མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྟོན་པ་རྗེས་དྲན་གྱི་སྐྱེད་ཚལ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྷི་ཧར་མངའ་སྡེར་༧གོང་ས་མཆོག་གིས་སྟོན་པ་རྗེས་དྲན་གྱི་སྐྱེད་ཚལ་ཞིག་ལ་དབུ་འབྱེད་རབ་གནས་གནང་ཡོད་འདུག

༧གོང་ས་མཆོག་གིས་བྱང་ཨ་རིའི་མཛད་འཕྲིན་ཁག་ལེཊ་པར་གྲུབ་རྗེས་ཕྱི་ཚེས་ ༢༧ ཏེ་བོད་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་གནམ་གྲུ་བརྒྱུད་རྒྱ་གར་མངའ་སྡེ་བྷི་ཧར་བདེ་བར་འབྱོར་ཡོད་ལ། སྐབས་དེར་མངའ་སྡེའི་སྲིད་སྐྱོང་བ་དང་བློན་ཆེན་སོགས་འབྲེལ་ཡོད་མི་སྣས་ཕེབས་བསུ་གཟབ་རྒྱས་ཤིག་ཀྱང་ཞུས་ཡོད་འདུག མངའ་སྡེའི་གཞུང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུས་བཟང་གི་ཉིན་དེར། ༧གོང་ས་མཆོག་གིས་གྲོང་ཁྱེར་པཱ་ཊ་ནིར་ཉེ་ཆར་གསར་དུ་བསྐྲུན་པའི་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དེར་དབུ་འབྱེད་རབ་གནས་གནང་ཡོད་པ་རེད། གྲོང་ཁྱེར་དེར་བཞེངས་བསྐྲུན་བྱས་པའི་སྐྱེད་མོས་ཚལ་དེའི་ནང་ཉི་ཧོང་དང་ཐེ་ལན་ཌི། ཤི་རི་ལན་ཁ། འབར་མ་བཅས་ནས་གདན་དྲངས་པའི་སྟོན་པ་ཤཱཀྱ་ཐུབ་པའི་རིང་བསྲེལ་བཞུགས་འབུལ་ཞུས་ཡོད་པར་མ་ཟད། སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་དང་མི་ ༡༠༠༠ ཙམ་ཤོང་བའི་སྒོམ་སྒྲུབ་བྱེད་སའི་ཚོཊ་ཁང་ཆེན་པོ་ཞིག་ཀྱང་བསྐྲུན་ཡོད་འདུག དེ་ནི་ཕྱི་ཟླ་གཉིས་པའི་ནང་བྷི་ཧར་མངའ་སྡེའི་བློན་ཆེན་མཆོག་བཞུགས་སྒར་དུ་ཆེད་བཅར་གྱིས་༧གོང་ས་མཆོག་ཁུལ་དེར་གདན་འདྲེན་ཞུས་སྟབས་ཞལ་བཞེས་ཐོབ་པ་ཞིག་ཡིན་འདུག ཐེངས་འདིར་མངའ་སྡེའི་བློན་ཆེན་ཁག་མཛད་སྒོར་ཞུགས་འདུག་ལ་སྐབས་དེར་༧གོང་ས་མཆོག་གིས། མངའ་སྡེ་བློན་ཆེན་མཆོག་ནས་ངོས་རང་སྟོན་པའི་འཁྲུངས་ལོ་ ༢༥༥༤ གྱི་དུས་དྲན་མཛད་སྒོར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ། ངོས་རང་མངའ་སྡེ་འདིར་བཅར་ཐུབ་པར་ཤིན་ཏུ་དགའ་པོ་བྱུང་ཞེས་གསུངས་འདུག་ལ། ཧིན་བོད་གཉིས་ཀྱི་འབྲེལ་བའི་ཐད་ཁོང་གིས། བོད་དང་རྒྱ་གར་གྱི་འབྲེལ་བ་ནི་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཞིག་ཡིན་ལ། རྒྱ་གར་ནི་དགེ་རྒན་དང་བོད་ནི་དགེ་ཕྲུག་རེད། ང་ཚོས་དཔལ་ནཱ་ལན་ཌའི་མཁས་པའི་གསུང་རྒྱུན་དྲི་མ་མེད་པར་ད་ལྟ་ཡང་རྒྱུན་འཛིན་གང་ལེགས་ཐུབ་ཡོད་ཅེས་གསུངས་ཡོད་ལ། སྐབས་དེར་ཁོང་གིས་སྐྱེད་ཚལ་དེར་གསར་བཞེངས་གནང་བའི་མཆོད་རྟེན་དེའི་མཚན་ལ་པཱ་ཊི་ལི་པོ་ཊི་ར་ཀཱ་རོ་ན་མཆོད་རྟེན་ Pataliputra Karuna Stupa ཞེས་མཚན་གསོལ་ཡོད་འདུག མཛད་སྒོ་གྲོལ་རྗེས་བོད་ཀྱི་གནད་དོན་ཐད་༧གོང་ས་མཆོག་གིས་གསར་འགོད་པར་ད་ལྟ་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་ཡོད་ལ། ཕྱི་ལོ་ ༡༩༥༩ ལོའི་གཉན་འཕྲང་ཅན་གྱི་དུས་སྐབས་དེའི་རྗེས་ནས་རྒྱ་ནག་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་ཅེས་གསུངས་ཡོད།

ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀ་ཙམ་ལ་༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

NewsClick's founder Prabir Purkayastha was arrested on Tuesday evening
Mobile App

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

སྐར་མ ༡༢ སྔོན་ལ།
ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས། ༢༠༢༣། ༡༠། ༤། དྲ་ལམ་གྱི་པར།
Mobile App

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས།

ཆུ་ཚོད་ ༢ སྔོན་ལ།
Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

ཆུ་ཚོད་ ༣ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

ཆུ་ཚོད་ ༣ སྔོན་ལ།
Advertisement for App

TIBET TIMES LAUNCHED NEW ENGLISH WEBSITE

ཆུ་ཚོད་ ༤ སྔོན་ལ།

མཆན། 4

  1. ཇོ་བོ་རྣམས་གཉིས། says:
    ལོ་ 13 སྔོན།

    སངས་རྒྱས་བསྟན་ལ་འཚེ་བའི་འབྱུང་པོ་དག་མེད་འགྱུར་ཅིག

    Reply
  2. karma dorje says:
    ལོ་ 13 སྔོན།

    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    ༄༅། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཡིན་ཀྱང་ལུས་རྟེན་གཅིག་ལ་བརྟན་ནས་མཛད་པ་འཕྲིན་ལས་འདི་འདྲ་ཞིག་བརྐྱངས་དགོས་ན་་་་་་་་་་་་་་་་་་་་་

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 13 སྔོན།

    བཞུགས་སྒར་དྷ་སར་ཞབས་སུ་བདེ་བར་འཁོད་ཐུབ་པར་དགའ་བསུ་ཞུ།
    ཁོང་ནི་གོ་ལའི་སྡོང་པོ་འདིའི་སྒང་གི་ཞི་བདེ་དེད་དཔོན་ངོ་མ་དེ་ཁོང་ཁོ་ནར་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist