མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་གློད་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་བོད་རིགས་རྕོམ་པ་པོ་ཞོགས་དུང་ལགས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གང་མགྱོགས་གློད་གྲོལ་གཏོང་དགོས་པའི་གསལ་བསྒྲགས་སྤེལ་ཡོད་འདུག

རྒྱ་གཞུང་གིས་ཞོགས་དུང་འཇུས་ནས་བདུན་ཕྲག་འགའ་ལས་འགོར་མེད་པའི་སྐབས་འདིར། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ IFJ ཀྱིས་ཚེས་ ༢ ཉིན་ཁོང་གི་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན། རྒྱུ་མཚན་འགྲེལ་བརྗོད་མེད་པར་ཞོགས་དུང་འཛིན་བཟུང་བྱས་པ་དེར་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་ཐུགས་ཁུར་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་རྩོམ་པ་པོ་ཞོགས་དུང་ལགས་གང་མགྱོགས་གློད་གྲོལ་ཡོང་བར་རྒྱ་གཞུང་ལ་འབོད་སྐུལ་ཞིག་ཞུས་ཡོད་འདུག ཁོང་འཛིན་བཟུང་བྱས་ནས་བདུན་ཕྲག་གཉིས་འགྲོ་བཞིན་ཡོད་ནའང་། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་ཁོང་འཛིན་བཟུང་བྱས་དོན་ཁོང་གིས་བྲིས་བའི་གནམ་ས་གོ་འབྱེད་དང་ཡུལ་ཤུལ་ས་ཡོམ་སྐོར་གྱི་ཡོངས་ཁྱབ་ཞུ་ཡིག་གང་ཡིན་ཤེས་རྟོགས་ཐུབ་མེད།   རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༥ ནང་གང་ཟག་སྒེར་ལ་རང་ཉིད་སྲུང་སྐྱོབ་ཆེད་སྨྲ་བརྗོད་རང་དབང་དང་། ཆོས་ལུགས་དང་མི་རིགས་དབྱེ་བ་མེད་པར་ཐོབ་ཐང་འདྲ་མཉམ་ཡོད་པ། སོ་སོའི་བསམ་ཚུལ་བརྗོད་ཆོག་པའི་ཐོབ་ཐང་ཡོད་ཅེས་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་དྲུང་ཆེ་ཨ་ཌན་ཝེ་ཊེ་ Aidan White མཆོག་གིས་གསལ་བསྒྲགས་དེའི་ནང་བརྗོད་ཡོད་འདུག

ད་ལྟ་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་ ༡༠༠ ཙམ་དུ་གསར་འགོད་མཐུན་ཚོགས་ཀྱི་འཐུས་མི་གྲངས་ ༦༠༠༠༠༠ ལྷག་ཡོད་ལ། མཐུན་ཚོགས་དེ་ནི་འཛམ་གླིང་ཐོག་གི་གསར་འགོད་མཐུན་ཚོགས་ཆེ་ཤོས་དེ་ཆགས་ཡོད། མཐུན་ཚོགས་དེའི་དམིགས་ཡུལ་ནི་གསར་འགོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་དང་ཤུགས་སྣོན། ཆིག་སྒྲིལ་དང་སྤྱི་ཚོགས་དྲང་བདེན། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཉམ་ཐག་དང་ལྐོག་ཟ་སོགས་ཀྱི་ཐད་ལ་ཕྱག་ལས་གནང་རྒྱུ་དེ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 13

  1. ཟླ་བ says:
    ལོ་ 16 སྔོན།

    ཞོགས་དུང་ལགས་ཁྱེད་མུན་་ནག་གི་བརྩོན་དུ་ཚུད་པའི་ཉི་མོ་ནས་གཟུང་ཏེ་ང་ཡི་སེམས་ཁོང་སྟོང་པ་རུ་གྱུར།ཁྱེད་དང་ཁྱེད་ནང་བཞིན་བོད་མི་རིགས་དོན་ལ་དཀའ་སྡུག་མྱོང་བཞིན་པའི་དཔལ་འོ་དང་དཔལ་མོ་རྣམས་མྱུར་དུ་གློད་དགོས་ལ་དེའི་་དོན་ལ་རྒྱལ་སྤྱིའ་ིགསར་འགོད་མཐུན་ཚོགས་ཀྱིས་ཐུགས་འཁུར་གནང་བ་བཀའ་དྲིན་ཆེ་ཞུ་རྒྱུ་ལགས།

    Reply
  2. ཟླ་བ says:
    ལོ་ 16 སྔོན།

    རྒྱ་ཆེན་དཔའ་བོ་ཞོགས་དུང་ལགས་ཁྱེད་དང་མཐུན་པའི་གཞོན་སྐྱེས་རྣམས་དང་སྙིང་སྟོབས་གཅིག་མཚུངས་ཡིན་པ་སྨོས་ག་ལ་དགོས།སྤྱི་ཚོགས་ཡོང་ལ་རྒྱལ་སྐྱོལ་ཡོད་མཁན་དང་་རྣམ་དཔྱོད་ལྡན་པ་གཅིག་མཚུངས་རེད་ང་ཡང་ཁྱེད་དང་མཉམ་དུ་ཡོད་

    Reply
  3. ཟླ་བ says:
    ལོ་ 16 སྔོན།

    རྒྱ་ཆེན་དཔའ་བོ་ཞོགས་དུང་ལགས་ཁྱེད་དང་མཐུན་པའི་གཞོན་སྐྱེས་རྣམས་དང་སྙིང་སྟོབས་གཅིག་མཚུངས་ཡིན་པ་སྨོས་ག་ལ་དགོས།སྤྱི་ཚོགས་ཡོང་ལ་རྒྱལ་སྐྱོལ་ཡོད་མཁན་དང་་རྣམ་དཔྱོད་ལྡན་པ་གཅིག་མཚུངས་རེད་ང་ཡང་ཁྱེད་དང་མཉམ་དུ་ཡོད་

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ལ་ཐུབས་རྗེ་ཆེ་ཞུ།

    Reply
  5. རོ་བདག says:
    ལོ་ 16 སྔོན།

    ད་ངོ་མ་སྐྱབས་ཤིག་ཡོད་ན་ཐོན་རེན་རེད་མགོན་ཞིག་ཡོད་ན་ཕེབས་རེན་རེད།

    Reply
  6. karma dorje says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ནས་དེ་ལྟ་བུའི་དགོང་བཞེས་ཐུགས་འཁུར་གནང་བ་བཀའ་དྲིན་ཆེ་ཞུ་རྒྱུ་ལགས། དེ་དེ་བཞིན་དུ་ཡོང་བའི་རྒྱབ་སྐྱོར་དང་སྨོན་འདུན་ཞུ།

    Reply
  7. བྲ་རྡོར says:
    ལོ་ 16 སྔོན།

    སྐུ་ཞབས་ཞོགས་དུང་དཔེ་དེབ་ཞིག་བརྩམས་པའི་རྐྱེན་བྱས་རྒྱ་ནག་གི་ཆབ་སྲིད་ཀྱི་ཉེས་མིང་འོག་བཙོན་དུ་བཅུག་ག་དེ།ངས་བསམ་ན་གོ་སྐབས་ཞིག་རེད་བསམ་སོང་།བོད་དོན་ལ་ཕན་ཐོག་ཡོང་སྲིད་པ་ཞིག་ལ་ངོས་འཛིན་བྱས་ན་དེ་ཡང་གོ་སྐབས་ཞིག་རེད།བོད་མའི་བདེན་དོན་ཁྱེད་སེམས་ཤུག་ཅན་མང་པོ་ཞིག་གི་བཙོན་ཁང་ནང་ད་ལྟ་ཡང་གསར་རྙིང་མང་པོ་ལྷག་ཡོད།གསར་འགོད་བྱེད་སྟིང་ལ་གང་འདྲ་ཡིན་ནམ།ངས་བསམ་ན་གཅིག་པ་རེད།རང་སྲོག་ཤོར་བ་ཡང་མང་པོ་ཡོད།བསམ་ཤེས་རེ་བྱེད་ན་ཉམས་ཏུ་བྱེད་རོགས།རོགས་པ་རེ་བྱེད་ན་ཉམས་ཏུ་བྱེད་རོགས།

    Reply
  8. བྲ་རྡོར says:
    ལོ་ 16 སྔོན།

    བོད་རང་དབང་ཁྱེད་རང་སྲོག་ཤོར་བ་དག་ལ་ཡང་ནང་མི་དང་སྦུན་མཆེད་ཡོད།དེ་ཙམ་གྱི་དོན་ལ་དེ་འདྲ་རེད།ནང་མི་དེ་དག་ལ་ཡང་བཅའ་འདྲི་རེ་བྱེད་ཐུབ་ལ་འབད་ན་འགྲུབ་ངེས་རེད་བསམ་གི་ཡོད།རང་དབང་གི་ཆེད་བཙོན་ཁང་ནང་ཡོད་པ་རྣམས་ཀྱི་ནང་མི་ཡོང་འབྱོར་ལྡན་དང་དཀའ་ངེལ་མེད་པ་ཡིན་ནམ།དེ་ཡང་མིན་པ་ཤེས་ཐུབ།འདི་དག་ཚང་མ་ལ་ཉེ་རིང་མེད་པ་ཞིག་ཡོང་ཆེད།དྲ་གྲོགས་རྣམས་དྲང་བདེན་རང་བྱེད་དགོས།

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ནས་དེ་ལྟ་བུའི་དགོང་བཞེས་གནང་བ་བཀའ་དྲིན་ཆེ༎
    ད་ལྟ་སྐུ་ཞབས་ཞོགས་དུང་ཙམ་མ་ཟད་བོད་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་མང་པོ་ཡོད་དེ་དག་ཀྱང་འགྲོ་བ་མི་རང་ཡིན། དེ་དག་ལ་ཡང་འགྲོ་བ་མིའི་ཐོབ་ཐང་དགོས་ཡིན་པས་རོགས་བསྐྱོར་སྐྱབས་འཇུག་གནང་རོགས།

    Reply
  10. སྦྲ་ནག་གྲུ་བཞི says:
    ལོ་ 16 སྔོན།

    བཀའ་དྲན་ཆེས

    Reply
  11. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་སྒང་་གི་རྩོམ་པ་པོ་མཐུན་ཚོགས་འདྲ་མིན་གྱིས་འདི་ལ་རྒྱབ་སྐྱོར་ཡོང་བར་ང་ཚོའི་ངོས་ནས་ལས་འགུལ་འདྲ་མིན་སྤེལ་དགོས་བ་ར་འདུག

    Reply
  12. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ཨོ་ཐུགས་རྗེ་ཆེ། གནས་ཚུལ་འདི་ཚོའི་རིགས་གོ་མ་ཐག་སེམས་པ་ཇེ་ལྷོད་ཙམ་རེད། སྤྱིར་བཏང་ཉེས་མེད་རྩོམ་པ་པོ་འཇུ་བཟུང་བྱས་པ་ནི། ཧ་ལམ་ཟུར་བལྟས་ལེབ་མཐོང་ཡིན། ལས་འགུལ་འདི་དང་འདི་ལྟབུ་ནི་དུས་ཐོག་ཆར་པ་ངོ་མ་རེད།

    Reply
  13. གནམ་ལྕགས། says:
    ལོ་ 16 སྔོན།

    ཨོ་ཡ་དྲིན་ཆེན་ཚང་། དེ་ད་མཁོ་ཐོག་ལ་བརྒྱབ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese