མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་ཚང་གི་གནས་སྟངས་དང་བུ་མོའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ནི་ཨ་རིའི་རླུང་འཕྲིན་ཁང་གི་པདྨ་རྡོ་རྗེ་ཡིས་གཟའ་ཕུར་བུའི་ཉིན་༼༤་༢༩༽ཉིན་ཞོགས་དུང་གི་བུ་མོར་བཅར་འདྲི་ཞུས་ཤིང་། རྡོ་རྗེ་ཚེ་བརྟན་གྱིས་ཡི་གེར་ཕབས་པ་ལགས། འདི་གར་མཁོ་སྤྲོད་གནང་བ་ལྟར་དྲ་ངོས་སུ་བཞག་པ་ཡིན།

པདྨ་རྡོ་རྗེ་ལགས་ཀྱིས་སྐུ་ཞབས་ཞོགས་དུང་གི་བུ་མོར་ཁོང་གི་ཨ་ཕ་འཇུས་པའི་སྐོར་གྱི་བཅར་འདྲི་བྱས་སྐབས་བུ་མོས་ཐོག་མར་བརྒྱུད་རིམ་དེ་ཚོ་འདི་ལྟར་དུ་བཤད།
ཕྱི་ཚེས་ ༢༣ ཉིན་ཨ་ཕ་ཁྲིད་སོང༌། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་ང་དང་ཨ་མ་གཉིས་ཨ་ཕའི་ལས་ཁུངས་ཀྱི་འགོ་ཁྲིད་ལ་ཐུག་ཏུ་བསྐྱོད། དེའི་རྒྱུ་མཚན་ཅི་ཡིན་ཞེས་ན་ཕྱི་ཚེས་ ༢༣ གྱི་དགོང་མོ་ཆུ་ཚོད་ ༦ པ་ཡས་མས་སུ་ཉེན་རྟོག་པས་ཨ་མི་ཁྲིད་ནས་མཉམ་དུ་ང་ཚོའི་ཁྱིམ་ལ་སླེབས། ཨ་ཕས་ཁོང་ཚོ་ལས་ཁུངས་ནས་ཡོང་བ་ཡིན་ཟེར། ཕྱི་ཚེས་ ༢༤ ཉིན་སྔར་དྲོར་ཨ་མ་ངེད་གཉིས་ལས་ཁུངས་སུ་བཅར་ནས་ཨ་ཕ་ཇི་ལྟར་ཁྲིད་པ་ཡིན་མིན་རྒྱུས་ལེན་བྱས་པ་ཡིན། ལས་ཁུངས་ཀྱི་འགོ་ཁྲིད་དེས་ཕྱི་ཚེས་ ༢༣ གྱི་ཕྱི་དྲོ་ཆུ་ཚོད་ ༥ དང་ཕྱེད་ཀ་ཙམ་ལ་ཉེན་རྟོག་པ་ལྔ་ལས་ཁུངས་སུ་ཡོང་ནས་ཨ་ཕ་ཁྲིད་སོང་ཟེར། ཁོང་ཚོས་ཨ་ཕ་ཁྲིད་ནས་ཐད་ཀར་ང་ཚོའི་ཁྱིམ་ལ་སླེབས་སོང༌། དེ་དུས་ཆུ་ཚོད་དགོང་མོའི་ ༦ ཡས་མས་ཤིག་རེད། ཁོང་ཚོ་མི་ ༦ གིས་ཨ་ཕ་ཁྲིད་ནས་ཁྱིམ་དུ་སླེབས། ཁོང་ཚོས་ཇ་ཞིག་བཏུང་རྗེས་མི་གཉིས་ཕྱིར་སོང་ནས་པར་པ་ཞིག་ཁྲིད་ཡོང་ནས་ང་ཚོའི་དཔེ་དེབ་ཚོང་ཁང་པར་བརྒྱབ་པ་དང༌། ཨ་ཕའི་བརྩམས་ཆོས་དཔེ་དེབ་གསུམ་ཡོད་པ་དང་གནམ་ས་གོ་འབྱེད་བཅས་འཁྱེར་ཏེ། ཁོང་ཚོས་ཆུ་ཚོད་ ༧ པ་ཡས་མས་སུ་ཨ་ཕ་ཁྲིད་ནས་ཕྱིན་སོང༌། དེ་ནས་དགོང་མོའི་ཆུ་ཚོད་ ༡༠ དང་ཕྱེད་ཀ་ཙམ་ལ་ཉེན་རྟོག་པ་ ༤ སླར་ཡང་ང་ཚོའི་ཁྱིམ་ལ་ཡོང་བ་དང༌། ངེད་ཚང་གི་དཔེ་དེབ་ཚོང་ཁང་གི་རྩིས་འཁོར་གཉིས་ཡོད་པའང་སོང༌། ང་ཚོར་ཡིག་ཆ་གང་ཡང་སྤྲད་མ་སོང༌། དེ་ནས་ང་ཚོས་སྒུག་བསྡད་ཀྱང་ཨ་ཕ་ཕྱིར་ལོག་བྱེད་རྒྱུ་མི་འདུག མཚན་གུང་གི་ཆུ་ཚོད་ ༢ དང་སྐར་མ་ ༥༠ ཙམ་ལ་ཁ་པར་ཞིག་སླེབས་ནས་ཨ་ཕར་སྔས་མགོ་དང་མི་གཅིག་གི་མལ་ཆས་ཆ་ཚང་ཞིག་འཁྱེར་ཤོག་ཟེར། ང་ཚོས་འཕྲལ་དུ་མལ་ཆས་ཆ་ཚང་ཞིག་འཁྱེར་ནས་སྒོ་རའི་ཕྱི་ལོག་གི་རྒྱལ་སྒོའི་ཁར་སླེབས་དུས་ཁོང་ཚོ་ད་དུང་སླེབས་མི་འདུག ང་ཚོས་ཅུང་ཟད་སྒུག་རྗེས་རླངས་འཁོར་ཞིག་སླེབས་སོང༌། རླངས་འཁོར་ནང་དེར་ཨ་ཕ་ཡང་འདུག རླངས་འཁོར་མདུན་གྱི་ཁ་ལོ་བའི་འཁྲིས་སུ་མི་ཞིག་བསྡད་འདུག་པ་དང༌། རླངས་འཁོར་གྱི་རྒྱབ་ལོགས་སུ་མི་གསུམ་འདུག ཨ་ཕ་མི་དེ་དག་གི་དཀྱིལ་དེར་འདུག ང་ཚོས་ཨ་ཕ་ལ་མལ་ཆས་སྤྲད་པ་དང༌། ངས་ཨ་ཕ་ལ་ཁྱོད་གང་དུ་འགྲོ་དགོས་རེད་དམ་ཞེས་དྲིས་སྐབས། ཨ་ཕས་ང་བཙོན་ཁང་དུ་འགྲོ་དགོས་པ་རེད་ཅེས་ལན་འདེབས་བྱས་སོང༌། དེ་ནས་ཉེན་རྟོག་པས་ང་ཚོར་ཨ་ཕ་བཀག་སྐྱིལ་བྱས་པ་ཡིན་ཞེས་པའི་བརྡ་སྦྱོར་ཡི་གེ་སྤྲད་སོང༌། ཡི་གེ་དེར་ཨ་ཕའི་ནག་ཉེས་རྒྱལ་ཁབ་སྲིད་དབང་མགོ་རྟིང་སློག་ཐབས་དང་ཁ་བྲལ་གྱི་ལས་འགུལ་སྤེལ་པ་རེད་ཅེས་འཁོད་འདུག བཀག་སྐྱིལ་ཡི་གེ་སྤྲོད་མཁན་ཟི་ལིང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་རེད། ཁོང་ཚོ་འགྲོ་ཁར་ཨ་ཕས་ང་ལ་རང་ཁྱིམ་ནས་བཟོས་པའི་བག་ལེབ་རེ་བསྐྱལ་དགོས་ཟེར། མི་དེ་ཚོས་ཨ་ཕ་ལ་རང་ཁྱིམ་ནས་ཟ་འཐུང་རེ་བསྐྱལ་ན་ཆོག་ཟེར་པ་དང༌། ཉེན་རྟོག་པའི་གྲས་སུ་བོད་པ་གཉིས་ཡོད་པ་དེའི་གཅིག་གིས་རྗེས་སུ་ཟ་འཐུང་བསྐྱལ་དགོས་ཚེ་ང་ལ་འབྲེལ་བ་བྱོས། ངས་ཟ་འཐུང་དེ་ཚོ་ཨ་ཕ་ལ་བརྒྱུད་སྤྲོད་བྱེད་ཆོག་ཟེར། ཁོང་ཚོས་ཨ་ཕ་ཁྲིད་འགྲོ་དུས་ཕལ་ཆེར་མཚན་སྨད་ཀྱི་ཆུ་ཚོད་ ༣ དང་ཕྱེད་ཀ་ཙམ་རེད། ཕྱི་ཉིན་སྔ་དྲོར་ཨ་མ་ངེད་གཉིས་ཨ་ཕའི་ལས་ཁུངས་ཀྱི་འགོ་ཁྲིད་ལ་སྐད་ཆ་འདྲི་རུ་ཕྱིན་པ་ཡིན། འགོ་ཁྲིད་ཀྱིས་ཁ་རྩང་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀ་ཡས་མས་སུ་ཉེན་རྟོག་པ་ཚོ་སླེབས་སོང༌། ཁོང་ཚོས་ཨ་ཕ་ལས་ཁུངས་ནས་ཁྲིད་དུས་ཁ་བརྡ་ཞིག་བྱེད་དགོས་ཟེར་གྱི་འདུག་ཟེར། ང་ཚོར་ཐུག་དུས་ཉེན་རྟོག་པས་ཨ་ཕ་བཀག་སྐྱིལ་བྱས་པའི་བརྡ་སྦྱོར་ཡི་གེ་སྤྲད་ནས་ཨ་ཕ་ཁྲིད་པ་རེད། དེ་ནས་བཟུང་སྟེ་ང་ཚོ་ཨ་ཕར་ཐུག་འཕྲད་བྱེད་དུ་འཇུག་རྒྱུ་ལྟ་ཞོག ཁོང་ལ་ཟས་ཁམ་གང་ཡང་བསྐྱལ་དུ་མི་འཇུག བོད་པ་ཉེན་རྟོག་པ་གཉིས་པོ་དེར་ཁ་པར་བཏང་ནས་ཨ་ཕ་ལ་ཟ་འཐུང་ཞིག་བསྐྱལ་ཆོག་པའི་རེ་བ་ཞུས་ཀྱང༌། ཁོང་ཚོར་སྐབས་རེར་ཁ་པར་འཕྲོད་པ་དང་མཚམས་རེར་ཁ་པར་མི་འཕྲོད། ཁ་པར་འཕྲོད་དུས་ད་དུང་སྒུག་སྡོད། ཟས་རིགས་ཅི་ཡང་བསྐྱལ་མི་ཆོག་ཟེར། ཨ་ཕ་བཟུང་ནས་དེ་རིང་བར་དུ་ཉི་མ་ ༧ འགོར་སོང༌། ཨ་ཕ་ཡོད་ས་དེ་ཟི་ལིང་གྲོང་ཁྱེར་གྱི་བཀག་སྐྱིལ་ཁང་ཨང་དང་པོ་རེད། ཨར་ཧྲི་ལི་པུའུ་ཟེར་ས་དེ་ན་འདུག ང་ཚོ་ཉིན་ལྟར་ཨ་ཕ་བཀག་ཉར་བྱེད་ཡོད་ས་དེར་སྐོར་ར་རྒྱག་གི་ཡོད། བཀག་ཉར་ཁང་གི་ནང་དུ་འགྲོ་མི་ཆོག་པས་ང་ཚོ་ཕྱིར་ལོག་མི་བྱེད་ཀ་མེད་རེད། མི་གཞན་གྱི་བཟའ་མི་རྣམས་ཀྱང་བཀག་ཉར་ཁང་དེའི་སྒོ་འགྲམ་དུ་ཡོད་པ་དང༌། སྒོ་འགྲམ་དེར་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེའི་ནང་གི་ཟས་རིགས་དང་གྱོན་གོས་ཉོས་པ་དང༌། ཚོང་ཁང་བརྒྱུད་ནས་སྤྲད་ན་ལེན་མོད། འོན་ཀྱང་རང་ཁྱིམ་ནས་འཁྱེར་ཡོང་བའི་ཟས་རིགས་དང་གྱོན་གོས་སོགས་མི་ལེན་པ་དང༌། མི་གཞན་པས་ཚོང་ཁང་དེ་ནས་ཟ་ཡིག་ཉོས་པ་བཀག་ཉར་ཁང་གི་སྤྱི་ཐབ་ལ་སྤྲད་ཚེ། བཀག་ཉར་ཁང་དུ་ཡོད་པའི་མི་དེ་ཚོས་ཚོང་ཁང་གི་ཟ་ཡིག་འཛིན་བྱང་བརྒྱུད་ནས་ཟ་འཐུང་ཉོ་ཐུབ་ཟེར། ང་ཚོར་དེ་ཡང་བྱེད་དུ་འཇུག་གི་མེད་པ་དང༌།

དྲི་བ། ཁྱོད་ཀྱི་ཨ་ཕ་ཐོ་རེངས་ཆུ་ཚོད་ ༣ པའི་ཐོག་ཏུ་སླེབས་དུས་ལུས་ཐོག་ཏུ་དཀའ་ངལ་མྱོང་གི་ཡོད་པའི་རྟགས་མཚན་འདུག་གམ།

ལན། ཆུ་ཚོད་ ༣ པའི་ཐོག་དེར་རང་ཁྱིམ་ལ་ཡོང་དུ་མི་འཇུག་པ་མ་ཟད། རླངས་འཁོར་ནང་ནས་ཕྱི་ལ་ཐོན་དུ་བཅུག་མེད་པ་དང༌། ཨ་མ་དང་ང་ཚོས་མལ་ཆས་བསྐྱལ་ནས་རྒྱལ་སྒོའི་ཁར་སླེབས་དུས་ཨ་ཕ་རླངས་འཁོར་ནང་དུ་འཇུག ཨ་ཕས་ཁ་པར་གཏོང་དུས་ནས་མལ་ཆས་ཆ་ཚང་ཞིག་དང་རས་ལྷམ་ཞིག་ཡོད་པ་དེ་འཁྱེར་ཤོག་ཟེར། ཁོང་ཚོས་ཨ་ཕ་རླངས་འཁོར་ནས་ས་ལ་འབབ་ཏུ་མི་འཇུག་པར་ལྷམ་ཡང་རླངས་འཁོར་ནང་དུ་བརྗེ་བཅུག་སྟེ། ཁོང་གི་ལག་ཏུ་ཡོད་པའི་སྒོར་མོ་དང་དངུལ་ཁང་གི་འཛིན་བྱང༌། ཐོབ་ཐང་ལག་འཁྱེར་རྣམས་ང་ཚོར་སྤྲད་ནས་ཨ་ཕའི་ལག་ཏུ་ཅི་ཡང་བཞག་མ་སོང༌། ཨ་མས་སྒོར་མོ་འགའ་ཞིག་འཁྱེར་ནས་བཟང༌། ཁོང་གི་ལག་ཏུ་སྒོར་མོ་ ༥༠༠ ཡོད་པ་དེ་རྣམས་འཁྱེར་དུ་བཅུག་ཅེས་རེ་བ་ཞུས་ཀྱང༌། ཉེན་རྟོག་པས་སྒོར་མོ་འཁྱེར་ན་སྐོལ་སྤྱོད་བྱེད་ས་མེད་ཅེས་ཨ་ཕའི་ལག་གི་དངུལ་སྒོར་དང་དངུལ་ཁང་གི་འཛིན་བྱང༌། ཐོབ་ཐང་ལག་འཁྱེར་དང་མེ་ཆ་སོགས་ང་ཚོར་ཕྱིར་སློག་བྱས་སོང༌།

དྲི་བ། སྤྱིར་བཏང་ཁྱོད་ཀྱི་ཨ་ཕའི་ལུས་ཁམས་བདེ་ཐང་ཡིན་ནམ།
ལན། རྩ་བའི་ཨ་ཕ་བདེ་ཐང་ཡིན། དཔེ་དེབ་བཀླགས་རྒྱུ་མང་དྲགས་ནས་མིག་གསལ་བོ་མེད་རུང༌། ཁོང་གི་ཅིན་ཧྲི་མིག་གི་ཚད་གཞི་ཨང་གྲངས་ ༣༠༠ ལས་མིན། ཨ་ཕ་སྐེ་ཚིག་ཅུང་ཟད་མི་བདེ་ནའང་སྔས་མགོ་མ་བཞག་པར་ཉལ་ན་དཀའ་ངལ་མེད། ད་ལྟ་ཁྱོད་ཚོས་ཡར་མར་ལ་སྐད་ཆ་ཤོད་དུ་འགྲོ་གི་ཡོད་དམ། ང་ཚོ་སྐད་ཆ་ཤོད་དུ་འགྲོ་གི་མེད། ད་བར་བྱ་བ་འདི་རིགས་ལ་ཐུག་མྱོང་མེད་པར་ཅི་ཞིག་བྱ་དགོས་མ་ཤེས་པར་ཡོད། བྱ་བ་འདི་རིགས་ཀྱི་འགྲོ་སྟངས་ཀྱང་མི་ཤེས། ང་ཚོར་རོགས་རམ་བྱེད་མཁན་ཞིག་མི་འདུག ང་ཚོས་ཉེན་རྟོག་པས་ཨ་ཕ་ལ་ནམ་ཟ་འཐུང་ཞིག་བསྐྱལ་དུ་འཇུག་རྒྱུ་ཡིན་མིན་ལ་སྒུག་ཡོད། ང་ཚོ་ཤུལ་ན་བུད་མེད་ཤ་སྟག་ཡིན་པ་དང་སྐྱེས་པ་གཅིག་ཀྱང་མེད། བློ་འདྲི་སའི་མི་དེ་འདྲ་ཡང་མེད་པར་ལྷག་བསྡད་ཡོད། ཁྲིམས་རྩོད་པ་གླས་མ་མྱོང༌། ཨ་ཕའི་གནད་དོན་དེ་ཐག་གཅོད་ཇི་ལྟར་བྱ་རྒྱུ་ཡིན་མིན་ཚོད་དཔག་མི་ཐུབ་པ་དང༌། ཨ་མ་དང་ང་ཚོས་ཨ་ཕའི་གནད་དོན་ཐག་གཅོད་བྱས་རྗེས་ཁྲིམས་རྩོད་པ་ཞིག་གླ་དགོས་པའི་གྲོས་བསྡུར་བྱེད་བཞིན་ཡོད། ཡིན་ནའང་ཁྲིམས་རྩོད་པ་ཇི་ལྟར་གླ་དགོས་མིན་གྱི་གོ་རིམ་དེར་ཆ་རྒྱུས་གང་ཡང་མེད། ང་ཚོར་རོགས་རམ་བྱེད་མཁན་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད།

དྲི་བ། གལ་སྲིད་ཁྱོད་རྒྱ་ནག་གཞུང་གི་འགོ་ཁྲིད་ཅིག་ལ་ཐུག་ནས་སྐད་ཆ་ཤོད་པའི་གོ་སྐབས་ཤིག་འཐོབ་ཚེ། ཁྱོད་ལ་ཅི་ཞིག་བཤད་འདོད་ཡོད་དམ།
ལན། ཨ་ཕ་བཀག་སྐྱིལ་བྱེད་དོན་གཙོ་བོ་གནམ་ས་གོ་འབྱེད་ཀྱི་དཔེ་དེབ་དེར་འབྲེལ་བ་ཡོད་པར་སྙམ། རྒྱུ་མཚན་ཅི་ཡིན་ཞེས་ན་དྲ་ཐོག་ཏུ་མི་མང་པོ་ཞིག་གིས་ས་འགུལ་ཐད་ཀྱི་སྙན་ཞུ་དེར་ཨ་ཕས་མིང་རྟགས་བཀོད་ནས་འཛིན་བཟུང་བྱས་པ་དང༌། དེ་ལ་འབྲེལ་བ་འདུག་ཟེར་གྱི་ཡོད་རུང༌། ཨ་མ་དང་ང་ཚོས་བལྟས་ན་དེ་ལ་འབྲེལ་བ་མེད་པ་དང༌། རྒྱུ་མཚན་ཅི་ཡིན་ཞེས་ན་ཨ་མས་བོད་ཡིག་གི་དཔེ་དེབ་ཚོང་ཞིག་སྒོ་ཕྱེ་ཡོད་པ་དེ་ཕྱི་ཟླ་ ༤ ཚེས་ ༡༢ སྒོ་བརྒྱབ་ཏུ་བཅུག་སོང༌། དེའི་རྒྱུ་མཚན་ནི་ཉེན་རྟོག་པ་དཔེ་དེབ་ཚོང་ཁང་ལ་ལན་མང་སྔོག་བཤེར་བྱེད་དུ་ཡོང་ནས་ཨ་ཕས་བྲིས་པའི་གནམ་ས་གོ་འབྱེད་ཀྱི་དཔེ་དེབ་དེ་ལག་ཏུ་ཐེབས་པས་རེད། ཡང་ཕྱི་ཚེས་ ༢༣ ཉིན་ཨ་ཕ་རང་ཁྱིམ་ལ་ཁྲིད་ཡོང་ནས་དཔེ་དེབ་ཚོང་ཁང་ལ་སྔོག་བཤེར་བྱས་པ་དང་པར་བརྒྱབ་སྟེ། ཁོང་ཚོས་དེ་དུས་ནས་གནམ་ས་གོ་འབྱེད་ཀྱི་དཔེ་དེབ་དེ་འཚོལ་གྱིན་འདུག གནམ་ས་གོ་འབྱེད་ཀྱི་དཔེ་དེབ་རྙེད་པའི་རྗེས་སུ་ཨ་ཕའི་བརྩམས་ཆོས་གཞན་རྣམས་ཀྱང་འཁྱེར་སོང༌། ཁས་ཉིན་ཕྱི་དྲིར་ཨ་མ་ཡང་ཉེན་རྟོག་པས་འབོད་འགུགས་བྱས་པ་དང༌། ཁོང་ཚོས་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་ ༢༠ ནས་ཆུ་ཚོད་ ༦ དང་སྐར་མ་ ༡༨ བར་དུ་ཨ་མ་ལ་འདྲི་གཅོད་བྱས་པ་རེད།  ངས་སྒོ་འགྲམ་དུ་ཨ་མར་སྒུག་བསྡད་པ་ཡིན། འདྲི་གཅོད་ཀྱི་ནང་དོན་ཚང་མ་ཨ་ཕའི་དཔེ་དེབ་གནམ་ས་གོ་འབྱེད་ལ་འབྲེལ་བ་འདུག  དཔེ་དེབ་དེ་གང་དུ་པར་སྐྲུན་བྱས་པ་ཡིན། སུས་པར་སྐྲུན་བྱས་པ་རེད། ཨ་མས་དཔེ་དེབ་ཚོང་ཁང་ནང་དུ་གནམ་ས་གོ་འབྱེད་ཇི་ལྟར་བཙོངས་པ་ཡིན་ཞེས་འདྲི་བ་ལས། དེ་མིན་གྱི་གནས་ཚུལ་གཞན་པ་ཅི་ཡང་དྲིས་མ་སོང་ཟེར། དེར་བརྟེན་ང་ཚོས་བལྟས་ཀྱང་ཨ་ཕ་འཛིན་བཟུང་བྱེད་དོན་གནམ་ས་གོ་འབྱེད་ལ་འབྲེལ་བ་འདུག ཡིན་ནའང་གནམ་ས་གོ་འབྱེད་ཀྱི་ནང་དུ་ཅི་ཞིག་བཤད་ཡོད་མེད་གསལ་བོ་ཞིག་ངས་བཤད་མི་ཐུབ་མོད། འོན་ཀྱང་ཨ་ཕ་ལ་ང་ཚོ་ཚང་མ་ཆ་རྒྱུས་ཡོད་པ་དང༌། དཔེ་དེབ་དེ་ལྟ་ཀློག་གང་ཙམ་བྱས་མྱོང༌། ཁོང་ཚོས་ཨ་ཕ་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་དང༌། ཁ་བྲལ་གྱི་ལས་འགུལ་སྤེལ་པའི་ཉེས་སྐྱོན་བཙུགས་ཡོད་པ་དེའི་ཚད་དེར་སླེབས་མེད་པར་སྙམ། ངས་ཁོང་ཚོར་སྐད་ཆ་ཞིག་བཤད་ཐུབ་ན་དེ་ལྟར་བཤད་པར་འདོད།

དྲི་བ། ཁྱོད་ཚོའི་དཔེ་དེབ་ཚོང་ཁང་སྒོ་བརྒྱབ་འདུག ད་དུང་ཨ་ཕ་དུས་ཡུན་གང་ཙམ་ཞིག་ལ་བཀག་ཉར་བྱེད་ཚེ། ཁྱོད་ཚོའི་ཁྱིམ་ཚང་གི་འཚོ་རྟེན་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་རེད། དེའི་ཕྱོགས་དེར་ཁྱོད་ལ་སྐྲན་སྣང་འདྲ་འདུག་གམ།

ལན། ལོས་ཡོད། ང་ལ་མཚོན་ན་ལན་ཀྲུག་ཏུ་བྱ་བ་ལས་བཞིན་ཡོད། ད་སྔ་ངའི་བྱ་བ་དེར་གནོད་པ་འབྱུང་རྒྱུ་ཡིན་མིན་མི་ཤེས་ཀྱང༌། ཨ་མ་ལ་མཚོན་ན་རྒྱ་ཡིག་ལྟ་ཞོག  ཐ་ན་བོད་ཡིག་ཀྱང་མི་ཤེས་པ་དང༌། ང་ཚོའི་འཚོ་རྟེན་གཙོ་བོ་དེ་དཔེ་དེབ་ཚོང་ཁང་ལ་བརྟེན་ཡོད། དཔེ་དེབ་ཚོང་ཁང་སྒོ་བརྒྱབ་ཏུ་བཅུག་ན་ང་ཚོར་དཀའ་ངལ་ཆེན་པོ་ཞིག་ཡོད། གང་ལ་ཞེ་ན་ཨ་ཕའི་ཕ་མ་གཉིས་ཀ་བགྲེས་སོང་ཡིན། མེས་མོ་ལོ་ ༧༨ དང་ཨ་མྱེས་ ༨༠ ཐམ་པར་སོན་ཡོད། རྒན་རྒོན་གཉིས་ཀར་ཕ་མ་གཉིས་ཀྱིས་བལྟ་རྟོགས་བྱེད་ཀྱི་ཡོད་པ་དང༌། ཨ་མའི་ཁྱིམ་དུའང་རྒན་རྒོན་བལྟ་རྟོག་བྱེད་དགོས་ས་ཡོད་པ་མ་ཟད། ངའི་སྲིང་མོ་སློབ་གྲྭ་འགྲིམས་ནས་སློབ་ཆེན་སློབ་གཉེར་པ་ཡིན། ཨ་མའི་ནུ་བོ་འདས་པོ་དེར་དྭ་ཕྲུག་ཅིག་ཡོད་པ་དེ་ལའང་ངའི་ཕ་མ་གཉིས་ཀྱིས་སློབ་ཡོན་སྤྲད་ནས་སློབ་འབྲིང་ཐོན་པ་དང༌། ད་ལྟ་ཁོ་ཆེད་སྦྱོང་སློབ་གྲྭ་ཞིག་འགྲིམ་བཞིན་ཡོད། དེ་ཚོ་ཚང་མར་ངའི་ཕ་མ་གཉིས་ཀྱིས་བལྟ་རྟོག་བྱེད་ཀྱི་ཡོད་རུང༌། ད་ལྟ་ཨ་ཕ་འཛིན་བཟུང་བྱས་པ་དང་ཨ་མའི་དཔེ་དེབ་ཚོང་ཁང་སྒོ་བརྒྱབ་ཏུ་བཅུག་ཡོད་པས། ངེད་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་ཞིག་འདུག འདི་ལྟར་བསྡད་ཚེ་ང་ཚོས་ཅི་ཞིག་བྱ་དགོས་མིན་ཡང་བཤད་དཀའ།།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༩ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 27

  1. བྲ་རྡོར says:
    ལོ་ 15 སྔོན།

    བློ་བཟང་ཕུན་ཚོགས་ལགས་ཁྱེད་ཀྱི་བཤད་པ་དེ་ཚོ་ཁོ་ལ་གནོད་བྱེད་ལས་མ་འདས།གནོད་མ་བྱེད་རོགས།ཁྱོད་ལ་སེམས་ཤུག་ཡོད་ཀྱང་བེད་སྤྱོད་བྱེད་ཕྱོགས་དང་བྱེད་སྟིང་མ་ནོར་རོགས་ཞུ་རྒྱུ་ཡིན།

    Reply
  2. བློ་བཟང་ཕུན་ཚོགས། says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ་རྒད་པོ་འདིས་ད་བར་དུ་ང་ཚོ་མི་རིགས་ཀྱི་ཆེད་དུ་སྐད་རྒྱག་པ་རེད།
    ང་ཚོ་མི་རིགས་ཀྱི་ཚེད་དུ་གསོན་པ་རེད་ཟེར་ན་ཡང་མི་ཆོག་རྒྱུ་མེད།
    དེ་ཡིན་དུས་ཁོང་གི་ཚེ་སྲོག་ལ་ང་ཚོས་སྲུང་སྐྱོབ་བྱེད་ཐུབ་པ་དགོས་པར་མ་ཟད་
    ཁོང་གི་ནང་མི་ལ་ཡང་མཚམས་འདྲི་རེ་བྱེད་ཐུབ་ན་ལེགས།

    Reply
  3. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཨ་ཁུ་ཞོགས་དུང་ཨོག་ཙེ་འདུག
    ཨ་མདོ་ནང་ནས་ཡར་འཐོན་ཡིན།
    ཨ་སྐད་རྒྱབ་མཁན་མི་མང་ཡང་།
    ཨ་མདོ་བླ་མའི་ཤེས་གི་མེད།

    Reply
  4. དུག་ཚེར། says:
    ལོ་ 15 སྔོན།

    མི་རིགས་ཀྱི་ལ་ཞན་ཤ་དང་རུས་པའི་ནང་དུ་ཐུམ་པའི་སྐུ་ཞབས་ཞོགས་དུང་འདི་ལྟར་བཟུང་བར་ང་ཚོར་སྙྷིང་རླུང་ལོང་གི

    Reply
  5. བྲ་རྡོར says:
    ལོ་ 15 སྔོན།

    བོད་རང་དབང་ཁྱེད་རང་སྲོག་ཤོར་བ་དག་ལ་ཡང་ནང་མི་དང་སྦུན་མཆེད་ཡོད།དེ་ཙམ་གྱི་དོན་ལ་དེ་འདྲ་རེད།ནང་མི་དེ་དག་ལ་ཡང་བཅའ་འདྲི་རེ་བྱེད་ཐུབ་ལ་འབད་ན་འགྲུབ་ངེས་རེད་བསམ་གི་ཡོད།རང་དབང་གི་ཆེད་བཙོན་ཁང་ནང་ཡོད་པ་རྣམས་ཀྱི་ནང་མི་ཡོང་འབྱོར་ལྡན་དང་དཀའ་ངེལ་མེད་པ་ཡིན་ནམ།དེ་ཡང་མིན་པ་ཤེས་ཐུབ།འདི་དག་ཚང་མ་ལ་ཉེ་རིང་མེད་པ་ཞིག་ཡོང་ཆེད།དྲ་གྲོགས་རྣམས་དྲང་བདེན་རང་བྱེད་དགོས།

    Reply
  6. བྲ་རྡོར says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་དཔེ་དེབ་ཞིག་བརྩམས་པའི་རྐྱེན་བྱས་རྒྱ་ནག་གི་ཁྱབ་སྲིད་ཀྱི་ཉེས་མིང་འོག་བཙོན་དུ་བཅུག་ག་དེ།ངས་བསམ་ན་གོ་སྐབས་ཞིག་རེད་བསམ་སོང་།བོད་དོན་ལ་ཕན་ཐོག་ཡོང་སྲིད་པ་ཞིག་ལ་ངོས་འཛིན་བྱས་ན་དེ་ཡང་གོ་སྐབས་ཞིག་རེད།བོད་མའི་བདེན་དོན་ཁྱེད་སེམས་ཤུག་ཅན་མང་པོ་ཞིག་གི་བཙོན་ཁང་ནང་ད་ལྟ་ཡང་གསར་རྙིང་མང་པོ་ལྷག་ཡོད།གསར་འགོད་བྱེད་སྟིང་ལ་གང་འདྲ་ཡིན་ནམ།ངས་བསམ་ན་གཅིག་པ་རེད།རང་སྲོག་ཤོར་བ་ཡང་མང་པོ་ཡོད།

    Reply
  7. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    མི་ཡུལ་ས་མཐའ་སྐྱིད་པོ་མི་འདུག།།
    མི་ལོ་ལྔ་བཅུ་རིང་ཐག་ཆོད་འདུག།།
    ཁ་བའི་དབུ་ཁྲིད་དགུང་ལོ་བགྲིས་འདུག།།
    བོད་མི་ང་ཚོའི་ལས་དབང་ག་རེ་ཡིན་ན།།

    འགྲོ་བ་མི་ཡི་ཐོབ་ཐང་མི་འདུག།།
    བཙན་པོའི་དམར་དམག་ཕྱིར་འཐེན་མི་འདུག།།
    རང་དབང་རང་བཙན་ཤར་ཡ་མི་འདུག།།
    གངས་ཅན་ང་ཚོའི་ལས་དབང་ག་རེ་ཡིན་ན།།

    རྒྱ་དམར་དཔོན་ལ་ངོ་ཚ་མི་འདུག།།
    རྒྱུག་ཁྱི་རྣམས་ལ་ཀླད་རྒྱ་མི་འདུག།།
    བཙན་བྱོལ་འགའ་ལ་ལ་རྒྱ་མི་འདུག།།
    རྩམ་གཟན་ང་ཚོའི་ལས་དབང་ག་རེ་ཡིན་ན།།

    རེ་སྙེག་མང་པོ་རྒས་ནས་རྫོགས་འདུག།།
    ཚེ་སྲོག་ཤོར་བ་གྲངས་ཀ་མི་འདུག།།
    བཙོན་ཁང་མང་པོ་བོད་མིའི་ཁེངས་འདུག།།
    གདོང་དམར་ང་ཚོའི་ལས་དབང་ག་རེ་ཡིན་ན།།

    སེམས་པ་སྐྱོ་ཡང་བྱ་ཐབས་མི་འདུག།།
    སྐྱིད་སྡུག་བཤད་ཀྱང་ཉན་མཁན་མི་འདུག།།
    ཞུ་བ་ཕུལ་ཡང་ལྡོག་ཐབས་མི་འདུག།།
    ཁ་བ་ང་ཚོའི་ལས་དབང་ག་རེ་ཡིན་ན།།

    Reply
  8. བཙད་པོ། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་གི་ནང་མི་དང་ཕ་མ་ལ་ང་ཚོས་ཕྱིར་སྡོད་རིགས་རྣམས་ཀྱིས་རོགས་ཕན་གང་བྱེད་དགོས་ཁྱོད་ཚོས་འདེངས་ཞིག་རྒྱོབ།

    Reply
  9. དཀོན་མཆོག་སྐལ་བཟང་། says:
    ལོ་ 15 སྔོན།

    སེམས་པ་གཏིང་ནས་སྐུ་ཞབས་ཞོགས་དུང་བཙོན་དུ་ཚུད་པར་ང་ཚོ་ཚང་མས་མྱ་ངན་ཞུ་རྒྱུ་དང་། བོད་མི་མང་གི་གོད་ཆགས་ཆེན་པོ་ཞིག་རེད།

    Reply
  10. ལྡན་མ་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    ཤ་ཚ་་་་ རང་གི་རིགས་ལ་དུང་ཟབ་ཅིང་གནའ་དེང་ཤེས་རིག་གིས་འོད་སྣང་འབར་བའི་སྐུ་ཞབས་ཞོགས་དུང་ལ་ངས་སྙིང་ནས་གུས། གལ་སྟེ་ཁྱེད་མུན་དོང་དུ་བཅུག་ཟིན་ན་ཡང་ཁྱེད་ཀྱིས་ཤུལ་དུ་བཞགས་པའི་གནམ་ས་གོ་འབྱེད་ཀྱི་འོད་སྣང་དེ་དང་འགྲོག་ངེད་བཅག་གསར་བུ་རྣམས་མདུན་ནས་མདུུན་དུ་སྐྱོད་ཡོང་་་་་་་་་་་་རིགས་ཞེན་པ་ཁྱོད་སེམས་མ་ཞུམ་་་་་་་་་་་་་་་་

    Reply
  11. མུག་ཕྲུག། says:
    ལོ་ 15 སྔོན།

    ཚེ་རིང་རྒྱུ་མ། ཡང་མོའི་ཨ་ཕ་ནང་བཞིན་འཇོན་པོ་ཟིག་ཡོང་རྒྱུ་རེད།

    Reply
  12. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    ཞོགས་དུང་སོགས་བོད་ནང་གི་རྩོམ་པ་པོའམ་རྒྱལ་ཞེན་པ་མང་མང་ཞིག་འདི་ལྟར་བཙོན་ཁང་དུ་བཅུགས་པ་ཐོས་དུས་ངོ་མ་མགོ་ནང་གི་མིག་བཏོན་བཞག་པའི་ཚོར་སྣང་འདུག གང་ལྟར་འདི་དག་གི་ཆེད་དུ་ལས་འགུལ་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་མཐོང་།

    Reply
  13. མགོ་རུལ། says:
    ལོ་ 15 སྔོན།

    སུ་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་བཟོ་ལས་ལག་རྩལ་སློབ་གྲྭའི་ནང་རྒྱ་བོད་ སློབ་མའི་བར་ར་འགལ་ཟླ་བྱུང་ནས་ཉུང་མཐའ་བོད་རིགས་སློབ་གཅིག་འདས་གྲོངས་ཕྱིན་ ཡོད་པའི་གནས་ཚུལ་ཐོན་འདུག
    ཟླ་བ་འདིའི་ཚེས་༡༢ཉིན་སུ་ཁྲོན་ཙི་ཀོང་གྲོང་ཁྱེར་གྱི་ཡང་བའི་བཟོ་བཀོད་སློབ་ གྲྭའི་ནང་རྒྱ་བོད་སློབ་མའི་བར་འགལ་ཟླ་ཤོར་ནས་མི་གྲངས་སུམ་ཅུ་ལྷག་ལ་རྨས་ སྐྱོན་ཕོག་དང་། འགལ་ཟླ་བྱུང་རྐྱེན་ནི་སློབ་གྲྭའི་ཚོང་ཁང་ནང་རྒྱ་རིགས་སློབ་མ་ཞིག་གིས་སེམས་ ཆུང་མ་བྱས་པར་བོད་རིགས་སློབ་མ་ཞིག་དང་གདོང་ཐུག་རྒྱབ་ནས་ཁ་རྩོད་ཤོར་བ་རྗེས་ སུ།ཉིན་དེའི་དགོང་མོར་དུས་ཚོད་དགུ་བ་ནས་རྒྱ་བོད་སློབ་མའི་བར་གྱི་དྲག་པོའི་ འགལ་ཟླ་གྱུར་ཏེ་ཕན་ཚུན་བར་སོ་ཕོག་སོགས་ཀྱིས་རྒྱག་རེས་བྱས་ནས་ཞོགས་པའི་དུས་ ཚོད་གཉིས་བའི་བར་ལྷག་པ་དང་། དེ་ནས་ཉེན་རྟོག་པ་བརྒྱ་གྲངས་ལྷག་ཡོང་ནས་བཀག་འགོག་དང་གནས་ཚུལ་དེ་ཕྱི་ལ་ བསྒྲགས་མི་ཆོག་པ་བཟོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ ཚན་གྱིས་གནས་ཚུལ་སྤེལ་ཡོད་། དེ་བཞིན་ཟླ་བ་འདིའི་ཚེས་༢༥ཉིན་ཙི་ཀོང་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་ གྲྭ་གཞན་ཞིག་ཏུ་ཡང་རྒྱ་བོད་སློབ་མའི་བར་འགལ་ཟླ་བྱུང་ནས་འཁོན་འཛིང་བྱས་ཏེ་ ཉུང་མཐའ་བོད་རིགས་སློབ་མ་གཉིས་འདས་གྲོངས་དང་གསུམ་ལ་རྨས་སྐྱོན་བྱུང་བའི་གནས་ ཚུལ་ཐོན་ཡོད་པ་མ་ཟད་། ཙི་ ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་བོད་སློབ་མའི་འཁོན་འཛིང་ཁྲོད་བོད་ རིགས་སློབ་མ་བཞི་ཤི་རྨས་བྱུང་བ་བདེན་དཔང་བྱས་འདུག ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་བརྗོད་ན།བོད་རིགས་སློབ་མ་དེ་དག་ན་ནིང་ ལོར་སུ་ཁྲོན་དཀར་མཛེས་ཁུལ་ནས་ཡོང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་སློབ་གྲྭ་འདིར་གློག་རྡུལ་འཕྲུལ་ཆས་དང་གྲངས་རྩིས་། བཟོ་ལས་ལག་རྩལ།ཁོར་ཡུག་སོགས་ཀྱི་ཆེད་ལས་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་། སློབ་གྲྭ་དེའི་སློབ་མ་ཞིག་གིས་བརྗོད་ན་རྒྱ་རིགས་སློབ་མ་ཚོས་སློབ་གྲྭའི་ ཕྱོགས་ནས་བོད་རིགས་སློབ་མ་ཚོར་ཉིན་རེར་རྒྱ་སྒོར་བཅུའི་ཁ་གསབ་སྤྲོད་པ་དེ་ འདྲ་མཉམ་མིན་པར་བསམ་ནས་མི་རིགས་བར་གྱི་འགལ་ཟླ་བྱུང་བ་དང་། ད་ཐེངས་བོད་རིགས་སློབ་མ་གཅིག་བསད་པ་དེས་འཁོན་སེམས་དེ་བས་ཇེ་ཆེར་གྱུར་ཡོད་ ཟེར་། གནས་ཚུལ་གཞན་ཞིག་ཏུ་སློབ་གྲྭ་དེར་སློབ་མ་ཆིག་སྟོང་ལྷག་ཡོད་པའི་ཁྲོད་སློབ་མ་ བརྒྱ་ལྷག་ན་ནིང་ལོར་དཀར་མཛེས་ཁུལ་ནས་ཡོང་བ་དང་།ནམ་རྒྱུན་ཏུ་རྒྱ་བོད་སློབ་ མའི་བར་འགལ་ཟླ་ཆུང་ངུ་རེ་ཡོང་གི་ཡོད་པ་དང་།བོད་རིགས་སློབ་མ་ཚོ་ཁོང་ཁྲོ་ལངས་ སླ་བ་ཡོད་ཚུལ་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
    ལྕགས་མོ་འཚོའི་དྲ་བ་ལས་དྲངས།

    Reply
  14. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    དངོས་གནས་སྐུ་ཞབས་ཞོགས་དུང་གི་མིང་གོ་བ་དང་བདག་གི་སེམས་སུ་རང་དབང་མེད་པར་དུང་བ་ཟབ་མོ་ཞིག་སྐྱེ་གི་འདུག།དེ་ནི་ཁོང་གི་མི་རིགས་བཅིངས་པའི་དུང་བ་དང་མཛའ་བརྩེ་ཟབ་མོ་ཞིག་ལ་ངས་ངོས་འཛིན་ཞུ་བཞིན་ཡོད།

    Reply
  15. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    གནས་ཚུལ་སྤེལ་བ་བཟང་མོད་ཀྱང་། ཡིག་སྐྱོན་མང་བ་མི་བཟང་གི། དེས་ན་བྲེལ་འཚུབ་མི་བྱེད་པར། དོན་གནད་འདི་ལའང་གཟབ་པར་འཚལ།

    Reply
  16. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ལགས། མ་འོངས་བའི་ཉི་མ་གཅིག་ལ་ཉིད་ཀྱི་ལྟ་གྲུབ་དེ་ནི་བོད་མི་རིགས་ཀྱིས་དཔྲལ་བའི་སྟེང་གི་མིག་ནང་བཞིན་བརྩི་བའི་དུས་ལ་སླེབས་པར་སྨོན།

    Reply
  17. jig,wang says:
    ལོ་ 15 སྔོན།

    རང་ཡུལ་མྱི་ལ་ཤོར་ཐལ།
    རང་རིགས་གཙོན་ལ་གཅུག་ཐལ།
    རང་དབང་ལུང་པའི་མྱི་རྣམས།
    རང་དོན་ཁོ་ན་འཚོལ་གི །

    Reply
  18. jig,wang says:
    ལོ་ 15 སྔོན།

    ཨོ་མ་བཟང་ཐལ།

    Reply
  19. ཤེས་རབ says:
    ལོ་ 15 སྔོན།

    མཁས་དབང་ཞོགས་དུང་ཁྱེད་སྐུ་ཚེ་ཡུན་རིང་བསྟན་ཅིང་ཁྱེད་ཀྱི་ལྟ་གྲུབ་ཀྱང་གངས་ཅན་ལྗོངས་སུ་ཡུན་རིང་དུ་གནས་པར་ཤོག།

    Reply
  20. གྲགས་པ། says:
    ལོ་ 15 སྔོན།

    གང་ཡིན་ཀྱང་རྒྱབ་སྐྱོར་བྱེད་དགོས།

    Reply
  21. གངས says:
    ལོ་ 15 སྔོན།

    གྲོགས་པོ་ཚོ། ངོ་མ་སེམས་པ་སྐྱོ་བྱུང་།
    ང་ཚོའི་འཚོ་རྟེན་གཙོ་བོ་དེ་དཔེ་དེབ་ཚོང་ཁང་ལ་བརྟེན་ཡོད། དཔེ་དེབ་ཚོང་ཁང་སྒོ་བརྒྱབ་ཏུ་བཅུག་ན་ང་ཚོར་དཀའ་ངལ་ཆེན་པོ་ཞིག་ཡོད། གང་ལ་ཞེ་ན་ཨ་ཕའི་ཕ་མ་གཉིས་ཀ་བགྲེས་སོང་ཡིན། མེས་མོ་ལོ་ ༧༨ དང་ཨ་མྱེས་ ༨༠ ཐམ་པར་སོན་ཡོད། ངའི་སྲིང་མོ་སློབ་གྲྭ་འགྲིམས་ནས་སློབ་ཆེན་སློབ་གཉེར་པ་ཡིན། ཨ་མའི་ནུ་བོ་འདས་པོ་དེར་དྭ་ཕྲུག་ཅིག་ཡོད་པ་དེ་ལའང་ངའི་ཕ་མ་གཉིས་ཀྱིས་སློབ་ཡོན་སྤྲད་ནས་སློབ་འབྲིང་ཐོན་པ་དང༌། ད་ལྟ་ཨ་ཕ་འཛིན་བཟུང་བྱས་པ་དང་ཨ་མའི་དཔེ་དེབ་ཚོང་ཁང་སྒོ་བརྒྱབ་ཏུ་བཅུག་ཡོད་པས། ངེད་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་ཞིག་འདུག འདི་ལྟར་བསྡད་ཚེ་ང་ཚོས་ཅི་ཞིག་བྱ་དགོས་མིན་ཡང་བཤད་དཀའ།།

    Reply
  22. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ༼ཞོགས་དུང་གི་བུ་མོར་ཁོང་གི་ཨ་མ་འཇུས་པའི་སྐོར་གྱི་བཅར་འདྲི་བྱས་༽ཞེས་པ་ཨ་མ་ཨ་ཕ་ལ་ནོར་མེད་འགྲོ།

    Reply
  23. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ༼ཞོགས་དུང་གི་བུ་མོར་ཁོང་གི་ཨ་མ་འཇུས་པའི་སྐོར་གྱི་བཅར་འདྲི་བྱས་༽ཞེས་པ་ཨ་མ་ཨ་ཕ་ལ་ནོར་མེད་འགྲོ།

    Reply
  24. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    So sad!!!

    “… དེ་ཚོ་ཚང་མར་ངའི་ཕ་མ་གཉིས་ཀྱིས་བལྟ་རྟོག་བྱེད་ཀྱི་ཡོད་རུང༌། ད་ལྟ་ཨ་ཕ་འཛིན་བཟུང་བྱས་པ་དང་ཨ་མའི་དཔེ་དེབ་ཚོང་ཁང་སྒོ་བརྒྱབ་ཏུ་བཅུག་ཡོད་པས། ངེད་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་ཞིག་འདུག འདི་ལྟར་བསྡད་ཚེ་ང་ཚོས་ཅི་ཞིག་བྱ་དགོས་མིན་ཡང་བཤད་དཀའ།།”

    Reply
  25. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ཨའོ། ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད། གནས་ཚུལ་འདི་འདྲ་པོ་ང་ལ་ཡང་བྱུང་མྱོང་ཡོད། ཧ་ཅང་གི་ཐབས་སྐྱོ་པོ་དང་ཛ་དྲག་པོ་རེད། ང་ཚོ་ཚང་མས་གདུང་སེམས་མཉམ་བསྐྱེད་ལོས་བྱེད།
    ལྷག་པར་དུ་ཞི་བདེ་དང་དྲང་བདེན་ལ་དགའ་བའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་རྐྱེན་ངན་ལས་མྱུར་དུ་གྲོལ་བའི་སྐྱབས་འཇུག་གནང་རོགས།

    Reply
  26. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ངོ་མ་སེམས་ལ་ན་ཟུག་བཏང་དགོས་པ་ཞིག་འདུག དུས་བབ་ཁང་གིས་ཞུ་དག་ཅུང་ཟད་བཏང་ན་དེ་ལས་ཀྱང་སྤུས་དག་དུ་འགྲོ་རྒྱུ་རེད།

    Reply
  27. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ༼ཞོགས་དུང་གི་ཚང་གི་༽ཡིན་རྒྱུ་མ་རེད། ཞོགས་དུང་ཚང་གི་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese