མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་ས་ཐོག་ནས་རྒྱ་རྒོལ་གྱི་ལས་འགུལ་སྤེལ་མ་འཇུག

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་འཛིན་ལྕམ་པུ་ར་ཊི་པ་ ཌེ་ཝི་སིན་ པ་ཊེལ་མཆོག་གིས་རྒྱ་ནག་ནང་གཟིགས་སྐོར་གནང་བའི་སྐབས་རྒྱ་ནག་གཞུང་གིས་ཁོང་ལ། རྒྱ་གར་གྱིས་རང་གི་ས་ཐོག་ནས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་སྤེལ་མ་འཇུག་རོགས་ཞེས་བསྐྱར་སྐུལ་ཞུས་ཡོད་པ་རེད།

སྲིད་འཛིན་ལྕམ་ པ་ཊེལ་མཆོག་ཐེངས་འདིར་རྒྱ་ནག་གི་ལོའུ་ཡང་ཞིང་ཆེན་ནང་རྒྱ་གར་གྱི་ལྷ་ཁང་ཞིག་བཞེངས་ཡོད་པ་དེར་དབུ་འབྱེད་དང་ལྷན་དུ། རྒྱ་ནག་གི་དབུ་ཁྲིད་ཚོའི་མཉམ་དུ་རྒྱལ་ཁབ་འདི་གཉིས་དང་རྒྱལ་སྤྱིའི་གནད་དོན་ཁག་གི་ཐད་བཀའ་མོལ་གནང་བར་ཕེབས་ཡོད་པ་རེད།

ཕྱི་ཚེས་ ༢༨ ཉིན་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་ཅ་ཆིན་ལིན་གྱིས་རྒྱ་གར་སྲིད་འཛིན་མཆོག་ལ། རྒྱ་གར་གྱིས་རང་གི་ས་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་དུ་མི་འཇུག་རྒྱུར་ནན་སྐུལ་ཞུས་ཡོད་པ་རེད།

འདིའི་ཐད་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ ནི་རུ་པ་མ་ ར་འོ་ མཆོག་གིས་གསུངས་དོན། སྲིད་འཛིན་མཆོག་གི་ཐེངས་འདིའི་གཟིགས་སྐོར་གྱི་གྲུབ་དོན་དེ་བཟང་ཕྱོགས་སུ་འགྱུར་རྒྱུ་ཡིན་ལ། རྒྱལ་ཁབ་ཕྱོགས་གཉིས་ཀས་ཕན་ཚུན་བར་རྒྱལ་འབྲེལ་བཙུགས་ཏེ་ལོ་ ༦༠ འཁོར་བའི་དུས་དྲན་འདི་ནི་རྒྱལ་ཁབ་གཉིས་བར་མཉམ་ལས་ཀྱི་མགོ་འཛུགས་ས་གལ་ཆེན་ཞིག་ཡིན་པའི་རེ་བ་བྱེད་ཀྱིན་འདུག
དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་བར་རྒྱུན་དུ་ནས་གནད་དོན་མང་པོ་གླེང་སློང་བྱས་ཏེ་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱེད་ཀྱིན་ཡོད་ལ། འབྲེལ་བ་འདི་ནི་རྙོག་འཛིང་གི་རང་བཞིན་ཞིག་ཀྱང་ཡིན། དེ་བཞིན་དུ་གནད་དོན་མང་པོ་ཞིག་གི་ཐད་ནས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལངས་ཕྱོགས་གསལ་བོ་བཟོ་ཐབས་དང་། ཕན་ཚུན་གྱི་སེམས་ཁུར་གང་ཡིན་གསལ་སྟོན་བྱེད་ཀྱིན་ཡོད་ཅེས་ཀྱང་བརྗོད་ཡོད།

གཞན་ཡང་ཁོང་གིས། སྲིད་འཛིན་དང་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་ཅ་ཆིན་ལིན་གཉིས་བར་བྱུང་བའི་གྲོས་མོལ་གྱི་སྒྲོམ་གཞི་འདིའི་ནང་ནས་བོད་ཀྱི་གནད་དོན་དེ་ཡང་གླེང་སློང་བྱུང་ལ། རྒྱ་ནག་གི་ཕྱོགས་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱ་ཕྱོགས་ཐད་ནས་རྒྱ་གར་གྱི་ལངས་ཕྱོགས་ཤེས་འདོད་བྱ་གིན་འདུག་ལ། སྐབས་དེར་རྒྱ་གར་སྲིད་འཛིན་མཆོག་གིས། ང་ཚོས་རྒྱ་གར་གྱི་ས་ཐོག་ནས་བོད་མི་སུ་ལ་ཡང་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུའི་ཆོག་མཆན་སྤྲོད་གི་མེད་ཅེས་གསུངས་ཚུལ་དང་། རྒྱ་ནག་གི་ཕྱོགས་ནས་གསལ་བོ་ཆགས་དགོས་པ་ཡང་དེ་རེད། ཅེས་གསུངས་སོང་། སྲིད་འཛིན་མཆོག་གིས་འདིའི་དཔེ་མཚོན་དུ། ལོ་གཉིས་ཀྱི་གོང་ལ་པེ་ཅིན་གྱི་ཨོ་རྩེད་དཔལ་འབར་ལྡི་ལི་ནས་འཁྱེར་སྐབས་ཀྱང་གནད་དོན་ཅི་ཡང་བྱུང་མེད་ཚུལ་གསུངས་སོང་ཟེར།

རྒྱ་གར་གྱི་སྲིད་འཛིན་ལྕམ་པུ་ཊེལ་མཆོག་པེ་ཅིན་དུ་མ་ཕྱིན་པའི་གོང་དེར། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཁོང་ལ་ཞུ་ཡིག་ཅིག་ཕུལ་ཏེ། སྲིད་འཛིན་མཆོག་པེ་ཅིན་དུ་བཞུགས་ཡུན་རིང་། ༧གོང་ས་མཆོག་དང་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ལོ་འདིར་ངོ་ཐུག་གི་མཇལ་འཕྲད་ཡོང་རྒྱུར་ཤུགས་སྣོན་དང་། བོད་དོན་འདི་ཞི་བའི་སྒོ་ནས་སེལ་ཐུབ་པར་མཐུན་འགྱུར་གནང་རོགས། རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་བར་ཐུག་འཕྲད་ཐེངས་ ༩ བྱུང་བའི་རྗེས་ལ་འབྲེལ་མོལ་དེ་སྡུག་ས་ནས་ཆད་ཡོད། སྐུ་ཉིད་ནི་ཨེ་ཤ་ཡའི་རླབས་ཆེ་ཤོས་ཀྱི་དམངས་གཙོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་ཡིན་པའི་གནས་བབ་དང་མཚན་མཐོང་འདིའི་སྟེང་ནས་ལོ་ ༦༠ སྔོན་ལ་རྒྱ་གར་གྱི་སྲིད་བློན་དང་པོ་སྐུ་ཞབས་ནེ་རུ་མཆོག་གིས་བོད་རྒྱའི་གནད་དོན་འདི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཐུགས་བརྩོན་གནང་བ་དེ་མངོན་འགྱུར་ཡོང་ཐུབ་པར་བཟོ་བའི་རེ་བ་ཡོད་ཅེས་སོགས་བཀོད་ཡོད་པ་རེད།

གསར་འགྱུར་འབྲི་མཁན། ལུང་རིགས་རྒྱལ།

མཆན། 11

  1. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་བར་རྒྱུན་དུ་ནས་གནད་དོན་མང་པོ་གླེང་སློང་བྱས་ཏེ་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱེད་ཀྱིན་ཡོད་ལ། འབྲེལ་བ་འདི་ནི་རྙོག་འཛིང་གི་རང་བཞིན་ཞིག་ཀྱང་ཡིན། དེ་བཞིན་དུ་གནད་དོན་མང་པོ་ཞིག་གི་ཐད་ནས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལངས་ཕྱོགས་གསལ་བོ་བཟོ་ཐབས་དང་། ཕན་ཚུན་གྱི་སེམས་ཁུར་གང་ཡིན་གསལ་སྟོན་བྱེད་ཀྱིན་ཡོད་ཅེས་གསར་འགྱུར་དུ་བཤད་པ་ནི་གནད་འགག་ཡིན་ན། རྒྱ་དཀར་ནག་གཉིས་ཀྱི་རྙོག་འཛིང་གི་འབྲེལ་བ་ཟེར་བ་དེ་བོད་ལ་འབྲེལ་བ་ཡོད་དམ། འདི་ས་མཚམས་ཀྱི་སྐོར་ཡིན་ནམ། ཚོང་གི་སྐོར་ཡིན་ནམ། འདིའི་ཐད་བོད་ཀྱི་ངོས་ནས་ལངས་ཕྱོགས་གསལ་སྟོན་གང་འདྲ་བྱེད་ཀྱི་ཡོད།

    ད་དུང་རྒྱ་དཀར་ནག་གཉིས་ཀྱི་ལོ་དྲུག་ཅུའི་འབྲེལ་བ་དེ་ཇི་ལྟར་དབུ་བརྙེས་པ་རེད། ངས་ཤེས་ཚོད་ཡིན་ན། དབྱིན་ཇི་དང་རྒྱ་གར་གྱིས་བོད་ཀྱི་ཁྲིམས་མཐུན་བདག་དབང་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་གསལ་མེད་པ་བཟོས་པའི་ལོ་རེད་ལ། ལོ་དེར་རྒྱལ་ཁབ་འདི་གཉིས་མཐུན་དུས་རེད།

    Reply
  2. kelsangrabga says:
    ལོ་ 13 སྔོན།

    མི་རིགས་ལ་རྒྱ་སྙིང་ལ་བཅང་ནས།
    རིག་པའི་ཡུལ་དུ་ཡང་ཡང་སྐྱོང་ཏེ།
    རང་རིགས་བོད་ཀྱི་ལས་དབང་དེ་ལ།
    དཱུངས་བའི་འོད་སྟོང་རྒྱང་ནས་འབོད

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་གསར་འགོད་པ་རྣམ་པ། ཉིན་གཉིས་གསུམ་ནང་གསར་འགྱུར་འབྲི་མཁན་སོ་སོའི་མིང་འབྲི་བཞིན་འདུག གང་ཟག་སྒེར་ངོས་ནས་བཏོན་པའི་གསར་འགྱུར་རེད་དམ། བོད་ཀྱི་དུས་བབ་ཀྱི་ངོས་ནས་བཏོན་པའི་གསར་འགྱུར་རེད། ཡང་ན། གསར་འགོད་པ་ཚོའི་གསར་འགྱུར་འབྲི་རྩལ་བསྡུར་གྱི་ཡོད། ཡང་ན། གསར་ཁང་གི་ལས་བྱེད་ཚོ་ནང་མ་མཐུན་པ་ཡིན། བྱེད་སྟངས་འདི་རིགས་བོད་ཀྱི་དུས་བབ་ལ་ལེན་པོ་མི་འདུག ཚང་མ་དབུས་ཀྱི་ལས་བྱེད་ཤ་སྟག་རེད་མ་གཏོགས། ས་གནས་གསར་འགོད་པ་ནི་མ་རེད།

    Reply
  4. karma dorje says:
    ལོ་ 13 སྔོན།

    ་་་་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་མི་མང་གི་སྣེ་འཁྲིད་ནས་རང་བཙན་བརྩོད་ལེན་གནང་བ་ལས་ནང་ལ་ཡིབ་ལ་བཞུགས་པའི་ལོ་རྒྱུས་མེད། ཆབ་སྲིད་པ་དང་ཤེས་ཡོན་ཅན་རྣམས་ནས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་དགོངས་པ་མང་ཙམ་བཞེས་དགོས།
    གསུངས་པ་འདི་དངོས་གནས་རེད་དོ།

    Reply
  5. སྨན་བུ says:
    ལོ་ 13 སྔོན།

    རྒྱ་གར་དང་རྒྱ་ནག་གཉིས་དོན་དངོས་ཐོག་བོད་ས་བཙན་བཟུང་བྱེད་མཁན་ཡིན་པ་གཅིག་མཚུངས་རེད་

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ད་ནངས་ཞོགས་པར་NDTV ནང་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་པུ་ར་ཊི་པ་ ཌེ་ཝི་སིན་པ་ཊེལ་གྱིས། Tibet part of China ཞེས་པའི་སྐད་ཆ་དེ་གོ་ཡོང་དུས་སྙིང་ན་ཞིང་སྐྱེ་དམན་དེར་ངོ་གདོང་གི་ཐད་སོ་བརྙན་འཕྲིན་ཤེལ་ཡོལ་ཐོག་ཏུ་ཁ་ཆུ་བཏབ་རྗེས་བརྙན་འཕྲིན་གློག་སྒོ་བརྒྱབས་པ་ཡིན། ད་དུང་སྲིད་འཛིན་གྱི་མགྲིན་ཚབ་པས་ཀྱང་དེ་ག་རང་བཤད་སོང་ང་། རྐང་རྡུང་རྒྱུ་དེ་ཚོ།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    རྒྱ་དྭོགས་པ་དང་བོད་རེ་བ་ཟེར་བའི་གཏམ་དཔེ་དེ་ཅི་ཕྱིར་མི་བདེན།
    མི་ལོ་ལྔ་བཅུ་ལྷག་ཙམ་ཕྱིའི་རྒྱལ་ཁབ་དག་གི་སྲིད་འཛིན་དང་སྲིད་བློན་ཆབ་སྲིད་མི་སྣ་མང་པོར་ཁ་བཞེད་གཉིས་མེད་ཐོག་ནས་བོད་དོན་རྒྱབ་བསྐྱོར་གྱི་རེ་བ་བྱས་པ་ཡིན་ཀྱང་དེ་དག་གིས་བོད་དོན་ནི་རང་གི་རྒྱལ་ཁབ་དང་རྒྱ་ནག་བར་གྱི་བཙོག་སྙིད་ཕྱིས་བྱེད་ཀྱི་ཐབ་ཕྱིས་ཁོ་ནར་བེད་གཅོད་བཏང་།
    ད་ལྟའི་འཆར་བོད་དོན་ནི་དག་རྫས་གང་ཞིག་དཔྱད་ཀྱང་དག་ཐབས་མེད་པའི་ནག་སྣོག་ཅན་ཞིག་ཏུ་གྱུར།
    མུ་མཐུད་ནས་སྲིད་འཛིན་དང་སྲིད་བློན་དེ་དག་ལ་ཐབ་ཕྱིས་བྱ་བཅུག་གམ་ཡང་ན་བོད་མི་རང་གི་དཀའ་ལས་རྒྱབ་ནས་གཙང་མ་བཟོ་འམ་དེ་དག་ཐོག་བོད་མི་ཡོད་དོ་ཅོག་ནས་འགན་ཞིག་བཞེས་དགོས་པ་མཐོང༌།

    ངས་བལྟས་ན་བཙན་བྱོལ་བའི་ཆབ་སྲིད་པ་དང་ཤེས་ཡོན་ཅན་དག་ནས་མི་མང་སྣེ་འཁྲིད་ཐོག་ལས་འགུལ་སྤེལ་བ་ལས་དེ་སྔ་ལྟར་ཆབ་སྲིད་པ་དང་ཤེས་ཡོན་ཅན་པ་དག་ནང་ཡིབ་ལ་བཞུགས་ནས་མི་མང་གི་ལས་འགུལ་ལ་ཕན་འབྲས་དེ་ཙམ་མི་ཡོངས་བ་འདས་པའི་དུས་རིམ་ནང་ཕྱི་མིག་ཞིག་གཟིགས་ན་མཁྱེན་ཚོད་ཡིན།

    དེ་སྔོན་བདེན་པའི་ཨུ་གཙུགས་ཀྱི་ལས་སྤེལ་སྐབས་སུ་རྒྱ་དམར་ལ་སྣོན་ཤུགས་ཅུང་ཙམ་སྤྲོད་ཐུབ་ཡོད་ཀྱང་དེ་ནི་དབུ་ཆེ་བ་ཙམ་ལས་འཇུག་མ་མེད་ཞིག་ཆགས་པ་ནི་ང་ཚོ་ཚང་མས་ཤེས།

    རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་མི་མང་གི་སྣེ་འཁྲིད་ནས་རང་བཙན་བརྩོད་ལེན་གནང་བ་ལས་ནང་ཡིབ་ལ་བཞུགས་པའི་ལོ་རྒྱུས་མེད།

    ཆབ་སྲིད་པ་དང་ཤེས་ཡོན་ཅན་རྣམས་ནས་རང་མི་རིགས་དང་རྒྱལ་ཁབ་ལ་ཆེད་དུ་དགོངས་པ་མང་ཙམ་བཞེས་དགོས།

    Reply
  8. སྤང་མདའ་སྟོབས་རྒྱས། says:
    ལོ་ 13 སྔོན།

    དཔོན་རིགས་རེ་ལ་དཔོན་ཆེན་ཞིག་གི་ཞུ་འབོད་རེ། །ལས་འགུལརེ་ལ་དགོས་མེད་དྭོག་པའི་ཁྱིམ་གཞི་རེ། །གོང་ས་ཆེན་པོས་ཟླུམ་གཟུགས་གོ་ལར་བསྐོར་ཐེངས་རེར། །ཟོལ་མེད་ཕྱོགས་བརྗོད་གཏམ་ངན་ཞིག་གི་ཀུ་ཅོ་རེ། །

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ།། བཟོ་བཅོས།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ཨེ་མ། སློབ་དཔོན་པདྨ་འབྱུང་གནས་ཀྱིས།།

    དུས་ངན་སྙིགས་མའི་མཐར་ཐུག་པའི་ཚེ།།
    གནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན།།
    ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན།།
    ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་བྱོན།།

    ཇི་ལྟར་ཞལ་བཞེས་མཛད་པ་དོན་གནས་ན།།
    དུས་ངན་སྙིགས་མའི་དུས་འདི་མ་རེད་དམ།།
    ངན་རྟོག་རྣམས་ཀྱིས་བསྟན་པ་མ་དཀྲུགས་སམ།།
    གངས་ཕྲུག་བདག་ཚོའི་སྡུག་བསྔལ་མ་གཟིགས་སམ།།

    མགོན་ཁྱོད་འགྲོ་དོན་མཛད་པ་མ་ཕྱིས་སམ།།
    བོད་འབངས་ཡོངས་ཀྱིས་སྡུག་བསྔལ་མྱང་མྱང་ནས།།
    ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེ།།
    འཕགས་མཆོག་ཐུགས་རྗེས་ཅི་འཚལ་དོན་མ་མཆིས།།

    Reply
  11. གནམ་ལྕགས། says:
    ལོ་ 13 སྔོན།

    གསར་འགྱུར་ཡག་པོ་བྲིས་འདུག འདིས་ཀྱང་རང་རེ་ཡི་འཇིག་ཉེན་ཞིག་སྟོན་གྱི་འདུག དགྱ་ནག་ཟེར་བ་དེས་ཁོང་ཚོའི་ས་ཐོག་ནས་ལྷ་ཁང་ཞིག་ཀྱང་རྒྱག་གི་བཅུག་འདུག་ལ་ལྟོས་དང་། ད་ཇོ་བོ་རིན་པོ། དངོས་གནས་དཀའ་མོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist