མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ཚོ་ཚང་མས་མགོ་བོ་ས་ལ་གཏུགས་ཏེ་མྱ་ངན་ཞུ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ལྕགས་མོ་མཚོ་ཞུ་བ་ཞིག་གིས་འདི་འདྲ་ཞིག་བྲིས་འདུག “ཞོགས་པ་དེར། ཚོགས་ན་ཞལ་འདོན་སྐྱོར་བཞིན་པའི་གྲྭ་བ་དེ་ཚོ། ཞོགས་པ་དེར། སློབ་ཁང་དུ་ཀ་ཁ་གྱེར་བཞིན་པའི་སློབ་ཕྲུག་དེ་ཚོ། ཞོགས་པ་དེར། བསྐོར་ལམ་ན་མ་ཎི་སྐོར་བཞིན་པའི་རྒན་རྒོན་དེ་ཚོ། འདི་ལྟར་ས་ཆེན་འགུལ་བསྐྱོད་གཅིག་གིས་ཁྱུར་མིད་བྱས”  ཞེས་བྲིས་འདུག ངོ་མ་སེམས་སྐྱོ་ནི་ཞིག་རེད་ཟེར།

ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གིས་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཐད་བདུན་ཚིགས་བཞི་བའི་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་པོ་ཞིག་གནང་ཡོད་པ་དང་། སྐབས་དེར་དགེ་འདུན་པ་ཨ་རིག་དགེ་མཐོང་དང་འཇམ་དབྱངས་གཉིས་ཀྱིས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཐད། བོད་ཕྱི་ནང་གཉིས་ཀྱི་དྲ་ཚིགས་ཁག་ལས་བསྡུ་སྒྲིག་བྱས་ཏེ། བོད་གཞིས་བྱེས་གཉིས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་རྩོམ་པ་པོ་དག་གིས་བྲིས་པའི་གདུང་སེམས་མཉམ་སྐྱེད་དང་། སེམས་གསོ་མཚོན་པའི་སྙན་རྩོམ་ཁག་ཅིག་ཕྱོགས་སྒྲིག་བྱས་ཏེ། ༼ མགོ་བོ་བཏུད་དེ་མྱ་ངན་ཞུ ༽ ཞེས་པའི་དཔེ་དེབ་ཅིག་འདོན་སྤེལ་བྱས་ཡོད་འདུག ཨ་རིག་དགེ་མཐོང་ལགས་ཀྱིས་བརྗོད་ན། སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་ཐད་དངུལ་དངོས་ཀྱི་རོགས་སྐྱོར་བོད་ནང་གི་རྒྱ་ཆེའི་མང་ཚོགས་གཙོས་པའི་འཛམ་གླིང་གང་ས་ནས་འབྱོར་གྱིན་འདུག སྨྱུག་ཐོགས་པ་ཚོའི་ངོས་ནས་སེམས་ཀྱི་རོགས་སྐྱོར་མཚོན་ཆེད་སྙན་རྩོམ་ཕྱོགས་སྒྲིག་གི་དཔེ་དེབ་འདི་བཏོན་པ་ཡིན་ཟེར།

 

དཔེ་དེབ་འདིའི་སྔོན་གླེང་ནང་ཨ་རིག་དགེ་མཐོང་ལགས་ཀྱིས་བཀོད་དོན། རང་ནུས་ཀྱིས་ལྕོགས་ཚོད་དང་བསྟུན་ནས་༼ མགོ་བོ་བཏུད་དེ་མྱ་ངན་ཞུ ༽ ཞེས་པའི་རྗེས་དྲན་གྱི་དེབ་ཅིག་འདོན་སྤེལ་བྱ་རྒྱུ་བྱས་པ་ཡིན། རི་ཆུ་སྟོང་ཕྲག་གིས་བར་ཐག་ཆོད་པའི་ཕྲན་ལ་མཚོན་ན། སེམས་སྡུག་ནས་མིག་ཆུ་བཞུར་རྒྱུ་དང་ཡིད་མུག་ནས་འདང་རེ་རྒྱག་རྒྱུ་ལས་མི་འདུག འོན་ཀྱང་མིག་ཆུ་གཙང་བོར་འདྲེས་ཀྱང་ཁྱེད་ཅག་གི་མྱ་ངན་སེལ་མི་ཐུབ་ལ། སྐྱོ་གདུང་རི་བོར་བརྩེགས་ཀྱང་ང་ཡི་སེམས་པ་འང་ཅི་ལྟར་རྟོགས། དེས་ན་འདས་གྲོངས་སུ་ཕྱིན་པ་རྣམས་ལ་རྗེས་དྲན་དང་། མནར་གཅོད་ཀྱི་སྡུག་བསྔལ་མྱོང་བཞིན་པའི་ཤུལ་ལྷག་ཚོར་སེམས་གསོའི་ཕྱིར་ཏུ། བོད་ཕྱི་ནང་གི་རྩོམ་པ་པོ་དང་བསམ་བློ་པ་ཚོའི་སེམས་ཚོར་དམར་རྗེན་མ་དག་དྲག་འདེམས་ཀྱི་རྩོམ་དེབ་ཅིག་བཏོན་ན་དགེ་ཕན་དང་། ལོ་རྒྱུས་ཀྱི་ཡིག་ཚང་ནས་ནམ་ཡང་མི་ཡལ་བ་དེ་རེད་སྙམ། དེའི་ཕྱིར་དཔལ་འབྱོར་གྱིས་གནོད་ཤུགས་ལ་མགོ་མ་བསྒུར་བར་ངེད་གྲོགས་པོ་ཟུང་གིས་བློ་ཐག་གཙང་བཅད་ཀྱིས་ལས་ཀ་འདི་ལ་འབད་པ་ཡིན། ཡང་རྩོམ་ཡོང་སྟངས་ཆ་ནས་ཀྱང་རྩོམ་པ་པོ་ཚོར་མ་སྐུལ་དང་བླངས་ཀྱིས་ཕྱག་རྩོམ་ཕུལ་བ་ལས། ནམ་རྒྱུན་ལྟར་བླ་མ་དང་དཔོན་པོ་རེའི་ཕྱིར་ཏུ་རྗེས་དྲན་གྱི་དེབ་འདོན་སྐབས་རྩོམ་པ་པོ་གྲགས་ཅན་ཚོ་ལ་ཞུ་བ་འཐེན་དགོས་པ་དང་། གསལ་བསྒྲགས་བཀྲམ་པ་སོགས་ཀྱི་ངལ་བ་བྱས་མེད། ཅེས་བྲིས་འདུག

 

དེབ་དབུ་འབྱེད་དབུ་འབྱེད་དང་སྤྲགས་སེར་བྱེས་མཁན་རིན་པོ་ཆེ་ཅཱརྱ་བློ་བཟང་དཔལ་ལྡན་མཆོག་གིས་གསུངས་བཤད་གནང་དོན། དེ་རིང་འཇམ་དབྱངས་དང་ཨ་རིག་དགེ་མཐོང་གཉིས་ཀྱིས་དཔེ་དེབ་ཅིག་བཏོན་འདུག དེབ་འདི་ནམ་རྒྱུན་གྱི་དེབ་དང་མི་འདྲ་བར་མི་ཚང་མར་ཚོར་བ་སྤྲོད་ཐུབ་པ་ཞིག་རེད། དེ་རིང་སེར་བྱེས་ཀྱི་མཛད་རིམ་དང་བསྟུན་ནས་བློ་གསལ་བ་ཁོང་གཉིས་ཀྱི་དཔེ་དེབ་སྒོ་འབྱེད་གནང་རྒྱུ་རེད། འདིའི་ནང་༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་དང་འབོལ་སྐུལ་གྱི་བཀའ་སློབ། དཔལ་རྒྱལ་བ་ཀརྨ་པ་མཆོག་གི་ཐུགས་གསོའི་སྙན་རྩོམ། དེ་བཞིན་བོད་ཕྱི་ནང་གི་མཁས་དབང་རྣམས་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་རྩོམ་ཡིག་ཁག་འཁོད་ཡོད། འདི་དག་རྩོམ་པ་པོ་རྣམས་ཀྱི་སེམས་གསོ་དང་སྐབས་ཐོག་གི་སྡུག་བསྔལ་གསལ་བོར་མཚོན་པའི་རྩོམ་ཡིག་ཞེ་གཅིག་ཡིན། འདི་མ་འོངས་པའི་དྲན་རྟེན་ཆགས་ངེས་རེད། དེ་རིང་རྩོམ་སྒྲིག་པ་ཁོང་གཉིས་དང་ང་ཚོ་ཚང་མས་སྒ་སྐྱེ་རྒུ་མདོའི་ཆག་འཇིག་ལ་ལུས་ཀྱི་མགོ་བོ་ས་ལ་གཏུགས་ནས་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ལྷན་ཅིག་དུ་བྱ། ཞེས་གསུངས་སོང་།

 

སེར་བྱེས་དགེ་བསྐོས་དགེ་བཤེས་ལྷ་རམས་པ་མངའ་རིའི་ཚེ་དབང་མཆོག་གིས་གསུངས་དོན། དེ་རིང་འདིར་སེར་བྱེས་ཀྱི་སློབ་གཉེར་བ་དང་དཔེ་ཆ་པ་བྱ་བྲལ་ཨ་རིག་དགེ་མཐོང་དང་བསམ་འཇམ་དབྱངས་གཉིས་ཀྱིས་དེབ་ཅིག་བཏོན་འདུག འདིའི་ནང་བོད་ནང་གི་མཁས་པ་དང་རྩོམ་པ་པོ། ཨ་རི་དང་ཡུ་རོབ་ཁུལ་བཅས་ཀྱི་བོད་རིགས་ཚོས་བྲིས་པའི་རྩོམ་ཡིག་མང་པོ་ཞིག་བསྡུས་ཡོད། ནམ་རྒྱུན་དང་མི་འདྲ་བར་སེམས་ཚོར་ཆེན་པོས་བྲིས་པ་རྐྱང་རྐྱང་རེད། འདི་ཕྱི་རྒྱལ་ཁག་དང་བོད་ནང་ལ་ཁྱབ་བསྒྲགས་བྱ་དགོས་པ་རེད། སྐྱེ་རྒུ་མདོའི་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་སེམས་གསོ་ཏན་ཏན་ཐེབས་ངེས་རེད། སེམས་ཀྱི་རྨ་ཁ་གསོ་ཐུབ་པ་ལྟ་བུ་ཞིག་ཡོང་གི་རེད། བྱེས་ཡུལ་བོད་མི་ཚོས་བོད་ནང་གི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་བྱ་ཐུབ་སོང་སྙམ་པ་ཞིག་འདུག

 ང་རང་གིས་དེབ་འདི་བཀླགས་པ་ཡིན། ལྕགས་མོ་མཚོ་ཞུ་བ་ཞིག་གིས་འདི་འདྲ་ཞིག་བྲིས་འདུག “ཞོགས་པ་དེར། ཚོགས་ན་ཞལ་འདོན་སྐྱོར་བཞིན་པའི་གྲྭ་བ་དེ་ཚོ། ཞོགས་པ་དེར། སློབ་ཁང་དུ་ཀ་ཁ་གྱེར་བཞིན་པའི་སློབ་ཕྲུག་དེ་ཚོ། ཞོགས་པ་དེར། བསྐོར་ལམ་ན་མ་ཎི་སྐོར་བཞིན་པའི་རྒན་རྒོན་དེ་ཚོ། འདི་ལྟར་ས་ཆེན་འགུལ་བསྐྱོད་གཅིག་གིས་ཁྱུར་མིད་བྱས”  ཞེས་བྲིས་འདུག ངོ་མ་སེམས་སྐྱོ་ནི་ཞིག་རེད། རྩོམ་སྒྲིག་པ་ཁོང་གཉིས་ཀྱིས་དེབ་འདི་ཕྱོགས་བསྒྲིགས་ནང་ཐུབ་པ་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། སྐྱབས་རྗེ་མཁན་རིན་པོ་ཆེ་ཡིས་ཧིན་སྒོར་ལྔ་སྟོང་དང་། བསམ་བློ་ཁང་ཚན་གྱི་ཨ་ལགས་རིན་པོ་ཆེ་ཡིས་སྒོར་བདུན་སྟོང་གི་ཞལ་འདེབས་ཕུལ་འདུག འདིར་སེར་བྱེས་དགེ་འདུན་པ་ཡོངས་ཀྱི་ཚབ་བྱས་ཏེ་ཧིན་སྒོར་གཅིག་ཁྲི་ཞལ་འདེབས་ལ་ཕུལ་བ་ཡིན། ཁྱེད་གཉིས་ཀྱིས་དུས་ཚོད་ཐུང་ཐུང་རིང་ལས་ཀ་འདི་འདྲའི་རླབས་ཆེན་ཞིག་བསྒྲུབས་པར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོ་སེར་བྱེས་གྲྭ་ཚང་ནང་འདི་འདྲའི་རྩོམ་འབྲི་ཤེས་མཁན་ཡོད་པར་དགའ་བསུ་དང་རྗེས་སུ་ཡི་རངས་བསྔགས་བརྗོད་ཡོད། ང་ཚོ་དབུ་ཆོས་རྣམ་གསུམ་ཕྱག་མཛོད་དང་བཅས་བའི་ངོས་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

ཆུ་ཚོད་ ༢༠ སྔོན་ལ།
His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

༢༠༢༣/༠༦/༠༢
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

༢༠༢༣/༠༦/༠༢
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

༢༠༢༣/༠༦/༠༢
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡

མཆན། 26

  1. ཁྱུང་དམར་བ། says:
    ལོ་ 13 སྔོན།

    རྒན་ཨ་རིག་དགེ་མཐོང་ལགས་དང་འཇམ་དབྱངས་ལགས།ངེས་ཁྱེད་རྣམ་གཉིས་ཀྱི་ལྷག་བསམ་ལ་ཐུགས་རྗེ་ཆེ་ཞུ་ཞུ་ཞུ།

    Reply
  2. ཐོས་པ་དགའ། says:
    ལོ་ 13 སྔོན།

    ཨ་རིག་ལགས། ངས་དེ་འཇོན་ཐང་ཞིག་རེད་ནམ་ཡང་བསམ་གྱི་མེད་ལ་གོ་སྐབས་ཤོར་སོང་དེ་བས་ཀྱང་བསམ་གྱི་མེད། ངས་ཡ་མཚན་ཞིག་ཚོར་སོང་། དེ་ནི་ད་ལྟ་བར་དུ་ས་ཡོམ་དང་ཆུ་ལོག་སོགས་རང་བྱུང་གི་གོད་ཆག་འཛམ་གླིང་འདིར་གྲངས་ཀྱིས་མི་ལོངས་ཤིང་། དེ་དག་ལ་བླ་ཆེན་དང་དཔོན་ཆེན་དག་གིས་སེམས་གསོའི་མཚམས་འཕྲིན་ཡང་གྲངས་ཀྱིས་མི་ལོངས་མོད་དེ་དག་ཕྱོགས་སྒྲིགས་ཀྱི་དེབ་གཟུགས་སུ་འགོད་མཁན་སུ་ཡང་མེད་ལ་ལུགས་སྲོལ་ཡང་བྱུང་མེད་པ་མ་ཟད་གོ་རྒྱུ་མེད་པ་ཤེས་གསལ་རེད། དེ་ལས་ལྡོག་ཏེ་ཨ་རིག་ལགས་ཁྱེད་ནི་རང་བྱུང་གོད་ཆག་ལ་ཐུགས་གསོའི་མཚམས་འཕྲིན་ཕྱོགས་སྡེབས་བྱེད་མཁན་ཐོག་མའི་རྩོམ་སྒྲིགས་པ་དང་། གོ་རྒྱུ་དང་ལུགས་སྲོལ་གཉིས་ཀ་མེད་པའི་ལས་ལ་ཞུགས་པ་ནི་སྐབས་ཚོལ་བ་ཨེ་ཡིན་སྙམས་པ་ཙམ་ཡིན། ཁྱེད་ཀྱི་གསལ་བཤད་ལ་ཡིད་ཆེས་སྐྱེས་བྱུང་། ཁྱེད་ཀྱིས་ལས་དོན་དེ་བསོད་ནམས་ཤིག་བསགས་ཡོད་སྙམས་ན་དེ་དང་ཆབ་ཅིག་གཟོད་པ་ཡང་སྒོམ་ཐུབ་ན་ད་བཟོད་དགེ་མཐོང་ངོ་མ་ཞིག་ཆགས་པ་མ་ཡིན་ནམ།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    དགེ་མཐོང་ལགས་ཐུགས་རྗེ་ཆེ།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    ཐོས་པ་དགའ་ལགས། ཁྱེད་རང་གིས་སེམས་ཁྲལ་བྱེད་མི་དགོས་ལོ། འདི་སུ་ཞིག་གི་འཇོན་ཐང་ཡིན་ན་འགྲིག་གི་རེད། ཞལ་འདེབས་དཔེ་དེབ་སྟེང་མིང་བཀོད་ཟིན་པ་རྣམས་མ་གཏོགས་དེའི་རྗེས་སུ་ཞལ་འདེབས་འབུལ་མཁན་བྱུང་ཡང་བླངས་མེད་པ་ཐུགས་འཇགས་འཚལ། སྐུ་ཉིད་ཀྱི་སེམས་ཁྲལ་ཁག་མེད། ཁྱེད་རང་གི་གོ་སྐབས་ཤོར་སོང་བ་དེས་རེད། ཁྱེད་རང་བཀུར་འོས་ཤིག་གི་ཚད་ནས་བཞུགས་རོགས། མང་བོ་མ་གསུངས་ན་དགའ་བསམ་གི

    Reply
  5. ཐོས་པ་དགའ། says:
    ལོ་ 13 སྔོན།

    ཨ་རིག་དགེ་མཐོང་དང་འཇམ་དབྱངས་གཉིས་ཀྱི་དཔེ་དེབ་དེ་བྱས་རྗེས་ཤིག་ལ་བརྩི་ཆོག འོན་ཀྱང་། ཁྱེད་གཉིས་ཀྱིས་དཔེ་དེབ་ལ་ལྟོས་པའི་དངུལ་ཕོན་ཆེན་པོ་རག་འདུག་ ད་དུང་ཡང་རག་འདོག་ཁ་བོ་འདུག་ན། དངུལ་འདི་དག་ཁྱེད་གཉིས་ཀྱིས་ག་་རེ་བྱེད་བརྩིས་ཡོད། མ་གཞི་ནས་སེར་བྱེས་གྲྭ་ཚང་གིས་དངུལ་བཏང་། བླ་ཆེན་རྣམས་ཀྱིས་ཐུགས་གསོའི་འཚམས་འཕྲིན་བརྩམས། ཨ་རིག་དགེ་མཐོང་དང་འཇམ་དབྱངས་གཉིས་ཀྱིས་ཡིག་ཐོག་ལ་ཕབ། དོན་ངོ་མ་སུའི་བྱས་རྗེས་ཀྱིས་དཔེ་དེབ་རེད།

    Reply
  6. བསེ་རུ། says:
    ལོ་ 13 སྔོན།

    འདི་ཡང་མཁྱེན་དགོས་པའི་གནས་ཚུལ་ཞིག་ཡིན་སྟབས། ཁ་བརྡ་དྲ་ངོས་ནས་འདིར་ཐད་ཀར་དྲངས་པ་ཡིན།

    ༩༽ ལྷགབསམ་རྒྱ་མཚོ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༣ གི་ཆུ་ཚོད་ ༩ སྐར་མ་ ༣༧

    ཟླ་༤་ཚེས་༢༣་ཉིན། པཎ་ཆེན་རིན་པོ་ཆེའི་སྲས་མོ་སྐྱེ་དགུ་མདོར་ཕེབས་ཤིང་དམངས་སྒོར་ཁྲི་༢༠༣་ཉིས་ བརྒྱ་དང་གསུམ། ཟས་རིགས་དང་གྱོན་ཆས་རླང་འཁོར་༩་བསྩལ་བ་དང་། ཕན་ཆེན་རིན་པོ་ཆེའི་ཕ་ཡུལ་དགོན་པའི་གྲྭ་མང་དང་ལྷན་དུ་གཤིན་པོ་ལ་བསྔོ་སྨོན་ གནང་པ་དང་། གསོན་པོ་ལ་སེམས་གསོ། འཛམ་གླིང་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་པའི་འབོད་བསྐུལ། བོད་རིགས་མི་དམངས་ཀྱིས་གདུང་སེམས་མཉམ་བསྐྱེད་ལ་རྒྱབ་སྐྱོར། དྭ་ཕྲུག་རྣམས་རང་གི་ས་ནས་རང་གི་མེས་པོའི་རིག་གཞུང་སྦྱང་སྒྱུར་རོགས་སྐྱོར་ གང་ཐུབ་བྱེད་རྒྱུ་གསུངས། སྐབས་དེར་ལྷག་ལུས་ཀྱི་མི་དམངས་ཀྱིས་དགའ་བསུ་ཚད་མེད་བྱས་པས་འདི་སྐོར་རྒྱ་ནག་ གི་གསར་འགྱུར་དྲ་ཚིག་ཡོངས་ནས་ལེན་དགོས་པའི་བཀའ་ཕབས་པས་མཐོང་རྒྱུ་ཆེར་མེད་པ་ བཟོས་འདུག ttp://bbs.tiexue.net ད་ལྟ་མཐོང་རྒྱུ་ཡོད་པ་འདི་དང་ཧོང་ཀོང་རྒྱ་བྱ་གསར་འགྱུར་དྲ་ཚིག་གམ་ཧྥོང་ཧང་ གཉིས་རང་རེད།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་ཡོད། བཀྲ་ཤིས་བདེ་ལེགས་ཞུ། ༼མགོ་བོ་བཏུད་དེ་མྱ་ངན་ཞུ ༽ ཞེས་པའི་དེབ་དེ་ལྷན་རྒྱས་ཀྱི་སྐུ་ངལ་ལྕི་མོ་ཕྲག་ཏུ་བཞེས་ཏེ། སོ་ཁ་དེ་ནས་འགྱིག་ཐག་མིག་གིས་མཐོང་མི་དགོས་པར་བདེ་བླག་ཏུ་ལེགས་གྲུབ་བྱུང་བ་ནི། གཅིག་བྱས་ན་རླུ་རྟ་ཞིག་ཀྱང་ལོས་ཡིན། ཐུགས་རྗེ་ཆེ། འོན་ཀྱང་རྩོམ་པ་པོ་ཞོགས་དུང་གང་དྲག གཅིག་ཤོད་དུ་སོང་ན་ཁོ་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་རེད། ཟེར་ཉེན་ཡོད། མ་རེད་པསསསསསསསསསསསསསསསསས

    Reply
  8. kelsangrabga says:
    ལོ་ 13 སྔོན།

    རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ང་ཚོ་དངོས་ནས་སེམས་སྐྱོ་བའི་དུས་འདེར་ལ་ཚང་མའི་སྡུག་སེམས་མཉམསྐྱེད་དང་བཟང་པོ་ལང་ཕྱོགས་དེ་རྗེས་སུ་ཡི་རངས་ཡོད་དེ་ནི་དགའ་འོད་པའི་རི་མོ་ཞིག་རེད་འདུག་ལ་དེ་ནི་བོད་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ཤིག་རེད་

    Reply
  9. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    རྣམ་པ་གཉིས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུའོ། །

    Reply
  10. རྒྱང་རིང་ནས། says:
    ལོ་ 13 སྔོན།

    ཨ་རིག་དགེ་མཐོང་དང་འཇམ་དབྱངས་ལགས་གཉིས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  11. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ང་ཚོའི་རིགས་སུ་གྱུར་པ་སུ་ཞིག་ལ་སྐྱོ་གནས་ཀྱི་ལྷུང་བབབྱུང་དུས། དུས་ནམ་དུ། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་མཆོག་གི་བཀའ་དགོངས་ལྟར། མགོ་འབངས་ཚང་མས་ནུས་ཤུགས་དང་ཆིག་སྒྲིལ་བགྱིས་པའི་གྲུབ་འབྲས་སུ། གཅིག་གྱུར་གྱི་འདུ་ཤེས་དང་གཅིག་གྱུར་གྱི་མཉམ་འབྲེལ་མངོན་གྱུར་བྱུང་ཡོད་པ་དེའོ།། དེས་ན། ལོ་རྒྱུས་ཐོག་མཚན་སྙན་ཆེ་བའི་ཨ་རིག་གླེན་པའི་རིགས་སུ་གཏོགས་པའི་ན་གཞོན་རྩོམ་པ་པོ་ཨ་རིག་དགེ་མཐོང་ལགས་ཀྱིས། རྩོམ་སྒྲིག་གིས་ཕྱོགས་བསྒྲིབས་གནང་བའི་མྱ་ངན་མཚོན་བྱེད་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་དེས་ཀྱང་། གཞིས་བྱེས་བོད་མི་ཡོངས་ཀྱི་བསམ་ཕྱོགས་འཐབ་ཕྱོགས་གཅིག་གྱུར་དུ་ཆགས་ཡོད་པའི་དཔེ་མཚོན་གསར་ཤོས་ཤིག་ཡིན་པས་ན། བརྒྱུད་ལམ་འདི་བཏོན་མཁན་རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུ།

    Reply
  12. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    ཨ་རིག་དགེ་མཐོང་དང་བསམ་འཇམ་དབྱངས་གཉིས་སུ་རྟེན་འབྲེལ་ཞུ

    Reply
  13. འབྲོག་རུ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒན་ཨ་རིག་དགེ་མཐོང་ལགས་དང་འཇམ་དབྱངས་ལགས།ཐུགས་རྗེ་ཆེ་ཞུ

    Reply
  14. ཚེ་རིང་བཀྲ་ཤིས། says:
    ལོ་ 13 སྔོན།

    བོད་གཞུང་གིས་མཆོད་འབུལ་ཙག་ཙིག་རེ་བྱས་པ་དང་། ཚོགས་སྒེར་ཁག་གིས་ཞལ་འདེབས་ཐན་ཐིན་རེ་བསྡུས་ཏེ། ཡོད་ཚད་ལ་ཆབ་སྲིད་དང་དགོས་མཁོར་དམིགས་པའི་འགུལ་སྐྱོད་འདི་དག་ལ་སིན་གི སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་སྟེ། ཉིན་གྲངས་ ༢༧ ལས་མ་འགོར་སྔོན་ཏེ། ཟླ་གཅིག་གི་ནང་ཚུད་ལ་ཡིད་ཀྱི་གདུང་བ་གདངས་སུ་གྱེར་ཞིང་། སྤུན་ཟླའི་མཛའ་བཤེས་ཚིག་ཏུ་བསྡེབས་པའི་དཔེ་དེབ་འདིར་རིན་ཐང་བརྒྱ་འགྱུར་གྱིས་ཆེ་ཞིང་། ལོ་རྒྱུས་ཀྱི་དོན་སྙིང་སྟོང་འགྱུར་གྱིས་མཐོ།

    དགེ་མཐོང་ཐུགས་རྗེ་ཆེ། འཇམ་དབྱངས་ཐུགས་རྗེ་ཆེ།

    Reply
  15. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    ཉལ་བཞིན་དགེ་ཆེན་ཞིག་བྱེད་ན། གཞན་ལ་ཡི་རང་རང་སྒོམ་ཤིག
    གསུངས་བ་ལྟར་་་་་་་་་་་་་་་དགེ་མཐོང་ཁོང་གཉིས་ལ་ཡི་རང་རེ་བྱས་དེ་དགེ་བ་ཞིག་བསྒྲུབ་ན་འདོད

    ཐུགས་རྗེ་ཆེ

    Reply
  16. དཔལྡན་རྡོ་རྗེ། says:
    ལོ་ 13 སྔོན།

    རྒན་ཨ་རིག་དགེ་མཐོང་ལགས་དང་འཇམ་དབྱངས་ལགས། ཁྱེད་རྣམ་གཉིས་ཀྱི་ལྷག་བསམ་རྣམ་པར་དག་པའི་ལས་དོན་འདི་རྗེས་སུ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ།

    Reply
  17. དཔལྡན་རྡོ་རྗེ། says:
    ལོ་ 13 སྔོན།

    རྒན་ཨ་རིག་དགེ་མཐོང་ལགས་དང་འཇམ་དབྱངས་ལགས། ཁྱེད་རྣམ་གཉིས་ཀྱི་ལྷག་བསམ་རྣམ་པར་དག་པའི་ལས་དོན་འདི་རྗེས་སུ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ།

    Reply
  18. དཔལྡན་རྡོ་རྗེ། says:
    ལོ་ 13 སྔོན།

    རྒན་ཨ་རིག་དགེ་མཐོང་ལགས་དང་འཇམ་དབྱངས་ལགས། ཁྱེད་རྣམ་གཉིས་ཀྱི་ལྷག་བསམ་རྣམ་པར་དག་པའི་ལས་དོན་འདི་རྗེས་སུ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཞེས་ཞུ།

    Reply
  19. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    གསར་འགྱུར་འདིའི་སྐོར་མདང་དགོང་གཡུ་ཞུན་དྲ་བའི་ཐོག་ནས་བྐླགས་པ་ཡིན། དེར་བརྟེན། དུས་བབ་ཐོག་གི་གསར་འགྱུར་འདིའི་མཇུག་དེ་ངེད་ཀྱིས་ཡག་པོ་བྐླགས་མི་འདུག
    ང་ནོར་འདུག ཁྱེད་བདེན་འདུག དགོངས་དག་ཞུ། སྙིང་ནས་དགོངས་དག་ཞུ། མཐོལ་ལོ་བཤགས། སླད་ཕྱིན་འདི་ལྟར་མི་བྱེད་དོ།

    Reply
  20. ཚེ་རིང་བཀྲ་ཤིས། says:
    ལོ་ 13 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ཟེར་བ་དེར་ངོ་སྤྲོད་རྒྱུར། ཁྱོད་ཀྱིས་ངོ་སྤྲོད་ས་ནོར་འདུག སེར་བྱེས་དགེ་བསྐོས་དགེ་བཤེས་ལྷ་རམས་པ་མངའ་རིའི་ཚེ་དབང་ལ་ངོ་སྤྲོད་བྱོས། གསར་འགྱུར་ནང་གི་ཚིག་དེ་ལུང་འདྲེན་རེད།

    དགེ་མཐོང་དང་འཇམ་དབྱངས་གཉིས་ཀྱི་ལྷག་བསམ་རྣམ་པར་དག་པའི་ལས་དོན་འདིར་ཡི་རངས་བསྔགས་བརྗོད་ལན་རྒྱུར་ཞུ།

    Reply
  21. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཟེར་བ་དེར་ཞུ་རྒྱུར། ལྕགས་མོ་འཚོ་ཟེར་བ་དེ་ཨ་རིའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ། བོད་ཀྱི་བུད་མེད་རྩོམ་པ་པོ་ལྕགས་མོ་འཚོ་རེད།
    འདི་བོད་ཀྱི་དུས་བབ་ཞུ་བ་དེར་ངོ་སྤྲོད་ཙམ་ཡིན།
    ཞོར་ལ་རྩོམ་ཡིག་ཕྱོགས་བསྒྲིགས་གནང་མཁན་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུའོ།

    Reply
  22. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཚང་གིས་གསར་འགྱུར་གྱི་ཚུལ་དུ་ལས་སེང་དྲ་ཐོག་ཏུ་བཏོན་པ་བཀའ་དྲིན་ཆེ་ཞེས་ངས་རྩོམ་སྒྲིག་པ་གཉིས་ཀྱི་ཚབ་བྱས་ནས་བཤད་པ་ཡིན། ནང་དོན་འབྲི་ཐབས་སྙིང་རྗེ་བོ་བྲིས་འདུག དེའི་ཆ་ནས་གསར་འགོད་པ་ལ་ཐུགས་རྗེ་ཞུས་པ་ཡིན། འདི་ནི་ངེད་གཉིས་མི་སྒེར་བ་གཉིས་ཀྱི་དཔེ་དེབ་ལྟ་བུ་ཁྱབ་བསྒྲགས་ཤིག་བྱེད་བསམ་པ་མིན། འདི་ནི་བོད་ཕྱི་ནང་གི་རྩོམ་པ་པོ་མང་བོ་ཞིག་གི་སེམས་ཚོར་དམར་རྗེན་མ་དག་བསྡུས་པའི་དེབ་ཅིག་ཡིན། དེའི་ཕྱིར་གསར་འགྱུར་བརྒྱུད་ལམ་ནས་བོད་ནང་གི་སྤུན་ཟླ་སྐྱོ་གདུང་གིས་མནར་བཞིན་པ་དག་གི་གོ་ན་སེམས་གསོ་རུ་གྱུར་བའི་རེ་བ་ཡོད།

    འོན་ཀྱང་དེ་རིང་དྲ་ཐོག་ཏུ་འགོད་དུས་ཁ་བྱང་དེའི་མི་སྒེར་བ་ཞིག་རྩོམ་ཡིག་མ་གཏོགས་དཔེ་དེབ་ཅིག་དབུ་འབྱེད་བྱས་པ་ལམ་སེང་གོ་མི་ཐུབ་ཀི དེ་་ལ་ཐབས་ཤེས་ཤིག་གཏོང་ཐུབ་ན་དགའ་བསུ་ཡོད། བཀའ་དྲིན་ཆེ་རེ་བའི་ཚུལ་གྱིས་ཞུས་པ་མ་གཏོགས་བཙན་བཀའ་བཏང་བ་ལྟ་བུར་ཚོར་མི་ཉན་ལགས།

    Reply
  23. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    ཨ་རིག་དགེ་མཐོང་གི་ཚབ་ལ་་་་ཨ་རིའི་དགེ་མཐོང་ཞེས་ལབ་ན་སྙན་པོ་འདུག
    ཨ་ལ་ཀུ་རེ་ཡིན།་
    ཁྱེད་གཉིས་ཀྱིས་སྙན་དག་དེབ་དེ་བྲིས་པར་བཀྲིས་བདེ་ལེགས་ཞུ།

    Reply
  24. སློང་མོ་བ says:
    ལོ་ 13 སྔོན།

    ཁྱེད་གཉིས་ཀྱི་བྱ་བ་ལེགས་གྲུབ་བྱུང་བ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  25. གནམ་ལྕགས། says:
    ལོ་ 13 སྔོན།

    དགེ་བཤེས་ལྷ་རམས་པ་ཡིན་ལ་གྲྭ་ཚང་གི་དགེ་བསྐོས་ཀྱང་ཡིན་པ་ཞིག་ལ་རང་མོས་སྙན་ངག་ཀློག་ཏུ་བཅུག་སོང་། ད་ཡིན་ན་ཐབས་དང་ཤེས་རབ་ཀྱིས་ཕྱུག་པའི་ཨ་རིག་དགེ་མཐོང་གིས་དངོས་གནས་བྱས་རྗེས་ཆེན་པོ་བཞག་སོང་།

    ཨ་ལ་ཀུ་རེ་ཡིན། ཁྱེད་གཉིས་ཀྱི་རྣམ་དཀར་དགེ་བ་ལ་བསྟོད་ཅིང་བསྔགས་པར་བགྱིད་དོ།།

    Reply
  26. གནམ་ལྕགས། says:
    ལོ་ 13 སྔོན།

    ད་རེར་དྲ་གྲོགས་དགེ་མཐོང་གིས་སྐད་གྲགས་བཞག་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist