མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལོ་བཅོ་ལྔའི་ཤ་འཁོན་བརྗེད་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་བཙོན་འཇུག་བྱས་ཏེ་ལོ་བཅོ་ལྔ་འཁོར་བའི་ཤ་འཁོན་དེ་ང་ཚོས་ད་དུང་ཡང་བརྗེད་མེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཏུ་གསུངས།

དེ་རིང་ཞོགས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ངྷ་ས་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་འཇམ་དཔལ་སྨོོན་ལམ་ལགས་གདན་ཞུའི་ཐོག  པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙོན་འཇུག་བྱས་ཏེ་མི་ལོ་བཅོ་ལྔ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ཏེ། ཁོང་ཉིད་མྱུར་ཏུ་གློད་གྲོལ་བྱ་ཆེད་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀ་ཅ་རི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད།

སྐབས་དེར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས། ང་ཚོས་པཎ་ཆེན་རིན་པོ་ཆེ་བླ་མ་ཡིན་པ་ཁོ་ནའི་གནས་སྟངས་མིན་པར། འདས་པའི་མི་ལོ་དྲུག་ཅུའི་ཡ་ང་བའི་ལོ་རྒྱུས་ཀྱི་བྱུང་རབས་ཁྲོད་༧གོང་ས་མཆོག་ཕུད་པའི་གང་ཟག་སྒེར་བ་ཞིག་བཀའ་དྲིན་ཅན་དུ་རྩི་དགོས་ཚེ། པཎ་ཆེན་སྐུ་གོང་མ་དེ་ཉིད་ལོ་རྒྱུས་ནང་བཀའ་དྲིན་ཆེ་ཤོས་ཀྱི་དཔའ་བོ་ཞིག་ཆགས་ཡོད་ལ། ད་ལྟའི་ཆར་མདོ་དབུས་ཁམས་གསུམ་དང་ས་དགེ་བཀའ་རྙིང་སོགས་སུ་དགོན་པ་དང་། སློབ་གཉེར་གནང་ཡུལ་ཕྲན་བུ་ཡོད་པ་དེ་དག་ཀྱང་ཁོང་གི་ཆོས་ལུགས་རིས་མེད་དང་ཆོལ་ཁ་དབྱེར་མེད་ཀྱིས་རླབས་ཆེན་ཕྱག་ལས་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་ངང་གནས་ཐུབ་པ་བྱུང་ཡོད། དེར་བརྟེན་ང་ཚོ་མདོ་དབུས་ཁམས་གསུམ་དང་ཆོས་བརྒྱུད་རིས་མེད་ཀྱིས་དེ་རིང་གི་ཉིན་མོ་ངེས་པར་སྲུང་གཙི་བྱེད་དགོས་ཞེས་གསུངས་བྱུང་། ཡང་ཁོང་གིས།  ༡༩༤༩ ལོ་ནས་ད་ལྟའི་བར་རྒྱ་ནག་གཞུང་གིས་ཡུལ་མི་དང་རང་ས་རང་ཡུལ།  བླ་མ་དང་སློབ་མ། ཕ་མ་དང་བུ་ཕྲུག་ཁ་བྲལ་དུ་བཏང་བ་དང་། པཎ་ཆེན་སྐུ་གོང་མ་བཀྲོངས་པར་མ་ཟད། དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་དྲུག་གི་སྟེང་བཙོན་འཇུག་བྱས་པ་དེ་ནི་རྒྱ་ནག་སྲིད་གཞུང་དང་བོད་མི་རིགས། རྒྱ་ནག་རྒྱལ་ཁབ་དང་བོད་རྒྱལ་ཁབ་བར་གྱི་ཤ་འཁོན་གྱི་ལོ་རྒྱུས་གསར་བ་ཞིག་ཡིན་སྟབས། ང་ཚོས་མི་ལོ་བཅོ་ལྔའི་རིང་གི་ཤ་འཁོན་དེ་ད་དུང་ཡང་བརྗེད་མེད་ལ་མ་འོངས་བར་ཡང་བརྗེད་མི་སྲིད་ཅེས་གསུངས་བྱུང་བར་མ་ཟད། རང་ལོ་དྲུག་ཡིན་པའི་བྱིས་པ་དམར་རྗེན་ཞིག་ལོ་བཅོ་ལྔར་བཙོན་འཇུག་བྱས་པ་དེ་རྒྱ་ནག་དང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་གི་སྲིད་གཞུང་དང་ཚོགས་སྡེ་ཁག་གི་ངོ་ཚ་ཞིག་ཆགས་བསྡད་ཡོད་པ་དང་། འགྲོ་བ་མི་སྤྱི་ཡོངས་ཀྱི་འཇིགས་སྣང་ཞིག་དང་འཛམ་གླིང་གི་ས་གཞི་འདིའི་སྒང་འཇིགས་སྣང་ཆེ་ཞིང་དང་རང་དབང་། དྲང་བདེན་མེད་པའི་དཔེ་མཚོན་ཞིག་རེད། དེ་བས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་གཙོས། འཛམ་གླིང་གི་ཚོགས་སྡེ་ཁག་དང་སྲིད་གཞུང་ཁག་གིས་དོན་དངོས་ཐོག་ཞི་བདེ་དང་འདྲ་མཉམ་ལ་སྲུང་གཙི་བྱེད་ཀྱིན་ཡོད་ཚེ། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་ཨ་ལན་བརྡ་ལན་གནང་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གཞུང་གིས་ཀྱང་འདྲ་མཉམ་དང་རང་དབང་། འཆམ་མཐུན་དང་ཞི་བདེར་གཙི་སྲུང་བྱེད་ཀྱིན་ཡོད་ཚེ། ཆུང་སྲིད་རིན་པོ་ཆེའི་གནས་སྟངས་རྩིས་སྤྲོད་དང་། ཁོང་དང་བྱ་བྲལ་རིན་པོ་ཆེ་སྐུ་འཁོར་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་ཡང་གནང་སོང།

དེ་བཞིན་སྐུ་མགྲོན་གཙོ་བོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་དང་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས། ༡༩༨༩ ལོའི་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ཤིང་། ༩ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༥ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་འཁྲུངས་བ་རེད། ༨༩ ལོ་ནས་ ༩༤ ལོའི་བར་བྱ་བྲལ་རིན་པོ་ཆེ་གཙོས་པའི་ཡང་སྲིད་ཚོགས་ཆུང་གིས་ཐག་གཅོད་གཏན་འབེབས་གནང་བ་དང་།  ༩༥ ལོའི་ཟླ་ ༥ བའི་ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་ཐོག་མར་གསལ་བསྒྲགས་གནང་རྗེས། རྒྱ་ནག་གཞུང་གིས་ཡང་སྲིད་ཐག་གཅོད་ཚོགས་ཆུང་གི་ཚོགས་མི་བྱ་བྲལ་རིན་པོ་ཆེ་དང་ཕྱག་རོགས་རྣམ་གཉིས་ཉིན་དེར་འཛིན་བཟུང་བྱས་པ་རེད། ཕྱིས་སུ་སྲིད་འཛིན་ཅཱང་ཙེ་མེན་ཆེད་ཕེབས་ཀྱིས་ཚོགས་འདུ་སྐོང་འཚོགས་གནང་སྟེ་༸གོང་ས་མཆོག་གིས་ཐག་གཅོད་བྱས་པའི་ཡང་སྲིད་ཁྲིམས་འགལ་དང་རྩིས་མེད་ཡིན་ཚུལ་བཤད་དེ།  ཡང་སྲིད་ཐད་རྒྱ་གཞུང་གིས་ཐེ་བྱུས་བྱེད་མགོ་བཙུགས་པ་དང་། ༡༩༩༥ ལོའི་ཕྱི་ཟླ་ ༥ བའི་ཚེས་ ༡༧ ཉིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཛིན་བཟུང་བཙན་འཁྲིད་བྱས་པ་རེད་ཅེས་དང་། དེ་བཞིན། ཁོང་གིས་ད་ལྟའི་བར་ཁོང་ཉིད་གང་དུ་ཡོད་མེད་དང་ཅི་བྱུང་གི་གནས་ཚུལ་བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་ཤེས་རྟོགས་མེད་པའི་སྐོར་འགྲེལ་བརྗོད་གནང་བྱུང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གིས་ཀྱང་གནས་སྟངས་ཤེས་རྟོགས་བྱེད་ཀྱིན་མེད་པ་དང་། ད་ལྟའི་བར་དུ་པར་གཉིས་མ་གཏོགས་མཐོང་ཡུལ་དུ་བྱུང་མེད་ལ། པར་དེ་གཉིས་ཀྱང་ཁོང་གི་པར་དངོས་ཡིན་མིན་དོགས་པ་ཡོད་པའི་སྐོར་གསུངས་བྱུང་ལ། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ལྟར་པཎ་ཆེན་རིན་པོ་ཆེར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་བཏོན་གནང་སོང་།

དེ་རིང་ཞོགས་པར་དབུས་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ངྷ་ས་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག་མི་གྲངས་བརྒྱ་མ་ཟིན་ཙམ་ཞིག་གིས་ཀཱ་ཅ་རི་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་ལ། དགོང་དྲོ་མར་མེ་ཁྲོམ་སྐོར་ཞིག་ཀྱང་གོ་སྒྲིག་གནང་རྒྱུ་རེད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 26

  1. karma dorje says:
    ལོ་ 15 སྔོན།

    བཅར་བཅར་འདྲི་ཞུ་ཡུལ། བཅར་འདྲི་ཞུ་མཁན་དང་ཀློག་མཁན་གྱིས་ངུ་ཤོར་བའི་ཁྲོད་དུ། ་་་་་་་་རྒྱ་རིགས་གཞས་པ་དང་གློག་ བརྙན་འཁྲབ་མཁན་སྐད་གྲགས་ཅན་ཚོས་དགུང་ཚོགས་བསྡུས་ནས་ཞལ་འདེབས་ཧ་ལས་བ་གནང་ སོང་། ་་་། འདིས་ང་ཚོ་བོད་རིགས་ཚོ་རྒྱ་གཞུང་དང་མི་བདེ་བ་ཡོད་ན་ཡང་། རྒྱ་རིགས་ལ་བཟོད་སྲན་དང་གཅིག་ཕན་གཅིག་གྲོགས་དགོས་པ་གསལ་སྟོན་བྱུང་འདུག བོད་རྒྱའི་དམ་ཚིག་འོ་ཆུ་འདྲེས་འགྱུར་ཅིག །

    བོད་རྒྱ་དམ་ཚིག་གཅིག་ འདྲེས་ཀྱིས། །
    རྒྱ་གཞུང་ཕུང་འདྲེ་འཇིགས་ ལ་བརྩོན། །
    བཙན་བྱོལ་བོད་རིགས་ནང་པ་ ཞིག །
    འདི་འདྲ་མ་བཤད་ཀ་མེད་ཆགས། །

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    karma dorje ༼ བོད་རྒྱ་མི་རིགས་གཉིས་བར་གྱི་དམ་ཚིག་ ༽ཞེས་བྲིས་ཡོད་ལ། དྲ་གྲོགས་དབྱིན་མིང་ཅན་ལགས། བོད་རྒྱ་གཉིས་ཀྱི་བར་ལ་དམ་ཚིག་ཞིག་ཡོད་པ་ཁྱེད་མ་གཏོགས་སུ་ཀྱང་ཁས་ལེན་བྱེད་མྱོང་མེད། རྒྱ་བོད་ཀྱི་འབྲེལ་བ་སྔར་ནས་ད་བར་དུ་བཟང་ངན་གྱིས་འགྱུར་བ་སྣ་ཚོགས་པ་ཞིག་བརྒྱུད་ནས་འོངས་མྱོང་།
    ཁྱེད་ཀྱིས་སྤྱིར་དམ་ཚིག་ཞེས་པའི་དོན་མ་གོ་བའམ། ཡང་ན་ཁྱེད་དམིགས་བསལ་རྒྱ་དམར་པོའི་ལྟ་བ་ལ་དགའ་དྲགས་པའི་སྐྱེན་ཀྱིས་དམ་ཚིག་ཞིག་ཡོད་སྣང་ཤར་བ་འདྲ།
    གང་ལྟར་ཁྱེད་ནི་མི་རིགས་བོད། མིང་དབྱིན་ཡིག ལྟ་བ་དམར་པོ་སྟེ་ཁྱད་ཆོས་གསུམ་ལྡན་ཞིག་གི་བསླབ་བྱ་ལ་བོད་རིགས་ཚོའི་དོར་སྣང་ལོས་སྤྲད།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    གཞིན་ནུ་ཚོགས་པ་ཡ།
    ཁྱོད་ཀྱིས་ཆོལ་ཁའི་རྩོད་པ་མི་བྱེད་ལ་གསར་རྙིང་གི་དབྱེར་བའང་མི་བྱེད།
    ཁྱོད་ནི་དྭང་གཙང་གི་ཚོགས་པ་ཞིག་དང་སྙིང་སྟོབས་ཁྲག་རྩ་རྒྱས་པའི་ཚོགས་པ་ཞིག་ཀྱང་ཡིན།
    གངས་ཅན་པའི་གཞོན་ནུ་མ་རྫོགས་པར་དུ་གནས་ཐུབ་ལ་གངས་ཅན་པའི་རང་དབང་ཡང་རྩོད་སྲིད།
    ཁྱོད་ནི་དགྲ་བོའི་མགོ་བོ་གཏོར་བའི་ཐོ་བ་ཡིན་ལ་དགྲ་བོས་ཀྱང་ཁྱོད་ལ་ཧ་ཅང་སྡང་།
    ཁྱོད་ཀྱིས་རང་ཡུལ་ཇག་པས་འཕྲོག་པ་བརྗེད་མེད་ལ་ཁྱོད་ཀྱིས་རང་བཙན་རྩོད་པའང་རྫུན་བཟོ་ཞིག་ག་ལ་ཡིན།
    ཁྱོད་ཀྱིས་སྐད་ཤུགས་ཆེན་པོའི་དགྲ་བོ་ལ་ཤ་འཁོན་ཡོད་ཅེས་པ་དེའང་སྙིང་སྟོབས་ཤིག་མེད་ལ་ག་ལ་ཐུབ།
    ཁྱོད་ཀྱིས་རང་ཡུལ་ལེན་པའི་ཐབས་ལ་ཅི་ལྟར་རྩོད་ཀྱང་རུང་འོས་ཤིང་འཚམ་ལ་རྒྱབ་སྐྱོང་ཡང་ཡོད།
    མ་འཆུག་ཡ།མ་འཆུག་གངས་ཅན་པའི་གཞོན་ནུ་ཚོ།

    Reply
  4. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    མི་ལོ་ལྔ་བཅུའི་ཤ་འཁོན་བརྗེད་མེད་ཟེར་ཡང་ལས་འགུལ་རྡ་སར་རི་ཁུག་རྐྱང་རྐྱང་ནང་སྤེལ་བ་ཙམ་མ་ཡིན་པར་དེ་ལས་རྒྱ་ཆེ་ཙམ་སྤེལ་ཐུབ་པ་བྱེད་དགོས།

    ངས་ལྟར་ན་རྡ་ས་རི་འགོའི་ཐོག་སྐད་ག་ཚོད་བརྒྱབ་ཀྱང་ཕན་ཐོགས་མེད་པ་ཞིག་ཚོར་བཞིན་འདུག་་་་་་་་་

    ལོ་རེའི་ནང་རྒྱལ་ས་ལྡི་ལི་ལྟ་བུའི་ནང་གཞི་རྒྱ་ཆེ་བའི་སྐད་འབོད་ལས་འགུལ་སོགས་ཐེངས་རེ་གཉིས་སྤེལ་ན་བཟང་ཤོས་སུ་མཐོང།

    Reply
  5. karma dorje says:
    ལོ་ 15 སྔོན།

    སྐར་མདའི་ཚིག་འདིས་གཞོན་ལྷན་ལས་འགུལ་ལས་འདས་ནས་གཞིས་བྱེས་དཀྲུགས་ཤིང་གི་ཚིག་མདར་འགྱུར་བས་བདག་སྤྲོད་བྱ་མི་རུང་།
    ནད་པ་ལགས་ཀྱིས་ནད་ངོ་ཡག་པོ་འཁྲོད་ནས་གསུངས་འདུག་པས་སེམས་ནད་ཕོག་འདོད་མེད་ན་ཁོང་གི་ཚིག་ལ་ཡིད་རྟོན་དུ་རུང་ངོ་།
    བོད་རང་བཙན་ཁ་ལ་འཁྱེར་ནས་”ཤ་འཁོན་”གྱི་ཚིག་འདིས་བོད་རྒྱ་མི་རིགས་གཉིས་བར་གྱི་དམ་ཚིག་ལ་གནོད་གཞི་ཆེ་བས་ཚིག་འདིའི་རིགས་གཟབ་གཟབ་བྱས་ནས་བེད་སྤྱོད་བྱེད་དགོས།

    Reply
  6. ནད་པ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་རྣ་བ་བློགས་ཏེཉོན། ཆབ་སྲིད་ཟེར་བ་དེ་རླུང་ཡན་གཅིག་གི་ཆོས་དང་འདྲ་མཚུངས་རེད། ཆོས་ཁས་མི་ལེན་པའི་གུང་ཁྲན་ཏང་གིས་ཆབ་སྲིད་ཀྱི་རླུང་ཡན་དེད་ཕྱོགས་ཏེ་༸ གོང་ས་ཏྰ་ལའི་བླ་མ་དང་། བཙན་བྱོལ་བོད་གཞུང་ལ་དམིགས་ཏེ། ཐེ་ཝན་བོད་སོགས་ལས་ཁུངས་ཀྱིས་ངོ་བོར་སྔ་ཕྱིར་འགོག་རྐྱེན་སྣ་ཚོགས་པ་ཞིག་བཟོས་ཡོད།

    དེ་བཞིན་སྐྱེ་བ་སྔ་ཕྱིར་ཡིད་ཆེས་གཏན་ནས་མི་བྱེད་པའི་ཆོས་མེད་རིང་ལུགལ་གུང་ཁྲན་ཡཏང་གིས་ཆབ་སྲིད་ཀྱི་རླུང་ཡན་དེདད་ཕྱོགས་དེ་ཡང་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་དམིགས་ཏེ་ ༸ པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དེ་རླུང་འཚུབ་དེའི་འཁྲོད་ལས་ཐ་ན་ཤི་སོན་གང་ཡིན་ཚོད་དཔག་མི་ཐུབ་པའི་གནས་སུ་གྱར་ཡོད།

    དེ་དང་ཕྱོགས་མཚུངས་རྒྱ་དམར་གྱི་ཆབ་སྲིད་ཀྱི་རླུང་ཡན་དེད་ཕྱོགས་ཏེ་ ༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་དམིགས་ཏེ་བོད་གཞིས་བྱེས་གཉིས་སུ་དམ་སྲི་གདུག་པ་ཅན་དོལ་རྒྱལ་ཁ་ལ་འཁྱེར་ཏེ་སྔ་ཕྱིར་བསམ་ཡུལ་ལས་འདས་པའི་རླུངའཚུབ་དེའི་འཁྲོད་ལས་འགལ་རྐྱེན་སྣ་ཚོགས་ཤིག་བཟོས་ཡོད།

    ད་ཆ་རྒྱ་གཞུང་གིས་མཁྱེན་རླབས་མཚུངས་མེད་༸ གོང་ས་ཏྰ་ལའི་བླ་མ་མཆོག་དང་། བཙན་བྱོལ་བོད་གཞུང་འདི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པར་བརྙས་ཏེ་ཆབ་སྲིད་ཀྱི་རླུང་ཡན་དེད་ཕྱོགས་ཏེ་བོད་རང་བཙན་དང་ཁ་བྲལ་རིང་ལུགས་པའི་ངོ་བོར་རླུང་དམར་འཚུབ་བཞིན་ཡོད་སྟབས་ལོ་ཁ་ཤས་ཤིག་ལས་མ་འགོར་བར་བོད་རང་བཙན་ཁ་ལ་འཁྱེར་ནས་རྒྱ་བོད་འབྲེལ་མོལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་གྱི་རིགས་དེ་ཚོ་རིམ་པས་ཟུར་དུ་བཞག་དགོས་པའི་དུས་སྐབས་ཤིག་ཆགས་སྲིད།

    ཆབ་སྲིད་ཀྱི་རླུང་ཡན་འཚུབ་སྟངས་འདི་འདྲ་ཞིག་གིས་འོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གཙོས་པའི་ལས་བྱེད་ཚོས་གཟབ་གཟབ་མ་བྱས་ན་རླུང་ཡན་དེའི་འཁྲོད་ལས་ཐ་ན་ཚོགས་པ་འདི་མགྱོགས་པོར་སྒོ་རྒྱག་དགོས་པའི་གནད་དོན་ལྷག་སྲིད།

    དེར་བརྟེན་ངས་གསལ་བཤད་གང་བྱེད་བཞིན་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ནི། བཀའ་དྲིན་མཚུངས་མེད་༸ གོང་ས་ཏྰ་ལའིབླ་མ་མཆོག་དང་། བཙན་བྱོལ་བོད་གཞུང་། བོད་མི་རིགས་ཀྱི་གནད་དོན་དེར་ཁ་ཞེ་སྙིང་མེད་ཀྱིས་སྒོ་ནས་ཕན་པའི་ཆེད་དུ་ཡིན་སྟབས། ཅོ་རི་ཉི་མས་གཙོས་པའི་བོད་རང་བཙན་རྩོད་མཁན་ཚོས་གཟབ་གཟབ་མ་བྱས་ན་རང་བཙན་ཁ་ལ་འཁྱེར་ནས་རྒྱ་ནག་གིས་ཆབ་སྲིད་རླུང་ཡན་དང་རླུང་དམར་འཚུབ་འཚུབ་བྱེད་བཞིན་པ་དེའི་ནང་མ་ཚུད་པ་ཞིག་བྱེད་རྒྱུའི་རེ་བ་ཡོད།

    Reply
  7. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    rin chen ཟེར་བའི་བཤད་ལུགས་འདི་ལ་་ལྟོས་དང་། རྒྱ་དམར་གྱི་རྫུན་གཏམ་ཀུན་འདུས་ཀྱིས་ཡོངས་སུ་སྨྱོས་པའི་་དྲི་ངན་འདུག་པས། འདྲེ་དང་རྒྱ་དམར་ལ་སྐྱབས་བཅོལ་མཁན་ཚོའི་སྣ་ལ་ཞིམ་པ་ཙམ་ལས། རྒྱུ་མཚན་ལྡན་པའི་དྲང་གཏམ་སྣ་གཅིག་མི་འདུག་པས། བོད་མི་སེམས་ཡོད་རྣམས་ཀྱིས་ཁོས་བཤད་པའི་འཆལ་གཏམ་ནི་རྒྱ་དམར་གྱི་སྐྱག་རྫུན་བཞིན་གཏན་ནས་ཡིད་ཆེས་བྱེད་མི་འོས།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རིན་ཆེན་ལགས་ཀྱི་གསུངས་ལ་རིན་གོང་འདུག་་་་དྲ་གྲོགས་གསར་པ་ཁྱེད་ཕེབས་པར་དགའ་བསུ་ཡོད།

    Reply
  9. སྐར་མདའ། says:
    ལོ་ 15 སྔོན།

    རྒྱ་གར་དང་བལ་ཡུལ་སོགས་ལ་མཚར་ལོང་བྱུང་བའི་བོད་ཕྲུག་འདི་ཚོའི་སྐད་ཆ་ལ་སུ་ཞིག་གིས་ཡིན་སྟོན་བྱེད། ཁོ་ཚོས་ཕྱོགས་གཅིག་ནས་བཤད་ན་བོད་པ་ཡིན་པར་མ་ཟད་བོད་དོན་སྒྲུབ་མདོགས་བྱེད། ཞིབ་དུ་བལྟས་ན་རང་དབང་གི་ལུང་པ་ན། དབུ་ཁྲིད་ཏྰ་ལའི་བླ་མ་ལྟ་ཡོད་བཞིན་དུ་བོད་ཀྱི་ཆོས་དང་རིགས་གཞུང་ཕར་ཞོག ཐ་ན་བོད་སྐད་ཆ་ཚང་ཞིག་ཀྱང་བཤད་མི་ཤེས་མཁན་འདི་ཚོའི་སྐད་ཆ་ལ་ཉན་རྒྱུ་ཅི་ཡོད། མགོ་བདེ་འཆོལ་བོ་འབའ་ཞིག་རེད། ཁ་བཤད་དོན་མི་གནས་མཁན་འདི་ཚོས་བཤད་པ་ལ་ཉན་རྒྱུ་ཞིག་མེད་ཡ།

    Reply
  10. rinchen says:
    ལོ་ 15 སྔོན།

    བོད་གཞུང་དམངས་གཉིས་ཀྱིས་གཞིས་ལུས་བོད་རིགས་སྤྱི་དང་ཆབ་སྲིད་བཙོན་པ་རྣམས་ཀྱི་ཆེད་དུ་གཏམས་བཤད་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་ཀྱང་། ཆབ་སྲིད་ཀྱི་འགྲོ་སྟངས་ཙམ་ལས་བཟང་དྲག་པ་གང་ཡང་མ་རེད། གང་ཡིན་ཟེར་ན། ད་ལྟའི་བར་བོད་ནས་བྲོས་བྱོལ་དུ་ཡོང་བའི་ཆབ་སྲིད་བཙོན་པ་དང་མི་སྣ་གལ་ཆེན་མང་པོ་ཞིག་རྒྱ་གར་དུ་འབྱོར་ཡོད་ན་ཡང་རེ་ཟུང་ཞིག་ཕྱི་རྒྱལ་ལ་བཏང་བ་ཙམ་ལས། གཞན་དམིགས་བསལ་རོགས་རམ་དང་གཟིགས་སྐྱོར་མེད་པ་མ་ཚད་རྒྱ་གར་དུ་འབྱོར་མ་ཐག་ཁོ་ཚོའི་དཀའ་སྡུག་ལ་བོད་གཞུང་དམངས་གཉིས་ཀྱིས་བསམ་བློ་གང་ཡང་གཏོང་གི་མེད་པ་རེད།

    Reply
  11. rinchen says:
    ལོ་ 15 སྔོན།

    བོད་ལ་རང་བཙན་ཡོད་དུས་ཆོས་ལུགས་ཁོ་ནའི་ཞེན་ཁོག་ལས་དྲང་བདེན་གྱི་ངང་སྲིད་དབང་དང་། ཡར་རྒྱས་ཀྱི་རྐང་སྤོ་མ་བྱས་ཙང་། ད་ལྟ་ཆ་ཚང་ཚར་ནས་ད་ལོ་སང་ལོ་བོད་རང་བཙན་ཐོབ་མདོག་ཁ་པོའི་དཀྲོག་གཏམ་མང་པོ་ཞིག་སྤེལ་གྱི་ཡོད་པ་དེས་གཞིས་བྱེས་གཉིས་ཀར་དཀའ་ངལ་ག་ཚད་ཅིག་སྤྲོད་ཀྱི་ཡོད་མ་བརྗེད་པ་གྱིས། ཉིས་སྟོང་བརྒྱད་ལོར་གཅིག་པུར་ཆ་བཞག་ན་ཡང་ཁེ་བསྐྱེད་སྤུ་ཙམ་མེད་པར་རང་སྲོག་ཤོར་བ་སྟོང་ཕྲག་དུ་མ་ཞིག་བྱུང་བའི་ཁར་ད་དུང་ཡང་བོད་ལ་དཀའ་ངལ་ཅི་ཙམ་ཞིག་འཕྲད་ཀྱི་ཡོད་པ་བཙན་བྱོལ་དུ་ཡོད་པའི་གཞུང་ཞབས་པ་དེ་ཚོ་མ་ཡིན་པར་བོད་ལ་ཡོད་པའི་བོད་མི་ཉམས་ཐག་དེ་ཚོ་རེད། བོད་ལ་རང་དབང་མེད་ནས་ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་མི་འདུག་ཟེར་ཤོད་ཀྱི་ཡོད་ཀྱང་། དེང་སང་བོད་སྐད་དང་བོད་ཡིག་གང་ཡང་མི་ཤེས་ཤིང་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་བོད་རིགས་དེ་ཚོ་ཡིན་པ་ཚང་མས་ཤེས་གསལ་རེད། ཅི་སྟེ་བོད་ལ་རང་དབང་ཡོད་ན་ཡར་རྒྱས་གང་འཚམས་ཐོན་སྲིད་ཀྱང་ད་ལྟ་ནང་བཞིན་གྱི་ཡར་རྒྱས་མེད་པ་ནི་ཆེས་གསལ་པོ་རེད། ད་དུང་བལ་ཡུལ་རྒྱལ་ཁབ་ནང་བཞིན་ཆགས་པའི་ཉེན་ཁ་ཆེན་པོ་ཡོད།

    Reply
  12. rinchen says:
    ལོ་ 15 སྔོན།

    ལྷག་པར་དུ་ད་ལྟའི་ཆར་བོད་ཀྱི་བླ་སྤྲུལ་ཆེ་ཆུང་ཐམས་ཅད་ཀྱིས་གོང་ས་མཆོག་ལ་གུས་བརྩི་དང་བོད་གཞུང་ལ་ཤ་ཞེན་ཆེན་པོ་ཡོད་ཀྱང་། རང་བཙན་ཡོད་མདོག་ཁ་པོའི་ཐོག་ནས་ཆོས་ལུགས་དང་མི་རིགས་ཀྱི་ཕྱོགས་ཞེན་ཆེ་དྲག་པའི་བྱ་སྤྱོད་དེ་ཚོ་ཉུང་ཙམ་མ་བྱས་ནས་ལོ་ངོ་ལྔ་བཅུའི་ནང་རོལ་དུ་བོད་ཀྱི་ཚོགས་སྡེ་ཡོངས་རྫོགས་ཁ་འཐོར་ནས་རང་འགོ་གར་ཐོན་བྱེད་དུས་ད་ལྟའི་རྫིག་ཉམས་དེ་གཏོང་ཐུབ་པ་ཁག་པོ་རེད་ལ་དེས་བྱས་ནས་ཁྱོད་རང་ཚོ་དཀའ་ངལ་ཡང་འཕྲད་སྲིད་པ་རེད། རྒྱ་ནག་ཉམས་གུད་དུ་འགྲོ་སྲིད་ཀྱང་དེས་བྱས་ནས་བོད་ལ་རང་དབང་སླེབ་པ་ནི་དུས་རབས་གཅིག་གི་སྐད་ཆ་ཡིན་པས་ཐུང་ཐུང་མ་རེད།

    Reply
  13. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག

    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱིན་ཡོད་ན་ཡང་། མི་གཟུགས་སུ་ཡོད་པའི་རྒྱ་དམར་ཇག་གཞུང་གིས། རྒྱལ་ཡོངས་མི་དམངས་ལ་ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི་བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་གཏན་ནས་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས་ལ། བློ་སྣ་ཐུང་བའི་རྒྱ་དམར་ཇག་ཚོགས་གིས་རང་བྱས་རང་སྡུག་ཆེན་པོ་མྱོང་ངེས་ཡིན།

    སྙིང་རྗེའི་སྔོན་བརྡ།

    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད།

    གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་ཞིང་འགད་པའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།
    (འདིར་བསྐྱར་འགོད་བྱེད་དགོས་བྱུང་སོང་བས་གཟིགས་མཁན་རྣམས་ལ་དགོངས་འགལ་མེད་པར་ཞུ།)

    Reply
  14. འཁྲུངས་སྐར། says:
    ལོ་ 15 སྔོན།

    ད་ལྟོས་དང་།
    ཞི་བདེ་གནམ་ནས་གོད་བཞིན་འདུག
    དྲག་པོ་རོ་ལངས་རྒྱབ་བཞིན་འདུག
    མང་གཙོ་དམངས་ཤོག་འགྱུར་བཞིན་འདུག
    བཀའ་ཡིག་བཀའ་བློན་འཕེལ་བཞིན་འདུག
    ཧེ་ཧེ་

    Reply
  15. karma dorje says:
    ལོ་ 15 སྔོན།

    བོད་ནང་རང་རིགས་ལས་བྱེད་པདྨ་འཕྲིན་ལགས་ཀྱིས་ཟླ་གཉིས་གོང་ལ་༧པཎ་ཆེན་བསྟན་འཛིན་དགེ་འདུན་མཆོག་ནང་མི་བཅས་བོད་རིགས་ས་ཁུལ་ནང་ལ་ཡོད་ཟེར་བ་དེ་ཡང་རྫུན་བཤད་པ་རེད་དམ།

    Reply
  16. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག

    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་གིས་རྒྱ་ཡོངས་་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི་བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  17. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  18. དབྱར་ཁབ་ཀུན་བཟང། says:
    ལོ་ 15 སྔོན།

    ང་ཚོའི་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་པོའི་བཙོན་འོག་ཏུ་ཡོད་མེད་ཙམ་ཡང་མ་ཤེས་པར་འདི་མུད་སྡོད་ཐབས་མེད་པ་ཞིག་རེད།
    འོན་ཀྱང་ང་ཚོས་ཀྱང་རྔ་དང་འཚམས་པའི་གར་ཟེར་བ་ལྟར།
    ད་ནི་པཎ་ཆེ་ཡོད་པའི་དབང་དུ་བཏང་ན་ཡང་རྒྱ་ནག་པོའི་ལས་སླར་པོ་ཞིག་གིས་མི་བཏང་ཁོ་ཐག་རེད།
    དེས་ན་ང་ཚོ་ལ་པཎ་ཆེན་རིན་པོ་ཆེ་དགོས་ན་མ་འདས་ཡང་སྲིད་ཞིག་དང་།་ཁོང་གཞུགས་མེད་པའི་དབང་དུ་བཏང་ན། ཡང་སྲིད་ཞིག་ངོས་འཛིན་བྱེད་དེ་རང་ལ་ཡོད་པ་ཞིག་དང་གཞན་ལ་ངོམ་རྒྱུ་ཞིག་བཟོས་ན་ག་འདྲའི་ཡོད་མེད་ལའང་བསམ་བློ་རེ་བཏང་འོས།

    Reply
  19. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། ཨོ་ཧོ་ཧོ།།།།།།།།།། དུས་རབ་འདིར་ཤ་འཁོན་ཟེར་བ་འདི་གཏན་ནས་འགྲོ་ས་མེད་ཡ

    Reply
  20. བྲ་རྡོར says:
    ལོ་ 15 སྔོན།

    ངས་སེམས་ནང་ལ་རང་བཙན་བསམ་གི་མེད།དེ་བོད་མི་ཡོང་གྱི་རེ་བ་མིན།བོད་མི་ཡོད་དོ་ཅོག་གི་ད་ལྟའི་གནས་བབ་དང་མཐུན་པའི་རང་དབང་ཞིག་འདོད་ཀྱི་ཡོད་པ་གསལ་བོ་ཡིན།དུས་ཚོད་དམ་འཛིན་བྱེད་དགོས་པ་ཤེས་དགོས་རེད།

    Reply
  21. བྲ་རྡོར says:
    ལོ་ 15 སྔོན།

    ཤ་འཁོན་ཟེར་བ་དེ་ཚར་དཀའ།ཤ་འཁོན་ལ་ཡང་ཤ་འཁོན།ཧཧ་དེ་ལས་མཐུན་ཐུབ་ཞིག་འེ་ཡོད་ལྟ་རྒྱུ་དེ་རེད།ཕན་ཚན་གཉིས་ཀ་ལ་ཕན་པ་ཞིག་རེད།ཤ་འཁོན་བརྩད་ནས་ཚར་བ་གཏན་ནས་མེད།དེ་ལས་འགྲིགས་ཐུབ་ཡོང་བའི་རེ་བ་ཡོད།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནད་པ་ལགས་་་བོད་ཀྱི་གཞོན་ནུ་ཚོ་མེད་པ་མ་ཆགས་ན་གཞོན་ནུ་ཚོགས་པ་ཉམས་མི་སྲིད་པ་ཞིག་རེད། མ་ཟད་ལྟ་བའི་ཐོག་ནས་ཡང་ཀུན་གྱི་སེམས་ལ་ཡོད་པ་ནི་གཞོན་ནུའི་ལྟ་བ་རེད། དེ་ལས་ཁྱེད་གི་སྲིད་གཞུང་དམར་པོ་འདི་ནི་ལོ་རྒན་༦༡རེད། རྒད་པོ་རྒད་པོ་རེད།་ཤི་རན་ཁ་རེད། སྲིད་གཞུང་རྒད་པོ་དེས་མི་སེར་གྱི་སེམས་ལ་རྨ་བཟོ་མང་དྲག་ནས་རྒྱ་ནག་མི་དམངས་ཀྱིས་ནམ་ཞིག་གྱེན་ལངས་བྱེད་ཡོང་བསམ་ནས་རྒད་པོ་ནད་པ་ཁྱེད་ལ་དཀའ་ངལ་འདུག་སྙམ།་་་གཞོནནུ་ནི་གཞོན་ནུ་རང་རེད་་ལོ་ཆུང་ཆུང་རེད་་་་་དུས་ཚོད་ཡོད་རེད་་་སེམས་འཁྲུལ་མ་གནང་ལྭོ།

    Reply
  23. ནད་པ says:
    ལོ་ 15 སྔོན།

    བཞུགས་སྒར་རྡ་སར་བརྟན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་སྐབས་ཅིག་རིང་ནུས་ལྡན་གྱི་ཚོགས་པ་ཆེ་ཤོས་ཤིག་ཆགས་ཡོད་ཀྱང་ད་ཆ་ཚོགས་པ་འདི་ཉམས་ཞན་དུ་སོང་ནས་རིམ་བཞིན་འཆི་ལ་ཉེ་བ་རེད།

    ད་དུང་དབུས་གཞོན་ནུའི་ལས་ཁུངས་ནས་རང་བཙན་དང་། ཤ་འཁོན་གྱི་དམ་བཅའ་བཟུང་ནས་གཏམ་བཤད་འདི་འདྲ་བྱེད་བཞིན་ཡོད་པ་འདིས་དོན་དངོས་ཐོག་རང་ཉིད་རང་ཀྱིས་མེད་པ་བཟོ་བཞིན་ཡོད་པ་དེ་རེད།

    ཆབ་སྲིད་པ་ཞིག་གིས་དུས་རབས་ཀྱི་འགྱུར་འགྲོས་དང་། རླུང་ཡན་གྱི་འདེགས་ཕྱོགས། བྱ་བའི་ངོ་བོ་བཅས་ཀྱི་གནད་འགག་དག་མ་ཤེས་ན་ནམ་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བའི་ཚོགས་པ་འདི་ནུས་མེད་ཅིག་ཆགས་རྒྱུར་ཐེ་ཚོམ་མེད།

    Reply
  24. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ལོ་ངོ་བཅོ་ལྔ་འདས་པའི་དེ་རེས་དེ།།
    པཎ་ཆེན་ཤི་གསོན་མ་ཤེས་བོད་འབངས་སྐྱོ།།
    སྐབས་སུ་འཁྲུངས་སྐར་ཡིན་ཞིང་སྤྲོ་སྐྱིད་བཏང་།།
    སྐབས་སུ་ཤ་འཁོན་ཉིན་མོ་ངུ་འབོད་བྱེད།།
    བོད་མི་སྐྱིད་ལ་སྡུག་གི་དུས་ཚོད་འདི།།
    ག་དུས་རྫོགས་བ་ཡིན་ནམ་ཀྱེ་མ་ཧེ།།

    Reply
  25. གནམ་ལྕགས། says:
    ལོ་ 15 སྔོན།

    ད་ནི་དགྱ་ནག་གིས་རྒྱུ་མ་མྱི་ལ་མེད་ནི། རྒྱུ་ཁུགས་ཁྱི་ལ་མེད་ནི་ཞིག་བྱས་ཡོད་པ་འདྲ། ད་དུང་ང་ཚོས་བཙོན་ནས་ཕེབས་རྒྱུ་ཞིག་ཡོད་པར་ཡིད་ཆེས་བྱས་ན། ཕར་ཕྱོགས་ན་དགྱ་ནག་གིས་འཛུམ་འཚེར་འཚེར་གྱིས་འཕྱ་ཡི་མེད་འགྲོ

    Reply
  26. གནམ་ལྕགས། says:
    ལོ་ 15 སྔོན།

    ཡིན་དང་ཡིན། དགྱ་ནག་ལ་བཟུང་བའི་ཤ་འཁོན་ལ་རྙིང་རྒྱུ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese