མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་དྲུག་གི་ནང་མི་ཡོངས་རྫོགས་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་མི་མང་གིས་ཐེངས་འདིའི་གོད་ཆག་ཐེབས་ཡུལ་གྱི་མི་མང་གི་རེ་འདོད་ལྟར་༧གོང་ས་མཆོག་ས་གནས་ས་ཐོག་ཏུ་ཞབས་སོར་འཁོད་ཐབས་སུ་རྒྱབ་སྐྱོར་གནང་རོགས་ཞེས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཉེར་བདུན་གྱིས་འབོད་སྐུལ་ཞུས་ཡོད།

ཐེངས་འདིའི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་སྐྱེ་རྒུ་མདོ་རང་ནས་ཡིན་ཞིང་ད་ལྟ་བཙན་བྱོལ་ནང་སློབ་གཉེར་བྱེད་ཀྱིན་པའི་དགེ་འདུན་པ་དང་སློབ་མ་མང་པོ་ཞིག་གི་ནང་མི་ཡོངས་རྫོགས་འདས་གྲོངས་ཕྱིན་ཡོད་པ་ལྟར། ཕྱི་ཚེས་ ༢༤ ཉིན་འདི་གའི་གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཕྱིན། སློབ་གྲྭའི་འགན་འཛིན་བུ་དྲུག་ཤཱསྟི་ལགས་ཀྱིས་ཐེངས་འདིའི་གནོད་འཚེ་ཐེབས་ཡུལ་གྱི་སློབ་མའི་གནས་སྟངས་འགྲེལ་བརྗོད་གནང་དོན། ཤེས་རབ་དགའ་ཚལ་སློབ་གླིང་དུ་ཐེངས་འདིའི་ས་ཡོམ་བྱུང་ཡུལ་རང་ནས་ཡིན་པའི་སློབ་མ་ ༢༧ ཡོད་ལ། དེའི་ཁྲོད་ཀྱི་སློབ་མ་ ༦ གི་ནང་མི་གཅིག་ཀྱང་མ་ལུས་པར་འདས་གྲོངས་སུ་གྱུར་ཡོད་པ་དང་། གཞན་སློབ་མ་ཚང་མའི་ནང་གཉེན་ཉེ་འདས་གྲོངས་སུ་མ་གྱུར་ཞིག་མི་འདུག  ད་ལྟའི་ཆར་གཞུང་ངོས་ནས་ཁོང་ཚོར་མཐུན་འགྱུར་རོགས་རམ་དང་ཐུགས་གསོའི་གནས་ཚུལ་སོགས་བྱུང་མ་སོང་། ཡིན་ནའང་། སློབ་གྲྭའི་ངོས་ནས་ཐེངས་འདིའི་ས་ཡོམ་གྱི་གནས་ཚུལ་ཐོས་མ་ཐག་བསྔོ་སྨོན་གསོལ་འདེབས་དང་མ་ཎི་གསོག་བསྒྲུབ། གཙུག་ལག་ཁང་དང་དགོན་སྡེ་ཁག་ཏུ་ཞབས་རྟེན་དང་བསྔོ་ཡིག་ཕུལ་བ་ཡིན་ལ། ནམ་རྒྱུན་གྱི་ཞལ་འདོན་དང་སྟབས་བསྟུན་དེ་བསྔོ་བ་སྨོན་ལམ་ཞུས་དང་ཞུ་བཞིན་ཡོད་པར་མ་ཟད། སློབ་གྲྭའི་ནང་ཁུལ་ཏུ་ཞལ་འདེབས་བསྡུ་རུབ་བྱས་ཏེ་ ༤༌༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་འབུལ་རྒྱུ་དང་། སློབ་མ་ ༢༧ ལ་དམིགས་བསལ་༧གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་རག་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད། མ་འོངས་པར་ཡང་སློབ་གྲྭ་རང་ངོས་ནས་གང་ནུས་ཀྱིས་སློབ་མ་ཚོར་མཐུན་རྐྱེན་རོགས་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་བྱུང་།

གསར་འགོད་པས་དེར་ཡོད་སློབ་མ་ ༢༧ ལ་ཐེངས་འདིའི་གོད་ཆག་ཁྲོད་ཤུལ་ཏུ་ལུས་པའི་མི་མང་དང་བོད་ཕྱི་ནང་གི་བོ་མི་ཚོར་རེ་བ་དང་འབོད་སྐུལ་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་ཚོས་ཐེངས་འདིའི་ཕ་ཡུལ་གྱི་གོད་ཆག་ཐད་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་དང་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་བཀའ་དྲིན་ཞུ་བ་དང་ཆབས་ཅིག བོད་མི་ཙམ་མིན་པར་རྒྱལ་སྤྱིའི་མི་དམངས་གིས་ཐེངས་འདིའི་གོད་ཆག་ཐེབས་ཡུལ་གྱི་མི་མང་ལ་དངོས་ཤུགས་རྒྱུད་གསུམ་གྱི་ཐོག་ས་གནས་ས་ཐོག་ལ་ཕན་པའི་རོགས་སྐྱོར་གནང་རྒྱུ་ཙམ་དུ་མ་ཟད། ས་གནས་བོད་མི་ཡོངས་ཀྱི་རེ་འདོད་ལྟར་༧གོང་ས་མཆོག་གནོད་འཚེ་ཐེབས་ཡུལ་ས་ཁུལ་ཏུ་ཞབས་སོར་འཁོད་ཐུབ་པའི་ཐད་རྒྱབ་སྐྱོར་གནང་བའི་རེ་བ་བྱེད་ཀྱིན་ཡོད། ཅེས་དང་། དེ་བཞིན་བཙན་བྱོལ་བོད་གཞུང་དང་མི་མང་གིས་ཀྱང་བཙན་བྱོལ་བོད་མིའི་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཡོད་ཅིང་། ནང་མི་ཡོངས་རྫོགས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ལ་མ་འོངས་པར་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུ་རེ་བ་དང་འབོད་སྐུལ་དང་འབྲེལ། རྒྱ་ནག་གཞུང་གིས་ས་ཡོམ་གོད་ཆག་འདི་དང་སྟབས་བསྟུན་ཏེ་སློབ་མ་མང་པོ་ཞིག་རྒྱ་ནག་ནང་ཁུལ་ཏུ་གཏོང་འཆར་ཡོད་པ་དེ་བོད་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་མི་རབས་རྗེས་མ་འཕྲོ་བརླག་ཏུ་གཏོང་བའི་བྱ་སྤྱོད་ཅིག་ཡིན་སྟབས། ངེས་པར་དུ་ས་གནས་ས་ཐོག་རང་ནས་སློབ་གྲྭ་གསར་འཛུགས་གནང་སྟེ།སློབ་མ་རྣམས་ལ་མི་རིགས་རང་གི་རིག་གཞུང་གི་མཐུན་འགྱུར་དང་གོ་སྐབས་གནང་དགོས་པའི་འབོད་སྐུལ་ཡང་གནང་བྱུང།

ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་བྱེད་ཀྱིན་པའི་སྐྱེ་རྒུ་མདོ་རང་ནས་ཡིན་པའི་བསྟན་པ་གཙོས་སློབ་མ་ ༦ གི་ནང་མི་ཡོངས་གྲོངས་ཡོད་པར་མ་ཟད། སློབ་མ་ ༢༧ གྱི་ནང་མི་གཉེན་འབྲེལ་གང་མང་ཞིག་ཐེངས་འདིའི་གནོད་འཚེ་ཁྲོད་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། སློབ་མ་ཁག་ཅིག་གིས་བརྒྱུད་ལམ་གྱི་དབང་གིས་ད་ལྟའི་ཆར་ཡང་ནང་མིར་འབྲེལ་བ་གནང་ཐུབ་མེད་པར་ལྷག་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 10

  1. འབྲོང་སར་ཚེ་ཉི། says:
    ལོ་ 16 སྔོན།

    སྙིང་ཉེ་བའི་ང་ཡི་ཕ་ཡུལ་གྱི་མི་རྣམས། སྡུག་བསྔལ་གྱི་གནས་སུ་མ་གྱར། རྒྱལ་བ་ཡིད་བཞིན་ནོར་བུ་དང་ རྒྱལ་དབང་ཀརྨ་པ་རྣམས་གཉིས་ཀྱི་ ང་ཚོ་ནམ་ཡང་ཐུགས་ཀློང་ནས་དོར་མི་གདའ། ཡིད་མ་ཕམ་ ཆིབས་ཞབས་ཀྱི་ཁ་སྲབ་ང་ཚོའི་ཕ་ཡུལ་དུ་ཕྱོགས་བཞིན ཐུགས་བསྐྱེད་ཀྱི་ནུས་པས་ང་ཚོ་འདྲེན་བཞིན་གདའ།

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    ཐེངས་འདིའི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་སྐྱེ་རྒུ་མདོ་རང་ནས་ཡིན་ཞིང་ད་ལྟ་བཙན་བྱོལ་ནང་སློབ་གཉེར་བྱེད་ཀྱིན་པའི་དགེ་འདུན་པ་དང་སློབ་མ་མང་པོ་ཞིག་གི་ནང་མི་ཡོངས་རྫོགས་འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་དེ་ངས་གོ་མ་ཐག་དེ་དག་ལ་ངའི་ངོས་ནས་རོག་གང་དགོས་བྱེད་རྒྱུའི་སེམས་ཐག་གཙང་བཅད་བྱས་ཟིན་པས་ཁྱེད་རྣམས་ལ་དགོས་མཁོ་འདྲ་བྱུང་ཚེ་ངར་གློག་རྡུལ་ཁ་སྦྱང་དེའི་ཐོག་འབྲེལ་བ་གནང་རོག་
    tsephel@ovi.com

    Reply
  3. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    ཐེངས་འདིའི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་སྐྱེ་རྒུ་མདོ་རང་ནས་ཡིན་ཞིང་ད་ལྟ་བཙན་བྱོལ་ནང་སློབ་གཉེར་བྱེད་ཀྱིན་པའི་དགེ་འདུན་པ་དང་སློབ་མ་མང་པོ་ཞིག་གི་ནང་མི་ཡོངས་རྫོགས་འདས་གྲོངས་ཕྱིན་ཡོད་པ་དེ་དག་ལ་ཞུ་རྒྱུར་གུས་པར་ཡང་དེ་ཁུལ་དུ་གཉེན་ཉེ་སོགས་གང་མང་ཡོད་ཀྱང་དེ་དག་ལ་ཕན་པའི་བྱ་བ་ཞིག་སྒྲུབ་རྒྱུར་ཧ་ཅང་དཀའ་ངལ་འདུག་པས་གལ་སྲིད་ཁྱེད་རྣམས་ལ་དཀའ་ངལ་འདྲ་འཕྲད་ཚེ་གློག་འཕྲིན་ཁ་སྦྱང་དེའི་ཐོག་འབྲེལ་བ་གནང་རོག་
    tsephel@ovi.com

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    མིག་ཆུ་ཕྱིས་ཤིག་ཇོ་ཇོ་ལགས།།
    ངུ་མཚམས་ཞོག་ཅིག་ནུ་མོ་ལགས།།
    སྟོད་ཕྱོགས་མངའ་རིས་སྐོར་གསུམ་གྱིས།།
    མཁའ་རུ་བརྩིགས་པའི་བསང་ཁྲི་ཡོད།།
    བར་ཕྱོགས་དབུས་གཙང་རུ་བཞི་ཡིས།།
    ཕྱོགས་མཐར་ཐེན་པའི་དར་ལྕོག་ཡོད།།
    སྨད་ཕྱོགས་མདོ་ཁམས་སྒང་དྲུག་གིས།།
    མཐོ་རུ་སྤུར་བའི་རླུང་རྟ་ཡོད།།
    ས་དགེ་ཀར་རྙིང་ཐམས་ཅད་ཀྱིས།།
    མཉམ་པོར་གསུང་བའི་བསྔོ་སྨོན་ཡོད།།
    རོང་འབྲོག་ཕུ་ནུ་ནང་འགྲིག་པས།།
    ལྷན་དུ་བསྒྲོན་པའི་མར་མེ་ཡོད།།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ས་ཡོམ་བྱུང་ཡུལ་མི་མང་གིས་རྒྱལ་བ་རིན་པོ་ཆེན་མཚན་ནས་བོས་བ་མ་ཡིན་པར་ཁོ་རང་ཚོའི་དཔོན་ངན་ཧུང་ཅེན་ཐོ་དང་ཝིན་ཅ་པོའོ་གཉིས་ཀྱི་མིང་ནས་བོས་པ་རེད་དྲན་གྱིས་ཡོད་པ་འདྲ།གཏམ་བཤད་དེ་འདྲ་བཟོ་ཕོད་པ་ངོ་རེ་ཚ།ཁོ་རང་ཚོ་ལ་ཏྭ་ལིའི་བླ་མ་དང་ཐུག་ཕྲད་བྱ་བའི་སྙིང་སྟོབས་མེད་པ་རེད།རྒྱུ་མཚན་་ནི་ཁོ་ཚོ་ལ་བདེན་པ་མེད་དོ།

    Reply
  6. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་བཞིན་པའི་ཡུལ་ཤུལ་བོད་རིགས་སློབ་མ་ཡོངས་དང་དམིགས་བཀར་སློབ་མ་བསྟན་པ་གཙོས་ས་ཡོམ་གྱི་གོད་ཆག་ཁྲོད་ནང་མི་ཡོངས་རྐྱེན་འདས་སུ་ཕྱིན་པའི་སློབ་མ་དྲུག་ལ་དམིགས་བསལ་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་དང་ཆབ་ཅིག་སྙིང་ཁུངས་རུས་པའི་གཏིང་ནས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད།
    དེ་འབྲེལ་ངས་བོད་གཞུང་དམངས་གཉིས་ལ་རེ་བསྐུལ་ཚིག་གཉིས་ཞུ་རྒྱུ་ཡོད་པ་ནི།
    ད་ལྟའི་ཆ་ས་ཁེབས་ཀྱི་རྐྱེན་པའི་ས་ཡོམ་གྱི་གནོད་ཐེབས་ཕོག་པའི་གཞིས་བཞུགས་བོད་རིགས་ཤུལ་ལུས་རྣམས་ལ་ལག་ཐོག་གི་མིག་ཐོག་གི་རོགས་སྐྱོབ་བྱ་རྒྱུ་དཀའ་བ་དངོས་ཡོད་གནས་ཡིན་ཡང།་བཙན་བྱོལ་ནང་ད་ཡོད་ཡུལ་ཤུལ་ཁུལ་གྱི་ཤུལ་ལུས་བོད་རིགས་ཡོད་དོ་ཅོག་ལ་དོན་མཐུན་གྱི་རོགས་སྐྱོར་གནང་དགོས་པ་དང།་ལྷག་པར་དུ་ཁོང་ཚོའི་ནང་མི་ཡོངས་རྫོགས་རྐྱེན་རྐྱེན་འདས་སུ་ཕྱིན་ཟིན་སྟབས་ཕྱིར་རང་ཁྱིམ་དུ་ལོག་རྒྱུ་མེད་ཅིང།་ད་ལྟ་བོད་ཕྱི་ནང་གཉིས་སུ་ཡོང་བཞིན་པའི་རོགས་དངུལ་དངོས་རྫས་ཇི་ཡོད་ཁོང་ཚོར་རག་ཐབས་མེད་པ་ཕལ་ཆེར་ཐག་གཅོད་ནས་བརྗོད་ཆོག་པ་ཞིག་ཡིན་སྟབས་་་་དེ་དོན་ཁོང་ཚོར་མ་འོངས་པར་དཀའ་ངལ་མི་འཕྲད་པའི་མཐུན་སྦྱོར་ཚད་ལྡན་བསྐྲུན་གནང་དགོས་པ་ཞིག་ཏུ་མཐོང།
    གཉིས་པ།་བཙན་བྱོལ་ནང་སློབ་གྲྭ་ཁག་དང་དེ་མིན་ས་ཡོམ་གྱི་རྒུད་ཆག་འོག་ནང་མི་འདས་གྲོངས་སུ་སོང་ཡོད་པའི་ཤུལ་ལུས་ཇི་ཡོད་གལ་གནད་ཆེ་བའི་ས་གནས་ཤིག་ཏུ་བསྡུ་བསྐོང་བྱས་ཏེ་བོད་གཞུང་གཉིས་ཀྱིས་གཞི་རྒྱ་ཆེ་བའི་སེམས་གསོའི་ལས་འགུལ་སྤེལ་གནང་དང་འབྲེལ་རྒྱུད་ལམ་ཆེ་ས་ཞིག་ནས་ཁོང་ཚོའི་ཞུ་འབོད་དང་རེ་བསྐུལ་རྣམས་རྒྱ་གཞུང་གཙོས་པའི་འཛམ་གླིང་མི་དམངས་ཀྱིས་ཤེས་ཐུབ་པའི་ཁྱབ་བསྒྲགས་ཡིད་ཚིམས་པ་ཞིག་བྱེད་དགོས་པ་ནི་དུས་བབ་གྱི་དགོས་མཁོ་ཞིག་ཏུ་མཐོང།
    དོན་དག་དེ་གཉིས་ཐོག་ལ་ང་ཞུ་བ་པོས་ཞུ་མཁས་མི་ཐུབ་ཀྱང་ཁྱེད་ཅག་གསན་པ་པོ་རྣམས་ཀྱིས་གསན་མཁས་ཤིག་གནང་སྟེ་ཚ་ཚ་འུར་འུར་ངང་ལས་འགུལ་སྤེལ་གནང་རྒྱུའི་འདི་ནས་རེ་བའི་མིག་བགྲད་ནས་ལྟ་བཞིན་ཡོད།

    Reply
  7. བློ་བཟང་། says:
    ལོ་ 16 སྔོན།

    རང་རིགས་གཅིག་པའི་སྤུན་ཟླ་རྣམ་པས་གདུང་སེམས་མཉམ་བསྐྱེད་གནང་སྟེ་ཁ་ཚ་དགོས་བཏུགས་སྐྱབས་མགོན་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་གཙོ་ཆེ་ཡང་།
    རྒྱ་འདྲེ་ཚང་གིས་འདི་ལྟར་གསུང་འདུག བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་དྲངས།
    གློ་བུར་དུ་བྱུང་བའི་ས་ཡོམ་གྱིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་རྫོང་གི་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་པ་རེད།ཡུལ་དེར་རྒུད་སྐྱོབ་བྱེད་པའི་གཏམ་དེ་རྒྱལ་ཡོངས་མི་དམངས་ཀྱིས་ཐོས་པར་བརྟེན། མཚོ་བོད་མཐོ་སྒང་གི་དབུས་སུ་རང་བྱུང་གི་གནོད་འཚེ་དང་འཐབ་རྩོད་བྱེད་པའི་གཡུལ་འགྱེད་ཆེན་པོ་ཞིག་གཤོམ་འགོ་ཚུགས་པ་རེད། ཤི་གསོན་གྱི་དཀའ་གནད་ལ་ཐུག་པའི་གནད་འགག་གི་སྐབས་འདིར། ཏཱ་ལའི་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བསམ་ངན་བཅངས་པའི་མཚམས་སྦྱོར་ཚན་པ་འགའ་དང་ངན་པ་མཉམ་རུབ་ཀྱིས། ཡུལ་ཤུལ་དུ་ཕྱིན་ནས་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་རྒྱུ་ཡིན་ཟེར་བཞིན་དུ།རྒྱ་བོད་གཉིས་ཀྱི་འབྲེལ་བ་བེད་སྤྱོད་པའི་རེ་ངན་བཅངས་ཡོད་ཅིང་། གནོད་ཐེབས་མང་ཚོགས་ཤི་རྨས་ཀྱི་དཀའ་སྡུག་ལ་འཕྲད་པའི་གོ་སྐབས་སྤྱད་དེ་མི་རྣམས་ཀྱི་ཡིད་སེམས་འགུག་བསམ་པ་རེད། ཟླ༤ཚེས༢༠ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅང་ཡུས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཏཱ་ལའི་ཡིས་ཡུལ་ཤུལ་གྱི་གནོད་ཐེབས་ས་ཁུལ་དུ་འགྲོ་རྒྱུ་ཡིན་ཞེས་བཤད་པའི་སྐོར་གྱི་བཤད་ཚུལ་ལ་ལན་བཏབས་པ་རེད། ཅང་ཡུས་ཀྱིས་འདི་སྐད། དེང་སྐབས་ཀྲུང་གོ་སྲིད་གཞུང་དང་།རྒྱལ་ཡོངས་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་གནོད་འགོག་རྒུད་སྐྱོབ་བྱ་བ་ལེགས་པོར་སྒྲུབ་བཞིན་ཡོད་དེ། ཕྱིར་སྡོད་བོད་མི་སྤུན་ཟླ་ཚུད་པའི་རྒྱལ་ཕྱིའི་ཀྲུང་གོ་བ་རྣམས་ཀྱི་སེམས་པ་གནོད་ཁུལ་དུ་ཕྱོགས་ཤིང་། ཁོ་ཚོས་རྣམ་པ་མི་འདྲ་བའི་སྒོ་ནས་དོ་ཁུར་དང་མཚམས་འདྲི་བྱེད་ཀྱི་ཡོད།ད་ལྟའི་གནས་ཚུལ་ལ་གཞིགས་ན་རྒུད་སྐྱོབ་བྱེད་པའི་མི་ཤུགས་གིས་འདང་ཡོད་པ་དང་། རྒུད་སྐྱོབ་དངོས་རྫས་ཡང་རྒྱུན་ཆད་མེད་པར་ས་ཡོམ་བྱུང་ཁུལ་དུ་བསྐྱལ་དང་སྐྱེལ་བཞིན་ཡོད། གནོད་ཐེབས་མང་ཚོགས་རྣམས་ལ་སྨན་བཅོས་སྲོག་སྐྱོབ་དང་གནས་སྐབས་ཀྱི་སྡོད་གནས་ཡོད་པ་དང་། དུས་མཚུངས་སུ་སྲིད་གཞུང་གིས་ཡུལ་དེའི་མང་ཚོགས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་འདྲིས་ལ་བརྩི་བཀུར་བྱས་ཡོད་པ་མ་ཟད། གནོད་པ་ཐེབས་པའི་མང་ཚོགས་ཀྱི་སེམས་ཁ་གསོ་བའི་ལས་དག་གོ་རིམ་ལྡན་པར་སྒྲུབ་བཞིན་ཡོད་ལ། ཆོས་ལུགས་ལས་རིགས་ཁག་གི་གསོལ་འདེབས་དང་སྨོན་ལམ་གསུང་བའི་འབྲེལ་ཡོད་བྱེད་སྒོ་དག་ཀྱང་གཅིག་འཕྲོར་གཅིག་མཐུད་དུ་སྤེལ་བཞིན་ཡོད།
    ཅང་ཡུས་ཀྱིས་དྲང་ཐད་ནས་ཏཱ་ལའི་རེ་བ་ལྟར་ལན་མ་བཏབ་མོད། ཡིན་ནའང་དངོས་དོན་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་ལ་དོགས་འདྲི་ཞིག་བྱས་ཡོད་དེ། གནོད་ཐེབས་བསླེབ་ལ་ཉེ་བའི་སྐབས་སུ་ཁ་ཡག་ངོ་དགའི་གཏམ་ཁོ་ནར་ཟད་པའི་ཏཱ་ལའི་རུ་ཚོགས་ཀྱིས་གནོད་ཐེབས་མང་ཚོགས་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་ཕྱིར་དུ་ཅི་ཞིག་བསྒྲུབ་སོང་ངམ།ཡང་ཏཱ་ལའི་རུ་ཚོགས་ལ་རྒོལ་ལན་དྲག་པོ་ཞིག་སྤྲད་ཡོད་དེ།མཐུན་སྒྲིལ་བརྟན་བརླིང་གི་མེས་རྒྱལ་ནི་ད་གཟོད་བོད་རིགས་སྤུན་ཟླ་བདེ་ཞིང་སྐྱིད་པའི་འགན་ལེན་ནུས་ལྡན་ཞིག་ཡིན། ཡུལ་ཤུལ་ས་ཁུལ་དུ་རང་བྱུང་གནོད་འཚེ་ཆེན་པོ་ཐེབས་པའི་སྐབས་སུ། རྒྱལ་ཡོངས་མི་དམངས་ཀྱིས་མི་རིགས་ཀྱི་དབྱེ་བ་མི་དགར་བར་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡུལ་དེའི་བོད་རིགས་སྤུན་ཟླ་རྣམས་ལ་རྒྱབ་རོགས་གནང་ཞིང་། ནུས་ཤུགས་ཡོད་རྒུས་ཡུལ་ཤུལ་གྱི་གནོད་ཤུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། གནོད་ཐེབས་བོད་རིགས་མང་ཚོགས་རྣམས་ཀྱི་བདེ་འཇགས་དང་འཚོ་བར་ཁྱོན་ཡོངས་ནས་ཁག་ཐེག་བྱས་ཡོད། དེའི་ནང་དུ་ཡུལ་དེའི་དགེ་འདུན་པ་རྣམས་ཀྱིས་འདས་པོ་རྣམས་ལ་སྦྱིན་སྲེག་བཏང་ནས་བསྔོ་སྨོན་ཞུས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་པེ་ཅིང་དགོན་སེར་ནུབ་མར་སྤེལ་བའི་ཆོས་ཚོགས་སོགས་འདུས་ཡོད་ལ། རྒྱལ་ནང་ནས་ཆོས་ལུགས་ལས་རིགས་ཀྱིས་འདས་བསྔོ་དང་སྨོན་ལམ་འདེབས་པའི་འབྲེལ་ཡོད་བྱེད་སྒོ་སྤེལ་བ་མཐའ་དག་གིས་བོད་རིགས་སྤུན་ཟླ་རྣམས་ལ་བསམ་པའི་རྒྱགས་ཕྱེ་ཡག་པོ་ཅིག་བསྩལ་ཡོད་པ་རེད།

    དེ་མ་ཟད། ང་ཚོས་ངེས་དོན་ངོ་མས་བཤད་ན་ཏཱ་ལའི་དྲི་བར་དྲང་ཐད་ནས་ལན་འདེབས་དགོས་དོན་མེད་ལ། ཁོ་བོར་ང་ཚོས་ལན་འདེབས་རིན་ཡང་མི་འདུག ཏཱ་ལའི་ཡིས་ཐབས་མཁས་མདོག་གི་གཡོ་འཕྲུལ་སྣ་ཚོགས་འཁྲབ་སྟོན་བྱེད་པ་དེར་ང་ཚོས་ཚུལ་ཇི་ལྟར་འགྱུར་སྟངས་ལ་རྟོག་དགོས་འདུག རྒྱུ་མཚན་ནི་བློ་གྲོས་ཅུང་ཙམ་ལྡན་པའི་མི་ཞིག་ཡིན་ཕྱིན་རྟོགས་དཀའ་བ་མ་ཡིན་དེ། ཏཱ་ལའི་ཡིས་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་འདོད་ཡེ་ནས་མེད་པ་རེད། ཁོ་བོས་སེམས་གསོར་ཁ་གཡར་ཏེ། གནོད་ཐེབས་མང་ཚོགས་རྣམས་བེད་སྤྱད་ནས་ཆབ་སྲིད་ཀྱི་བཟོ་ཉམས་སྟོན་པའི་བྱེད་སྟངས་དེ་འདྲ་སྔོན་ཆད་ཀྱང་བྱུང་མྱོང་ཡོད་པ་རེད། ༢༠༠༩ལོར་ཐའེ་ཝན་ས་ཁུལ་དུ་རིམ་པ་༩.༢༡ཅན་གྱི་ས་ཡོམ་བརྒྱབ་རྗེས། ཏཱ་ལའི་ཐའེ་ཝན་རང་བཙན་པས་ཁ་ལོ་བསྒྱུར་བའི་འོག་ཏུ། གནོད་ཐེབས་མང་ཚོགས་ལ་བསྔོ་བ་སྨོན་ལམ་འདེབས་པ་རྒྱུ་མཚན་དུ་བྱས་ནས་ཐའེ་ཝན་ས་ཁུལ་དུ་དཀྲུག་ཤིང་འཕེན་པར་སོང་ཤིང་། གོ་སྐབས་ལེགས་པོ་དེ་དང་བསྟུན་ནས་མཚམས་སྦྱོར་ཚན་པ་༡༥༠ལྷག་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཞིང་། མཚམས་སྦྱོར་ཚན་པས་གནོད་ཐེབས་མང་ཚོགས་ལ་སེམས་ཁུར་བྱེད་པའི་ཁ་ཕྱོགས་ཐབས་མཁས་ཀྱིས་གཞན་དུ་བསྒྱུར་བ་དང་། མི་རྣམས་ཀྱི་གནོད་སྐྱོབ་བྱེད་འདོད་ཀྱི་བློ་རྩེ་གཉིས་སུ་གཏོད་པར་བྱེད་པའི་ལས་འདུ་བགྱིས་པ་རེད། ཐའེ་ཝན་གྱི་དངུལ་སྒོར་གསར་པ་ཁྲི༧༠ལ་ཉེ་བའི་མཐོ་རིམ་ཆེད་སྤྱོད་མེ་འཁོར་ལ་བསྡད་དེ། སྐུ་སྲུང་དམག་བརྒྱ་ལ་ཉེ་བའི་དཔུང་གིས་སྲུང་སྐྱོབ་བྱས་པ་སོགས་མི་ཤུགས་དང་དངོས་ཤུགས། ནོར་ཤུགས་མཐའ་དག་གང་བྱུང་དུ་ཆུད་འཛའ་བར་བྱས་ཡོད་པ་རེད། གནོད་ཐེབས་མང་ཚོགས་ལ་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ནས་ཁོ་བོའི་བསྔོ་སྨོན་དང་ལེན་བྱེད་དུ་བཅུག་པ་དང་། ཁོ་བོའི་བྱམས་སྙིང་རྗེ་རྫུན་མ་དེས་གནོད་སྐྱོབ་ལ་གཏོར་བརླག་ཆེན་པོ་བཟོས་ཤིང་། ཁ་ནས་གནོད་ཐེབས་མང་ཚོགས་ལ་བདེ་འདྲི་ཞུ་བ་ཡིན་ཁུལ་བརྗོད་མོད། འོན་ཀྱང་གནོད་ཐེབས་མང་ཚོགས་དཀྱུས་མ་ཞིག་ཁོ་བོའི་གམ་ལ་ཡེ་ནས་བཅར་ཐབས་མེད་པ་རེད།
    ཏཱ་ལའི་ཡིས་རང་རྒྱལ་གྱི་གེགས་སེལ་བྱེད་སྒོ་མཐའ་དག་ལ་གདེང་འཇོག་ལེགས་པོ་གནང་ཞིང་། ཁོ་རང་ཡུལ་ཤུལ་དུ་སླེབས་པའི་གོ་སྐབས་ནི་དཔེ་མི་སྲིད་པ་ཞིག་ཡིན་པ་ཁོ་རང་གི་སེམས་ནའང་གསལ་བོ་ཡིན་པ་དང་། གལ་ཏེ་ཁོ་རང་ཡོང་ནའང་སྐྱོ་གར་ཅིག་བསྐྱར་འཁྲབ་བྱེད་ཁོ་ཐག་ཡིན་ལ།ཡོམ་འགོག་གེགས་སེལ་ལས་དོན་ལ་གཏོར་བརླག་གཏོང་བ་ཁོ་ན་ཡིན་པའང་ཁོ་རང་གིས་རྟོགས་ཡོད་པ་རེད། ཡིན་ནའང་ཁོས་ཤེས་བཞིན་དུ་དེ་ལྟར་དུ་སྒྲུབ་འདོད་ཅིང་། རང་ཉིད་དྲིལ་བསྒྲགས་དང་མི་གཞན་པའི་བློ་ཁ་བསྒྱུར་བའི་གོ་སྐབས་དེ་འདྲ་ཤོར་དུ་འཇུག་མི་འདོད་ལ།ས་ཡོམ་ཁྲོད་ཀྱི་གནོད་ཐེབས་མང་ཚོགས་ཁྲི་བཅུ་ལ་ཉེ་བ་ཞིག་གི་སྡུག་བསྔལ་གྱི་རྨང་གཞིའི་སྟེང་རྙེད་པའི་གོ་སྐབས་དེ་འདྲའང་ཤོར་དུ་མི་འཇུག་པ་རེད། ཡུལ་ཤུལ་ས་ཁུལ་དུ་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་འདོད་ཀྱི་རེ་བ་དེར་བྱམས་སྙིང་རྗེའི་ཚུལ་ཙམ་ལྡན་པའི་རེ་བ་ལྟར་དུ་སྣང་མོད། འོན་ཀྱང་དེའི་ཤུགས་སུ་རྟོགས་དཀའ་བ་མ་ཡིན་པའི་གསང་བ་ཆེན་པོ་ཞིག་སྦས་ཡོད་པ་རེད། ཡུལ་ཤུལ་དུ་སླེབས་ན། ཏཱ་ལའི་ཡིས་དོན་ངོ་མས་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་དམ་ཡང་ན་སྐྱོ་གར་ཆེན་པོ་ཞིག་བསྐྱར་དུ་འཁྲབ་བབ།དེ་ནི་རྟོགས་དཀའ་བ་མ་ཡིན་ནོ།

    Reply
  8. མི་རྐང་གླིང་བུ། says:
    ལོ་ 16 སྔོན།

    རྫོགས་ཆེན་དགོན་པའི་བླ་གྲྭ་ཚང་མ་ཐུགས་རྗེ་ཆེ། སྐབས་དེའི་འདྲ་པར་དང་གློག་བརྙན་སོགས་ཡོད་ན་རིམ་པས་དྲ་ཐོག་འཇོག་རྒྱུ་བརྗེད་མི་རུང་།

    Reply
  9. ཨརྱ། says:
    ལོ་ 16 སྔོན།

    བསྟན་པ་གཙོས་སློབ་མ་ ༦ ལ་སྙིང་ནས་གདུང་སེམས་མཉམ་སྐྱེད་ཞུ། ཁྱེད་ཚོའི་རེ་འབྲས་དོན་སྨིན་ཡོང་བར་ཤོག ང་ལ་འདི་ཙམ་ལས་ནུས་པ་མི་འདུག་པས་དགོངས་དག་ཞུ།

    Reply
  10. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    ཐེངས་འདིའི་སྐྱེ་རྒུ་མདོའི་ས་འགུལ་ཀྱི་གོད་ཆག་འོག་ནང་མི་དང་ཉེ་འབྲེལ་གྲོངས་བའི་ཤུལ་ལུས་སྤུན་ཟླ་རྒྱ་གར་སོགས་སུ་བཞུགས་མཁན སློབ་མ་རྣམས་ཀྱིས་གཙོས་བོད་འབངས་གནོད་འཚེ་ཕོག་མཁན་ཐམས་ཅད་ལ་བོད་གཞུང་གིས་དམིགས་བསལ་གྱིས་ཐུགས་གསོའི་མཛད་སྒོ་རྒྱ་ཆེན་པོ་ཞིག་ཚོགས་དགོས་གལ་ཤིན་ཏུ་ཆེ།།

    ང་ཚོས་གཞིས་ལུས་བོད་འབངས་ཀྱི་སྙིང་སྟོབས་ལ་ཡི་རང་བྱེད་དགོས་འདུག།།

    བོད་མདོ་ཁམས་སྒ་སྐྱེ་དགུ་མདོའི་ས་འགུལ་ཀྱི་གོད་ཆག་ཕོག་སའི་ཡུལ་དེར་རོགས་སྐྱོར་བྱེད་བཞིན་པའི་སྡེ་དགེའི་གྲྭ་བ་གཉིས་དང་འབྲེལ་བ་བྱུང་བས། འདིར་གནས་ཚུལ་མདོར་བསྡུས་ཞིག་བཀོད་ན།

 དེ་ཡང་སྤྱི་ཟླ་བཞི་བའི་ཚེས་བཅུ་བཞིའི་ཞོགས་པར་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པ་སྡེ་དགེ་ས་ཁུལ་ནས་ཐོས་མ་ཐག རྙེད་པར་དཀའ་བའི་ཚེ་སྲོག་མྱུར་སྐྱོབ་ཆེད། སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་དབང་ཆེན་དར་རྒྱས་དང་། རྫོགས་ཆེན་མཆོག་གླིང་མགུར་དགའ་རིན་པོ་ཆེ་སོགས་ཀྱིས་དབུ་ཁྲིད་པའི་རྫོགས་ཆེན་མགོན་གྱི་གྲྭ་བ་སུམ་བརྒྱ་དགུ་བཅུ་དང་། མི་སྐྱ་སུམ་ཅུ་སོ་དྲུག། སྨན་པ་བརྒྱད་ལས་གྲུབ་པའི་མྱུར་སྐྱོབ་ཚོགས་པ་ཞིག་བསྒྲིགས་འཛུགས་བྱས་ཏེ། རྫོགས་ཆེན་ཡུལ་དགོན་ཚང་མས་སོ་སོའི་འབྱོར་ཚོད་ལྟར་བརྩེ་བས་ཕུལ་བའི་ཞབས་འདེགས་རྒྱ་སྒོར་ཁྲི་བརྒྱ་ལྷག་གི་རིན་དོད་སྨན་རྫས་དང་། བཟའ་ཆས་དང་ཉལ་ཆས། སྡོད་གུར་དང་ས་རྡོ་སློག་བྱེད་ཀྱི་ལག་ཆ་སོགས་སྐྱོབ་གསོའི་དངོས་རྫས་འབོར་ཆེན་བསྣམས་པའི་རླངས་འཁོར་ཆེ་ཆུང་སུམ་ཅུ་སོ་བརྒྱད་དང་བཅས་ཛ་དྲག་སྒོས་ཚེས་བཅུ་བཞིའི་ཕྱི་དྲོ་ཡུལ་ཤུལ་ས་གནས་སུ་ཕེབས་ཡོད་པ་རེད།

    རྫོགས་ཆེན་དགོན་པའི་བླ་གྲྭ་རྣམས་སྐྱེ་རྒུ་མདོར་འབྱོར་མ་ཐག་ཚང་མ་ཧ་ལས་པའི་སྐྱོ་སྣང་ཆེན་པོ་བྱུང་ཞིང། གང་ས་གང་དུ་མི་རོ་དང་རྨས་མ་མཐོང་རྒྱུ་ཡོད་པར་མ་ཟད་ས་འོག་ཏུ་གནོན་པའི་མི་ཚོས་ངུ་འབོད་ཐོས་རྒྱུ་ཡོད་པས། བླ་གྲྭ་ཚང་མས་དཀའ་ངལ་དང་འཇིགས་པ་ལ་ཅུང་ཟད་མ་འཛེམས་པར་མྱུར་སྐྱོབ་ཀྱི་ལས་ལ་ཉིན་མཚན་ལྟོས་མེད་དུ་ཞུགས་འདུག

    རྫོགས་ཆེན་བླ་མ་ཨ་ཆུང་གིས་བརྗོད་དོན། ང་ཚོ་ཉི་མཚན་བཞི་ཙམ་ལ་གཉིད་དགོས་བསམ་པའི་སྣང་བ་མེད་པར་ས་སློག་རྡོ་སློག་དང་། རྨས་མ་སྐྱོབ་རོགས། མི་རོ་ཁུར་རོགས་སོགས་བྱས་པ་ཡིན་ཟེར། ཡང་གྲྭ་བ་ལོ་ཆུང་ཐུབ་བསྟན་ནས་ང་ཚོས་མི་རྣམས་ཀྱི་ལྟོགས་སྡུག་འཁྱག་སྡུག་སོགས་མཐོང་ནས་ཉིན་མཚན་མེད་པར་ཇ་སྐོལ་བ་དང་ཟ་མ་བཟོས་ནས་རོགས་པ་བྱས་ཡིན་ཟེར།
    དེ་རྗེས་སྤྱི་ཟླ་བཞི་བའི་ཚེས་ཉི་ཤུའི་་ཉིན་ཨ་རིག་རྒྱལ་སྤྲུལ་རིན་པོ་ཆེ་དང་རྫོགས་སྤྲུལ་བསྟན་འཕེལ་སོགས་ཀྱིས་སྐྱོབ་གསོའི་དངོས་རྫས་ཁུར་བའི་རླངས་འཁོར་ཆེན་པོ་བཅུ་གཉིས་ཙམ་ཁྲིད་ནས་སྐྱེ་རྒུ་མདོའི་ཉེ་འཁོར་ཀྱི་གྲོང་གསེབ་རྣམས་ལ་རོགས་རོམ་ཆེན་པོར་གནང་སོང་། འོན་ཀྱང་ད་དུང་རོགས་སྐྱོར་མ་འདང་པའི་དཀའ་ངལ་ཚབས་ཆེན་སྣ་ཚོགས་འདུག་ཟེར།
    སྤྱིར་སྡེ་དགེ་རྫོགས་ཆེན་སྡེ་བ་ནི་དཔལ་འབྱོར་དེ་ཙམ་མེད་པའི་ས་ཁུལ་ཞིག་ཡིན་པར་གྲགས་ཀྱང་ཐེངས་འདིའི་ས་ཡོམ་གནོད་ཐེབས་མི་དམངས་ལ་རོགས་སྐྱོར་བྱེད་མཁན་གཙོ་གྲས་སུ་གྱུར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese