མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངོ་རྒོལ་མཚམས་མི་འཇོག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp
ཇི་སྲིད་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་རྣམས་ལ་མཇལ་ཆེད་རྒྱལ་སྤྱིའི་རང་དབང་ཅན་གྱི་སྡེ་ཚན་ཞིག་བོད་ནང་ཞིབ་བཤེར་དུ་གཏོང་མ་ཐུབ་པ་དེ་སྲིད་དུ། ང་ཚོས་ངོ་རྒོལ་མཚམས་མི་འཇོག་ཅེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བརྗོད་ཡོད།
དེ་རིང་ཞོགས་པར་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་བྱས་པའི་སྐབས་དང་སྟབས་བསྟུན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ན་གཞོན་རི་མོ་བ་ཁག་ཅིག་གདན་ཞུ་བྱས་ཏེ།  ཆུང་སྲིད་རིན་པོ་ཆེའི་པར་རིས་འབྲི་བའི་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད།  
སྐབས་དེར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས།  ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ལས་འགུལ་འདིའི་སྐབས་བྲིས་པའི་རི་མོ་དེ་དག་རྩིག་གྱང་ངོར་སྦྱོར་ཆོག་པའི་པར་ཐང་ཅན་དུ་བཟོ་འཆར་ཡོད་པར་མ་ཟད།རྒྱལ་སྤྱིའི་ནང་དགུང་གྲངས་༢༡ ལ་སོན་པའི་ཆུང་སྲིད་རིན་པོ་ཆེའི་སྣང་བརྙན་གསར་པ་འགྲེལ་བརྗོད་བྱ་ཆེད་དང་ཚོར་སྣང་གསར་པ་ཞིག་སྤྲོད་ཆེད་ལས་འགུལ་འདི་སྤེལ་བ་ཡིན་ཞེས་དང་།  ཡང་།བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཟླ་སྒྲོན་ཤར་གླིང་ལགས་ཀྱིས། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ད་ལྟའི་བར་ལོ་བཅོ་ལྔ་ཙམ་འདས་ཡོད་ནའང་།ང་ཚོའི་སྣང་ངོར་ཁོང་ཉིད་དགུང་ལོ་༦ཡིན་པའི་བྱིས་པའི་དུས་སྐབས་ཀྱི་པར་རིས་དེ་འཆར་གྱིན་ཡོད་པ་རེད།དེ་བས།ང་ཚོས་ན་ཚོད་དར་ལ་བབ་པའི་ཁོང་གི་ད་ལྟའི་སྣང་བརྙན་གསར་པ་དེ་སེམས་ལ་འཆར་ཐུབ་པར་བྱ་དགོས་ཞེས་འབོད་སྐུལ་གནང་བྱུང་།   
མཐའ་མར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་མཆོག་ལགས་ཀྱིས་ལས་འགུལ་དང་འབྲེལ་བརྗོད་དོན། བོད་རང་སྐྱོང་ལྗོངས་ཀྱི་དབང་འཛིན་པ་པདྨ་ཆོས་གླིང་གིས།༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་རྣམས་མི་ཚེ་སྐྱིད་པོ་ཞིག་སྐྱེལ་གྱིན་ཡོད་ཚུལ་བཤད་ཡོད་ཀྱང་།ང་ཚོས་ཇི་སྲིད་༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་རྣམས་ལ་མཇལ་ཐུབ་ཆེད།རྒྱལ་སྤྱིའི་རང་དབང་ཅན་གྱི་སྡེ་ཚན་ཞིག་བོད་ནང་ཞིབ་བཤེར་དུ་གཏོང་མ་ཐུབ་པ་དེ་སྲིད་དུ་ང་ཚོས་ངོ་རྒོལ་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་མིན་ལ།རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་གིས་ཆུང་སྲིད་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་ཐབས་ཀྱི་མི་ལོ་བཅོ་ལྔའི་ནང་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་ཞུ་བཞིན་ཡོད།ཅེས་འགྲེལ་བརྗོད་གནང་ཡོད།

མཆན། 6

  1. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 12 སྔོན།

    པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་འཁྲུངས་སྐར་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཀྲམས་པའི་ཡིག་ཆ་དེའི་ནང་《བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་མཆོག་ནས། བོད་རང་སྐྱོང་ལྗོངས་ཀྱི་དབང་འཛིན་པ་པདྨ་ཆོས་གླིང་གིས་བརྗོད་དོན།》ཞེས་བྲིས་པ་ཞིག་ཁོ་བོ་ལ་ཡང་ལག་སོན་བྱུང་། དོན་དངོས་《བོད་རང་སྐྱོང་ལྗོངས་ཀྱི་དབང་འཛིན་པ་པདྨ་འཕྲིན་ལས་ཀྱིས་བརྗོད་དོན།》ཟེར་དགོས་ཀྱི་ཡོད་པ་འདྲ། དེ་མིན་གྱི་ཡིག་ནོར་མང་པོ་ཞིག་ཀྱང་འདུག

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 12 སྔོན།

    ཉེས་མེད་བྱིས་པ་མུན་པའི་བཙོན་དུ་བཅུགས།
    སློབ་ལོ་དུས་རབ་བཙོན་ཁང་ནང་དུ་བསྐྱལ།
    ཕ་ཤུལ་བུ་འཛིན་གཞོན་ནུའི་ཕྲག་པར་ལྷུང༌།
    གངས་ཅན་པ་ཡིས་རེ་བའི་མིག་གི་བལྟ།

    པཎ་ཆེན་ལགས།
    ལྩགས་སྒྲོགས་རྭ་བ།
    མྱུར་དུ་གཅོད་དང༌།

    Reply
  3. karma dorje says:
    ལོ་ 12 སྔོན།

    བོད་ཕྲུག་ལོ་དྲུག་དུས་ནས་འཁྲིད། །
    ད་ལྟ་ལོ་ནི་ཉེར་གཅིག་སོན། །
    བསྟན་འཛིན་དགེ་འདུན་ཞེས་སུ་གྲགས། །
    ༸པཎ་ཆེན་ཁྱེད་ཉིད་རྒྱལ་འགྱུར་ཅིག །

    Reply
  4. འཁྲུངས་སྐར། says:
    ལོ་ 12 སྔོན།

    ཐུགས་རྗེ་ཆེ་ཞུ།།

    Reply
  5. འཁྲུངས་སྐར། says:
    ལོ་ 12 སྔོན།

    ཧ་ཅང་ཡག་པོ་འདུག

    Reply
  6. འཁྲུངས་སྐར། says:
    ལོ་ 12 སྔོན།

    ལས་འགུལ་གིས་ནུས་ཤུགས་ནི་མི་དམངས་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist