མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོགས་ཟོན་གྱིས་འདང་བར་བྱོས། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

–_____ སྐྱེ་རྒུ་མདོ་ནས་མ་བྱུང་བའི་གནས་ཚུལ་ཚབས་ཆེན་ཞིག

བཙན་བྱོལ་བོད་མི་ཚོས་ཐག་རིང་ནས་སྐྱེ་རྒུ་མདོར་བལྟས་ཏེ་མཐོང་བའི་རྒྱ་ནག་གི་རྣམ་འགྱུར་དེ་ནི་ལྷག་བསམ་ཟོལ་མེད་དང་། བརྩེ་སེམས་དང་སྙིང་རྗེ་ཡིས་ཁེངས་པའི་ཞལ་རིས་དག་ཡིན། འདི་ནི་ནམ་རྒྱུན་དང་ལྷག་པར་དུ་སྐབས་དེར་ནང་པའི་དབུ་ཁྲིད་དག་གི་དོ་སྣང་ཆེ་ཤོས་ཀྱང་ཡིན། འོན་ཀྱང་། རྒྱ་ནག་གིས་དེ་དུས་སྐྱེ་རྒུ་མདོར་བཟུང་བའི་རྣམ་འགྱུར་ནི་རྦད་དེ་ཁ་ཁ་རེད། ཁོང་ཚོའི་དོ་སྣང་ནི་ག་དུས་ཤིག་ལ་སུ་ཞིག་ཁོང་ཚོའི་མེ་མདའི་སོ་ཁར་ལངས་མིན་དེ་རེད།

སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་སྟེ་བདུན་ཕྲག་གཅིག་འགོར་བའི་ཉིན་དེར། ས་གནས་དང་ཕྱོགས་མཐའ་ཁག་ནས་ཡོང་བའི་བོད་པའི་དགེ་འདུན་པ་ཚོས་གེ་སར་ཐང་དུ་བདུན་གཅིག་འཁོར་བའི་བསྔོ་སྨོན་གྱི་མ་ཎི་འུར་འདོན་བྱེད་ཀྱིན་ཡོད་ལ། ཉིན་དེར་རྒྱ་ནག་གི་དམག་མི་ཞིག་གིས་The Epoch Times གསར་ཁང་གི་གསར་འགོད་པ་དེའི་རྣ་རྩར་གསང་བ་ཞིག་བཤད་དོན། གལ་སྲིད་བོད་མི་སུ་ཞིག་གིས་བོད་རང་བཙན་གྱི་སྐད་འབོད་བྱས་པ་ཡིན་ན། གོང་རིམ་ལ་ཆོག་མཆན་ཞུ་མི་དགོས་པར་ལམ་སེང་མེ་མདའ་བརྒྱབ་སྟེ་མཐོང་ས་དེ་རང་ནས་བསད་ཆོག་གི་ཡོད་ཅེས་བཤད་འདུག

སྟབས་ཡག་སྟེ་བོད་རིགས་སེར་སྐྱ་སུས་ཀྱང་སྐབས་དེར་ཛ་དྲག་གི་མྱུར་སྐྱོབ་ལས་དོན་ལ་མགོ་འཁོར་བསྡད་པ་མ་གཏོགས། བོད་རང་བཙན་གྱི་སྐད་འབོད་བྱས་མེད་ལ། བོད་ཀྱི་རྒྱལ་དར་ཡང་ཕྱར་མེད། རྒྱ་ནག་གཞུང་གིས་གྲ་སྒྲིག་བྱས་པ་ཇི་བཞིན་གྱི་གནས་ཚུལ་དེ་འདྲ་མ་བྱུང་སྟབས། རྒྱ་གཞུང་གིས་ཀྱང་གོ་སྐབས་དམ་འཛིན་བྱས་ཏེ། དགེ་འདུན་པ་ཚོ་དུས་ཚོད་རྒྱས་བཅད་ཀྱི་ནང་དུ་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།

བོད་རིགས་ཚོས་ས་ཡོམ་བརྒྱབ་དུས་གནམ་རྒན་མར་མིག་མི་འདུག་ཅེས་འཁང་ར་བྱས་པ་རེད། གནམ་རྒན་མར་མིག་ཡོད་ཙང་དོན་དག་འདི་བྱུང་མ་བཅུག་པ་འདྲ། དེ་མ་གཏོགས་ལན་ཀྲུག་དམག་ཁུལ་གྱི་རླངས་འཁོར་ ༡༥ ལྷག་འབྱོར་བ་དེ་དག་གིས། སྐྱེ་རྒུ་མདོའི་ཤུལ་ལུས་གསོན་པོ་ཚོ་དང་མྱུར་སྐྱོབ་ཏུ་ཡོང་བའི་དགེ་འདུན་པ་ཁྲི་ལྷག་ཅིག་ཡོད་པ་ཚང་མ་སྐྱེ་རྒུ་མདོ་ནས་ལམ་འཇུག་བྱེད་རྩིས་བྱས་འདུག སྐབས་དེར་ཕ་རོལ་བོའི་སེམས་ཀྱི་གྲ་སྒྲིག་ཇི་བཞིན་མ་བྱུང་བའི་ཚབས་ཆེ་ཤོས་ཀྱི་དོན་དག་ཀྱང་འདི་རེད།

བོད་པ་ཚོར་ནམ་རྒྱུན་འདི་ལྟའི་དོགས་པ་མེད་སྲིད། འོན་ཀྱང་། རྒྱ་ནག་གི་གྲ་སྒྲིག་ནི་རྒྱུན་ཏུ་བོད་མི་ཚོའི་བྲང་ཁར་གཏད་ཡོད་སྟབས། རྗེས་ཕྱོགས་འདི་ལྟའི་འདུ་འཛོམས་སྐབས་སུ་རྒྱ་ནག་གཞུང་གི་ཕྱོགས་ནས་དོན་དག་ཅི་རྩོམ་ལ་དོགས་ཟོན་བྱ་རྒྱུ་ཡང་གལ་ཆེན་དོན་ཆེན་དུ་གྱུར་འདུག་སྙམ།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 15

  1. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    སྨྲ་ཤེས་དོན་གོ་ཞེས་པ་འདིས། དངོས་ཡོད་གནས་ཚུལ་དང་གཏན་ནས་མི་མཐུན་པའི་རྒྱ་དམར་གྱི་ལོག་སྤྱོད་དྲིལ་བསྒྲགས་ངོ་མ་རྣམས། དྲྭ་ཚིགས་ཀུན་དུ་བསམ་བཞིན་དུ་བསྐྱར་འགོད་ཡང་འགོད་བྱས་འདུག་པས། དུས་བབ་ཚང་གིས་ཐུགས་བརྩེ་བས་ཉམ་ཆུང་བོད་མི་རྣམས་ཀྱི་གནས་སྟངས་ལ་དགོངས་ནས། རྒྱ་དམར་གྱི་ལོག་སྤྱོད་དྲིལ་བསྒྲགས་འདིའི་རིགས་བོད་མིའི་དྲྭ་རྒྱར་མི་བཀོད་རོགས་ཞུ། གནས་ཚུལ་འདིའི་རིགས་ལ་དོགས་ཟོན་གྱིས་འདང་བར་བྱོས

    སྨྲ་ཤེས་དོན་གོ་ཞེས་པ་འདི་བོད་མི་ཞིག་ཡིན་དང་རྒྱ་དམར་གྱི་ཚོགས་པའམ་ལས་ཁང་ཞིག་ཡིན། བདག་གིས་མི་ཤེས་ཀྱང་ཁོའི་བསམ་ཚུལ་དང་བཤད་སྟངས་ནི་འཇིགས་བསྐུལ་སྡིགས་མོ་ལ་དགའ་བའི་རྒྱ་ངན་གྱི་ལོག་སྤྱོད་གཤིས་ཀ་ཆེན་པོ་ལྡན་འདུག་ཡོད་པ་བདག་ལ་འཇིགས་བསྐུལ་ཚབས་ཆེན་བྱས་པ་འདིས་གསལ་བཤད་བྱས་འདུག
    འོན་ཀྱང་བདག་ནི་འབྲེལ་ཡོད་བོད་གཞུང་དང་གཞི་བྱེས་བོད་མི་རྣམས་ཀྱིས་གསལ་མཁྱེན་ཡོད་པ་ལས། ཁོས་བཤད་པ་བཞིན་གཟིག་སྤག་འོག་ནས་རྫུན་གཏམ་བསྐྱར་འགོད་ཀྱི་ལས་ངན་བྱེད་མི་སྲིད་ལ་དེ་བས་ཀྱང་ཁོ་ཚོའི་འཇིགས་བསྐུལ་ལ་ཞེད་སྣང་བྱེད་མི་སྲིད།

    གལ་སྲིད་ཁྱོད་སྨྲ་ཤེས་དོན་གོ་བའི་བོད་མི་ཞིག་ཡིན་ཀྱང་རྒྱ་དམར་གྱི་མགོ་བསྐོར་འོག་ཚུད་ཡོད་ན། དཔྱོད་ལྡན་སེར་བྱེས་རྭ་རྒྱ་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི། ས་ཡོམ་རྗེས་ཀྱི་མཐོང་ཐོས་དང་མནོ་བསམ། ༢༠༡༠/༠༥/༢༡ བོད་ཀྱི་དུས་བབ་ཐོག་འདོན་སྤེལ་བྱས་འདུག་པས། འདི་ལ་ཁྱོད་ཀྱིས་ཞིབ་གཟིགས་བྱོས་དང་ཁྱོད་ཀྱི་ལོག་རྟོག་ཞི་ངེས། https://tibettimes.net/wordpress/news.php?id=2780

    གོང་གི་དཔྱད་རྩོམ་་ལས་གསུངས་བ་ལྟར། སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་མ་ཐག་རང་གཞུང་བཀའ་ཤག་དང་སྤྱི་མཐུས་ཀྱིས་སྔ་ཕྱིར་སེམས་གསོའི་སྤྱི་བསྒྲགས་དང་གཞུང་འབྲེལ་མྱ་ངན་ཚོགས་འདུ་བྱས་ཡོད་པ་དང་། ཁྱད་པར་གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་སྐྱེ་རྒུ་མདོར་ཕེབས་ནས་གནོད་ཐེབས་བོད་འབངས་ལ་རོགས་སྐྱོར་མཛད་དགོས་གསུངས་བ་ལྟར་རྒྱ་གཞུང་ལ་འབྲེལ་བ་བྱས་ཡོད་ནའང་དངོས་ལན་མེད་པས་ད་ལྟ་བར་གོང་ས་མཆོག་གིས་རྒྱ་གཞུང་གི་ལན་སྒུག་བཞིན་བོད་ལ་ཕེབས་རྒྱུའི་འཆར་གཞི་་ཡོད་པ་ལས་་སྐྱེ་རྒུ་མདོའི་མི་དམངས་ལ་རོགས་རོམ་མ་གནང་བ་དེ་འདྲ་གཏན་ནས་མིན། མ་གཞི་གོང་ས་མཆོག་གིས་བོད་འབངས་བརྩེ་བ་དང་མགོན་སྐྱབས་མཛད་པ་བཞིན་འཛམ་གླིང་དབུ་ཁྲིད་སུས་ཞིག་གིས་སོ་སོའི་་མི་དམངས་ལ་བརྩེ་བ་བྱེད་ནུས་སམ་?

    སྤྱིར་ན་ང་ཚོའི་ཞབས་འདེགས་ཀྱི་དངུལ་རྣམས།
    ལྐོག་ཟ་ལ་བྱང་ཆུབ་པའི་རྒྱ་གཞུང་གི་དཔོན་ངན་ཚོ་ལ་སྤྲོད་པ་ལས།
    གཞི་བྱེས་གཉིས་ཀའི་བོད་མི་ཉམ་ཐག་རྣམས་ལ་སྤྲད་ན་དགེ་བ་དང་ཕན་ཡོན་ཆེ་བར་མཐོང་ཏེ།
    དཔྱོད་ལྡན་མི་ནག་ཚང་ལུང་རིགས་རྒྱལ་གྱིས་ ༢༠༡༠/༠༥/༡༩ ཉིན་འདོན་སྤེལ་བྱས་པའི་དུས་བབ་ཟུར་མཆན་དུ་། རྒྱ་དམར་གྱིས་བོད་མིའི་ལག་ནས་ཕར་འཕྲོག་ནས་ཁྱེར་བའི་རྒྱུ་དངོས་དེ་དག་ཚུར་མ་རག་པར། འདི་ནས་སྐྱབས་བཅོལ་བ་ཚོས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་སློང་མོ་བརྒྱབ་སྟེ། བསགས་ཤིང་བསྡུས་པའི་དངུལ་དེ་ཚོ་སླར་ཡང་རྒྱ་ནག་གཞུང་གི་ལག་ལ་སྤྲད་ན་རྒྱ་གཞུང་གིས་དེ་ཙམ་གྱིས་ཁེ་ཕན་ལེན་གི་རེད། རོགས་དངུལ་དེ་དག་སྤྱད་དེ་མདེའུ་རེ་རེ་བཟོས་ནས་ཁྱེར་ཡོང་གི་རེད། མདེའུ་དེ་དག་ཀྱང་འདས་པའི་ལོ་ ༣༠ ནང་ཚུན་དུ་བོད་པ་ཚོའི་སྟེང་ལ་བཀོལ་བ་ནང་བཞིན་ཞིག་མི་རིགས་གཞན་གྱི་སྟེང་ལ་བཀོལ་མེད་པའི་ཚོད་ཡིན།
    ཞེས་པ་གསུངས་བ་ལ་རྒྱུ་མཚན་ཆེན་པོ་ཡོད་པ་ ༢༠༡༠ ༠༥ ༢༡ ཉིན་བོད་ཀྱི་བང་ཆེན་ཐོག་བཀོད་པའི་ལས་གཤམ་གྱི་གནས་ཚུལ་འདི་གཟིགས་དང་།

    རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་གྱི་རོགས་རམ་བཙན་བཀག

    འོད་ཟེར་ལགས་སུ་ཡུལ་ཤུལ་བུའམ་བདེན་སྨྲ་ཞེས་པའི་སྨྱུག་མིང་ཐོག ས་གནས་རང་ནས་བཏང་བའི་ཡུལ་ཤུལ་གྱི་གནས་ཚུལ་བོད་ཡིག་རྒྱ་བསྒྱུར་བྱས་པའི་ནང་གསལ་ལྟར་ན། ས་ཡོམ་གྱི་གོད་ཆག་རྗེས་སུ་བོད་ཀྱི་དགོན་སྡེ་དང་སྒེར་མང་པོས། དང་བླངས་ཐོག་ནས་རོགས་སྐྱོར་བྱས་པ་དང། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ནས་གཅིག་མཚུངས་ཀྱིས། གྲྭ་པ་སྟོང་ཚོ་ཁ་ཤས་ཀྱིས་རོགས་སྐྱོར་གྱི་ཅ་དངོས་ཕོན་ཆེན་ཁྱེར་ནས་སྐྱེ་རྒུ་མདོར་འབྱོར་ཡོད་པ་རེད།
    
ཁོང་ཚོ་དངོས་སུ་ཕེབས་ནས་མི་མང་ལ་དངུལ་དང་ཅ་དངོས་བསྐྱེལ་བ་མ་ཟད། ཡུལ་གང་སའི་མི་དམངས་རྣམས་ལ་དངུལ་ (མི་རེ་ལ་རྒྱ་སྒོར་སུམ་བརྒྱ་རེ) དང་ཅ་དངོས་ཞིབ་ཕྲའི་སྒོ་ནས་བསྒོ་འགྲེམས་བྱས་སོང། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི། དྲང་བདེན་གྱི་ཕྱག་གཉིས་བརྐྱངས་ནས་རོགས་སྐྱོར་ཆེད་དུ་ཕེབས་པའི་གསེར་རྟ་དགོན་གྱི་རབ་བྱུང་རྣམས་ལ། རྒྱ་ནག་གཞུང་གིས་ཧ་ཅང་དོ་ནན་གྱིས་ཚོད་བཀག་བྱས་སོང། བྱ་བྱེད་དེ་དག་ཡོངས་ནི་རྒྱ་ནག་དབུས་གཞུང་རིམ་པའི་གཙོ་དཔོན་ཀྲོའོ་ཡོང་ཁང་གིས་བཀའ་རྒྱ་བཏང་ནས་ལག་བསྟར་བྱས་ཡོད་ཚུལ་འདུག
    ཉིན་འགའི་རིང་གསེར་རྟ་དགོན་པའི་འབྲེལ་ཡོད་དབུས་ལས་ཡོངས་རྫོགས་སྲིད་གཞུང་གི་འབོད་འགུག་བྱས་ཏེ། ཁོང་ཚོའི་རོགས་སྐྱོར་གྱི་བྱ་སྤྱོད་དེ་དག་ཁྲིམས་འགལ་ཡིན་ཚུལ་བརྗོད་པ་དང། རོགས་སྐྱོར་ནང་ཞུགས་པའི་བྱ་བ་དེ་དག་ནི་དྲིལ་བསྒྲགས་ཀྱི་ཆེད་དུ་ཡིན་པ་ལས་བྱམས་སེམས་དང་སྙིང་རྗེའི་རྩ་བའི་རྨང་གཞི་མིན་ལུགས་བཤད་པ་མ་ཚད། ད་དུང་རབ་བྱུང་ཚོས་རང་ངོས་ནས་ཤི་བོའི་གྲངས་ཀ་ཞིབ་བཤེར་བྱས་པ་སོགས་ནི་སྲིད་གཞུང་ལ་ཁ་གཏད་གཅོག་པའི་བྱ་བ་རེད་ཟེར་ནས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་རབ་བྱུང་ཚོ་རོགས་སྐྱོར་གྱི་བྱ་བར་ཞུགས་མི་ཆོག་པའི་བཀག་རྒྱ་བཀྲམས་ཡོད་ཅེས་གསལ་འདུག
    ད་དུང་རྩོམ་དེའི་ནང་གསལ་བ་ལྟར་ན། འདི་ནི་ས་ཡོམ་བྱུང་ནས་ད་བར་བོད་མིར་མ་ཉེས་ཁ་གཡོག་བྱས་པའི་དོན་རྐྱེན་ཐོག་མ་དེ་ཡིན་ཞིང། འདིའང་རྒྱ་གཞུང་གིས་སྤེལ་བའི་མཐའ་མའི་བྱ་ངན་ཞིག་ཡིན་མི་སྲིད། རྒྱ་ནག་གཞུང་ངོས་ནས་ཉམ་ཆུང་མི་མང་རྣམས་ལ་ས་ཡོམ་གོད་ཆག་ཐད་སྲིད་གཞུང་ཁོ་ནར་མི་རེ་ཐབས་མེད་ཀྱི་ཚོར་ཤུགས་སྤྲད་ཅིང་། དོན་དངོས་ཐོག་དེའང་ད་ཐེངས་རྒྱ་གཞུང་གིས་ཡུལ་ཤུལ་ས་ཡོམ་གོད་ཆག་ཕོག་པའི་མི་མང་ལ་རོགས་སྐྱོར་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ཡིན་པར་བརྟེན། རྒྱ་གཞུང་གིས་དགོན་པའི་ཕྱོགས་ཀྱི་རོགས་སྐྱོར་གྱི་བྱ་བར་དགའ་པོ་མེད་ལ། དེར་བཙན་ཚུགས་ཀྱིས་བཀག་བསྡོམ་བྱས་ཤིང། རོགས་སྐྱོར་ཚོགས་པ་མང་པོ་ས་ཁུལ་དུ་སྐྱོད་མི་ཆོག་པ་བཟོས་པ་མ་ཟད། ད་དུང་ཐོག་མཐའ་བར་གསུམ་དུ་སྟབས་བདེའི་ཐུག་པ་དང་འཐུང་ཆུ་སྤྲད་པ་ཙམ་གྱིས་དོན་དངོས་ལ་ཕན་འབྲས་མེད་སྐོར་བསྒྲགས་ཏེ་འགག་རྩར་ཐུག་དུས་རྒྱ་ནག་གཞུང་ལ་བརྟེན་དགོས་ཚུལ་བཤད་པ་རེད། རྒྱ་གཞུང་གིས་དེ་འདྲའི་རྩ་བའི་ཀུན་སློང་དང་དམིགས་ཡུལ་ཁྱེར་ནས་རྒྱ་གཞུང་རང་ཉིད་ལས་གཞན་རོགས་སྐྱོར་དཔུང་ཚོགས་གང་རུང་གི་རོགས་རམ་ལ་ངོས་ལེན་དང་མུས་མཐུན་བྱེད་ཀྱི་མེད་པ་རེད་ཅེས་གསལ་འདུག །
    http://www.tibetexpress.net/bo/home/2010-02-04-05-37-19/3244-2010-05-20-08-54-19

    Reply
  2. སྨྲ་ཤེས་དོན་གོ། says:
    ལོ་ 15 སྔོན།

    །།

    བདག་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་བོད་རིགས་ཡིན་པའི་ཆ་ནས་དམངས་གཅོ༹་ཡོངས་དག་པའི་ལམ་ནས་མངོན་སུམ་དུ་མཐོང་ཆུ༹ལ་བཤད་པ་ལས་རྒྱུ་མཆ༹ན་མེད་པའི་གནས་སྟངས་བརྗོད་ག་ལ་སྲིད།

    ཡིན་ན་གཟིག་པགས་གྱོན་པའི་སྡེ་དགེ་འཇིགས་མེད་ཁོ་བོ་ངག་འཁྱལ་ལ་ཉན་ན་རྒྱུ་མཆ༹ན་གང་ཡང་མ་མཐོང། འོན་ཀྱང་ཁོ་བོས་བྱ་སྤྱོད་དེ་ཆོ༹་འདིའི་ནང་བཀོད་ན་དེ་ནས་ཁོ་བོ་བཅ༹ན་བྱོལ་དུ་གནས་ཐབས་བྲལ།

    མ་ཟད་ཁོ་བོས་ཁ་ནས་བཤད་པ་དང་དོན་གྱི་ལས་ཀ་གཉིས་དངོས་སུ་འགལ་བ་མ་ཆ༹ད་རྒྱས་པ་སྤྲོ་ན་མི་ལེགས་སོ།

    Reply
  3. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    རྒྱབ་ལྗོང་ཀུན་སློང་བཟང་ངན་གང་ཡོད་ཀྱང་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཐེབས་སྐབས་རྒྱ་གཞུང་གིས་རོགས་སྐྱོབ་གང་ལེགས་ཙམ་བྱས་བྱུང་སྙམ། དཔེར་ན་མྱུར་སྐྱོབ་དམག་མི་མངགས་པ། གནམ་ས་གཉིས་ཐད་ནས་སྐྱེལ་འདྲེན་འཕྲུལ་འཁོར་བཏངབ། སྦྲ་གུར་སོགས་སྡོད་གནས་གྲྭ་སྒྲིགས་བྱས་པ། སྨན་པ་དང་སྨན་གཡོག་བཀོད་སྒྲིག་བྱས་པ། བཟའ་འཐུང་གི་མཐུན་རྐྱེན་སྦྱར་བ། རྒྱ་གཞུང་གི་དབུ་ཁྲིད་རིམ་པ་མི་འདྲ་བ་སྐབས་མཚམས་གནོད་ཐེབས་ས་ཁུལ་དུ་ཕྱིན་ཏེ་ལུས་ངག་གི་ཐོག་ནས་སེམས་གསོ་དང་འཚམས་འཕྲིན། མ་འོངས་ལས་འཆར་བཀོད་སྒྲིག་བྱེད་པ་བཅས་ལ་ལྟོས་ན་མཐའ་གཅིག་ཏུ་དེ་དག་ངན་པ་ཞིག་ཏུ་བརྩི་ཨེ་རུང་སྙམ། ྋགོང་ས་མཆོག་གིས་ཀྱང་སྐབས་དེར་རྒྱ་གཞུང་གི་རོགས་སྐྱོབ་ལ་བསྔགས་བརྗོད་མཛད་ཡོད་པ་ལས་མཐའ་གཅིག་ཏུ་དམའ་འབོད་རྐྱང་རྐྱང་བྱས་མེད་པ་རེད།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། ཉིད་ཀྱི་ལྟ་སྟངས་དེ་བདེན་པར་སྣང་། པེ་ཅིན་ལ་མཚོན་ན་འདི་ནི་ཧོན་འཐོར་དགོས་པའི་གནད་དོན་གཞན་ཞིག་ཡིན།

    ༡། བརྒྱད་ཅུ་གྱ་གྲངས་ཀྱི་མགོར་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་ལྷ་སར་འབྱོར་སྐབས། པེ་ཅིན་གྱི་སེམས་ལ། བོད་པ་ཚོ་ཏཱ་ལའི་བླ་མའི་སྐུ་ཚབ་ཚོའི་སྟེང་ལ་ཁོང་ཁྲོ་ཆེན་པོ་ལངས་ཡོད་སྟབས། སྐུ་ཚབ་ཚོར་ཉེན་ཁ་འཕྲད་སྲིད་པའི་དོགས་པ་དང་སྲུང་སྐྱོབ་གྲ་སྒྲིག་བྱས་ཀྱང་། སྐུ་ཚབ་རྣམ་པ་ལྷ་སར་འབྱོར་དུས་བོད་རིགས་མི་དམངས་ཀྱིས་ལག་ལ་ཁ་བཏགས་བཟུང་སྟེ་བསུ་བ་བྱས། མིག་ཆུ་བཏོན། ཕྱག་ལ་འཇུས་པ་སོགས་བྱས་པ་རེད། པེ་ཅིན་གྱི་དབུ་ཁྲིད་ཚོ་རང་གི་ཚོད་དཔག་ལས་བརྒལ་བའི་དོན་དག་འདིར་ཧོན་འཐོར་བ་རེད།

    ༢། ༢༠༠༡ ལོར་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ནས་དུས་དབང་གསུངས་སྐབས། གཟིག་ལྤགས་དང་སྟག་ལྤགས་གྱི་རྒྱན་ཆ་རྣམས་མི་ལེགས་ཚུལ་གྱི་བཀའ་སློབ་ཅིག་གནང་བ་དང་མཉམ་དུ། བོད་ས་ཡོངས་རྫོགས་ནས་ལོ་ངོ་སྟོང་ཕྲག་གི་སྲོལ་རྒྱུན་གྱི་ཤོམ་གོས་དེ་དག་མེར་བསྲེག་པ་རེད། པེ་ཅིན་སླར་ཡང་ཧོན་འཐོར་བ་རེད།

    ༣། ༢༠༠༨ ལོར་མདོ་དབུས་ཁམས་གསུམ་ནས་བོད་མི་ཚོ་སྡེབས་གཅིག་ཏུ་ལངས་པ་རེད། བོད་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་བྱས་པ་རེད། ག་ས་གང་ནས་མཉམ་དུ་ལངས་པ་རེད། པེ་ཅིན་མུ་མཐུད་ནས་ཧོན་འཐོར་བ་རེད།

    ༤། ད་ལོའི་ས་ཡོམ་སྐབས་ཀྱི་གདུང་སེམས་མཉམ་སྐྱེད་ནི་པེ་ཅིན་གྱི་ཚོད་དཔག་ལས་རིང་དུ་བརྒལ་བ་རེད། དེ་ནི་བོད་མི་ཚོས་མྱུར་སྐྱོབ་ཀྱི་ལས་དོན་མ་གཏོགས། བོད་རང་བཙན་གྱི་སྐད་འབོད་བྱས་མེད། དེར་བརྟེན། པེ་ཅིན་གྱིས་བཀའ་མངགས་བྱས་པ་ལྟར་བོད་མི་ཚོའི་སྟེང་ལ་མེ་མདའ་རྒྱག་མ་དགོས་སྟབས། ད་སྐབས་ཁོ་ཚོ་ཧོན་འཐོར་ནས་བསྡད་ཡོད་པ་རེད།

    Reply
  5. མགོ་རུལ། says:
    ལོ་ 15 སྔོན།

    ཨ་རིའི་ཨོཁལཧོམ་ཞེས་པའི་ས་གནས་སུ་སེར་བ་ཁུ་ཚུར་ཙམ་བབས་པའི་གློག་བརྙན་ལ་གཟིགས།
    http://news.yahoo.com/video/us-15749625/hail-storm-hits-oklahoma-19917666#video=19917666

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ལུང་རིགས་ལགས། ངས་ས་ཡོམ་འདིའི་སྐོར་ལས་གནད་དོན་གཉིས་མཐོང་སོང་། གཅིག་ནི་བོད་ནང་གི་དགོན་པ་ཁག་གཅིག་གིས་སྣེ་ཁྲིད་དེ་གྲྭ་བཙུན་རྣམས་དངོས་སུ་མང་ཚོགས་ཀྱི་རྒུད་སྐྱོབས་བྱ་བར་ཞུགས་པ་དེ་འགྱུར་བ་ཆེན་པོ་རེད་བསམ་སོང་། སྔོན་མ་ཡིན་ན་ཆོས་ཀྱི་ཆོ་ག་སྨོན་ལམ་སོགས་བྱེད་པ་ལས་དངོས་སུ་དེ་ལྟར་རོགས་སྐྱོར་གནང་སྲོལ་ཆེར་མི་འདུག དེས་བོད་རིགས་མང་ཚོགས་ཀྱིས་གྲྭ་བཙུན་ལ་ངོས་འཛིན་གཞན་ཞིག་བྱེད་མགོ་ཚུགས་བཅུག་ཅིང་རྒྱ་དམར་གཞུང་ལ་ཞེད་སྣང་གཞན་ཞིག་སླེབས་མགོ་བཙུགས་སོང་སྙམ། གྲྭ་བ་ཚོ་གང་དུ་ཡོད་ན་བོད་རིགས་མང་ཚོགས་དེ་ན་ཡོད་སྟབས་བོད་མཐའ་དབུས་ཚང་མ་ནས་གཅིག་སྒྲིལ་གྱི་རྣམ་པ་ཤུགས་ཆེན་པོ་ཞིག་བསྟན་ནུས་པ་རེད།
    གཉིས་པ་དེ་ད་ཐེངས་རྒྱལ་བ་རིན་པོ་ཆེས་ང་ས་གནས་རང་དུ་ཕེབས་འདོད་ཡོད་གསུངས་པ་དང་ཡུལ་ཤུལ་བ་ཁག་གཅིག་གིས་རྒྱལ་བ་རིན་པོ་གདན་འདྲེན་ཞུ་དགོས་པའི་སྐུལ་མ་བཏོན་པ་དེས་ཀྱང་རྒྱ་དམར་གཞུང་ཁ་སྐྱེངས་པོ་བཟོས་མེད་དམ་སྙམ། ས་ཡོམ་བྱུང་ཚུན་ནས་རྒྱ་དམར་ཕྱོགས་ནས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་ལྟར་སྣང་བ་འདོན་རྒྱུ་ཇེ་མང་དུ་བཏང་སོང་བ་དེ་ཡང་ཁོ་རང་ཚོའི་སེམས་ལ་ན་ཚ་འདྲ་ཞིག་སླེབས་སོང་བས་མིན་ནམ་སྙམ།
    བཙན་བྱོལ་གཞུང་འདི་འཕག་འཚག་ཆེན་པོ་ཞིག་རྒྱག་ཐུབ་ན་བསམ་ཡང་དེ་ནི་ཅང་བྱུང་མ་སོང་།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཉེ་ཆར་རྒྱ་རིགས་ཤིག་གིས་བཤད་དོན། པེ་ཅིན་གྱི་མགོ་ཁྲིད་ཚོའི་ནང་དུ། ༼གལ་སྲིད་རྦད་དེ་ཁར་མི་ཉན་ན། བོད་པ་ཚོ་རྩ་མེད་དུ་གཏོང་དགོས་པའི་བསམ་ཚུལ་འཛིན་མཁན་ཡང་འདུག་༽ཟེར།

    སྐད་ཆ་འདི་ཚོ་ཡང་ཚབས་ཆེན་རེད།

    དངོས་སུ་བྱུང་མེད་ཀྱང་པེ་ཅིན་གྱིས་གྲ་སྒྲིག་བྱེད་མྱོང་བ་དང་། ད་ལྟའང་གྲ་སྒྲིག་ཡོད་པའི་ཚབས་ཆེན་གྱི་ལས་ཀ་མང་པོ་ཡོད་པ་འདྲ།

    Reply
  8. འཇམ་མགོན། says:
    ལོ་ 15 སྔོན།

    གྲོགས་མི་ནག་ལགས། འདི་ལྟར་གསལ་འདེབས་གནང་བ་ཚང་མར་ཕན་ངེས་འདོད་ལ། ལྷག་དོན་འཇིགས་གཡེར་བའི་གསལ་འདེབས་ཤིག་ནི་རྒྱ་ནག་གིས་དེ་དུས་སྐྱེ་རྒུ་མདོར་བཟུང་བའི་རྣམ་འགྱུར་ནི་རྦད་དེ་ཁ་ཁ་རེད། ཁོང་ཚོའི་དོ་སྣང་ནི་ག་དུས་ཤིག་ལ་སུ་ཞིག་ཁོང་ཚོའི་མེ་མདའི་སོ་ཁར་ལངས་མིན་དེ་རེད་ཞེས་འདི་ཡིན། ངོ་མ་རེད་དྲན་པ་ནང་ལ་བཀུག་ནས་བསམ་བློ་ཞིབ་མོ་ཞིག་བཏང་ན་དེ་དུས་རྒྱ་དམག་གིས་བོད་མི་གསོད་རྒྱུ་ཡ་ང་མེད་ལ། སྟབས་མ་འགྲིག་པ་རེད་མ་གཏོགས་བསོད་ཆོག་ཆོག་གི་གྲ་སྒྲིག་ཀྱང་ཡོད་ངེས། མདོ་དོན་གསལ་འདེབས་གནང་བ་བཀའ་དྲིན་ཆེ།

    Reply
  9. ཤེས་རབ། says:
    ལོ་ 15 སྔོན།

    བོད་མི་ནི་གང་དུ་བགྲོད་ཀྱང་སྡུག་བསྔལ་དང་། དཀའ་ངལ་ཅན་ཞིག་རེད། ཐེ་ཝན་རྒྱ་མི་ཞིག་གིས་བདག་ལ་བཤད་དོན། བོད་མི་དང་བོད་པའི་གྲྭ་པ་གང་ཞིག་ཕྱི་རྒྱལ་ནས་རྒྱ་ནག་ཏུ་འཛུལ་སྐབས་ཆུ་ཚོད་དྲུག་དང་བདུན་གང་རུང་བཀག་འགོག་བྱས་ཏེ། དྲི་རྩད་དང་འཇིགས་བསྐུལ་ཚད་མེད་བྱེད་ཀྱིས་འདུག་ཟེར། དེ་ཙམ་མ་ཟད་རྒྱ་གར་དང་། བལ་པོ་སོགས་ནས་རྒྱ་ནག་གཞུང་ཚབ་ཁང་གིས་བོད་དུ་མཉེན་ཕྲད་འགྲོ་ཆོག་པའི་མཐོང་མཆན་སྤྲད་ཀྱང་། བལ་བོད་གཉིས་ཀྱི་ས་མཚམས་སུ་སླེབས་སྐབས་མིའི་གཟུགས་པོ་དང་། ཅ་དངོས་རིགས་ཡོངས་རྫོགས་ཞིབ་བཤེར་བྱས་ཏེ་ཆུ་ཚོད་ལྔ་དྲུག་ལྷག་ཙམ་འཇིགས་བསྐུལ་གྱིས་འོག་ཏུ་བཞག་ཡོད་འདུག

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཚེ་རིང་ལྷ་མོ་ལགས་ཕེབས་པར་དགའ་བསུ་ཞུ། རྒྱ་དོགས་པས་ཕོངས་ཞེས་པའི་དཔེ་ལྟར། ཁོང་ཚོར་ ༢༠༠༨ ལོ་ནས་བཟུང་དོགས་པ་ཇེ་ཆེར་གྱུར་བ་རེད། གདེང་ཚོད་ཡལ་བ་རེད། ད་ནི་གདེང་ཚོད་གཅིག་རང་ཡོད་པ་ནི་མེ་མདའ་རེད། མེ་མདའི་ཁ་ནས་དོན་དག་བྱུང་ཚད་ཐག་གཅོད་དགོས་པའི་ལྟ་ཚུལ་གསར་པ་ཞིག་བསླེབས་ཡོད་པ་རེད། བོད་པ་ཚོས་འདི་དག་ཤེས་རྒྱུ་གལ་ཆེན་པོ་རེད་འདོད་ནས་འདི་ལྟར་བྲིས་པ་ཡིན།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་ངོས་འདི་ན་སྨྲ་ཤེས་དོན་གོ་ཞུ་བ་ཞིག་གིས་མཆན་གཅིག་ག་ས་གང་དུ་སྤེལ་གིན་འདུག དེ་བས་ཁོང་ལ་བསམ་ཚུལ་ཙམ་དུ་ཕུལ་བ་ཡིན། ང་རང་གིས་འདི་འདྲ་ཞིག་བསམ་ནས་ཀྱང་ཡུན་རིང་འགོར།

    སྨྲ་ཤེས་དོན་གོ་ལགས། སྤྱིར་བཏང་རོགས་དངུལ་འབུལ་རྒྱུ་དང་། ལྷག་པར་དུ་སྐུ་མདུན་ཁོང་གིས་གནང་ན་དགེ་བ་དང་དགོས་པ་ཁྱད་པར་བ་མང་པོ་ཡོད་ཀྱང་། ངས་ནི་ད་ཐེངས་བོད་མི་ཚོས་སྐྱེ་རྒུ་མདོར་ཞལ་འདེབས་བསྡུས་པ་དེ་ཐབས་ཤེས་ཁྱད་དུ་འཕགས་པ་ཞིག་ལ་མཐོང་མ་སོང་། ང་ཚོས་འདི་ནས་དཔལ་འབྱོར་གྱི་མཐུན་རྐྱེན་ཅི་ཙམ་མང་པོ་སྤྲད་ན་རྒྱ་གཞུང་གིས་དེ་ཙམ་གྱིས་ཁེ་ཕན་ལེན་གི་རེད། རོགས་དངུལ་དེ་དག་སྤྱད་དེ་མདེའུ་རེ་རེ་བཟོས་ནས་ཁྱེར་ཡོང་གི་རེད། མདེའུ་དེ་དག་ཀྱང་འདས་པའི་ལོ་ ༣༠ ནང་ཚུན་དུ་བོད་པ་ཚོའི་སྟེང་ལ་བཀོལ་བ་ནང་བཞིན་ཞིག་མི་རིགས་གཞན་གྱི་སྟེང་ལ་བཀོལ་མེད་པའི་ཚོད་ཡིན།

    ཕར་འཕྲོག་ནས་ཁྱེར་བའི་རྒྱུ་དངོས་དེ་དག་ཚུར་མ་རག་པར། འདི་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་སློང་མོ་བརྒྱབ་སྟེ་བསགས་ཤིང་བསྡུས་པའི་དངུལ་དེ་ཚོ་སླར་ཡང་རྒྱ་ནག་གཞུང་གི་ལག་ལ་འཇོག་པ་འདི་ལས་ཐབས་རྡུགས་པ་ཞིག་མཐོང་གི་མི་འདུག

    ཁྱོད་ཀྱིས་སྒོར་རྡོག་ག་ཚོད་ཅིག་བསྡུས་ནས་ཕར་སྤྲད་ན་དེ་ཚོད་ཀྱིས་རང་མི་རིགས་ཀྱི་སྲོག་རྩ་གཅོད་གི་རེད།

    དེང་སྐབས་འཛམ་གླིང་སྟེང་ན་དམག་མི་མང་ཤོས་ནི་རྒྱ་ནག་རེད། མཐའ་མཚམས་ཁག་གི་བཅིངས་འགྲོལ་དམག་མི་དག་གི་འགྲོ་སོང་མཐའ་དག་གུང་ཁྲན་ཏང་གིས་མི་དམངས་ཀྱི་ཤ་ཁྲག་ནས་འཇུབ་སྟེ་བཅིངས་འགྲོལ་དམག་གི་སྟེང་ལ་བཀོལ་གྱིན་ཡོད་པ་རེད། མཐའ་མ་དེར་མི་དམངས་ཀྱི་ཚེ་སྲོག་འཕྲོག་མཁན་ནི་མི་དམངས་བཅིངས་འགྲོལ་དམག་མི་རེད།

    ད་རྩིས་རྒྱོབ། འདང་རྒྱོབ། དེའི་རྗེས་ནས་སྐད་ཆ་ཤོད།

    Reply
  12. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 15 སྔོན།

    ས་ཡོམ་གྱི་འཇིག་ཉེན་དེ་ལྟ་བུའི་འོག་གྱང་རོའི་ཁྲོད་ནས་རྒྱ་དམར་གྱིས་ཉར་མིི་འཇུག་པའིི་༸གོོང་ས་མཆོག་གིི་སྐུ་པར་ཐོན་དུས་རྒྱ་དམར་ཚོ་ག་བྱེད་འདིི་བྱེེད་མེེད་པ་ཞིིག་རེེད་ཨང། སྐྱབས་གནས་དགེེ་འདུན་པའིི་སྡེེེས་མིི་མང་སྐྱོོབས་རོོགས་གནང་ཙང་རྒྱ་མིིའིིི་བྱས་རྗེེས་བརླག་ཡོོང་བསམ་པ་མ་ཟད་ ངོ་རྒོོལ་སྐད་འབོད་བྱས་ནས་རྒྱ་ནག་གིི་ཞབས་འདྲེེན་ཞུས་ཡོོང་བསམ་གྱིི་ཡོོོད་པ་རེེད།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གལ་སྲིད་ཉིན་དེར། ས་སློག་རྡོ་སློག་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་གཞུང་གི་བརྩེ་སེམས་དང་རོགས་སྐྱོར་མ་ཚོར་བའི་སྐབས་ཤིག་ལ། དཔེར་ན། དགེ་འདུན་པ་ཞིག་གམ། དད་ལྡན་མང་ཚོགས་དཀྱུས་མ་སུ་རུང་ཞིག་གིས་ཀི་རིང་ཞིག་བཏབས་ཚེ། གློ་བུར་དུ་ཁོའི་བྲང་གཞུང་དེ་རྣོ་ལྕགས་བཙན་པོ་ཞིག་གིས་གཏོར་སྲིད་པ་རེད།

    ད་སྐབས་ད་དུང་རྩོད་གཞི་ཞིག་ཡོད་ན་ང་ཚོས་རྩོད་དགོས་པ་ནི་འདི་རེད་འདོད། དོན་རྐྱེན་དེ་འདྲ་ཞིག་བྱུང་བ་ཡིན་ན་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དཀྲུག་གི་རེད། ཏང་ཀྲུང་དབྱང་གི་ཐུགས་ཀྱང་སྔར་གྱི་གྲ་སྒྲིག་བཞིན་ཁྲོས་གི་རེད། ས་གནས་ས་ཐོག་ནས་སྲོག་རེ་རེ་འབེན་རེ་རེར་འཇོག་གི་རེད། ་་་་་

    Reply
  14. གྲྭ་རྒོད says:
    ལོ་ 15 སྔོན།

    བྱམས་བརྩེའི་ཨ་མའི་སྙིང་གི་དུམ་བུ།།
    གཅེས་པའི་བུ་ཕྲུག་རྐྱེན་ལམ་སོང་བའི།།
    ལས་དབང་མྱ་ངན་སེམས་ཀྱིས་མ་འཆུན།།
    འོ་དོད་འབོད་སྒྲ་འུར་འུར་ཟིང་ཟིང་།།

    སྙིང་སྡུག་བྲལ་བའི་ཤུལ་ལུས་གཉེན་ཉེ།།
    ཡིད་སེམས་གདུང་བ་དྲག་པོས་གཟིར་ནས།།
    བརྒྱལ་དང་དྲན་པ་མུན་སྟུག་ཀློང་དུ།།
    བར་མེད་མནར་བའི་ཚུལ་འདི་སུས་བཟོད།།

    ཀྱེ་ཧུལ་བསླུ་མེད་དཀོན་མཆོག་རྣམ་གསུམ།།
    དམྱལ་སྣང་ས་ཁར་མངོན་སུམ་འཕོས་འདྲེས།།
    བོད་འབངས་སེམས་ཅན་སྡུག་བསྔལ་འདི་འདྲ།།
    མྱོང་དགོས་ཅི་ཞེས་ཞེ་བློ་རྨོངས་བྱང་།།

    བརྩེ་མེད་ས་བདག་གཏུམ་དྲག་ཅན་ལ།།
    ཉེས་མེད་ཚེ་སྲོག་གཉོམ་ཆུང་འདི་དག།།
    ཐར་མེད་གཤིན་རྗེའི་ཡུལ་དུ་འཁྲིད་པའི།།
    འགོག་མེད་དཀའ་གཙིགས་སུ་ཡིས་ཕབས་ཨང་།།

    རྡུལ་རླུང་འཚུམས་མའི་མཐོ་སྒང་གྲོང་བརྡལ།།
    ཁྲག་དང་མིག་ཆུའི་རྒྱུན་གྱིས་གང་ནས།།
    ངུ་ངག་དབྱངས་ལྟ་རྣ་བར་འཛུལ་དུས།།
    སྙིང་འདི་ཚལ་བར་གཤགས་ལ་ཕྱོགས་སོ།།

    རྟེན་གསུམ་བཞེངས་བསྐྲུན་ཚར་དུ་དངར་ཞིང་།།
    བཤད་གྲུབ་བསྟན་པའི་སྲོག་སྙིང་བཟུང་བའི།།
    དགོན་སྡེ་དུ་མ་ཞིག་རལ་བཏང་བས།།
    འགྲོ་བའི་ལས་སྣང་བསམ་ཡིད་འདས་སོ།།

    ཀུན་བཟོད་མ་དེ་མ་བཟོད་དྲག་ནས།།
    འགུལ་རིམ་བདུན་དང་གྲངས་ཆུང་གཅིག་གི།
    ལྡང་སྟབས་གཅིག་གིས་ཚེ་སྲོག་ཁྲི་ཕྲག།།
    འདི་ལྟར་སྡུག་བསྔལ་གཡང་ལ་སྒྱུར་སོང་།།

    མཛེས་ལྗོངས་སུམ་རྩེན་གནས་སུ་འགྲན་ཞིང་།།
    གླུ་བྲོའི་གཞིས་ཁྱིམ་མཚན་སྙན་འབར་བའི།།
    བོད་ཡུལ་སྐྱེ་རྒུ་མདོ་ཡི་ཡུལ་དེ།།
    སྐད་ཅིག་ཤུལ་ཙམ་བཟོས་འདི་བདེན་ནམ།།

    ཤེས་རིག་འོད་སྣང་འགྱེད་པའི་དགེ་རྒན།།
    ཕུགས་བསམ་མེ་ཏོག་རྒུམ་པའི་སློབ་ཚོགས།།
    ས་ཆེན་གླལ་པའི་འདར་གསིག་གཅིག་གིས།།
    རྡོ་འདམ་གཏིབས་འོག་གཏན་དུ་མནན་སོང་།།

    མི་མངོན་དབྱིངས་ཀྱི་རྩ་གསུམ་རྒྱ་མཚོ།།
    ཉམས་ཐག་འགྲོ་བའི་ཚུལ་འདི་གཟིགས་ནས།།
    ཐུགས་རྗེའི་འཇུག་པ་ནམ་ཡང་བསྐུལ་ན།།
    ཅིས་ཀྱང་བརྩེ་བས་ལན་ཅིག་དགོངས་འཚལ།།

    འཕགས་ཡུལ་གནས་སྡོད་གྲྭ་རྒོད་ནས།
    ཕྱི་ལོ༢༠༡༠ཟླ༠༥ཚེས༡༩ལ་གུས་པའི་ཕུལ།

    Reply
  15. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    མིང་ལ་”སྨྲ་ཤེས་དོན་གོ”ཞེས་པའི་དྲྭ་མཆན་འགོད་མཁན་ཞིག་གིས། དངོས་ཡོད་གནས་ཚུལ་དང་གཏན་ནས་མི་མཐུན་པའི་རྒྱ་དམར་གྱི་ལོག་སྤྱོད་དྲིལ་བསྒྲགས་ངོ་མ་རྣམས། དྲྭ་ཚིགས་ཀུན་དུ་བསམ་བཞིན་དུ་བསྐྱར་་འགོད་ཡང་འགོད་བྱས་འདུག་པས། དུས་བབ་ཚང་གིས་ཐུགས་བརྩེ་བས་ཉམ་ཆུང་བོད་མི་རྣམས་ཀྱི་གནས་སྟངས་ལ་དགོངས་ནས། རྒྱ་དམར་གྱི་ལོག་སྤྱོད་དྲིལ་བསྒྲགས་འདིའི་རིགས་བོད་མིའི་དྲྭ་རྒྱར་མི་བཀོད་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese