མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་བཅོ་ལྔའི་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཆབ་སྲིད་ཀྱི་ལས་དོན་བསྒྲུབ་མཁན་གྱི་ཉེས་མིང་འོག་བོད་རིགས་བུད་མེད་དགེ་རྒན་ལྷ་མོ་སྐྱབས་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་འདུག

བོད་གཞུང་དྲ་རྒྱས་ཕྱི་ཚེས་ ༡༣ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༠༨ ལོར་ཆབ་སྲིད་ཀྱི་ལས་དོན་སྤེལ་བའི་ཉེས་མིང་འོག བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ནག་ཆུ་ས་ཁུལ་གྱི་སློབ་ཆུང་དགེ་རྒན་ཟུར་པ་ལྷ་མོ་སྐྱབས་ལགས་ནག་ཆུ་འབྲི་རུ་རྫོང་ཤག་ཆུ་ཁའི་འབྲོག་གསར་སྒེར་པའི་སློབ་གྲྭ་ཞིག་ནས་རྒྱ་གཞུང་གི་འབྲེལ་ཡོད་གསང་བའི་ལས་ཁུངས་ཀྱི་མི་སྣས་གློ་བུར་བཙན་ཁྲིད་བྱས་ཡོད་པ་དང་། ཐོག་མར་ཁྱིམ་ལ་ཁྲིད་དེ་གང་སར་བསྔོག་བཤེར་བྱས་ཡོད་འདུག་ལ། ཕྱིས་སུ་གཉེན་ཉེ་བུ་མོ་གཉིས་ལ་གསལ་བཤད་ཅི་ཡང་མེད་པའི་ཐོག་ལྷ་ས་གྲོང་ཁྱེར་གསང་ཡིབ་ཁུལ་དུ་ཡོད་པའི་གསང་བའི་ལྟ་སྲུང་ཁང་དུ་ཁྲིད་དེ་བཀག་ཉར་འདྲི་བརྩད་བྱས་ཡོད་འདུག  ལོ་གཉིས་མ་ཟིན་ཙམ་གསང་བའི་ལྟ་སྲུང་ཁང་དུ་བཀག་ཉར་འདྲི་བརྩད་བྱས་རྗེས་ཁྲིམས་ཀྱི་འགྲོ་ལུགས་གང་ཡང་མེད་པར་གསང་བའི་ཐོག་འདི་ལོའི་ཟླ་ ༡ པོའི་ཚེས་མགོ་རུ་ལོ་ ༡༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག   ད་ལྟའི་ཆར་བཙོན་ཁང་གང་དུ་ཡོད་མེད་ཞིབ་ཕྲའི་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ལྷ་མོ་སྐྱབས་ལགས་ནི་ནག་ཆུ་ས་ཁུལ་གྱི་སྙན་པ་ཚང་ཕ་དོན་གྲུབ་ཀྱི་ཁྱིམ་དུ་སྐྱེས་ཤིང་། ཆུང་དུས་ནག་ཆུ་ས་གནས་སློབ་ཆུང་དང་སློབ་འབྲིང་དུ་སློབ་གཉེར་གནང་རྗེས། ནག་ཆུ་ས་ཁུལ་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་ཡོད་པ་དང་། ༡༩༨༢ ལོ་ནས་བཟུང་ནག་ཆུ་ས་གནས་སློབ་ཆུང་དང་པོའི་དགེ་རྒན་གྱི་ཕྱག་ལས་ལོ་ ༢༥ རིང་གནང་ཡོད་པ་དང་།  ༢༠༠༧ ལོར་ལས་བསྒྱུར་ངལ་གསོ་ཞུས་ཡོད་པ་རེད།  ཁོ་མོ་ས་ཁུལ་སློབ་གསོ་ཅུས་དང་ཁྱབ་ཁོངས་སློབ་གྲྭའི་བློ་འདྲིའི་མི་སྣ་གལ་ཆེན་ཞིག་ཡིན་ཞིང་། ལྷག་བསམ་རྣམ་དག་གིས་སློབ་གསོའི་ལས་དོན་ལ་འབད་པ་བྱས་མཁན་ཞིག་ཡིན་སྟབས། ནག་ཆུ་ས་ཁུལ་གྱི་ལས་བྱེད་དང༌མང་ཚོགས། ལྷག་པར་སློབ་མའི་ཕ་མ་དག་གིས་བརྩི་བཀུར་བྱ་ཡུལ་གྱི་མི་སྣ་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 13

  1. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གུས་ཤིང་བརྩེ་བའི་དྲ་གྲོགས་ལགས། ལས་དབང་ལ་འགྱུར་ལྡོག་གཏོང་མི་ཐུབ་པའི་སྐབས་ཤིག་ཡོད་ཤས་ཆེ་ཡང་བདེ་སྡུག་ཚང་མ་ལས་དབང་ལ་སྙད་བཏགས་པ་དང་། སྤྱིར་ལྷ་ཀླུ་ཚང་མ་གཟུགས་མེད་ཅན་དུ་ཁས་ལེན་པ་ནི་ཧ་ཅང་གི་ཐལ་ཆ་ཞིག་རེད། སྐྱིད་སྡུག་ལེགས་ཐམས་ཅད་ལས་དབང་ལས་གྲུབ་པར་འདོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་རྨོངས་དད་ཟང་མར་བསྟན་པ་རེད། སྐབས་རེ་ང་ཚོ་བོད་མི་ཚོས་རྐྱེན་ངན་བྱུང་ཕྱིན་ཆད་ལས་རེད་ཅེས་བཤད་ནས་དེ་ལས་ཐར་ཐབས་སོགས་རྣམ་དཔྱོད་ཀྱི་ནུས་པ་མི་འདོན་པར་ལྷོད་གཤེག་གེར་འདོད་པ་དེ་ཡང་རྨོངས་དད་ཀྱིས་བསླད་པ་ཞིག་རེད།
    གཞན་ཡང་ལྷ་ཀླུ་ཚང་མ་གཟུགས་མེད་ཁམས་ཀྱི་སེམས་ཅན་ཡིན་དོན་ཅི། འདོད་ཁམས་ཀྱི་ལྷ་ཀླུ་ཡང་མེད་དམ། མགོན་པོ་ཕྱག་དུག་ལ་གཟུགས་ཅན་གྱི་ལག་པ་དྲུག་ཀྱང་མེད་དམ། ཁྱེད་ལྟར་ན་གཟུགས་མེད་ཀྱི་ལྷ་ཀླུས་རྐྱེན་ངན་ལས་སྐྱོབས་ཐུབ་ཀྱི་མེད་ན། རྣམ་དཔྱོད་ཅན་གྱི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་འཕགས་བོད་ཀྱི་བསྟན་འཛིན་དམ་པ་ཚོས་མགོན་པོ་ཕྱག་དྲུག་སོགས་སྲུང་མར་མངའ་གསོལ་ནས་འཕྲིན་ལས་བཅོལ་དོན་ཅི།།

    Reply
  3. ནད་པ says:
    ལོ་ 15 སྔོན།

    གུས་པར་བཀུར་བའི་དྲ་གྲོགས་ཤེལ་དཀར་ལགས། སྔོན་སྟོན་པས་ཉམས་ཐག་སེམས་ཅན་ཞིག་གི་ཚེ་སྲོག་མ་སྐྱོབས་པ་ཡིན་ཟེར་ན་རང་ཅག་གངས་ལྗོངས་ཆོས་ལྡན་ཞིང་གི་བོད་རིགས་ནང་པ་རྣམས་ཀྱིས་སྟོན་པ་བླ་ན་མེད་པ་དེའི་བྱམས་བརྩེའི་ཡོན་ཏན་གྱི་ཆ་ཤས་ཙམ་ཡང་ཤེས་མེད་པའི་རྟགས་ལས་གཞན་ཅི་ཡིན།

    ཉིད་ཀྱིས་གསུངས་པ་ལྟར་སྨྲ་བ་ཟླ་མེད་ཀྱི་འགྲོ་བའི་འདྲེན་པ་ཆེན་པོ་སྟོན་པ་བླ་ན་མེད་པ་སངས་རྒྱས་ཀྱིས་ཀྱང་སེམས་ཅན་གྱི་ལས་དབང་ལ་འགྱུར་ལྡོག་གཏོང་མི་ནུས་ན་གཟུགས་མེད་ཁམས་ཀྱི་སེམས་ཅན་ལྷ་ཀླུ་ཆོས་སྐྱོང་སྲུང་མ་སོགས་ཀྱིས་དེ་བས་ག་ལ་སྐྱོབ་ཐུབ་བམ།

    དེས་ན་ང་ཚོས་སངས་རྒྱས་ཀྱིས་གསུང་ལ་ཤེས་ནས་དད་པ་ཐོབ་ཞིག་བྱེད་དགོས། དེ་བྱུང་ན་ལས་འབྲས་ཟེར་བ་དེར་ངེས་ཤེས་སྐྱེ་ངེས་རེད། ལས་འབྲས་ལ་ངེས་པ་སྐྱེས་ཐུབ་ན་ནང་སངས་རྒྱས་པ་ཚད་ལྡན་ཞིག་ཆགས་ཐུབ།

    ནང་པ་སངས་རྒྱས་པ་ཚད་ལྡན་ཞིག་ཆགས་ཐུབ་ན་དེ་ནི་ཚན་རིག་དང་མཐུན་པ་ཡིན་ཏེ་མངོན་སུམ་གྱི་མྱོང་བ་དང་། མངོན་གྱི་ཚད་མ། ད་དུང་ལུང་ཚད་མ་བཅས་ཀྱིས་སྒོ་ནས་ཆོས་དང་བྱུང་བ་ཐམས་ཅད་ལ་རྣམ་དཔྱོད་ཀྱི་བློ་ཡིས་ཐེ་ཚོམ་གཅོད་ནུས།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ལོ་རྒྱུས་ཚད་ལྡན་ཞེས་བཅོས་རོགས།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དྲ་གྲོགས་ནད་པའི་མིང་ཅན་ལགས།
    སྐུ་ཉིད་ཀྱིས་ལོ་རྒྱུས་ལྡན་པའི་སྒྲུབ་བྱེད་མང་དག་ཅིག་གསུངས་འདུག འོན་ཀྱང་ད་དུང་བཀའ་འདྲི་ཞུ་རྒྱུར། སྔོན་སྟོན་པ་སངས་རྒྱས་ཞལ་ཞུགས་དུས་སུ་མཉམ་ཐག་སེམས་ཅན་གཅིག་སྟོན་པ་སངས་རྒྱས་བཅོམ་ལྡན་གྱིས་རང་ཉིད་ཀྱི་ལྷུང་གཟེད་ནང་སྦས་ཀྱང་ཤན་པས་སྲོག་འཕྲོག་པའི་ལོ་རྒྱུས་ཚད་ཡོངས་སུ་གྲགས་པ་དེ་ཁྱེད་ཉིད་མཁྱེན་ངེས་རེད། མཉམ་ཐག་སེམས་ཅན་དེ་སངས་རྒྱས་ཀྱིས་མ་སྐྱབས་པ་ཡིན་ནམ། ཡང་ན་སྐྱབས་མ་ཐུབ་པ་ཡིན།
    ཡང་ན་གཞན་ཞིག་གི་ལན་པ་ཡིན་ནམ།།

    Reply
  6. karma dorje says:
    ལོ་ 15 སྔོན།

    རྒྱ་མི་མ་རབས་ཀྱིས། བོད་མི་ཡ་རབས་ལ་དཀའ་ངལ་སྤྲོད་སྟངས་འདི་རིགས་ཐབས་སྐྱོ་བ་ལགས།

    Reply
  7. ནད་པ says:
    ལོ་ 15 སྔོན།

    ཤེལ་དཀར་བློ་བཟང་ལགས། དགོངས་པ་ཡག་པོ་ཞིག་བཞེད་དང་། སངས་རྒྱས་ཤྰ་ཀྱ་ཐུབ་པའི་བསྟན་པ་དར་སའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མགོན་པོ་ཀླུ་སྒྲུབ་ཀྱི་གཙོས་པའི་ས་ཐོབ་འཕགས་པའི་གང་ཟག་ཆེན་པོ་མང་པོ་དང་། པཎཆེན་དང་། དགེ་འདུན་འདུས་པ་རྒྱ་མཚོ་བཞུགས་སའི་བསྟི་གནས་ཆེན་པོ་དཔལ་ཎལེན་ཌ་ཟེར་བ་དེ་ཡང་ཕྱག་དྲུག་ཡོད་པའི་མགོན་པོ་ཕྱག་དྲུག་གིས་སྐྱབས་མ་ཐུབ་པར་ད་ཆ་ཁང་ཤུལ་གད་རོ་ཙམ་ལས་ལྷག་མེད་པ་འདི་གཟུགས་ཅན་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་སུམ་མཐོང་ཆོས་སུ་གྱུར་པ་དེ་གཅིག་རེད།

    ཕྱི་ལོ་ ༡༩༤༩། ༡༠།༠༡ ཉིན་མའོ་ཙེ་ཏུ་གིས་རྒྱ་ནག་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས་སུ་བོད་དེ་བཅིངས་གྲོལ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་བ་རེད། སྐབས་དེར་བོད་ལྗོངས་ལྷ་མི་ཡོངས་ཀྱི་མ་གོ་མ་ཐོས་མེད་པར་གྱུར་ཡོད།
    ༡༩༥༠ ནས་༡༩༥༩ བར་ཁྱོན་ལོ་ ༩་ཙམ་རིང་རྒྱ་མིས་རིམ་པས་བཙན་འཛུལ་བྱས་པ་རེད།

    ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཤོར་བ་མ་ཟད་ཐ་ན་ཕྱི་ལོ་ ༡༩༦༦ ལོར་མའོ་ཡིས་རིག་གནས་གསར་བརྗེ་ཆེན་པོ་བསྐུལ་སློང་བྱས་ནས་ ༡༩༧༦ བར་ཁྱོན་ལོ་ ༡༠ ནང་བོད་དུ་ཡོད་པའི་གཞིས་ཀ་དང་། བླ་ཆེན། མི་དྲག གྲྭ་བཙུན། དགོན་སྡེ་དང་། ལྷ་ཁང་། སྐུ་བརྙན། གསུང་རབ། ཐང་ཀ་སོགས་རྩ་གཏོར་དུ་བཏང་བ་རེད། སྐབས་དེ་དུས་དཔལ་ལྡན་ལྷ་མོ་རང་ཉིད་བཞུགས་སའི་ཇོ་ཁང་གཏོར་བཤིག་བཏང་ཡོད་པ་མ་ཟད་གནས་ཆུང་ཆོས་རྒྱལ་ཟེར་བ་དེ་བཞུགས་སའི་འབྲས་སྤུངས་དང་གནས་ཆུང་དགོན་པ་ཡང་གཏོར་བཤིག་ཚད་མེད་བཏང་ཡོད་པ་དེ་གཉིས་རེད།

    གངས་ཅན་པས་གནའ་དུས་ནས་བཟུང་ ༡༩༥༩ བར་བོད་དེ་ལྷ་དང་བླ་མའི་གདན་ས་ཡིན་པ་མ་ཟད་བོད་སྐྱོངས་བསྟན་མ་ ༡༢ གཉིས་ཀྱིས་བོད་ཡུལ་འདི་ལྷ་ཀླུ་ཆོས་སྐྱོང་སྲུང་མས་སྐྱོབས་ཐུབ་ཀྱི་ཡོད་པའི་ཡིད་ཆེས་བྱས་ཡོད་པ་དེ་གསུམ་རེད།

    སངས་རྒྱས་ཀྱི་ཆོས་ཚུལ་ཟམ་མོ་དེར་ཤེས་ནས་དད་པ་མ་ཐོབ་པར་རྨོངས་དད་ཀྱིས་ལས་འབྲས་གོ་འཛོལ་དུ་སོང་བས་ད་ལྟའི་ཁ་ཐབས་སྡུག་པོ་འདི་འདྲ་ཞིག་བྱུང་བ་རེད། གལ་སྲིད་བོད་ལྗོངས་སྐྱོངས་བའི་ལྷ་ཀླུ་ཚོར་གཅིག་བྱེད་རྒྱུ་ཡོད་ན་བྱེད་དགོས་ཚོད་རེད་མོས་དེ་ལས་ལྡོག་ཏེ་རྒྱ་ནག་གི་མགོ་འཁྲིད་མའོ་ཙེ་ཏུང་གི་བསམ་དོན་ལྷུན་གྲུབ་བྱུང་ཡོད་ལ་ལོ་ ༨༣ བསྡད་པ་རེད།

    དེ་བཞིན་ཏིང་ཞའོ་ཕིན་ལ་མཚོན་ན་གང་བསམ་ཡིད་བཞིན་འགྲུབ་ནས་ལོ ༩༠ ཙམ་བསྡད་པ་རེད། དེ་རྗེས་ཅང་ཙེ་མིན་ལ་བལྟས་ན་ཤི་རྒྱུ་མེད་ཁར་ད་དུང་གྲུང་རིག་རིལ་བྱས་ནས་བསྡད་ཡོད། ད་ལྟའི་སྲིད་འཛིན་ཝུ་ཅིན་ཐའོ་ཡང་ལོ་ན་གཞོན་སོ་བསྡོད་ལ་རྒྱ་ནག་ཉིན་བཞིན་ཡར་རྒྱས་འགྲོ་བཞིན་་ཡོད།

    ༢༠༡༢ ལོར་ཞི་བྱེད་ཕིན་དང་ལེ་ཁའ་ཆང་གཉིས་ཀྱིས་མགོ་འཁྲིད་དེ་མི་རབས་ལྔ་པའི་མགོ་འཁྲིད་ཀྱི་ཆོས་མེད་རིང་ལུགས་སྨྲ་བའི་གུང་ཁྲན་ཏང་གི་སྲོག་ཤིང་གི་ལེ་ཚན་ཁ་འབྱེད་འགྱུར་གྲ་སྒྲིག་ཨང་གསར་ངང་བསྡད་བཞིན་པ་དེ་བཞི་རེད།

    ད་དུང་གཟུགས་མེད་ལྷ་འདྲེའི་རིགས་ལ་ཡིད་ཆེས་ནས་བསྡད་ན་གངས་ཅན་པ་རྣམས་མ་འོངས་པར་གང་འདྲ་ཞིག་ཆགས་ཨེ་ཡོང་ཁྱེད་རང་བསམ་བློ་གཏོང་། བརྟག་དཔྱད་བྱོས། དེ་ནས་ངེས་ཤེས་བརྙེད་ཀྱི་རེད།

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ཨ་ལས་མཁྱེན་མཚར། ཁྱེད་ཀྱིས་གསུང་སྟངས་ལ་གཞིགས་ན་མགོན་པོ་ཕྱག་དྲུག་ལ་ལག་པ་དྲུག་ཡོད་ཀྱང་གཟུགས་མེད་ཡིན་པ་རེད། དཔལ་ལྡན་ལྷ་མོ་དྲེལ་ལ་བཞོན་ཀྱང་གཟུགས་མེད་རེད། དེ་བཞིན་གནས་ཆུང་ཆོས་རྒྱལ།
    གལ་སྲིད་དེ་ཚོས་ང་ཚོ་བོད་མིའི་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུ་ཅི་ཡང་མེད་ན་རང་ཅག་གངས་ཅན་པ་རྣམས་ཀྱིས་དུས་ཐོག་མ་མེད་པ་ནས་ད་ལྟ་བར་དུ་ལྷ་གསོལ་ཀླུ་གསོལ་བྱས་པ་ཅི་ཡིས་ནོངས་པ་རེད།

    Reply
  9. ནད་པ says:
    ལོ་ 15 སྔོན།

    ཤེལ་དཀར་བློ་བཟང་ལགས། ལྷ་ཀླུ་སོགས་གཟུགས་མེད་ཀྱིས་གཟུགས་ཅན་མིའི་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུ་ཅི་ཡང་མེད་པ་ང་ཚོར་ ༡༩༥༠ ནས་༢༠༡༠ བར་གྱི་དུས་ཀྱི་འཁོར་མོའི་ནང་ཆོས་ཉིད་ཀྱིས་བདེན་དཔང་དང་ངོ་སྤྲོད་བྱས་ཡོད།

    རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་དང་སྤྱི་ཚོགས་ཁྲོད་བྱས་རྗེས་གང་ཙམ་འཇོག་མཁན་གྱི་བོད་རིགས་འདི་ཚོར་དོ་སྣང་ཆེན་པོས་གནས་ཚུལ་ལ་རྒྱུས་ལེན་བྱས་ཏེ་མཐར་བོད་རིགས་ཁོང་དང་འདྲ་བ་རྣམས་མུན་ནག་གི་བཙོན་དུ་བཅུག་ནས་ཅི་ཡང་མཐོང་ཐོས་མེད་པའི་གནས་སུ་གྱར་དུ་བཅུག་གི་ཡོད།

    ང་ཚོས་ཀྱང་གངས་ཅན་ལ་བཀའ་དྲིན་ཆེ་བའི་བོད་མི་ཁོང་རྣམས་པའི་མཛད་རྗེས་དང་ལྷག་བསམ་དྭངང་མོ་འདི་དག་རིན་ཐང་ཆེ་བའི་རྩ་ཆེའི་བོད་ཀྱི་ནོར་བུ་ཞིག་ཡིན་པ་དང་། ནོར་བུ་ཁོང་རྣམས་ཀྱི་གོང་ཐང་དེ་འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ངེས་པར་དུ་གོ་ཐུབ་པ་དང་། ཤེས་ཐུབ་པ། གླེང་ཐུབ་པ། མཐོང་ཐུབ་པ་བཅས་བཟོ་རྒྱུ་དེ་གཟུགས་ཅན་ང་ཚོས་གཟུགས་མེད་ཀྱི་ལྷ་འདྲེ་ལས་ལྷག་པ་ཞིག་བཟོ་རྒྱུ་དང་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ངོ་མ་དེ་ཡིན།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན། ཁོང་གི་མིང་ལྷ་མོ་སྐྱབས་དང་སྐྱིད་ག་རེ་ཡིན་རུང་ང་ཚོ་དང་ཤ་ཁྲག་གཅིག་པའི་བོདརིགས་སྤུན་ཟླ་ཞིག་ཡིན་པ་སྨྲོས་མེད་རེད་འདུག མི་ལོ་༡༥ཟེར་དུས་མིའི་མི་ཚེའི་ནང་དུས་ཐུང་ཐུང་ཞིག་རྩ་བ་ནས་མ་རེད། གལ་སྲིད་ཁོ་མོའི་བཙོན་འཇུག་གི་དུས་བཀག་དེ་ལྟ་བུ་ཞིག་ཕྲན་གྱི་སྟེང་ལ་བབས་ན་ཧ་ལམ་སྙིང་གི་ན་ཚ་བཟོ་རྒྱུ་གཏན་འཁེལ་རེད། སྙིང་རྗེ། ཉེས་མེད་ཀྱི་བུད་མེད་འདི་ལྟ་བུར་མགོན་སྐྱབས་གནང་ཐུབ་མཁན་གྱི་མི་དྲག་དཔོན་ཆེན་དང་ལྷ་ཀླུ་ཞི་བདག་ལ་སོགས་པ་ཨེ་ཡོད།
    ཁོང་ཙམ་དུ་མ་ཟད་ཁོང་གི་བཟའ་མི་བུ་ཕྲུག་རྣམས་སྡུག་བསྔལ་དང་། དྲན་གདུང་གིས་བཟོད་བརླག་མེད་པ་གཏན་འཁེལ་རེད།

    ལྷ་ཆེན་དཔོན་ཆེན་སྟོབས་ལྡན་ཁྱེད་རྣམས་ཀྱིས།།
    སྙིགས་མའི་དུས་ཀྱི་ངན་སྤྱོད་མ་གཟིགས་སམ།།
    ངན་སོང་རྒྱུ་འབྲས་སྒྲུབ་པ་མ་གཟིགས་སམ།།
    སྡུག་བསྔལ་རྦ་ཀློང་འཁྲུགས་པ་མ་མཁྱེན་ནམ།།

    ནུས་མཐུ་དཔག་མེད་མངའ་བ་མ་ལགས་སམ།།
    ལྷ་ཚོགས་འགྲོ་དོན་མཛད་པ་མ་ཕྱིས་སམ།།
    འཁོར་བའི་གནས་སུ་སྡུག་བསྔལ་མྱང་མྱང་ནས།།
    ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེ།།
    ལྷ་ཚོགས་འཕྲིན་ལས་ཅི་འཚལ་དོན་མ་མཆིས།།

    Reply
  11. ནད་པ says:
    ལོ་ 15 སྔོན།

    གངས་ཅན་བོད་རིགས་ཀྱི་ལས་དབང་དང་། ལྷག་ཏུ་བོད་ཀྱི་སློབ་གསོའི་བྱ་བཞག་ཐད་རང་གིས་ཡུན་རིང་སྦྱང་བའི་ཤེས་ཡོན་དག་ལྷག་བསམ་རྣམ་དག་གིས་མི་ལོ་ ༢༥ རིང་ཞབས་འདེགས་དང་ལེགས་སྐྱེས་ཆེན་པོ་འདི་འདྲ་འབུལ་མཁན་གྱི་དགེ་རྒན་ཡགམཔོ་ལྷ་མོ་ལགས་ཀྱི་མཛད་རྗེས་ལ་ངས་བཅོས་མིན་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་དང་རྗེས་སུ་ཡི་རངས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད།

    ཁོང་གིས་ཡུན་རིང་བོད་ཀྱི་ཤེས་ཡོན་སློབ་གསོར་མཐོང་ཆེན་གནང་སྟེ་མཛད་རྗེས་ཆེན་པོ་བཞག་གནང་ཡོད་པ་འདི་དངོས་གནས་ལས་སླ་པོ་ཞིག་གཏན་ནས་མ་རེད།
    ཁོང་དང་འདྲ་བར་མི་རིགས་ཀྱི་ལས་དབང་སྤྱི་དང་། སྒོས་སུ་བོད་ཀྱི་ཤེས་ཡོན་ཀྱི་སློབ་གསོར་བྱ་བཞག་ཆེན་པོ་སྒྲུབ་མཁན་གྱི་སྐྱེ་་བོ་ཕོ་མོ་རྣམས་ནི་བོད་མི་རིགས་ཀྱི་ཆེས་རྩ་ཆེའི་ནོར་བུ་རང་ཡིན།

    རིན་ཐང་ཆེ་བའི་ཁོང་གི་སློབ་གསོའི་བྱ་བཞག་ནི་ཁོང་རང་ཉིད་ཙམ་མ་ཟད་གངས་ཅན་བོད་རིགས་བུ་མོ་ཚོའི་རྒྱན་ཆ་བཟང་པོ་ཞིག་ཀྱང་ཡིན་པར་བརྩི་ཆོག

    ངས་དྲ་ཐོགས་འདིར་བཞུགས་གར་རྡ་སར་ཡོད་པའི་གཞུང་སྒེར་ཚོགས་པ་སྤྱི་དང་ལྷག་ཏུ་བོད་ཀྱི་བུད་མེད་ཚོགས་པས་སྣེ་འཁྲིད་བྱས་ཏེ་སྤྱི་སྒེར་ཚང་མས་ཁོང་ཉིད་གང་མགྱོགས་གློད་གྲོལ་ཡོང་སླད་སྐད་འབོད་དང་སྦྲགས་འཛམ་གླིང་རྒྱལ་སྤྱིར་འབོད་བསྐུལ་ཞུ་དགོས་པའི་རེ་བསྐུལ་ནན་མོ་ཞུ་རྒྱུ་གལ་ཆེ་ཡིན།

    Reply
  12. ཡུས་ཞུན། says:
    ལོ་ 15 སྔོན།

    གནམ་ལྕགས་འདི་གཅིག་མགྱོགས་གི་ར།

    Reply
  13. གནམ་ལྕགས། says:
    ལོ་ 15 སྔོན།

    བུད་མེད་འདིའི་མིང་ལ་ལྷ་མོ་སྐྱབས་ཨེ་ཡིན་ནམ། ངས་བལྟས་ན་ལྷ་མོ་སྐྱིད་ཡིན་རྒྱུ་རེད། ཕལ་ཆེར་བོད་ཀྱི་རུས་མིང་གི་སྲོལ་རྒྱུན་ནང་དུ་སྐྱབས་ཞེས་པ་དེ་སྐྱེས་པའི་མིང་མཐར་འབྱུང་བ་ཞིག་ཡིན། བོད་གཞུང་དབྱིན་ཡིག་གསར་འགྱུར་དུ་དེ་ལྟར་བཀོད་ཡོད་སྲིད། དཔེར་ན་རང་བདེན་ཚོགས་ཆུང་ནས་ཀྱང་རང་བཙན་ལག་དེབ་སྟེང་དེ་འདྲའི་ཁྱད་མཚར་བའི་མིང་བྲིས་ཡོད་པ་མཐོང་རྒྱུ་འདུག དེའི་རྒྱུ་མཚན་ནི་ཁམས་དང་ཨ་མདོའི་སྐད་ཡང་དག་ཅིག་མ་གོ་བར་དབུས་པ་ཟིན་བྲིས་པ་ཚོས་དེ་ལྟར་བྲིས་ཡོང་གི་འདུག སྣེ་ལེན་ཁང་གིས་ཀྱང་མཁའ་འགྲོ་སྐྱབས་ཟེར་དགོས་སའི་སྐྱེས་པ་ལ་མཁའ་འགྲོ་སྐྱིད་ཅེས་བྲིས་པ་སོགས་ཡོད། དེ་ལྟར་གོ་ནོར་ཐེབས་པ་ཞིག་ཡིན་པ་ཐག་ཆོད་ཡིན།

    ཡིན་ནའང་དེ་གང་ཡིན་ལ་དཔྱད་དགོས་དོན་མེད། དེ་བས་ཁོང་མོར་གདུང་སེམས་མཉམ་སྐྱེད་ཀྱི་བྱེད་རྒྱུ་གལ་ཆེ། ད་ལྟའི་ང་ཚོའི་མི་རིགས་འདིའི་མགོར་ཡོང་རྒྱུ་ཚང་མ་སླེབས་ཡོད་པའི་སྐབས་འདིར་ང་ཚོས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རྒྱུ་གལ་ཆེའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese