བསྐྱོན་ཡོད་པས་དེ་ག་རེ་མཚོན་ཐུབ་ཀྱི་ཡོད་དམ་ཞེས་ན་ཨོ་སི་མི་མང་ས་ཡ་ཉེར་གཉིས་ཀྱི་འཚབ་མཚོན་ཐུབ་ཀྱི་ཡོད།
    ཨོ་སིའི་ནང་བོད་མི་བརྒྱད་བརྒྱ་ཙམ་ལས་མིེད་སྟབས་འཛམ་གླིང་ནང་ནས་བོད་མི་གནས་སྡོད་བྱེད་ས་ཆེན་པོ་ཆགས་ཡོད་ཞེས་པ་ནི་འུར་གཏམ་སོང་ཙང་སྲིད་བློན་མཆོག་གི་མི་ཆོས་རིང་ལུགས་ཀྱི་རོགས་རམ་ཡོང་རྒྱུར་རེ་བ་ཞུས་ན་ལེགས་པ་མཐོང་གི་འདུག

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཅཱ་ཆིན་ལིན་གྱིས་བཤད་པས་སྐད་ཆ་དེ་ལ་དམ་འཛིན་གྱི་བོད་གཞུང་དང་སྐུ་སྒེར་གཉིས་ཀྱི་ཕྱག་ལས་གནང་གི་ཡོད་རྒྱུ་རེད།༧གོང་ས་མཆོག་མྱུར་དུ་ཡུལ་ཤུལ་ས་གནས་སུ་ཕེབས་ཐུབ་པའི་རེ་བ་ཡོད།དེ་ལ་ཚོགས་པ་ཁག་དང་མི་མང་གཉིས་ཀའི་ཐད་ནས་ཆབ་སྲིད་ཀྱི་སྐད་ཆ་མེད་པ་རྒྱ་ནག་གཞུང་ལ་སྙན་ཞུ་གང་མང་མང་དབུལ་དགོས་པ་རེད།

    Reply
  3. karma dorje says:
    ལོ་ 16 སྔོན།

    བོད་ལ་ཕེབས་འཇུག་སྐོར་ལ་རྒྱ་གཞུང་ཐད་ཀར་དང་། ཕྱིའི་རྒྱལ་ཚོགས་ཀྱིས་གནོན་ཤུགས་གཉིས་ཀ་ཡོད་དགོས་གལ་ཆེ་རེད།

    Reply
  4. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ད་ལྟ་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་གཞིས་བྱེས་གཉིས་ཀར་༸གོང་ས་མཆོག་སྐྱེ་རྒུ་རུ་གདན་འདྲེན་ཐབས་ཀྱི་བྱ་འགུལ་སྤེལ་དགོས་ཀྱི་འདུག རྒྱ་རྒན་ཚང་གིས་རོ་ཐོག་རྟ་རྒྱུགས་ཀྱི་ཆབ་སྲིད་གཡོ་བཅོས་བགྲངས་ལས་འདས་པ་བྱས་སོང་། ང་ཚོའི་རང་གི་སྐྱབས་མགོན་རང་ཡུལ་དུ་ཕེབས་པའི་ལས་དོན་ཇི་ལྟར་ཆབ་སྲིད་དུ་གྱུར་པ་རེད་དམ།

    Reply
  5. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁ་སང་དེ་རིང་གི་དུས་ཚོད་ལ་བོད་པའི་ཚོགས་སྡེ་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་སུ་ཡིན་ནའང་གནས་སྐབས་རིང་ཆབ་སྲིད་ཀྱི་ཚོར་ཤུགས་ཡོད་པའི་ལས་འགུལ་མ་སྤེལ་ན་ཡག་པོ་འདུག ཉེ་འཆར་ཅཱ་ཆིན་ལིན་གྱིས་བཤད་པའི་ཕྱི་སྡོད་བོད་པ་ཚོས་རོགས་སྐྱོར་ཞལ་འདེབས་ཕུལ་ན་སྣེ་ལེན་ཞུ་ཡི་ཡིན་ཞེས་བའི་སྐད་ཆ་འདི་རྩ་འཛིན་བྱས་ཏེ་ཁ་ཚ་དགོས་གཏུགས་ཀྱི་ཞལ་འདེབས་རོགས་དངུལ་བསྡུས་ཏེ་སྐྱེ་རྒུ་མདོར་བསྐྱལ་རོགས། ཆབ་སྲིད་སྟེགས་བུའི་སྟེང་གི་སྲིད་དོན་པ་ཚོས་གནས་སྐབས་རིང་ཟློས་གར་འདི་མ་འཁྲབ་རོགས། མཐའ་མ་གྱོང་རེགས་ས་དེ་རྨས་སྐྱོན་ཕོགས་པའི་གཞིས་བཞུགས་སྤུན་ཟླ་ཚོ་རེད། གསར་ལམ་ཁག་ཏུ་གནས་ཚུལ་ཐོན་བཞིན་པར་ལྟོས་ན་རྒྱ་ནག་གཞུང་ད་ལྟ་ནས་འདྲོགས་བཞིན་འདུག ཁ་སང་ནས་མྱུར་སྐྱོབ་ཆེད་ཕེབས་པའི་དགེ་འདུན་པ་རྣམས་ཕྱིར་རང་ཡུལ་དུ་འགྲོ་དགོས་ཞེས་བརྡ་ཐོ་བཏང་ཚར་འདུག

    Reply
  6. ནད་པ says:
    ལོ་ 16 སྔོན།

    ཨོ་སི་ཊོ་ལིཡའི་སྲིད་འཛིན་མཆོག་བརྒྱུད་ནས་༸གོང་མཆོག་ཕེབས་རྒྱུའི་སྙན་ཞུ་ཕུལ་བ་དེ་བྱ་བ་བཟང་པོ་ཞིག་རེད་ལ་ཀུན་སློང་ཡང་ཡུག་པོ་རེད།

    ཡིན་ནའང་ངས་བསམས་ན་དེ་ནི་ཀུན་སློང་དང་བྱ་བ་བཟང་པོ་ཞིག་ཡིན་ཀྱང་དེའི་ཐབས་འཇུས་ནོར་བ་རེད་དྲན་བྱུང་། གང་ཡིན་ཟེར་ན་སྙན་ཞུ་དེ་ངེས་པར་དུ་རྒྱ་ནག་དབུས་གཞུང་གི་སྲིད་འཛིན་དང་ཡང་ན་སྲིད་བློན་གཉིས་ལ་ཕུལ་དགོས་པའི་གནད་དོན་ཞིག་ཡིན།

    གལ་སྲིད་སྙན་ཞུ་རྒྱ་ནག་དབུས་ལ་ཕུལ་ན་གནད་དོན་དེར་དཔོན་རིགས་ཚོའི་ངོས་ནས་བསམ་ཚུལ་གང་འདྲ་ཞིག་ཡོད་མེད་ཐད་ལ་ནང་ཁུལ་གླེང་སློང་ཞིག་ཏན་ཏན་ཡོང་ངེས་རེད།

    Reply
  7. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    ཨོ་སི་ཊོ་ལི་ཡའི་ཆབ་སྲིད་མཁས་དབང་དང་མང་ཚོགས་ཀྱིས་༧གོང་ས་མཆོག་ཁམས་སྐྱེ་རྒུ་མདོར་ཕེབས་རྒྱུར་ཡུལ་དེའི་སྲིད་བློན་མཆོག་ལ་སྙན་ཞུ་ཕུལ་ཡོད་འདུག་པ་ལ་ཐུགས་རྗེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese