མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདུན་ཚིཊ་གསུམ་པར་མྱ་ངན་ཞུ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༥ ཚེས་ ༤ ཉིན་འདས་པོ་རྣམས་ཀྱི་གལ་ཆེའི་བདུན་ཚིགས་གསུམ་པ་འཁེལ་བའི་ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། བོད་མིའི་གནས་ཡུལ་ཡོངས་སུ་དུས་གཅིག་ཏུ་རྗེས་དྲན་མྱ་ངན་དང་མཆོད་འབུལ་སྨོན་ལམ་གནང་རྒྱུའི་ཐུགས་གཏན་འཁེལ་ཡོད་པ་དང༌། ཉིན་དེར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋགོང་ས་མཆོག་དབུ་བཞུགས་ཐོག བླ་སྤྲུལ་དགེ་འདུན་མང་ཚོགས་ཡོངས་ཀྱིས་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་ ༧་༤༩ ཐོག་སྐར་མ་གཅིག་གི་རིང་ངག་བཅད་མྱ་ངན་གུས་འདུད་དང༌། སྔ་དྲོ་ཆུ་ཚོད་ ༨ པ་ནས་མཆོད་འབུལ་སྨོན་ལམ་དབུ་འཛུགས་གནང་རྒྱུ་ཡིན།

བོད་མིའི་གནས་ཡུལ་ས་ཁུལ་ཡོངས་རྫོགས་སུ་སོ་སོའི་གནས་ཡུལ་གྱི་སྔ་དྲོའི་ཚོུད་ ༧་༤༩ ཐོག་ངག་བཅད་མྱ་ངན་དང༌། རྗེས་དྲན་གུས་འདུད་ཞུས་རྗེས་མཆོད་འབུལ་སྨོན་ལམ་གང་ཐུབ་བསྒྲུབ་གནང་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་པ་མི་རེ་ངོ་རེས་མི་རིགས་ཀྱི་དམ་ལར་དགོངས་ཏེ། ཐུགས་སྣང་ཆེན་པོས་མྱ་ངན་གུས་འདུད་དང༌། མཆོད་འབུལ་སྨོན་ལམ་གྱི་ལས་རིམ་མ་བསྐུལ་དྭང་བླང་གིས་བོད་པ་མང་ཉུང་ལ་མ་ལྟོས་པར་གང་ཐུབ་ཅི་ཐུབ་ངེས་པར་བསྒྲུབ་གནང་ཡོང་བ་དང༌། ས་གནས་སོ་སོར་མཛད་འཆར་ཇི་གནང་གཞིས་བཞུགས་བོད་མི་རྣམས་ཀྱིས་གསན་དགོངས་ཡོངས་སླད་རླུང་འཕྲིན་བརྒྱུད་ལམ་ཁག་ལ་གནས་ཚུལ་གཏོང་གནང་ཡོད་པ་བཅས་དགོངས་དབྱིངས་སུ་མངའ་བ་ཞུ། ཞེས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ཀྱི་ཟིན་བྲིས་ནང་བཙན་བྱོལ་བོད་གཞུང་གི་གསལ་བསྒྲགས་ལུང་འདྲེན་བྱས་འདུག

 

 

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 17

  1. rinchen says:
    ལོ་ 15 སྔོན།

    དྲྭ་གྲོགས་ཤིག་གིས། ཡུལ་ཤུལ་ཁུལ་དུ་ས་ཡོམ་བྱུང་བའི་རྐྱེན་དེ་རྒྱལ་བ་རིན་པོ་ཆེའི་བཀའ་ལ་ཡུལ་ཤུལ་མི་རིགས་ཀྱིས་མ་རྩིས་པར་སྟག་སྤགས་དང་གཟིག་སྤག་སོགས་གྱོན་པས་རེད་ཅེས་བཙན་བྱོལ་སྤྱི་ཚོགས་སུ་བཤད་ཀྱི་འདུག་ཟེར། བདེན་པ་ཡིན་ན་འདི་འདྲའི་སྐད་ཆ་བཤད་སྟངས་ཐབས་སྐྱོ་བ་ལ། དུས་རབས་གསར་པའི་སྤྱི་ཚོགས་ལ་ཡང་འདི་འདྲའི་སྐད་ཆ་བཤད་ན་ངོ་ཚ་དགོས་པ་ཞིག་རེད། གལ་སྲིད་སྟག་སྤགས་དང་གཟིག་སྤག་གྱོན་པས་ས་ཡོམ་བརྒྱབ་ན། མི་ཚེ་ཧྲིལ་པོར་རྒྱལ་བ་རིན་པོ་ཆེ་ལ་དཀའ་ངལ་སྤྲོད་མཁན་རྒྱ་ནག་གི་དཔོན་ཆེན་འདི་ཚོ་ལོ་རེ་བཞིན་ཡར་རྒྱས་ཕུན་སུམཚོགས་པའི་ངོ་བོར་འགྲོ་བཞིན་པ་དེ་རྒྱལ་བ་རིན་པོ་ཆེ་ལ་ཁ་བཏང་བས་རེད་པས།

    Reply
  2. getse ngodup from .be says:
    ལོ་ 15 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  3. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཟམ་གདོང་བླ་མའི་འདི་འདྲ་ཟེར་བ་རེད་བཤད་རྒྱུ་འདུག་པའི་དེ་ཕན་ཆེར་བདེན་ངེས་ལ།
    སྟབས་མ་ལེགས་པ་ཞིག་ལ་ང་སྐྱེས་ས་ཁམས་ནས་སྐྱེས་པ་རེད། ཡིན་ན་ཡང་རླུང་རྟ་རྒྱུགས་པ་ཞིག་ལ་ང་འཚར་ལོངས་བྱུང་ས་གཙང་ལ་ཡིན་ཟེར་བ་དེ་ད་དངོས་གནས་རེད་འདུག་ག

    Reply
  4. མིག་གསུམ་པ། says:
    ལོ་ 15 སྔོན།

    ང་ཚོ་ཤི་བོ་རྗེས་ཀྱི་གསོན་པོ་ཚོ་ཡིན་པས་བདུན་ཚིགས་ཀྱི་མྱ་ངན་གུས་འདུད་ཞུ་རྒྱུ་ང་ཚོའི་ལས་འགན་ཞིག་ལོས་ཡིན་སྙམ་ཀི

    Reply
  5. ལྷ་མོ། says:
    ལོ་ 15 སྔོན།

    ཕྱི་ཟླ་ ༥ ཚེས་ ༤ ཉིན་འདས་པོ་རྣམས་ཀྱི་གལ་ཆེའི་བདུན་ཚིགས་གསུམ་པ་འཁེལ་བའི་ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། ཅེས་པ་དེ་ལ་བཟོ་བཅོས་ཤིག་དགོས་པ་འདུག དེ་ཡང་ཕྱི་ཟླ་ ༥ ཚེས་ ༤ ཉིན་འདས་པོ་རྣམས་ཀྱི་གལ་ཆེའི་བདུན་ཚིགས་གསུམ་པ་འཁེལ་བའི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། བཅོས་ན་དགོས་པ་ཆེན་པོ་ཡོད་པར་སེམས། ཡིན་ནའང་སྐད་ཆ་འདི་ཚོ་ཁས་ལེན་གྱི་མ་རེད་སེམས་ཀྱི་འདུག

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཀྱི་གླེང་གཞི་ཞིག་ཡོད་པ་ནི། ཁམས་ཡུལ་ཤུལ་ཁུལ་གྱི་ས་ཡོམ་དྲག་པོ་དེ་ཡོང་དོན། ཡུལ་ཤུལ་ཁུལ་གྱི་༸གོང་ས་མཆོག་གི་བཀའ་ལ་མ་བརྩི་པར་༢༠༠༩ལོའི་ཡུལ་ཤུལ་རྟ་རྒྱུགས་ཆེན་མོའི་སྐབས་སྲམ་ལྤགས་དང་སྟག་ལྤགས་གཟིགས་ལྤགས་ཡོངས་ཁྱབ་ཏུ་གྱོན་པ་བསྟེན་ནས་བྱུང་བར་བཤད་མཁན་མང་པོ་འདུག་པས། དྲ་གྲོགས་རྣམས་ཀྱིས་ཤོད་དང་དེ་འདྲ་ཡིན་ནམ། གལ་ཏེ་དེ་བདེན་པ་ཡིན་ན་ད་ནི་ཨ་ཕོ་ཧོར་གྱི་ས་ཆར་ཡང་ས་ཡོམ་རྒྱག་རན་མི་འདུག་གམ།

    Reply
  7. བློ་བཟང་། says:
    ལོ་ 15 སྔོན།

    བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་དྲངས།

    ༄༅།།ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གྱིས་གྲྭ་པས་ཡོམ་འགོག་གེགས་སེལ་ཁྲོད་ནུས་པ་གང་ལེགས་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ།
    སྤེལ་དུས། 2010-04-29   ཡོང་ཁུངས། ཀྲུང་གོའི་མི་རིགས་དུས་ཚགས།    རྩོམ་པ་པོ།  ལྷག་ཚེས་བསྒྱུར།ཟླ་གཞོན་ནས་ཞུས།

    ༼ཡིག་གཟུགས་ཀྱི་ཆེ་ཆུང་། ཆེ། འབྲིང་། ཆུང་། ༽

    སྤྱི་ཟླ༤པའི་ཚེས༢༢ཉིན། སྨྱན་སྦྱོར་ཚན་པ་ཁག་ཅིག་གིས་ཡུལ་ཤུལ་གེགས་ཁུལ་དུ་རོགས་སྐྱོབ་དང་ས་ཡོམ་ཁྲོད་ཚེ་ལས་འདས་པ་རྣམས་ལ་མྱ་ངན་ཞུ་བར་ཞུགས་པའི་གྲྭ་པ་དག་ཕྱིར་འབུད་བཏང་བའི་གནས་ཚུལ་སྤེལ་ཡོད་པ་དེར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཝང་ཡུས་ཧུའུ་ཡིས། “ང་ཚོས་རྣམ་པ་གང་རུང་གི་ཐོག་ནས་གྲྭ་པ་དག་གེགས་ཁུལ་དུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས་པར་བཀག་འགོག་བྱས་མེད་ལ། གྲྭ་པ་དག་གེགས་ཁུལ་ནས་ཁ་བྲལ་དགོས་པའི་བཀའ་ཡང་བཏང་མེད་”ཅེས་གསུངས་པ་རེད།

    ཁོང་གིས་ད་དུང་།“ཐེངས་དེའི་ཡུལ་ཤུལ་གྱི་རོགས་སྐྱོབ་ལས་དོན་ཁྲོད། རྒྱལ་ཡོངས་ཀྱི་གོང་འོག་ཚང་མར། གྲྭ་པ་དང་མི་སེར། མི་རིགས། ས་ཁོངས་སོགས་ཀྱི་དབྱེ་བ་མེད་པར། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱིས། ཡོམ་འགོག་གེགས་སེལ་གྱི་ལྕགས་རི་རིང་པོ་བསྐྲུན་པ་དེའི་ཐོག་ནས། འཆམ་མཐུན་སྤྱི་ཚོགས་ཀྱི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་གཅིག་སྒྲིལ་སྟོབས་ཤུགས་དེ་དངོས་སུ་མཚོན་ཐུབ་ཡོད་ལ། གྲྭ་པ་རྣམས་ཀྱིས་ཀྱང་གེགས་སེལ་ཁྲོད་རང་ཉིད་ཀྱི་འདོན་པར་འོས་པའི་ནུས་པ་གང་ལེགས་འདོན་སྤེལ་བྱས་ཡོད་”ཅེས་གསུངས།

    དགོང་ལོ༤༦ལ་ཕེབས་པའི་བླ་མ་འཇམ་གནས་ལགས་ནི་ཡུལ་ཤུལ་རྫོང་ཨ་ཁྲོ་ཤང་དར་རྒྱས་དགོན་པའི་དགོན་སྡེ་བདག་གཉེར་ཁང་གི་འགན་འཛིན་པ་ཞིག་ཡིན་པ་དང་། དར་རྒྱས་དགོན་པ་ནས་སྐྱེ་རྒུ་གྲོང་རྡལ་བར་གྱི་བར་ཐག་ལ་སྤྱི་ལེ༡༥༠ཙམ་ཡོད་ཅིང་། ས་ཡོམ་བརྒྱབ་རྗེས། བླ་མ་འཇམ་གནས་ལགས་ཀྱིས་དགོན་པའི་གྲྭ་པ༨༣ཙམ་གྱི་སྣེ་ཁྲིད་དེ་སྐྱེ་རྒུ་དགོན་དུ་བསྐྱོད་ནས། ཁང་པ་ཞིག་རོའི་ནང་མི་འཚོལ་སྐྱོབ་དང་། རྐྱེན་ལམ་དུ་ཤོར་བའི་འདས་པོའི་སྐུ་ཕུང་སྔོག་འདོན་གྱི་བྱ་འགུལ་ནང་ཞུགས་པ་རེད།

    བླ་མ་འཇམ་གནས་ལགས་ཀྱིས་གསུངས་པ་ལྟར་ན། སྤྱི་ཟླ༤པའི་ཚེས༡༧ཉིན་གྱི་ཉིན་གུང་བར། ཁོང་དང་ཁོང་གིས་སྣེ་ཁྲིད་པའི་གྲྭ་པ་རྣམས་ཀྱིས་ཁྱོན་བསྡོམས་མི༢༦གི་སྲོག་སྐྱབས་པ་དང་ ཁང་པ་ཞིག་རོའི་ཁྲོད་ནས་སྐུ་ཕུང༣༨སྔོག་འདོན་བྱས་པ་རེད།

    བླ་མ་འཇམ་གནས་ལགས་ནས།“ནང་བསྟན་ཆོས་ལུགས་ལྟར་ན། མི་ཚེ་ལས་འདས་པའི་ཉིན་གྲངས་གསུམ་གྱི་ནང་། ལུས་སེམས་མཉམ་དུ་གནས་པ་དང་། ཉིན་གསུམ་གྱི་རྗེས་ནས་རྣམ་ཤེས་ལུས་དང་ཁ་བྲལ་གྱི་ཡོད། དེར་བརྟེན། སྐུ་ཕུང་ཁང་པ་ཞིག་རོའི་ཁྲོད་ནས་སྔོག་འདོན་བྱས་རྗེས་དེ་དག་བར་དོའི་འཕྲང་ལམ་ནས་གྲོལ་བའི་ཆོ་ག་དག་བསྒྲུབ་དགོས། སྤྱི་ཟླ༤པའི་ཚེས༡༧ཉིན། ང་ཚོས་ཀྱང་ཁང་པ་ཞིག་རོའི་ཁྲོད་ནས་སྔོག་འདོན་བྱས་པའི་སྐུ་ཕུང་དེ་དག་དགོན་པའི་ནང་བསྐྱལ་ནས། དེ་དག་ལ་བར་དོའི་འཕྲང་ལམ་ནས་གྲོལ་བའི་ཆོས་ལུགས་ཀྱི་ཆོ་ག་དག་བསྒྲུབ་པ་ཡིན།”ཞེས་གསུངས།

    ཁོང་གིས་ད་དུང་། “ང་ཚོས་ཆོས་ལུགས་ཀྱི་ཆོ་ག་དེ་འདྲ་བསྒྲུབ་པར། ས་དེ་གའི་སྲིད་གཞུང་གིས་བཀག་འགོག་བྱས་མེད་པར། ད་དུང་སྐུལ་འདེབས་གནང་ཡོད། སྲིད་གཞུང་གིས་གྲྭ་པ་དག་མྱུར་སྐྱོབ་ལས་འགུལ་ནང་ཞུགས་པར་འགྲོ་མི་ཆོག་པའི་བཀའ་བཏང་ཡོད་པ་རེད་ཟེར་བ་དེ་འདྲ་ཡེ་ནས་ཐོས་མ་མྱོང་། ”ཞེས་གསུངས་པ་རེད།

    Reply
  8. བ་ར་ཚང་གཡང་དྲུང་རྒྱལ་པོ། says:
    ལོ་ 15 སྔོན།

    ངའི་ཕ་ཡུལ་ན་གཏམ་དཔེ་འདི་འདྲ་ཞིག་ཡོད། “རྐུན་མ་ཁ་སང་འཛུལ་སོང་། ཁྱི་མོ་དེ་རིང་ཟུག་ཐལ།”

    Reply
  9. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    ཟམ་གདོང་བླ་རྒན་འཁྱམས་ཉུལ་བྱེད་པས་ལས་བོད་པའི་བདེ་དོན་དང་འཛིན་སྐྱོང་གི་ལས་ཀར་དུས་ཁོམ་པ་འདྲ་ཧ་ཧ་ཧ

    Reply
  10. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    བདུན་ཚིགས་གསུམ་པའི་ཐོག་མ་ཏོག་བོད་ལ་ས་ཡོམ་རྒྱབ་ཡོད་པ་བཙན་བྱོལ་གཞུང་གིས་ཤེས་མི་འདུག་ག་ ང་ཚོ་བོད་མིར་སྐྱེ་བ་ནོར་ཨེ་ཡོད་མི་ཤེས་སྟེ་ བཙན་བྱོལ་གཞུང་འདི་འདྲ་ཞིག་གིས་འོག་ལ་འཚར་ལུངས་བྱུང་བ་དེ་ནོར་ཡོད་པ་འདྲ་ གཞུང་འདིའི་བོད་མིའི་དཀའ་ངལ་སེལ་བའི་ལམ་གང་མང་ཞིག་བཀག་ཡོད་པ་ཚང་མའི་ཤེས་གསལ་རེད་ བོད་ཕྱི་ནང་གཉིས་གི་བདེ་སྡུག་ལ་གཟིགས་ཟེར་བ་དེ་སྤྲོས་བྲལ་རེད་ཞག། འོན་ཀྱང་བདུན་ཚིགས་གསུམ་པ་ལ་སྨོན་ལམ་འདོན་ཟེར་བ་དེ་ཐུགས་རྗེ་ཆེ།།

    Reply
  11. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    བསྔོ་སྨོན་ཙམ་ལ་གོང་ས་མཆོག་གི་བཀའ་དགོངས་ལ་བརྒུག་ནས་བྱེད་མི་ཕོད་པའིབཙན་བྱོལ་བོད་གཞུང་གི་རྐུབ་སྟེགས་ཐོག་བསྡད་འཁན་དག་གིས་བོད་ཀྱི་ཁྱིམ་བཞིས་གསར་པ་དེ་ཇི་ལྟར་འགོ་འཛུགས་ཐོབ་བམ

    Reply
  12. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ་་་་བོད་གཞུང་གིས་༧གོང་ས་མཆོག་ཡུལ་ཤུལ་དུ་ཕེབས་རྒྱུ་ཡིན་ཞེས་གསུང་པའི་རེ་མདུན་དེ་བཀག་པ་ཡིན་ནམ། ངག་བཅད་བྱས་ནས་རྒྱ་ནག་གཞུང་ལ་ཡང་སྐད་ཆ་མ་བཤད་ན་ཡག་གི། བོད་གཞུང་གི་ས་ཡོམ་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་ལས་དོན་ཆེ་ཤོས་དེ་ངག་བཅད་བྱེད་པ་དེ་ཆགས་སོང་། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  13. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    བོད་ཕྱི་ནང་གཉིས་ཀའི་བདེ་སྡུག་ལ་བལྟ་མི་ཐུབ་མཁན་གཞུང་དགོས་གལ་ཡང་མི་འདུག གང་མགྱོགས་ཕྱིར་བསྡུ་བྱེད་ནས་ཡག་ཤོས་རེད། ཟམ་གདོང་ཁོ་རང་བཀའ་ཁྲི་ཚར་རན་ཡོད་རེད། དེ་དང་མཉམ་དུ་བོད་གཞུང་དེ་སྒོ་བརྒྱབ་ན་ཡག་ཤོས།

    Reply
  14. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    དེ་ནང་བཞིན་རེ་བ་མེད་ས་ལ་རེ་བ་ཞིག་བརྒྱབ་ཡོད་ལ་དེ་ནི་གོང་ས་མཆོག་གནོད་འཚེ་ས་ཁུལ་། ཕེབས་ཐབས་ཀྱི་འབོད་སྐུལ་ཞུ་ཡིན་ཁག་རེད། བོད་ནང་གི་བོད་མི་ཚོགས་ཐུགས་ཁག་ཡོད་མ་རེད་ལ། རེ་བ་དེ་འདྲ་རྒྱག་སྲིད་པའི་རང་བཞིན་རེད། ཡིན་ནའང་བཙན་བྱོལ་གཞུང་དང་བཙན་བྱོལ་གནང་གི་བོད་མའི་གནས་ཅུང་ཧ་གོ་གི་ཡོད་ནའང་རེ་བ་བརྒྱབ་ཡོད། མཐའ་ག་རི་བྱུང་སོང༌རྒྱག་ནག་གཞུང་གིས་གོང་ས་མཆོག་ལ་སྐྱོན་བརྗོད་དེ་ལས་སྡུག་བ་བྱེད་རྒྱུ་ན་མ་གཏོགས་བྱས་འདུག་ཧ། ད་བོད་གཞུང་གི་ག་རི་བྱེད་རྩིས་ཡོད། དེ་དགའ་ལ་བསུ་ཞུ་རྩིས་ཡོད་ཀྱི་རེད་གང་ཡིན་ཟེར་དེ་འདྲ་ཞིག་རག་ཡོང་ན་བསམ་ནས་བ་རེ་བ་བརྒྱབ་པ་རེད།

    Reply
  15. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    ད་ཐེངས་གི་བཀའ་ཤག་འདི་གོང་ས་མཆོག་གི་བཀའ་དགོངས་ཁོ་ནར་རེ་སྒུག་བྱེད་མཁན་ཡིན་པས་རང་ངོས་ནས་ནུས་པ་སྟོན་ནས་ལས་དོན་བྱེད་མི་ཤེས་མཁན་ཞིག་ཡིན་པ་འདྲ། དངོས་གནས་བྱས་ན་མྱ་ངན་མཆོད་འབུལ་དང་ཞལ་འདེབས་བསྡུ་སློང་ཚང་མ་གཞུང་རང་གི་འགན་ཁུར་ནས་ལས་དོན་བྱེད་དགོས་པའི་གལ་གནད་གཅིག་མཐོང་ཡང༌། དེ་ལྟར་གནང་མ་སོང་བའི་བློ་ཕམ་གྱི་རང་བཞིན་རེད། ཡུལ་ཤུལ་ཞལ་འདེབས་བསྡུ་སློང་ཚོགས་ཆུང་དེའི་ནང་བྱུང་འཛིན་འབྲི་མི་ཤེས་མཁན་རྐྱང་རྐྱང་རེད་འདུག་ཞལ་འདེབས་དངོས་རྣམས་གནོད་འཚེ་ས་ཁུལ་ལ་གང་འདྲ་སླེབས་ཐུབ་ཡོང་བསམ་པའི་བློ་དོགས་སྐྱེ་དགོས་པ་ཞིག་རེད། དེ་ནི་བོད་གཞུང་གི་དགུ་བཅུ་གསུམ་གྱི་ཚོགས་གཙོ་བཙོས་པའི་མགོ་བདེ་དྲན་འཕྲུལ་ཅན་འགའ་རེར་སླར་ཡང་གོ་སྐབས་ཡག་པོ་ཞིག་གནང་འདུག

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ངའི་ཕ་ཡུལ་ན་གཏམ་དཔེ་འདི་འདྲ་ཞིག་ཡོད། “རྐུན་མ་ཁ་སང་འཛུལ་སོང་། ཁྱི་མོ་དེ་རིང་ཟུག་ཐལ།”

    Reply
  17. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    བདུན་ཚིགས་གསུམར་པར་དམིགས་བསལ་གྱིས་སྨོན་ལམ་སོགས་འདོན་རྒྱུ་ཟེར་ན་དགའ་འོས་པ་ཞིག་ཡིན་མོད། འདི་ལྟ་བུ་ཞིག་ཀྱང་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་མ་བརྟེན་པར། རང་ཐོག་ནས་བྱེད་མི་ཤེས་པར་བརྟེན་ཡིད་ཕམ་གི དངོས་གནས་བྱས་ན་བདུན་ཚིགས་དང་པོའི་གོ་སྐབས་དེ་གསེར་ལས་ལྷག་པའི་གོ་སྐབས་རྩ་ཆེན་ཡིན་ཡང་། དེ་མུར་ལུས་སོང་བ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese