མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་ལ་བསྒྱུར་འདོད་ཀྱི་འདུན་པ་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

འབྱུང་བའི་འཇིགས་པ་དང་རླབས་ཆེན་གྱི་བསྐོ་བཞག་དེ་འདྲ་བྱུང་བའི་སྐབས་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས། བཙན་བྱོལ་བོད་མི་སུའི་ཐད་ནས་ཀྱང་དེའི་ཐོག་ཆབ་སྲིད་ཀྱི་ཁེ་ཕན་ལེན་པ་དང་ཆབ་སྲིད་ལ་བསྒྱུར་འདོད་ཀྱི་འདུན་པ་ཏིལ་འབྲུ་ཙམ་ཡང་མེད་ཅེས་བཀའ་ཁྲི་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་དཔལ་རྒྱལ་བ་ཀརྨ་པ་མཆོག་དབུ་བཞུགས་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཆེད་བདུན་ཚིགས་བཞི་པའི་སྨོན་ལམ་གསུངས་ཡོད་ལ། དགོང་དྲོའི་མར་མེ་ཁྲོམ་སྐོར་གནང་བའི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་ངྷ་སར་གནས་སྡོད་བཙན་བྱོལ་བོད་མི་ཚོས་ཐེངས་འདིའི་སྐྱེ་རྒུ་མདོའི་ས་ཡོམ་གྱི་གནོད་ཐེབས་མང་ཚོགས་ལ་ཕུལ་བའི་ཞལ་འདེབས་ཧིན་སྒོར་ས་ཡ་གཉིས་དང་འབུམ་ལྔ་ཞིག་ཡུལ་ཤུལ་གྱི་ ༤༌༡༤ ས་ཡོམ་གདུང་སེལ་ཚོགས་ཆུང་ལ་ཕུལ་ཡོད། སྐབས་དེར། ༤༌༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གི་མགྲིན་ཚབ་པ་ཉི་མ་ཚེ་རིང་ལགས་ཀྱིས། ཚོགས་པ་གསར་འཛུགས་གནང་བའི་དམིགས་ཡུལ་དང་འབྲེལ་བཙན་བྱོལ་བོད་གཞུང་དམངས་ཡོངས་ཀྱིས་ཁ་ཞེ་གཉིས་མེད་དང་སྡུག་ཁུར་མཉམ་ལེན་གྱིས་བསྔོ་བ་སྨོན་དང་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུ་བྱུང་བར་མ་ཟད། བཙན་བྱོལ་བོད་མི་ཚོས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཐད་ཞལ་འདེབས་སུ་ཕུལ་བའི་དངུལ་དེ་ཚོགས་པ་འདིས་ས་གནས་ས་ཐོག་ཏུ་འབུལ་རྒྱུ་དང་། མ་འོངས་པར་ཕུལ་ཟིན་པའི་དངུལ་དེ་ཕྱི་གསལ་ནང་གསལ་གྱིས་བཙན་བྱོལ་བོད་མི་ཚོར་གསལ་བསྒྲགས་གནང་འཆར་ཡོད་ཅེས་བརྗོད་བྱུང་།

དེ་བཞིན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན། ཐེངས་འདིར་དེ་སྔ་ང་ཚོའི་དྲན་ཡུལ་དུ་བྱུང་མེད་པའི་གོད་ཆག་ཚབས་ཆེན་ཞིག་བྱུང་སྟེ། ཕྱི་ཟླ་ ༤ པའི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་གྱི་ཐོག་མི་ ༢༡༨༧ འདས་གྲོངས་སུ་ཕྱིན་པ་དང་། མི་ ༨༠ གར་སོང་ཆ་མེད་དུ་གྱུར་བ།  རྨས་སྐྱོན་ཕོག་པ་ ༡༢༡༢༥ ཡོད་པའི་ཁྲོད་ཚབས་ཆེའི་རྨས་སྐྱོན་ཕོག་པ་ ༡༤༣༡  གསལ་བསྒྲགས་བསྐྱངས་ཡོད་པ་རེད། དེ་ལྟ་ནའང་། གཞུང་འབྲེལ་གྱི་གསལ་བསྒྲགས་ནང་མ་ཚུད་པའི་རིགས་ལུང་པ་གང་དུའང་ཡོང་གི་ཡོད་པ་ལྟར། གསལ་བསྒྲགས་ནང་མ་ཚུད་པར་དངོས་སུ་འདས་གྲོངས་སུ་གྱུར་རིགས་དེ་ལས་མང་པོ་ཡོད་པར་སེམས། ཡིན་ནའང་། དེ་འདྲའི་གོད་ཆག་བྱུང་བའི་སྐབས་སུ་འཁྲིས་ལ་ཡོད་མཁན་ཚོས་རོགས་སྐྱོར་དང་ཐག་རིང་དུ་ཡོད་མཁན་ཚོས་བསྔོ་བ་སྨོན་ལམ་གནང་སྟེ། བོད་མི་རིགས་ཀྱི་ཆིག་སྒྲིལ་གྱི་ནུས་པ་མཚོན་ཡོད་ལ། གོད་ཆག་འདི་ནི་ས་གནས་གཅིག་དང་མི་ཐོག་གཅིག་གི་གོད་ཆག་ཙམ་མིན་པར་བོད་མི་རིགས་ཡོངས་ཀྱི་གོད་ཆག་ཅིག་གི་ངོ་བོར་ངོས་འཛིན་བྱེད་དགོས་པ་ཞིག་རེད། ཅེས་གསུང་བྱུང་།

ཁོང་གིས་མུ་མཐུད་གསུངས་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཅཱ་ཆེན་ལིན་གྱིས་བཙན་བྱོལ་བོད་མིིའི་སྤྱི་ཚོགས་ནས་དངུལ་གྱི་ཞལ་འདེབས་གནང་མཁན་དང་གཉེན་འཕྲད་དུ་ཡོང་མཁན་ཡོད་ཚེ། ས་གནས་སོ་སོའི་གཞུང་ཚབ་ཀྱི་ངོས་ལེན་དགོས་པའི་སྐོར་གྱི་གནས་ཚུལ་གསལ་སྟོན་གནང་བ་དེ། སྔོན་མ་སི་ཁྲོམ་ས་ཡོམ་སྐབས་སུ་མ་བྱུང་བའི་གནས་ཚུལ་གསར་བ་ཞིག་ཡིན་སྟབས། དེས་བཙན་བྱོལ་སྤྱི་ཚོགས་ལ་བློ་སྟོབས་ཤིག་དང་ལམ་ཁ་ཞིག་བསྟན་ཡོད་པ་རེད། ལམ་ཁ་བསྟན་པ་བཞིན་ང་ཚོའི་རེ་བ་འགྲུབ་པའི་ཡིད་ཆེས་བྱེད་ཀྱིན་ཡོད་ལ། ཁོང་གིས་གསུངས་པ་དེར་ངོས་ལེན་དང་བསྔགས་བརྗོད་བྱེད་ཀྱིན་ཡོད། ཉེ་ཆར་༧གོང་ས་མཆོག་ཡང་མང་ཚོགས་ལ་སེམས་གསོའི་ཆེད་ས་གནས་ས་ཐོག་ཏུ་ཕེབས་པའི་ཐུགས་སྨོན་ཡོད་པའི་བཀའ་གནང་བ་ལྟར། ཁ་ཞེ་གཉིས་མེད་ཀྱི་ཐོག་དེ་ལྟར་བྱུང་བ་ཡིན་ན། མང་ཚོགས་ལ་ཕན་ཐོགས་ཡོང་བའི་རླབས་ཆེན་གྱི་གོ་སྐབས་ཡོད་བསྡད་པ་ཞིག་རེད་ལ། ༧གོང་ས་མཆོག་གི་ཐུགས་རེ་ལ་ནམ་ཡང་འགྱུར་བ་མེད་ཅེས་ཞུ་འདོད་བྱུང་། ༧གོང་ས་མཆོག་གིས་འདི་ལྟར་དགོངས་པ་བཞེས་དོན་གང་ཡིན་ཞེ་ན། ས་གནས་མང་ཚོགས་ཀྱི་མངོན་འདོད་དང་གདོང་ལེན་གྱི་བསམ་བློའི་ནང་གི་རེ་འབོད་ཆེ་ཤོས་དེ་༧སྐྱབས་མགོན་རིན་པོ་ཆེར་མཇལ་བའི་རེ་འདོད་ཡིན་པ་གསལ་བོ་རེད། དེ་རླབས་ཆེན་གྱི་དགོངས་པ་རེད། འབྱུང་བའི་འཇིགས་པ་དང་རླབས་ཆེན་གྱི་བསྐོ་བཞག་དེ་འདྲ་བྱུང་བའི་སྐབས་༧གོང་ས་མཆོག་དང་ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་སྒྲིག་འཛུགས། བཙན་བྱོལ་བོད་མི་སུའི་ཐད་ནས་ཀྱང་དེའི་ཐོག་ཆབ་སྲིད་ཀྱི་ཁེ་ཕན་ལེན་པ་དང་། ཆབ་སྲིད་དུ་བསྒྱུར་བའི་འདོད་པ་ཏིལ་འབྲུ་ཙམ་ཡང་མེད་ལ་། དངོས་ཤུགས་བརྒྱུད་གསུམ་ནས་ང་ཚོའི་ཆབ་སྲིད་དང་འབྲེལ་མེད་སྟབས། བཟང་སྤྱོད་དང་མཐུན་པའི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་བསྐོ་བཞག་འདི་འདྲའི་རིགས་ཆབ་སྲིད་ཀྱི་ཁེ་ཕན་གནང་གི་ཡོད་པ་མ་རེད་ལ། མ་འོངས་པར་ཡང་མ་གནང་ན་ཡག་པོ་རེད་ཅེས་གསུངས་བྱུང་།

ཐེངས་འདིའི་མར་མེ་ཁྲོམ་སྐོར་དང་སྟབས་བསྟུན་བཀའ་ཁྲི་མཆོག་གིས་ངྷ་སའི་མི་མང་གིས་སྐྱེ་རྒུ་མདོའི་མི་མང་ལ་ཕུལ་བའི་ཞལ་འདེབས་ཧིན་སྒོར་ས་ཡ་གཉིས་དང་འབུམ་ལྔ་དེ་ ༤༌༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་ཕུལ་སོང་ལ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཧིན་སྒོར་ ༣༥༠༠༠ ལྷག་གི་ཞལ་འདེབས་ཕུལ་བྱུང་བར་མ་ཟད། བོད་གཞུང་ཟློས་གར་ཚོགས་པས་ཆེད་དུ་ཐེངས་འདིའི་སྐྱེ་རྒུ་མདོའི་ས་ཡོམ་ཐད་བཟོས་པའི་གློག་བརྙན་བསྔོ་སྨོན་དང་སྐྱིད་སྡུག་མཉམ་མྱོང་ཞེས་པ་ཡང་གཟིགས་འབུལ་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 2

  1. སྨྲ་བརྗོད་རང་དབང། says:
    ལོ་ 16 སྔོན།

     ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན།   ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
      
     ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས།   བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས། 

    ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་  སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།

    དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
       
                                     
                                  

    Reply
  2. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    རང་གཞུང་༧དགའ་ལྡན་ཕོ་བྲང་ལ་ལྷག་བསམ་རྣམ་པར་དག་པའི་༧དཔལ་ལྡན་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་འདུག་པར་བཀའ་དྲིན་བླ་མེད་དུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese