མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་མིས་མེ་མདའ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ནས་ཁ་པར་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༥ ཉིན་ཨ་མདོ་བླ་བྲང་ཧོར་གཙང་མར་ཐང་ཞང་། ཡར་ཤུལ་ལུང་པའི་བོད་རིགས་ལམ་བཟོ་བ་ཚོར་རྒྱ་ནག་གི་དམག་མིས་མེ་མདའ་བརྒྱབ་སྟེ། བོད་མི་ ༡༥ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། བོད་མི་ ༤ འཛིན་བཟུང་བྱས་ཡོད་འདུག དེ་ནི་མར་ཐང་ཞང་ཉེ་འཁྲིས་སུ་ཡོད་པའི་༼ ཨ་མདོའི་ཨར་འདམ་བཟོ་གྲྭ ༽ཡིས་ལོ་རེ་ནས་ལོ་རེར་བཟོ་གྲྭ་རྒྱ་བསྐྱེད་དེ། ཡར་ཤུལ་ལུང་པར་འགྲོ་སའི་ལམ་ཁ་བཀག་ཡོད་སྟབས། ཉེ་ཆར་ཡར་ཤུལ་ལུང་པའི་སྡེ་བ་མང་པོ་ཞིག་གིས་མཉམ་རུབ་ཐོག་ལམ་ཁ་དེ་བསྐྱར་བཟོ་བྱེད་མགོ་བཙུགས་ཏེ། ཨར་འདམ་བཟོ་གྲྭའི་རྡོ་བསྐྱལ་རླངས་འཁོར་རིགས་བཀག་འགོག་བྱས་ཡོད་སྟབས། ཨར་འདམ་བཟོ་གྲྭའི་མགོ་ཁྲིད་དང་མར་ཐང་ཞང་སྲིད་གཞུང་གི་ལས་བྱེད། དེ་བཞིན་རྫོང་གི་ཉེན་རྟོག་པ་སོགས་ཡོང་སྟེ་འཇིགས་སྐུལ་དང་རྣམ་འགྱུར་ངན་པ་བསྟན་མིན་ལ་མ་ལྟོས་པར་མང་ཚོགས་ཀྱིས་མུ་མཐུད་ལམ་ཁ་བཀག་འགོག་བྱས་ཡོད་སྟབས། མཐར་བསང་ཆུ་རྫོང་གི་རྫོང་དཔོན་གཞོན་པ་ཡོང་སྟེ། སྐར་མ་ ༡༥ ནང་མང་ཚོགས་ཀྱིས་ལམ་ཁ་མ་སྤྲད་པ་ཡིན་ན། དྲག་གནོན་བྱ་རྒྱུ་ཡིན་པའི་མཐའ་ཚིག་བསྒྲགས་ཡོད་འདུག དེའི་རྗེས་ས་གནས་བོད་རིགས་ལམ་བཟོ་བ་ཕྱིར་འཐེན་བྱེད་ཀྱིན་ཡོད་ན་ཡང་། དེ་མ་ཐག་དྲག་ཆས་དམག་མི་མང་པོ་ཡོང་སྟེ། བོད་རིགས་ལམ་བཟོ་བའི་ཁྲོད་གང་བྱུང་དུ་མེ་མདའ་བརྒྱབ་སྟེ་གནད་དོན་དེ་བྱུང་ཡོད་འདུག གོང་གི་གནས་ཚུལ་དེའི་སྐོར་གྱི་པར་དང་ཞུ་གཏུགས་ཡིག་ཆ་སོགས་ཞིབ་ཕྲའི་གནས་ཚུལ་རྗེས་ནས་འགོད་རྒྱུ་ཡིན།

 

༼ ཨ་མདོའི་ཨར་འདམ་བཟོ་གྲྭ ༽ ཟེར་བ་དེར་བཟོ་པ་དྲུག་བརྒྱ་ཡས་མས་ཡོད་པའི་ཨར་འདམ་བཟོ་གྲྭ་ཆེན་པོ་ཞིག་ཡིན་ཞིང་། བཟོ་གྲྭ་དེའི་དུ་བ་དང་ས་རྡུལ། དུག་རླངས་སོགས་ཀྱིས་ཧོར་གཙང་ས་ཁུལ་གྱི་རྩྭ་ས་དང་ཞིང་ཁ། ནགས་ཚལ། རྒྱུག་ཆུ། མི་ཕྱུགས་ཡོངས་ལ་གོད་ཆག་ཚབས་ཆེན་འབྱུང་བཞིན་ཡོད་པ་མ་ཟད། བཟོ་གྲྭའི་བཟོ་ལས་པ་དང་ཉེ་འཁོར་གྱི་བོད་རིགས་ཚོའི་བར་འཁྲུག་འཛིང་ཡང་ཡང་ཤོར་བཞིན་ཡོད། ༢༠༠༨ ལོར་བཟོ་གྲྭ་དེའི་བཟོ་བ་དང་ཧོར་གཙང་འོལ་བསེ་སྡེ་བའི་བར་འཁྲུག་འཛིང་བྱུང་སྟེ། མཚོན་ཆ་དང་དྲག་ཆས་ཐོགས་པའི་བཟོ་བ་ ༣༠༠ ཡས་མས་ཀྱིས་འོལ་བསེ་སྡེ་བའི་མང་ཚོགས་ ༤༠ ལྷག་ལ་ཉེས་རྡུང་བཏང་ཞིང་། དེའི་ཁྲོད་ཀྱི་བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ། དུས་ཡུན་རིང་པོར་སྨན་ཁང་ནས་སྡོད་དགོས་བྱུང་ཡོད། བཟོ་གྲྭ་དེ་མར་ཐང་ཞང་སྲིད་གཞུང་དང་རྫོང་། ཁུལ་བཅས་ཀྱི་མགོ་ཁྲིད་དག་དང་ངན་འབྲེལ་བྱས་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་གོང་རིམ་ལ་དཀའ་ངལ་ཞུ་གཏུགས་ཡང་ཡང་བྱས་ཡོད་ཀྱང་གྲུབ་འབྲས་སོན་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 29

  1. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    ཁོག་ན་སྙིང་དང་སྙིང་ལ་ཁྲག་ཡོད་མཁན་ཞིག་ཡིན་ཕྱིན་ཆོལ་ཁ་ཆོས་ལུགས་ཀྱི་སྐད་འཆལ་དྲ་ངོས་འཁྱེར་མི་སྲིད་པར་འདོད། འོན་ཀྱང་འཁྲུངས་སྐར་ཟེར་བ་ཞིག་གིས་ཨ་མདོའི་དུས་བབ་ལས་ཨ་མདོའི་གནས་ཚུལ་ཐོན་གྱིན་འདུག་ཅེས་ཟུར་ཟའི་ཚིག་ངན་ཞིག་དྲ་ངོས་འདིར་སླེབས་སོང་། དེ་ལྟར་སྨྲ་བ་པོ་དེའི་བསམ་བློ་ནང་དྭོགས་པ་དེ་འདྲ་བྱུང་ཡོད་དམ། མ་རེད། དྭོགས་པ་དེ་འདྲ་གཏན་ནས་འབྱུང་མི་སྲིད། དུས་བབ་ཚང་གི་ཟིན་བྲིས་པ་དང་། མཆན་འདེབས་པ་པོ་ཆོལ་གསུམ་རིས་སུ་ཕྱེ་བར་གོང་བུ་ཆིག་སྒྲིལ་དུ་བསྐྱོད་དང་སྐྱོད་ཀྱིན་ཡོད་མུས་ཡིན། སྐད་ཆ་དེ་ནི་ཀུན་སློང་མ་དག་པ་དང་། རྒྱབ་ལྗོངས་ངན་པ་ཞིག་ཡོད་པའི་དྭོགས་འཆར་ཡོད།
    ད་དུང་དེའི་རིགས་དྲ་ཐོག་འདིར་ཡོང་ཚེ་ང་ཚོ་ཚང་མས་ནད་ལྟར་སྤང་ཞིང་། དུག་ལྟར་འཛེམས་ངེས་ཡིན།

    Reply
  2. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་ཐུབ་བསྟན་ལགས། ཁྱེད་རང་མཁས་དབང་ཞིག་གིས་ཡིག་ནོར་འདི་འདྲ་བྲིས་ན་ང་ཚོ་ངོ་ཚ་གི་འདུག ཐིག་ཕྲེང་འགའ་ཤས་ལས་མེད་པའི་མཆན་ཐུང་འདི་ནང་ཡིག་ནོར་གྱིས་རྭ་རྩེ་བརྡར་ཞིང་སྔ་མ་གཡུག་གིན་འདུག ༼ལས་འབྲས་ལགས་ཁྱེད་དོན་ངོ་མ་ཞིག་ཡོད་ན་སྙིང་རྗེ་དང་དྲང་བདེན་གང་ཡང་མེད་པ་ཐབས་སྡུག་པོ་འདི་འདྲའི་བྱེད་དོན་གང་ཡིན། བོད་མི་རྣམས་ཀྱིས་དུས༼་བརྒྱུན༽་༼རྒྱུན་༽དུ་ཁྱེད་ལ་བརྩི་བསྲུངས་དང་ལྷ་བླ་མ་
    ལ་ཕྱག་མཆོད་འབུལ་མདོར་ན་ཡ་༼རབ༽་༼རབས༽སྤྱོད་བཟང་༼ གིས༽༼ གི་༽་ལས་ཤ་སྟག་༼བྱེད༽་རུང། ལས་འབྲས་ལ་བརྩི་བསྲུངས་༼བརྟེན༽༼གཏན ༽་ནས་མི་བྱེད་མཁན་གྱིས་བཙན་མནོན་འོག་ཁོ་ན་བསྡད་དགོས་ཀྱི་འདུག། སླར་ཡང་ཁྱེད་ཀྱིས་དྲང་བདེན་དང་སྙིང་རྗེ་སྤུ་
    ཙམ་ཡང་མ་༼བྱེད་༽ ༼བྱས་༽ཚེ། བོད་མི་རིགས་དང་ཁྱེད་ཀྱི་བར་
    ལམ་ཐག་རིང་དུ་འགྲོ་མི་སྲིད་པའི་ངེས་པ་མེད།༽ ངས་རྭ་རྩེ་དང་སྔ་མ་ལྷན་དུ་སྦྱར་ནས་ས་ལ་བརྡབས་ཡོད། དགོངས་དག་

    Reply
  3. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག

    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱིན་ཡོད་ན་ཡང་། མི་གཟུགས་སུ་ཡོད་པའི་རྒྱ་དམར་ཇག་གཞུང་གིས། རྒྱལ་ཡོངས་མི་དམངས་ལ་ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི་བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་གཏན་ནས་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས་ལ། བློ་སྣ་ཐུང་བའི་རྒྱ་དམར་ཇག་ཚོགས་གིས་རང་བྱས་རང་སྡུག་ཆེན་པོ་མྱོང་ངེས་ཡིན།

    སྙིང་རྗེའི་སྔོན་བརྡ།

    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད།

    གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་ཞིང་འགད་པའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དྲ་གྲོགས་སྒོམ་སྡེ་དོན་འགྲུབ་རྒྱལ་མཚན་དང་གཤེད་མ།ཉི་ཟླའི་མགྲོན་བདག།ཆུ་ཐིག་སྔོན་མོ།ཤེས་རབ།མདུང་རྩེ།ད་དུངཕུན་ཚོགས་དང་གནམ་ལྕགས་ཡོངས་ལ་ཞུ་རྒྱུ།ཁྱོད་རྣམ་པས་དུས་བབས་མདུན་ངོས་སུ༼བཀའ་ཁྲིའི་འོས་མི་གཉིས་དང་སྤྱི་འཐུས་༢༡རྙེད་འདུག༽ཅེས་པའི་ནང་གི་འཁྲུངས་སྐར་གྱི་ཟིན་བྲིས་དང་༼སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ།མཁྱེན་ནམ།དགེ་མདུན་རབ་གསལ༽གྱིས་རྩོམ་ལ་གཟིགས་རོགས་ཤིག་གནང་དང་འཁྲུངས་སྐར་དང་དགེ་མདུན་རབ་གསལ་གཉིས་མི་གཅིག་རེད་དམ།གལ་སྲིད་ཡིན་ན་ཡང་འཁྲུངས་སྐར་གྱིས་མིང་ཐོག་ནས་ཨ་མདོའི་དུས་བབས་དང་ཨ་མདོའི་གསར་འགྱུར་ཟེར་དགོན་དོན་ཅི་ཡིན་ནམ།ང་རང་ལ་ཆགས་བཞག་ན་རབ་གསལ་གྱི་ཞལ་རས་མཇལ་མ་མྱོང་ཡང་ཁོང་ལ་དགའ་ཞེན་ཆེ་པོ་ཡོད་མཁན་ཞིག་ཡིན།གང་ལ་ཞེ་ན་དམངས་གཙོ་གསར་ཤོག་ནས་དུས་བབས་གསར་ཤོག་བར་དཀའ་ལས་ཅི་རྒྱབས་ཡོད་མེད་གསལ་པོ་ཤེས་ཀྱི་ཡོད་ལ་ད་ལྟ་དྲ་ངོས་སུ་མ་ཇལ་རྒྱུ་ཡོད་པ་དེ་ཡང་ཁོང་ཚོས་དཀའ་དྲིན་རེད་བསམ་བཞིན་ཡོད།ཡིན་ནའང་དེ་རིས་འཁྲུངས་སྐར་གྱི་མཆན་དང་དགེ་མདུན་རབ་གསལ་གྱིས་རྩོམ་དེ་གཅིག་པ་མཐོང་ཡོང་དུས་ངོ་མ་བློ་མི་བདེ་བ་ཆགས་སོང་།ཁྱོད་རྣམ་པས་གསལ་བཤད་ཐུབ་བམ།
    གཅིག་བྱེད་ན་ཁྱོད་ཚོ་ཁ་མཐུན་གྱིས་གཏམ་དེ་འདྲ་བཤད་བའང་ཡིན་སྲིད་པའི་དེ་ལ་དགོས་པ་ཞིག་ཡོད་རྒྱུ་རེད།དེ་ངས་མ་ཤེས་ནས་དེ་ལྟར་ཞུ་བ་ཡིན་པའི་དགོངས་དག་ཞུ།

    Reply
  5. མཁས་དབང་བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ལས་འབྲས་ལགས་ཁྱེད་དོན་ངོ་མ་ཞིག་ཡོད་ན་སྙིང་རྗེ་དང་དྲང་བདེན་གང་ཡང་མེད་པ་ཐབས་སྡུག་པོ་འདི་འདྲའི་བྱེད་དོན་གང་ཡིན། བོད་མི་རྣམས་ཀྱིས་དུས་བརྒྱུན་དུ་ཁྱེད་ལ་བརྩི་བསྲུངས་དང་ལྷ་བླ་མ་
    ལ་ཕྱག་མཆོད་འབུལ་མདོར་ན་ཡ་རབ་སྤྱོད་བཟང་གིས་ལས་ཤ་སྟག་བྱེད་རུང། ལས་འབྲས་ལ་བརྩི་བསྲུངས་བརྟེན་ནས་མི་བྱེད་མཁན་གྱིས་བཙན་མནོན་འོག་ཁོ་ན་བསྡད་དགོས་ཀྱི་འདུག། སླར་ཡང་ཁྱེད་ཀྱིས་དྲང་བདེན་དང་སྙིང་རྗེ་སྤུ་
    ཙམ་ཡང་མ་བྱེད་ཚེ། བོད་མི་རིགས་དང་ཁྱེད་ཀྱི་བར་
    ལམ་ཐག་རིང་དུ་འགྲོ་མི་སྲིད་པའི་ངེས་པ་མེད།

    Reply
  6. གནམ་ལྕགས། says:
    ལོ་ 15 སྔོན།

    དྲ་གྲོགས་ཕུན་ཚོགས་ཀྱིས་བཤད་པ་བཞིན། དུས་ཚོད་འདི་འདྲའི་སྐབས་སུ་ད་དུང་ཚོས་འདི་འདྲ་རྐྱང་བྱས་པའི་སྟབས་ཀྱིས་ང་ཚོ་ལས་སླ་བོར་གཞན་གྱིས་ཁྱུར་མིད་བཏང་བ་རེད།

    འདི་འདྲ་བྱེད་པ་ནི་གཞན་གྱིས་བརྙས་བཅོས་དང་ཁྱུར་མིད་གཏོང་བར་ལག་ཆ་སྤྲོད་པ་དང་མཚུངས།

    Reply
  7. ཕུན་ཚོགས ། says:
    ལོ་ 15 སྔོན།

    གནས་བབ་འདི་འདྲའི་ཐབས་སྡུག་ཏུ་གྱུར་བའི་སྒང་འདིར།ཆོལ་ཁའི་ཕྱོགས་ཞེན་གྱི་སྐད་ཆ་བཙོག་པ་བཤད་པ་ནི་གནས་བབ་འདི་ལས་ཀྱང་ཐབས་སྡུག་པ་ཞིག་ཡིན་པ་མ་ཡིན་ནམ།

    རྒྱ་ནག་གིས་དབང་ཡོད་དང་ཐུབ་ཚོད་ཀྱིས་མི་མང་ཉམ་ཆུང་འདི་ཚོར་བརྙེས་བཅོས་ཚད་མེད་བྱས་མཐར།འཛིན་རྒྱུ་ཐམས་ཅད་བཟུང་།རྨས་རྒྱོ་ཐམས་ཅད་རྨས་ཚར་བའི་ཤུལ་དུ་བྱིས་པ་དང་བུ་མེད་ཉམ་ཐག་པ་ཚོའི་ངུ་སྐད་ཀྱིས་ལུང་ཁུག་ཆུང་ཆུང་འདིར་ཡོངས་སུ་ཁེངས་པའི་སྐབས་འདིར།ཁྱོད་ཚོརའདི་ལྟར་ཆོལ་ཁུངས་ཀྱི་ཕྱོགས་ཞེན་ཁྱེར་སའི་རྩོད་གཞི་ཞིག་ཏུ་འགྱུར་གི་ཡོད་པ་ནི་ངོ་མ་ངུ་རྒྱུ་ཡོང་བའི་བྱ་སྤྱོད་ཅིག་ཏུ་འཁུམས་སོ།

    Reply
  8. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    འཁྲུངས་སྐར་དང་དགེ་འདུན་རབ་གསལ་གཉིས་མི་གཅིག་མ་རེད་དམ།
    ད་རྒྱ་གཞུང་གིས་དཔོན་ངན་དེ་ཚོས་མི་བཞག་ཐག་ཆད་པ་འདྲ།གཞིས་ལུས་བོད་མི་ཚོ་སྙིང་རྗེ་ཡག་ཅིག་རེད།ཅོ་རི་ཉི་མས་གསུངས་ལྟར་དཔ་བོ་ཡིན་མདོག་མ་བྱེད་རོགས།སོ་སོའི་སྲོག་དེ་གལ་ཆེན་པོ་རེད།

    Reply
  10. karma dorje says:
    ལོ་ 15 སྔོན།

    ལོ་རབས་ཉི་ཤུའི་རྗེས་ལ། །
    བོད་ཀྱིས་རྒྱ་ལ་ཕན་པ། །
    ལྔ་བཅུ་ང་གྲངས་དུས་སུ། །
    མྰ་འོ་རང་གིས་བཤད་ཡོད། །

    ད་ལྟ་རྒྱ་ནག་ཕྱུག་པ། །
    བོད་ཀྱི་གཏེར་ཁའི་དྲིན་རེད། །
    གཏེར་ཁའི་བདག་པོ་བོད་མིར། །
    བརྡུང་བརྡེག་གཏང་བ་འོས་སམ། །

    Reply
  11. མགོ་རུལ། says:
    ལོ་ 15 སྔོན།

    ཉིན་འགའི་སྔོན་ནས་བོད་ནང་གི་མཆོད་མེ་དྲ་ཚིགས་སྒོ་ཕྱེ་ཐུབ་ཀི་མི་འདུག་པས། རྒྱ་རོ་ཚང་གིས་ཅིག་བྱས་པ་ཡིན་ས་རེད།

    Reply
  12. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

     
     ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན།   ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
      
     ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས།   བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས། 

    ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་  སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།

    དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
       
                                     
                                           ྄྄
                                     

     

    Reply
  13. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཡ།
    དྲ་གྲོགས་མཁྱེན་ལྡན་ཡོངས་ནས་གུས་ལ་བཀའ་བཀྱོན་དང་ཚིག་གོང་མང་པོ་ཞིག་གནང་འདུག་པའི་དང་པོ་གུས་ནས་ལྷན་རྒྱས་ལ་སྙིང་ནས་དགོངས་དག་ཞུ། དེ་ཡང་ཁྱེད་རྣམས་པའི་བོད་སྤྱི་པའི་དོན་ཞིག་འགྲུབ་ཕྱིར་གསུང་བ་ཡིན་ངེས་ལ་ང་དགའ་བ་བླ་མེད་འཕེལ།

    ད་ནི་ཡར་བྱུག་གི་ཚིག་ནི་ངའི་མི་ཤེས།
    ང་ནི་ཁ་ཐུག་གིས་ཐོག་ནས་སྤྱི་ཚོགས་གིས་མི་ཤེས་པ་རྣམས་གསལ་སྟོན་བྱེད་ན་བསམ་ཡང་དེ་ཚོ་ང་ཡི་སྙན་པོ་ཞིག་བྲིས་མི་ཤེས་སྟབས་དེ་འདྲ་ནོར་བ་རེད་།
    ནོར་བ་དེ་ཡོ་སྲོང་བྱེད་མཁན་ང་བཞིན་འོ་ཚང་བོད་ལ་ཡོད་པའི་རེ་བ་ཡོད།
    གཞུང་རྒྱུ་དང་གཞུང་གི་ཚོགས་བ། གཞུང་གིས་མིང་། མི་དམངས་བེད་སྤྱོད་བྱེད་མཁན་ནི་ང་ལས་ཚབ་མི་ཆེ་བ་གསལ།
    དེ་ནི་ད་རུང་ཡང་བོད་དམངས་འདི་ཚོ་ཙམ་མ་ཡིན་པ་སྨྱུག་འཛིན་པ་ཚོ་ཀྱང་མགོ་རུལ་ནས་བསྡད་ཡོད་པ་ངེས་པའི་དེ་ནི་ཡིད་སྐྱོ་བའི་གནས་ལུགས་ཡིན།
    ད་མང་པོ་མི་ཞུ།
    དགོས་པ་ཆེ་མི་མཐོང་། དེ་ལས་ཚར་གཏམ་འགའ་ཞིག་བྲིས་དགོས་སམ།
    ཡིན་ན་ཡང་མིག་མཐོང་ལག་ཟིན་བྱུང་བཞིན་དུ་ད་དུང་ཉམས་མེད་བསྡོད་ཨེ་ཐུབ་མི་ཤེས།

    Reply
  14. karma dorje says:
    ལོ་ 15 སྔོན།

    གཞུང་གིས་མི་མང་ལ་བཙན་ཤེད་བྱས་པ་ཟེར་ན་འདི་འདྲ་ཞིག་ལ་གོ་དགོས།

    Reply
  15. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཨ་ཨ་ བསམ་ཚུལ་གྱི་རྒྱབ་ལྗོངས་ལ་བསམ་བློ་ཡེ་ནས་མ་བཏང་པར་སྟག་མཆོང་ས་ཝ་མཆོང་མཁན་ཚོ་སྙིང་རེ་རྗེ། བོད་ཀྱི་དུས་བབ་ཡིན་ན་བོད་ས་སྤྱི་ཡོངས་ཀྱི་གནས་ཚུལ་འཚོལ་དགོས་པ་ནི་རྩ་བའི་གནད་འགག་ཞིག་རེད། འདི་ནི་ཨ་མདོའི་དུས་བབ་ཀྱང་མ་རེད་ལ་ལུང་རིགས་རྒྱལ་ཁོ་ནར་དབང་བའི་དུས་བབ་ཀྱང་མ་རེད། ང་ནི་ལྡོག་ཕྱོགས་ཀྱི་བསམ་ཚུལ་ཐད་ཀར་བཤད་མཁན་རིགས་ལ་དགའ་པོ་ཡོད། སྨྲ་བརྗོད་རང་དབང་རེད། གལ་ཏེ་སྐྱོན་དང་ནོར་འགྲུལ་རེ་ཡོད་པ་མཐོང་སོང་ན་འཛེམས་བཟོད་མེད་པར་ཐད་ཀར་བཤད་དགོས་པ་རེད། འཁྲུངས་སྐར་ཟེར་བ་དེ་ཡང་མི་ཞིག་ཡིན་པ་རེད། ཁོང་རང་གིས་ཅི་ཞིག་བརྗོད་འདོད་པ་ཁོང་རང་གི་རང་དབང་རེད། ང་ཚོས་ཁ་ཡག་བཤད་མཁན་ཚོའི་ངོ་གདོང་ཁོ་ནར་བལྟ་བའི་དུས་ཚོད་མ་རེད། ང་ཚོས་ལྡོག་ཕྱོགས་སུ་བཤད་མཁན་དག་གི་སྐད་ཆར་རྒྱུ་མཚན་ཡོད་མེད་ཀྱི་ཚན་རིག་གི་བགྲོ་གླེང་བྱ་དགོས་པའི་དུས་ལ་བབ་པ་རེད།

    Reply
  16. སྟག་སྨྱོན། says:
    ལོ་ 15 སྔོན།

    འདི་ལྟར་བཙན་གནོན་ཁུར་ཐབས་མེད་པས། ང་ཚོས་ཀྱང་མཚོན་ཆ་གང་རྙེད་སྤྱད་ནས་རང་སྲོག་རྒྱ་དམག་གི་མཚོན་འོག་ཏུ་མ་ཤོར་སྔོན་ལ་ང་ཉིད་ཀྱི་དགྲ་བོ་ཐག་ཉེ་ཤོས་ཞན་ཏྲང་དང་ཞང་ཏྲང་ལྟ་བུ་བསད་ནས་མ་ཤི་སྔོན་ནས་རོ་སྐྱིན་ལེན་ཐུབ་ན་འགྲིག་འདུག ང་ཚོས་དྲག་སྤྱོད་ལ་བརྟེན་ནས་བོད་རང་བཙན་ལེན་རྒྱུ་དཀའ་ནའང་། རང་ཉིད་ལ་ཐུབ་ཚོད་གཏོང་མཁན་གྱི་དགྲ་བོ་ཐག་ཉེ་ཤོས་རྣམས་གོ་སྐབས་སྒུག་ནས་དགྲ་ཤ་ལེན་ཐུབ་ན་རེད། རང་བཙན་མི་ལོན་ནའང་དགྲ་ཤ་ལེན་ཐུབ་ནའང་འགྲིག་གི་རེད་འདོད། དམིགས་བསལ་བླ་བྲང་གི་དཔོན་ངན་མིང་ཅན་ཁྱི་སྤྱང་འདྲ་བོ་དེ་ཚོར་བཟོ་ལྟ་ཞིག་བཟོ་རན་ཡོད།

    Reply
  17. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    འཁྲུངས་སྐར་ལེགས་སྒེར་སོ་སོའི་ན་ཚ་སྤྱི་ལ་དབྱིག་ནས་དཀྲུགས་ངན་དང་གཏམ་ངན་མ་བྱེད་རོགས་གནང་།སྒོམ་སྡེ་དོན་འགྲུབ་ཀྱི་ཁྱེད་ལ་བསླབ་བྱ་གནང་བ་དེ་ངོས་ཟིན་པར་བྱོས།ཁོང་དངོས་གནས་མི་དྲང་བདེན་ཞིག་ཡིན་པ་ཡིད་ཆེས་ཡོད།ཐུགས་རྗེ་ཆེ།བོད་སྤྱི་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་ཕྱོགས་ཞེན་སོགས་སྤངས་ནས་དྲང་བདེན་གྱི་སྤྱི་སེམས་ཁུར་དགོས་བ་ཞེ་དྲ་གལ་ཆེན་པོ་རེད།

    Reply
  18. སྨྲ་བརྗོད་རང་དབང་། says:
    ལོ་ 15 སྔོན།

    བོད་ནང་གི་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་དང་དཀའ་སྡུག་མཉམ་མྱོང་བྱས་ནས་རང་གི་ཡོད་ཚད་རང་རིགས་ཀྱི་ཆེད་དུ་ཕུལ་ན། ཁྱེད་ཚོས་ད་དུང་ང་བཟང་ཁྱོད་སྡུག་གི་འཁྲིགས་འཛིན་བྱས་ནས་འདུག་རྒྱུ་ཡིན་ནམ།ཅི་འདྲའི་ཡིད་སྐྱོ་བ་ལ།

    Reply
  19. གཤེད་མ། says:
    ལོ་ 15 སྔོན།

    འཁྲུངས་སྐར་ལགས། དེ་འདྲ་མ་གསུང་ན་ཡག་པོ་ཡོད་རེད།
    སྤྱིར་མདོ་སྟོད་མེད་རྒྱ་ནག་དང་ཁ་ཐག་ཉེ་ཞིང་བཟོ་གྲྭའི་ཁོར་ཡུག་འབག་བཙོག་གི་བྱ་འགུལ་ཐད་བོད་ས་ཡོངས་ཀྱི་བརྒྱ་ཆ་གོ་དགུ་ཟིན་ཡོད་རེད།
    དེ་མིན་བོད་མི་རིགས་རྩམ་ཟན་སུ་དང་སུ་ཡིས་མི་རིགས་གཞན་གྱི་གཉན་ནོན་འོག་མྱོང་བའི་གནས་བབ་ཅི་ཞིག་ཡིན་ནེའང་ས་ཆ་དང་དོན་རྐྱེན། དུས་ཚེས་སོགས་ཁ་གསལ་ཁུར་ཤོག་དང་སྐབས་དེར་དྲ་ངོས་འདི་ཚང་གིས་མ་བཀོད་ན་བོད་ཀྱི་དུས་བབ་མ་རེད། གཞན་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་མ་འབུད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།
    མི་ལུས་བླང་ཀྱང་ཆིག་སྒྲིལ་ཐད་ནས་འགོང་པོ་སྡེ་དགུའི་ཕྱག་ལས་གནང་ན་རང་གཞན་གཉིས་ཕོངས་ཀྱི་ལས་ཉག་གཅིག་ལས་མ་འདས། བསྐྱར་དུ་ཐུགས་ལ་ཟུངས་ཞེས་ཞུ་འདོད་བྱུང་།

    Reply
  20. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    ཡ་ཨ་རོགས། འཁྲུངས་སྐར་ཡ། འཁྲུངས་སྐར། ཁྱོད་ཀྱི་སྤྱོད་ལམ་དེར་གཅིག་ལྟོས་དང། སྤུན་ཟླའི་བར་དུ་ན་ཚ་ཡོང་བའི་སྐད་ངན་དེ་འདྲ་ཅི་ཡིན། རང་ཉིད་ཨ་མདོ་ལ་མི་དགའ་བའི་གླེན་ཀ་ཡོད་ན་ཁྱོད་ཀྱི་སྡུག་ཁ་དེ་མི་རིགས་ཀྱི་སླད་དུ་བཟུང་ན་དགའ་བ། བོད་ཀྱི་དུས་བབས་ཨ་མདོའི་དུས་བབས་གང་འདྲ་བྱས་ནས་རེད། ལས་གཉེར་བ་ཨ་མདོ་ཡིན་པ་ཙམ་གྱིས་རེད་དམ། ཁྱོད་ཀྱིས་བསམ་བློ་དེ་འདྲ་ཞིག་གཏོང་གིན་ཡོད་ན་ངོ་མ་ཁྱོད་རང་མི་ཕྱེད་ཀ་ཞིག་རེད། སྒེར་གྱི་གླེན་ཀ་དེས་སྤུན་ཟླ་ཚོ་མ་དཀྲུག་རོགས། ང་ནི་ཁམས་པ་གསོན་པོ་ཞིག་ཡིན་ཡང་ཁྱོད་ཀྱི་སྐད་ཆ་དེའི་རིགས་ལ་ནམ་ཡང་མི་འཐད། མདོར་བསྡུས་ནས་བཤད་ན་བོད་པ་ཚང་གི་མདུན་ལམ་གྱི་ཆེད་དུ་ཁྱོད་ཀྱིི་དེ་བཟུང་ནས་སྡོད་རོགས། གོ་ཨེ་ཐལ།

    Reply
  21. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    འཁྲུངས་སྐར་ལེགས་མྱོན་པའི་རང་རྟག་མ་སྟོན་རོགས་ཞུ།

    Reply
  22. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཨ་རོགས་འཁྲུངས་སྐར་་་་་་བསམ་བློ་བཏང་ནས་སྐད་ཆ་བཤད་དགོས་པ་རེད།
    ནམ་ཞིག་ལ་ཁམས་དང་དབུས་ཀྱི་གསར་འགྱུར་མ་བཀོད་པར་གཡུག་བཞག་པ་རེད། ཁྱེད་ལ་འཇོན་ཐང་དང་ནུས་པ་ཡོད་ན་ཁྱེད་ཀྱིས་འདི་འདྲའི་དངོས་ཡོད་ཀྱི་ཛ་དྲག་གསར་འགྱུར་ཁུར་ཤོག་དང་དེ་དུས་བབ་ཚང་གིས་མ་བཞག་ན་ཁྱེད་ཀྱིས་གསུང་བ་བདེན་པ་རེད། ཡང་ན་ཁྱེད་རང་བོད་ལ་སོང་ནས་སྐད་གྲགས་ཞོག་དང་གསར་འགྱུར་འདི་ནས་འགོད་རྒྱུ་རེད་གལ་སྲིད་མ་བཀོད་ན་དུས་བབ་ཚང་ལ་ཕྱོགས་རིས་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ཁྱོད་ལྟ་བུའི་ནུས་མེད་དབྱིན་སྦྱོར་མཁན་མང་པོ་ཡོད་པ་རེད། ནམ་ཞིག་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ཁྱེད་ལྟ་བུས་བརྒྱ་ཆ་ཕྱེད་ཀ་ཟིན་དུས་ང་ཚོར་རེ་བ་རྦད་དེ་མ་ཡོད་པ་རེད།
    སྐུ་མཁྱེན་ཁྱེད་ཀྱིས་ཤེས་པ་རྣལ་དུ་ཕབ་ནས་ཞིབ་མོ་ཞིག་དཔྱོད་དང་ཁྱེད་ཀྱིས་བཤད་པའི་སྐད་ཆ་དེས་ཕན་ཅི་ཞིག་ཐོགས་འདུག སྐད་ཆ་དེས་རང་ཉིད་ཀྱི་ཚད་གཞི་གསལ་བོར་འཇལ་འདུག་པ་མཐོང་གི་འདུག་གམ། ལྟ་བ་འདི་འདྲ་ཞིག་ཁུར་ནས་དྲ་ཐོག་འདིར་མ་ཕེབས་རོགས་གནང་་་་་་ཐུགས་རྗེ་ཆེ་མ་ཕེབས་རོགས་

    Reply
  23. ཤེས་རབ says:
    ལོ་ 15 སྔོན།

    འཁྲུངས་སྐར་ལགས། དེ་འདྲ་མ་གསུངས་རོགས། དུས་བབས་ནི་ཆོས་ག་གསུམ་གྱི་དུས་བབས་ཡིན་པ་ལས་ཨ་མདོའི་དུས་བབས་ནམ་ཡང་མིན། ཁྱེད་ལ་འབྱོན་ཐང་ཡོད་ན་ཁྱེད་རང་ཆོལ་ཁ་གང་གི་ཁུངས་སུ་གཏོགས་ན་དེའི་གསར་འགྱུར་ཁོ་སྤྲོད་གནང་དང་དུས་བབས་ནང་དུ་ཁོད་ངེས་རེད། དེ་ལྟར་མ་ཡིན་ན་མདོ་སྟོད་དང་དབུས་གཙང་གང་གི་གསར་འགྱུར་གང་ཞིག་ཁོད་མ་སོང། རང་གཟུགས་མ་ལྟོན།

    Reply
  24. kelsangrabga says:
    ལོ་ 15 སྔོན།

    ད་དགྲ་བོ་ལ་ལན་འདེབ་ཞིག་བྱེད་དགོས་སྔོན་མི་རབས་དང་མི་རབས་རྒྱུད་བོད་མི་རིགས་དེ་མེ་མདའི་ཁ་ལ་གཞག་སོང་ང་ཚོར་བོད་པ་ཚང་གི་ལས་དབང་དེ་རྫོགས་མེད་ལ་ཕ་དམ་པའི་གཞག་པའི་སྙིང་སྟོབས་དང་བུ་རང་ལ་སྐྱེད་པའི་ལ་རྒྱ་དང་ཡུལ་གཞན་ལ་མེད་པའི་རིགས་གཞུང་ཀུན་བོད་གངས་ཅན་ལྗོངས་ཀྱི་ལས་དབང་རེད་ཐིང་གཅིག་ལ་དགྲ་འོག་ཚོད་ན་ཡང་སེམས་སྐྱོ་འང་མིག་ཆུ་མ་ཤོར་ཞིག་དགྲ་ནག་པོ་དེ་ལ་ཡ་ལན་ཡིན།

    Reply
  25. མདུང་རྩེ། says:
    ལོ་ 15 སྔོན།

    འཁྲུངས་སྐར་ཟེར་བའི་དབྱེན་སྦྱོར་བ་ཁྱེད་རང་ལ་ངས་རེ་བ་ཟེར་ནའང་ཆོག
    དྲན་གསོ་བཤད་ཀྱང་འགྲིགས་གང་ལྟར་སྤྱི་ཚོགས་ནང་དཀྲུགས་ཤིང་མ་བྱེད་རོགས། ཁྱེད་རང་གི་བསམ་འཆར་ཐེབས་ཆག་དེ་མཐོང་མ་ཐག་སེམས་སུ་མི་བདེ་བ་ཞེ་དྲག་ཡོང་གི་འདུག ཨ་མདོའི་དུས་བབ་ཟེར་ན་ག་རེ་ཟེར་གྱི་ཡོད། བོད་ཀྱི་དུས་བབ་ནི་མདོ་དབུས་ཁམས་གསུམ་ཆོལ་གསུམ་རིས་མེད་ཀྱི་དུས་བབ་ཅིག་རེད་མ་གཏོགས་ཁྱེད་ཀྱིས་འཆལ་གཏམ་ནང་བཞིན་གཏན་ནས་མ་རེད། མ་ཟད་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་གསར་པ་ཇི་འདྲ་ཞིག་བྱུང་ཡང་སོ་སོས་གནས་ཚུལ་མཁོ་སྤྲོད་ཐུབ་ན་དུས་བབ་ཚང་གིས་མ་བཀོད་བཞག་པའི་མཚན་གཞི་ཞིག་མེད། གལ་ཏེ་ཁྱེད་རང་ཕ་ཡུལ་གྱི་གནས་ཚུལ་དྲ་ངོས་འདིར་སླེབས་མ་ཐུབ་ན་ཁྱེད་རང་ལ་འཇོན་ཐང་མེད་པ་ལས་དུས་བབ་ཚང་ལ་ལེ་བདའ་བྱེད་དགོས་དོན་མེད། །
    སྐུ་མཁྱེན་རྗེས་སུ་སྐད་ཆ་འདིའི་རིགས་སྤྱི་ཚོགས་ནང་དང་དྲ་ལམ་ཁག་ཏུ་འགྲིམས་སྤེལ་མི་བྱེད་རོགས། དེའི་རིགས་ཀྱིས་རྒྱ་དམར་གྱི་འདོད་ཐོག་ཏུ་རྟ་རྒྱུགས་ཀྱི་ཡོད་མིག་མཐོང་ལག་ཟིན་རེད། གསལ་བཤད། ང་རང་ཁམས་པའི་སྨྱུག་འཛིན་པའི་གྲལ་མཐའ་སྡོད་མཁན་ཞིག་ཨ་མདོ་བ་རྩ་ནས་མིན། ངས་ཁྱེད་རང་ཆོལ་ཁ་གང་ཡིན་མི་ཤེས་ཀྱང་ཁྱེད་ཀྱི་བསམ་བློའི་ནང་ན་ཚ་ཆེན་པོ་ཞིག་ཡོད་པ་ཐག་ཆོད་རེད། ཁྱེད་ཀྱི་ན་ཚ་དེའི་རིགས་ཀྱིས་སྤྱི་ནང་དུ་རྙོག་ཞེ་དྲག་སློང་གི་འདུག་ན་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་ལན་བརྒྱར་ཞུ།

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱ་མི་རིགས་འདིས་བོད་མི་རིགས་ལ་བརྙས་བཅོས་དང་དམར་གསོད་བྱས་པར་མི་རབས་ནས་མི་རབས་རེད། ང་ཚོང་བོད་མི་རིགས་འདིར་དེ་འདྲ་བྱས་དགོས་དོན་ནི་ང་རང་ཚོའི་གཏེར་ཁ་དང་སྨན་རིགས་་་ཤ་རིགས་་་་ཤིང་རིགས་་་་ལ་སོགས་པའི་དཔལ་འབྱོར་འཕྲོག་ཐུབ་པའི་ཆེད་དུ་རེད་ལ་མི་རིགས་གཉིས་རྩོད་གཞི་ཡང་འདིར་རེད།

    ངས་རེ་བ་ལ་གཞི་ལུས་བོད་མི་རྣམས་ཀྱིས་གང་གཟབ་གཟབ་ཀྱི་རང་སྲོག་བདག་པོ་རྒྱག་རོགས་ཞུ་རྒྱུ་ཡིན། རྒྱ་ནག་དམར་པོ་སྲིད་གཞུང་དང་བཙན་བྱོལ་བོད་གཉིས་ཚེ་ཐག་སུའི་རིང་བ་འདུག་ལྟ་ན་མ་གཏོགས་ང་རང་ཚོས་ཁ་གཏད་མི་ཆག་པ་མངོན་སུམ་རེད། ཐུགས་རྗེ་གཟིགས་་་་དཔའ་པོ་ཡིན་མདོག་བྱེད་ནས་རང་སྲོག་མ་སྐྱེལ་རོགས་་་་རང་སྲོག་ཤོར་ཚར་དུས་དགྲ་བོའི་ཁ་གཏད་ཅི་འདྲ་ལངས།

    བཙན་བྱོལ་ནང་གི་བོད་མི་རྣམས་ཀྱིས་ཀྱང་གཞི་ལུས་སྤུན་ཟླ་རྣམས་ཀྱི་ཚེ་སྲོག་ལ་ཐུགས་བསམ་བཞེས་དགོས་པར་མཐོང་།
    བོད་རྒྱལ་ཁབ་ལས་བོད་མི་རིགས་ཀྱི་ཚེ་སྲོག་གི་རྩ་བ་ཆེ་པ་ཤེས་དགོས། བོད་མི་མེད་ན་བོད་རྒྱལ་ཁབ་ཡོད་མི་སྲིད།
    དགྲ་དམར་པོ་མེ་མདའི་འོག་ཏུ་འཕར་རྩེ་མ་རྒྱག་རོགས་ཞེས་རེ་སྐུལ་ཞུ།

    Reply
  27. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་མིའི་ཁ་དཔེ་ལ། འུག་པ་རྒད་པོའི་རྒྱབ་རི་བྲག ། ངང་བ་སེར་པོའི་མདུན་ལྗོངས་མཚོ་ཞེས་པའི་དཔེ་ལྟར་རྒྱ་ཕྲུག་ཉེན་རྟོགས་པ་དེ་ཚོས་རྒྱལ་ཁབ་ལ་ཁ་གཡར་ཏེ་བསམ་བཞིན་དུ་བོད་མི་ཉམས་ཆུང་ཚོར་བརྙས་བཅོས་དང་ཐུབ་ཚོད་གཏོང་བའི་གོ་སྐབས་འཚོལ་བཞིན་པ་ཤ་སྟག་རེད། ཉི་མ་གཅིག་ལས་འབྲས་མིག་གིས་མཐོང་ངེས་རེད། བསང་ཆུ་རྫོང་གི་རྫོང་དཔོན་སྐྱག་བཟན་འདྲ་བོ་དེ་ངོ་མ་གཅིག་བཙོག་གི་ཡ། བོད་རིགས་ལས་བྱེད་དེ་ཚོ་ཡང་ངོ་མ་རྙིང་རུས་མེད་ཀི་ཡ།

    Reply
  28. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཨ་མདོ་དུས་བབ་ལ་ཨ་མདོ་ཡི་གནས་ཚུལ་ལམ་སང་འཐོན་ཡོང་གི་འདུག་པའི་ཐུགས་རྗེ་ཆེ། དེ་བཞིན་ཆོལ་ཁ་གཞན་རྣམས་ཀྱང་ཐུགས་ནས་མ་དོར་རོགས།

    Reply
  29. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    བོད་རིགས་ཚེ་སྲོག་ནི་རྒྱ་མི་ངོས་ལ་ཤིག་གི་སྲོག་དང་གཅིག་པ་རེད། ད་འདི་འདྲ་བྱེད་ནས་མི་ཚེ་ཁྱོལ་ཐབས་མེད་ཀྱང་། མགོན་མེད་ཀྱི་བོད་པ་ཚོས་ཅི་བྱེད། ཨ་ཁ་ཁ་ཁ་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese