མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློས་ཐུབ་གྲོགས་པོ་ཞིག་རྩ་དགོངས་ཞུས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་གྲོགས་པོ་སྟེ་འཇར་མན་ཧེ་སིན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཁོ་ཆི་མཆོག་གློ་བུར་དུ་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་འཇར་མན་ཧེ་སིན་ Hessen  མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཁོ་ཆི་  koch མཆོག་གློ་བུར་དུ་ཆབ་སྲིད་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག་ལ། དེས་གསར་འགྱུར་བརྒྱུད་ལམ་ཁག་ཁག་ཏུ་རྒྱུན་ལྡན་མིན་པའི་དཀྲོག་གཏམ་ཞིག་བཟོས་ཡོད་འདུག ཁོ་ཆི་ལགས་ནི་གོང་ས་མཆོག་ལ་བློས་ཐུབ་ཀྱི་གྲོཊ་པོ་གང་མང་གང་ཞིག་ཡོད་པའི་ནང་གི་གཅིག་ཡིན་པས། ཁོང་ལས་གནས་ནས་རྩ་དགོངས་ཞུས་པ་དེས་འཇར་མན་གྱི་ཆབ་སྲིད་ཁོར་ཡིག་ཁྲོད་༧གོང་ས་མཆོག་ལ་རྒྱབ་སྐྱོརགནང་མཁན་ཞིག་མེད་པར་གྱུར་བ་རེད་ཅེས་དབྱེ་ཞིབ་པས་བརྗོད་ཡོད་འདུག

ཚེས་ ༢༥ ཉིན་སྐུ་ཞབས་ཁོ་ཆི་ལགས་ཀྱིས་གློ་བུར་དུ་ཆབ་སྲིད་ཚོགས་པ་ནས་རྩ་དགོངས་ཞུས་པའི་གསལ་བསྒྲགས་བྱས་ཡོད་ལ། ཁོང་གི་གློ་བུར་བའི་བྱེད་སྟངས་དེས་མི་རྣམས་ཧང་སང་དུ་བཅུག་ཡོད་པ་རེད། ཁོང་ནི་ཁྲིམས་ལུགས་རིག་པའི་མཁས་དབང་ཞིག་ཡིན་ལ་ཕྱི་ལོ་ ༡༩༩༩ ལོར་ཡུལ་དེའི་ཧེ་སིན་མངའ་སྡེའི་སྲིད་སྐྱོང་དུ་བསྐོ་བཞག་གནང་ཡོད། ༢༠༠༦ ལོ་ནས་བཟུང་ཡུལ་དེའི་ཡི་ཤུའི་མང་གཙོ་མཉམ་འབྲེལ་མཐུན་ཚོགས་  CDU  ཀྱི་ཚོགས་གཙོ་གཞོན་པའི་གོ་གནས་ཐོབ་ཡོད་པ་དང་། དུས་ཡུན་རྒྱུན་རིང་པོ་ཞིག་ལ་ཁོང་ནི་ཚོགས་པ་དེའི་ཚོགས་གཙོ་འམ་འཇར་མན་སྲིད་བློན་ལྕམ་ཨན་གྷིལ་མར་ཁིལ་  Angela Merkel  མཆོག་གི་དོ་ཟླར་ལངས་ཐུབ་མཁན་གྱི་ཆབ་སྲིད་དབུ་ཁྲིད་ཅིག་ཡིན་པར་མི་སྣ་མང་པོ་ཞིག་གིས་ངོས་འཛིན་བྱས་མྱོང་ཡོད་ཀྱང་། ལྕམ་མར་ཁིལ་མཆོག་གི་སྲིད་བློན་གྱི་ལས་འཁུར་རིང་ཁོང་ནི་དུས་དང་རྣམ་པ་ཀུན་ཏུ་ཁོ་མོར་རྒྱབ་སྐྱོར་དང་བློ་ཐག་ཉེ་བོ་བྱེད་མཁན་ཞིག་ཡིན་པར་མ་ཟད། དུས་ད་ལྟའི་བར་ཁོ་མོར་མངོན་སུམ་གྱི་སྐྱོན་བརྗོད་དང་རྒྱབ་འགལ་སོགས་གང་ཡང་བྱས་མྱོང་མེད་པ་རེད།

ཉེ་ཆར་གློ་བུར་དུ་ཁོང་གཉིས་ཀྱི་བར་ལ་འགལ་ཟླ་ཞིག་བྱུང་བ་དེ་གཙོ་བོ་ཁོང་གིས་སློབ་གསོའི་སྲིད་བྱུས་ལག་ལེན་སྐོར་ལ་རེ་འདུན་ཞིག་བཏོན་པ་དེར་ངོས་ལེན་མ་བྱས་སྟབས་རྩ་དགོངས་ཞུས་པ་ཡིན་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱེད་ཀྱིན་ཡོད་འདུག རང་ལོ་ ༥༢ ལ་སོན་པའི་སྐུ་ཞབས་ཁོ་ཆི་མཆོག་གིས་ཁོང་གིས་ཆབ་སྲིད་དང་འབྲེལ་བའི་ལས་གནས་ཡོངས་ནས་རྩ་དགོངས་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་། འདིའི་ཐད་མི་ཁ་ཤས་ཀྱིས་ཁོ་ཆི་རྗེས་ཕྱོགས་དཔལ་འབྱོར་གྱི་ལས་དོན་ནང་འཛུལ་ཞུགས་བྱ་སྲིད་པ་མ་ཟད། ལྷག་པར་དུ་འཇར་མན་སྤྱི་མཐུན་སྲིད་གཞུང་དེའི་དངུལ་ཁང་གི་འགན་འཛིན་གྱི་ལས་གནས་འཁུར་སྲིད་པའི་ཚོད་དཔག་ཀྱང་བྱེད་བཞིན་ཡོད་འདུག

ཤེས་རྟོགས་བྱུང་བ་ལྟར་ན། སྐུ་ཞབས་ཁོ་ཆི་ལགས་ནི་༧གོང་ས་མཆོག་གི་བློས་ཐུབ་ཀྱིོ་གྲོགས་པོ་ཞིག་ཡིན་ལ། ཁོང་གིས་༧གོང་ས་མཆོག་འཇར་མན་དུ་ཕེབས་ཐེངས་རེར་གནམ་ཐང་དུ་ཆེད་བཅར་གྱིས་༧གོང་ས་མཆོག་ལ་ཕེབས་བསུ་ཞུས་མྱོང་ཡོད།  ལོ་འགའི་སྔོན་ཁོང་གིས་༧གོང་ས་མཆོག་ཡུལ་དེའི་ཧེ་སིན་མངའ་སྡེར་མགྲོན་འབོད་ཀྱིས་སྣེ་ལེན་གཟབ་རྒྱས་ཤིག་ཀྱང་ཞུས་ཡོད་འདུག དེ་བཞིན་ཁོང་བོད་དུའང་ཐེངས་འགར་ཕེབས་མྱོང་ཡོད་པར་མ་ཟད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཆེད་རོགས་འདེགས་ཞུ་མཁན་ཞིག་ཀྱང་ཡིན་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

 

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 2

  1. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    སྲིད་དོན་པ་དེ་ཚོ་བྱེད་སྟངས་ལ་ང་ཚོ་ཚོད་དཔག་གཏན་ནས་བྱེད་མི་ཐུབ་ཀི།

    Reply
  2. karma dorje says:
    ལོ་ 16 སྔོན།

    འཇར་མན་ཧེ་སིན་ Hessen མཆོག་སྐུ་ཚེ་ཡུན་དུ་བརྟན་ལ་བསམ་དོན་ལྷུན་གྱིས་གྲུབ་པར་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese