འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ནས་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་འདུག
ཟླ་འདིའི་ཚེས་ ༧ ཉིན་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལི་རི་མཆོག་གི་མཚན་ཐོག་ཏུ་ཡི་གེ་ཞིག་ཕུལ་བའི་ནང་བཀོད་དོན། ཚེས་ ༡༣ ནས་ ༡༤ བར་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་འཆར་ཡོད་པའི་ཨ་རྒྱ་གཉིས་ཀྱི་ཚོགས་འདུའི་ཐོག་ཨ་རིའི་ཕྱོགས་ནས་ངེས་པར་དུ་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་གནད་ལ་འཁེལ་བའི་གླེང་སློང་བྱ་དགོས་རྒྱུར་མ་ཟད། ལྷག་པར་དུ་གྲོས་བསྡུར་དོན་འབྲས་ལྡན་པ་ཞིག་ཡོང་ཐབས་ལ་ཤུགས་སྣོན་རྒྱག་དགོས་ཞེས་འབོད་སྐུལ་ཞུས་འདུག རྟོག་ཞིབ་ཚོགས་པ་དེའི་ཨེ་ཤ་ཡའི་འགན་འཛིན་སོ་ཧྥེ་རི་ཆར་ཌི་སོན་ Sophie Richardson གྱིས། རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པས་ཚོགས་འདུ་ཁག་ཏུ་གླེང་སློང་ཆེན་པོ་དགོས་རྒྱུའི་རེ་འདུན་བཏོན་ཡོད་ལ། ཡང་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་ཀྱི་རྟགས་མཚན་གསལ་པོ་མེད་པའམ། དོན་གནད་དེའི་གྲོས་བསྡུར་གྱི་དགོས་འདུན་མ་འགྲུབ་པ་ཡིན་ན། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་ནས་གུ་ཡངས་ཞིག་ཆགས་འགྲོ་གི་ཡོད་པ་རེད་ཅེས་བརྗོད་ཡོད།
ཡི་གེ་ནང་ཚོགས་པ་དེས་ཨོ་བྷ་མའི་སྲིད་གཞུང་ལ་གནད་དོན་གསུམ་གྱི་ཐོག་འབོད་སྐུལ་ཞུས་ཡོད་པ་དང་། གཅིག འདས་པའི་ལོ་བཅུའི་ནང་ཚོགས་པ་ཁག་གིས་ཡར་རྒྱས་ལ་རྒྱ་གཞུང་གིས་སྡིག་ར་སྐུལ་ཞིང་དམངས་ཀྱི་སྤྱི་ཚོགས་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་རྩོད་པ་དང་རྩོམ་པ་པོ་སོགས་ལ་དཀའ་ངལ་གང་མང་འཕྲད་ཡོད་ཚུལ་བཀོད་ཡོད་ལ། དེ་བཞིན་རྒྱ་རིགས་རེག་དུག་ལས་འགུལ་བ་ཝན་ཡན་ཧེ་ཡིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་གིས་ཨ་རིར་གནས་སྐབས་རིང་སྡོད་ཆོག་པའི་སྐྱབས་བཅོལ་ཐོབ་ཐང་ཞུས་པར་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་གནོན་ཤུགས་སྤྲོད་ཀྱིན་ཡོད་ཚུལ་དང་། ཁྲིམས་རྩོད་པ་ཐང་ཇེ་ཐིན་དང་ལཱེ་ཝེ་གཉིས་ཀྱང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ནང་འཛུལ་ཞུགས་བྱས་སྟབས། ཁོང་གཉིས་ཁྲིམས་རྩོད་པའི་ཐོབ་ཐང་ནས་གནས་དབྱུང་བཏང་ཚུལ་བརྗོད་ཡོད་འདུག
གཉིས་པ། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༧ པའི་ནང་ཤིན་ཅང་ཀྱི་ངོ་རྒོལ་ལས་འགུལ་སྐབས་ནས་བཟུང་ཁྲིམས་མཐུན་མིན་པར་ཡུ་གུར་མི་རིགས་གང་བྱུང་འཛིན་བཟུང་གིས་མང་པོ་ཞིག་བོར་བརླག་ཏུ་སོང་བའི་གནས་སྟངས་བྱུང་ཡོད་ལ། དེ་བཞིན་ཞུ་གཏུག་པ་སོགས་ལའང་ཕྱོགས་ཡོངས་ནས་ཚད་བཀག་བྱས་སྟབས་དཀའ་ངལ་གྱི་གནས་སུ་ལྷུང་ཡོད་སྐོར་བརྗོད་ཡོད།
གསུམ་པ། རྒྱ་གཞུང་གི་སྲིད་བྱུས་དང་ཁ་གཏད་དུ་ལངས་མཁན་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་མི་ལོའུ་ཞའོ་པོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་རྩོད་པ་ཟུར་བ་ཀོ་ཀྲི་ཧྲིན། ད་དུང་རེག་དུག་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཧུའུ་ཅཱ་བཅས་འཛིན་བཟུང་བྱས་པའི་བཙོན་པ་རྣམས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་སོགས་བཀོད་ཡོད།
ཡི་གེའི་ནང་མུ་མཐུད་བཀོད་དོན། ཨོ་བྷ་མའི་སྲིད་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་འཛིན་པའི་སྲིད་བྱུས་གཙང་མ་ཞིག་མིན་པ་དང་། དེ་སྔོན་ཨོ་བྷ་མས་རྒྱ་ནག་གི་གསར་འགོད་རང་དབང་སྐོར་ལ་འབོད་སྐུལ་ཞིག་ཞུས་ཡོད་ཀྱང་། ཟླ་ ༣ པའི་ཚེས་ ༢༥ ཉིན་པེ་ཅིན་སློབ་ཆེན་ཞབས་ཕྱི་ལྟེ་གནས་དང་བུད་མེད་ལས་དོན་ཞིབ་འཇུག་ཁང་དེབ་སྐྱེལ་རྩིས་མེད་བཏང་པ་དེར་ཨོ་བྷ་མས་ལན་འདེབས་གང་ཡང་བྱས་མེད་པ་རེད། ༢༠༠༩ ལོའི་ཟླ་ ༢ པའི་ནང་ཨ་རིའི་སྲིད་འཛིན་ཟུར་བ་ཁི་ལིན་ཊོན་ལས་ཁུངས་དེར་ཕེབས་ཡོད་པར་མ་ཟད། ལྟེ་གནས་ཁང་དེ་གསར་འཛུགས་མཁན་ཀོའུ་ཅིན་མིན་ལ་དེ་སྔོན་ཁི་ལིན་ཊོན་དང་མཉམ་ལས་བྱེད་པའི་རྒྱལ་སྤྱི་རིམ་པའི་བྱ་དགའ་ Vital voices ཞེས་པ་དེ་ཐོབ་ཐུབ་པ་བྱུང་ཡོད།
དེ་བཞིན་ཚོགས་པ་དེས་ཨ་རིའི་གཞུང་གིས་ཟླ་ ༥ པའི་ཚེས་ ༢༣ ཉིན་པེ་ཅིན་དུ་འཚོགས་འཆར་ཡོད་པའི་ཚོགས་འདུའི་ཐོག་དཔལ་འབྱོར་དང་ལས་འཆར་སྐོར་ལ་གྲོས་བསྡུར་བྱེད་སྐབས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་དེ་གལ་གནད་ཅན་ཞིག་ཏུ་རྩིས་ཏེ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། ཡང་རི་ཆར་ཌི་སོན་མཆོག་གིས་ཨ་རིའི་ངོས་ནས་འཛམ་གླིང་གང་སར་འགྲོ་བ་མིའི་ཐོབ་ཐང་ཐད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་སྟབས། ད་ལྟ་གནད་དོན་གླེང་སློང་བྱེད་པའི་དུས་ལ་བབ་འདུག་ཅེས་ནན་བཤད་བྱས་འདུག
༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
ཁྱེད་རྣམ་པས་གཤམ་གྱི་གནས་ཆུ༹ལ་ཐོག་གཟིགས་འདོད་ཡོད་ཆེ༹། http://www.phayul.com and Ranyag Monasteryརྒྱུད་ནས་གནས་ཆུ༹ལ་ཆ་ཆ༹ང་མཁྱེན་རྟོགས་ཡོང་བའི་རེ་བསྐུལ་བཅས།།
Earthquake Victims in Remote Areas of
Kyigudo Still Await Relief
TibetNet ( Monday, May 10, 2010 19:01 )
Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.
“The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.
He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.
He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.
They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.
He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.
ཨ་རིས་རྒྱ་ནག་ལ་ཆབ་སྲིད་ཀྱིས་བརྡེགས། རྒྱ་ནག་གིས་ཨ་རི་ལ་དཔལ་འབྱོར་གྱིས་རྡུང་། བོད་བར་དུ་བཙིར་རྒྱུ་ཁོ་ན་ལས་གང་ཡང་མ་རེད།
ཨ་རིའི་ གྲོས་མོལ་དེ་ བོད་མིར་ ཕན་ངེས་པས་ བཀའ་དྲིན་ཆེ་ ཞུ་རྒྱུ་ ཙམ་ལས་ མ་འདས།
དེང་སང་བོད་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནང་དུ་འཛུད་ཀྱི་མེད་པ་དེ་ནི། རྒྱ་ནག་གི་མངའ་ཁུངས་ཡིན་པར་ཁས་ལེན་བྱེད་མཁན་མང་དྲགས་པས་རེད་ཟེར་ན་འགྲིག འདི་ལྟར་མུ་མཐུད་དུ་སོང་ན་བོད་ནི་རྒྱ་ནག་གི་མངའ་ཁུངས་གཉོན་མེད་དུ་གྱུར་འགྲོ་ངེས་ཡིན་ལ། ནམ་ཞིག་རྒྱ་ནག་གི་ནང་སྲིད་ལ་ཁ་ཡ་བྱེད་པའི་དབང་ཚད་རྒྱལ་ཁབ་གཞན་སུ་ལ་ཡང་མེད་པར་ཁོང་ཚོས་ཀྱང་ཁས་ལེན་བྱེད་དགོས་པར་ཐུག་ངེས་ཡིན།
འགྲོ་བ་མིའི་ཐོབ་ཐང་བཤད་པ་དེས་བོད་ལ་ཅི་ཕན། བཤད་མཁན་དང་གྲོས་ཆོད་འཇོག་མཁན་མང་དྲག་ན་མ་གཏོགས་ཉུང་དྲག་མེད།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མཁན་ཡོད་ན་ཟ་ཟུར་ནས་བོད་བོར་ནི་མ་རེད།
ང་ཚོའི་བསྐོར་ལ་གླེང་མི་འདུག བསླང་མི་འདུག འཐེར་འདོན་བྱེད་མི་འདུག ཞུ་སྐུལ་བྱེད་མི་འདུག གང་ཡིན་ནམ????????????????????????????
ཨ་རིའི་སྲིད་འཛིན་ནག་རིལ་དེའི་བོད་དོན་ཐོག་ལས་ཀ་དྲག་པ་གང་ཡང་བྱེད་མི་སྲིད་ཁོས་བོད་པའི་ཆབ་སྲིད་པའི་གནས་སྟངས་ཤེས་བཞིན་ཡོད་པས་ཡིན། ལྟ་འཁྲེགས་ཅན་གྱི་ཆབ་སྲིད་པ་ང་ཚོའི་སྤྱི་ཚོགས་ནང་རྩ་བ་ནས་མཐོང་ཡས་མེད། ང་ཚོའི་ཆབ་སྲིད་པ་ཚང་མ་རང་མི་རིགས་ཀྱི་མ་འོངས་པའི་འདུན་ལམ་ཆེད་ལྟ་བ་འཁྲེགས་པོ་བཟུང་ནས་ལས་དོན་སྒྲུབ་མཁན་མེད་ཁོང་ཚོ་ཚང་མ་གནས་སྐབས་རང་གི་ཁ་ཕོར་མ་ཤོར་བ་གཙོ་དོན་གྱི་ལས་ཀ་བྱ་རྒྱུ་ལས་ལྟ་གྲུབ་རྣམ་བཞག་གང་ཡང་མེད། ཁོ་ཚོ་ཚང་མ་མི་འཚེ་གཅིག་ལ་སྐྱེས་བ་མང་པོ་ལེན་མྱོང་མཁན་ཞིག་གམ། སྤྲུལ་བ་མང་པོ་སྟོན་རྒྱུ་ཡོད་མཁན་ཤ་གཅིག་རེད། ཁོ་ཚོ་མང་པོ་ཞིག་དེ་སྔོན་རང་བཙན་གཙང་མའི་ལྟ་བ་ནས་དབུ་མའི་ལམ་དང་། ད་དུང་དབུ་མའི་ལམ་ནས་གཞན་ལ་སྒྱུར་ཆོག་ཆོག་ལ་སྡད་ཡོད་པ་དང༌། དེ་བཞིན་འགའ་རེ་བདེན་པའི་དབུ་འཛུགས་ནས་དབུ་མའི་ལམ་དུ་སྐྱེས་བ་དང༌། ད་དུང་དབུ་མའི་ལམ་ནས་གཞན་ལ་སྐྱེས་བ་བཞེས་ཆོག་ཆོག་ལ་སྡད་ཡོད་པ་དང༌། ཆབ་སྲིད་པ་ཞིག་ཡིན་ན་རང་གི་ལྟ་གྲུབ་དེའི་སྟེང་ནས་མི་མང་གི་འདོད་དོན་སྒྲུབ་ཐུབ་པའི་ཡིད་ཆེས་དང་། ལྟ་གྲུབ་དེ་སྲོག་ལ་ཐུག་ཀྱང་མི་བཏོང་བའི་བསམ་པ་ལྡན་དགོས་ན། དེའི་ཕྱིར་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་པ་གཅིག་ཀྱང་མིན་འདུག།་ དེ་འདྲ་མ་རེད་དམ་དྲྭ་གྲོགས་ཚོགས་གསུངས་དང༌། ངས་ཉན་ཆོག ༎།
འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ང་ཚོ་བོད་མིའི་མི་ཆོས་ལས་འདས་པའི་སྡུག་བསྔལ་མྱང་དང་མྱོང་བཞིན་པ་མ་མཐོང་བ་ཡིན་ནམ་ཡང་ན་མ་མཐོང་བའི་ཁུལ་བྱས་པ་ཡིན། འཛམ་གླིང་གི་གོ་ལ་འདིར་ཞི་བདེ་དདང་དྲང་བདེན་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ཁ་ཙམ་ཚིག་ཙམ་དུ་འཁྱེར་བ་འམ། ཡང་ན་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཏུ་བཤད་པ་ལས་དངོས་ཡོད་གནས་ཚུལ་དང་མཐུན་པའི་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ནི་ཤིན་ཏུ་དཀོན།
དེ་དང་ཕྱོགས་མཚུངས་ང་ཚོར་བོད་པར་ཡོད་ཡོད་མང་མང་གི་ལྷ་དང་ཀླུ། རྒྱལ་པོ་དང་བཙན། མངོན་ཤེས་ཅན་དང་རྫུལ་འཕྲུལ་ཅན་སོགས་ད་ལྟའི་གངས་ཅན་པ་རྣམས་ཀྱི་གནས་སྟངས་ཛ་དྲག་འདི་ལྟ་བུའི་དུས་སུ་གཉིད་ལས་ལྡང་བའི་དུས་ལ་བསླེབས་འདུག་སྙམ།།
འགྲོ་བ་མི་ཡི་ལྟ་ཞིབ་ཚོགས་པས་བོད་མི་སྡུག་བསྔལ་དེ་མཐོང་འདོད་མེད་པ་མིན་འགྲོ།དེ་མིན་ན་བོད་དོན་གླེང་བ་ལ་ཁེ་བཟང་གལ་མེད་པ་ཡིན་རྒྱུ་རེད།
ངས་འདི་དག་ལ་རེ་བ་ཆེན་པོ་ཞིག་འདུག་ལབ་གི་མེད། ཡིན་ཡང་། འདི་ཚོས་ཀྱང་བོད་འདི་དེང་སྐབས་གླེང་གི་མི་འདུག་ཅེས་ཐེངས་སྔ་ཕྱི་འགའ་ཤས་ལ་བཤད་པ་ཡིན། འདི་ཅུང་ལྐོག་གྱུར་ཞིག་རེད། འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་རེ་སྐུལ་འདིའི་ནང་དུ་བོད་ཀྱི་གནས་སྟངས་སྐོར་ཚིག་ཟུར་ཙམ་ལ་ཡང་གསལ་མི་འདུག
བོད་དོན་གླེང་མི་དགོས་ཞེས་སྐུལ་མཁན་འདྲ་ནི་ཡོད་ཀྱི་མ་རེད། བོད་མི་རིགས་ལ་དངོས་གནས་དཀའ་ངལ་མེད་སོང་བ་ནི་ཡིན་རྒྱུ་མ་རེད།