མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚད་མ་རིག་པ་འདི་སློབ་ཚན་གཞན་དག་ལ་ཡང་སྤྱོད་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཚད་མ་རིག་པ་དེ་ནང་དོན་རིག་པ་དང་འབྲེལ་ཏེ་རྟགས་གསལ་གཏོང་རྒྱུ་ཞིག་མ་གཏོགས། རིག་གནས་གཞན་དག་ནང་རྟགས་གསལ་གྱི་འགྲོ་སྟངས་དེ་འདྲ་བྱུང་མི་འདུག དེར་ང་ཚོས་གསར་གཏོད་བྱ་ཐུབ་པ་ཡིན་ན། གཅིག་བྱས་ན་འཛམ་གླིང་འདིའི་ཐོག་ཤེས་ཡོན་སྤྲོད་སྟངས་ཐད། རིགས་ལམ་གྱི་ཐོག་ནས་ཤེས་ཡོན་སྤྲོད་རྒྱུར་གསར་གཏོད་ཐུབ་སྲིད་པ་ཞིག་རེད། རིགས་ལམ་གྱི་འགྲོ་སྟངས་དེ་ནང་པ་ཡིན་དགོས་དོན་མེད་ལ། སྤྱིར་ཆོས་ལ་དད་པ་མེད་ཀྱང་ཆོག ངས་སྔོན་མ་ནས་འདིའི་ཐད་འབོད་སྐུལ་ཞུས་པ་ཡིན་ཞེས་༧གོང་ས་མཆོག་གིས་གསུངས།

བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་ལོ་ལྟར། བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་གིན་ཡོད་པ་ལྟར། དེ་རིང་སྔ་དྲོར་ཡང་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་༧གོང་ས་མཆོག་གིས་ཉིན་གཉིས་རིང་གི་ནང་ཆོས་ངོ་སྤྲོད་མགོ་འཛུགས་ཞུས་ཡོད། ནང་ཆོས་ངོ་སྤྲོད་ཐོག་སློབ་གྲྭ་ཁག་ ༡༢ དང་། མཐོ་སློབ་ཁག་གི་སློབ་མ་ ༥༠༠ དང་ཁྱོན་བསྡོམས་སློབ་ཕྲུག་ ༢༢༠༠ ལྷག་ཞུགས་ཡོད་འདུག ནང་ཆོས་ངོ་སྤྲོད་ཀྱི་ཐོག་མར་དགེ་རྒན་དང་སློབ་ཕྲུག་འགས་རྟགས་གསལ་བཏང་རྗེས། ༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་ཚད་མ་རིག་པའི་འགྲོ་སྟངས་དར་སྤེལ་གཏོང་གིན་ཡོད་པར་བསྔགས་བརྗོད་དང་། ནང་ཆོས་ལ་རྒྱུ་མཚན་ཤེས་པའི་ཐོག་ནས་དད་པ་བྱ་དགོས་སྐོར་ནན་གྱིས་གསུངས་དོན། སློབ་གྲྭ་ཁག་ནང་ཚད་མའི་སློབ་ཁྲིད་ཡོད་པ་འདི་ཡག་པོ་ཞེ་དྲག་རེད། ང་ཚོ་རྒྱ་གར་དུ་སླེབས་རྗེས་བརྒྱུད་སྟོད་སྨད་ཀྱིས་མཚོན་པའི་དགོན་པ་ཁག་ཅིག་ནང་དེ་སྔ་མཚན་ཉིད་མེད་ཀྱང་། འབྱུང་འགྱུར་མཚན་ཉིད་བལྟ་དགོས་ཀྱི་འདུག་ཟེར་ནས་འབོད་སྐུལ་ཞུས་པ་ཡིན།

དེ་བཞིན་བཙུན་མའི་དགོན་པ་ཚོས་ཀྱང་། དགེ་སློང་བསྒྲུབ་རྒྱུ་ཟེར་བ་དེ་འདུལ་བའི་གཞུང་དང་བསྟུན་དགོས་པ་རེད། དེ་ང་ཚོ་བོད་པ་རྐྱང་རྐྱང་གིས་བྱ་ཁག་པོ་ཞིག་རེད། འདུལ་བ་འཛིན་པའི་ནང་བའི་དགེ་སློང་མང་པོ་ཡོད། དེ་དག་ལའང་བསྟུན་དགོས་པ་རེད། འོན་ཀྱང་ང་ཚོས་ཐག་གིས་གཅོད་ཐུབ་པ་དེ་གང་ཡིན་ཟེར་ན། གཞུང་ཆེན་བལྟ་རྒྱུ་དེ་རེད། དེ་ལ་ད་བར་གྲུབ་འབྲས་ཀྱང་ཡག་པོ་ཐོན་ཡོད། ནང་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ན། སྨོན་ལམ་བརྒྱབས་བསྡད་པའི་འདང་གིན་ཡོད་པ་མ་རེད། ནང་ཆོས་སློབ་སྦྱོང་བྱ་དགོས། ནང་ཆོས་ཀྱི་འགྲོ་སྟངས་དེས་སེམས་ལ་བཟོ་བཅོས་བརྒྱབས་ཏེ། བདེ་སྐྱིད་བསྒྲུབ་པ་ཞིག་བཤད་ཀྱིན་ཡོད་པ་རེད་མ་གཏོགས། སྨོན་ལམ་བརྒྱབས་བསྡད་ན་བདེ་སྐྱིད་ཐོབ་འགྲོ་བ་ཞིག་གསུངས་མེད། ང་ཚོས་ནམ་རྒྱུན་ཕྱག་མཆོད་འདྲ་བྱས་ཏེ། སོ་སོའི་ནང་དུའང་མཆོད་བཤམ་འདྲ་བསྒྲིགས་ཏེ། དེའི་མདུན་ནས་སྨོན་ལམ་བརྒྱབས་བསྡད་ན་དོན་དག་འགྲུབ་ཀྱིན་ཡོད་པའི་བཟོ་འདྲ་ཞིག་བསམ་གྱི་ཡོད་ཀྱང་། དེ་འདྲ་ཞིག་མ་རེད། རྒྱུ་མཚན་མ་ཤེས་པར་དད་པ་བྱས་ན་རྨོངས་དད་རེད་ཟེར་ཆོག ཅེས་གསུངས་བྱུང་།

 

༧གོང་ས་མཆོག་གིས་སློབ་གྲྭ་ཁག་ནང་ཚད་མ་རིག་པའི་རིགས་ལམ་དེ་དངོས་ལུགས་དང་འབྱུང་རིག་སོགས་སློབ་ཚན་གཞན་དག་ལའང་སྤྱོད་ཐུབ་རྒྱུར་འབད་བརྩོན་གནད་དགོས་ཚུལ་གསུངས་དོན། རིགས་ལམ་སྦྱང་རྒྱུ་དེའི་ཐོག་ལ། ཚད་མ་རིག་པ་དང་འབྲེལ་བ་ཆགས་ཡོད། བོད་ཀྱི་རིག་གནས་ཆེ་བ་ལྔའི་ནང་། ནང་དོན་རིག་པ་དང་ཚད་མ་རིག་པ་བཅས་ལོགས་སུ་བཀར་ཡོད། ཚད་མ་སྤྱིའི་ཆ་ནས་ཕྱི་ནང་ཐུན་མོང་རེད། བྱེ་བྲག་གིས་ཚད་མ་རྣམ་འགྲེལ་དང་། ཚད་མ་མདོ་ཟེར་བ་དེ་རིགས་ང་ཚོའི་ནང་པའི་གཞུང་ཆགས་ཡོད། ཚད་མ་རིག་པ་དེ་ནང་དོན་རིག་པ་དང་འབྲེལ་ཏེ་རྟགས་གསལ་གཏོང་རྒྱུ་ཞིག་མ་གཏོགས། རིག་གནས་གཞན་དག་ནང་རྟགས་གསལ་གྱི་འགྲོ་སྟངས་དེ་འདྲ་བྱུང་མི་འདུག དེར་ང་ཚོས་གསར་གཏོད་བྱ་ཐུབ་ན། གཅིག་བྱས་ན་འཛམ་གླིང་འདིའི་ཐོག་ཏུ་ཤེས་ཡོན་སྤྲོད་སྟངས་ཐད། རིགས་ལམ་གྱི་ཐོག་ནས་ཤེས་ཡོན་སྤྲོད་རྒྱུར་གསར་གཏོད་ཐུབ་སྲིད་པ་ཞིག་རེད། ཤེས་རིག་ཚོགས་འདུའི་སྟེང་དུའང་ལབ་རྒྱུ་བྱུང་།

རིགས་ལམ་གྱི་འགྲོ་སྟངས་དེ་ནང་པ་ཡིན་དགོས་དོན་མེད་ལ། སྤྱིར་ཆོས་ལ་དད་པ་མེད་ཀྱང་ཆོག ངས་སྔོན་མ་ནས་འདིའི་ཐད་འབོད་སྐུལ་ཞུས་པ་ཡིན། ཁྱེད་ཅག་ངྷ་རམ་ས་ལ་གཡས་གཡོན་ཀྱི་སྐྱ་བོ་ཕོ་མོ་ཚོའི་ནང་དུའང་རྟགས་གསལ་གཏོང་རྒྱུ་མགོ་ཚུགས་ཏེ། ཡར་རྒྱས་ཤུགས་ཡག་པོ་འགྲོ་བཞིན་ཡོད་པ་ཞིག་མཐོང་སོང་། ཞེ་དྲག་ཡག་པོ་རེད། ང་ཚོས་ཚད་མའི་རིགས་ལམ་གྱི་དཔྱད་པ་གཏོང་སྟངས་དེ། སློབ་ཚན་ཚང་མའི་ནང་ཁྱབ་ཐུབ་པ་ཞིག་བྱས་ཏེ། འཛམ་གླིང་འདི་ལ་ལེགས་སྐྱེས་ཤིག་དང་མིག་དཔེ་གསར་པ་ཞིག་སྟོན་ཐུབ་རྒྱུའི་དམིགས་ཡུལ་འཛིན་དགོས། འགྲུབ་ཐུབ་མིན་གནས་ཚུལ་ཁ་ཁ་རེད། ཡང་རིགས་ལམ་སྟངས་དེ་སྲོལ་རྒྱུན་ལྟར། རྐང་པ་བརྡབ་ལག་པ་བརྡབ་པ་དེ་འདྲ་བྱ་དགོས་མིན་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག འཛིན་གྲྭའི་ནང་ནས་བྱིས་པ་ཚོ་ཡར་ལངས་ཏེ་རྟགས་གསལ་གཏོང་དགོས་ན་ཅུང་ཁག་པོ་ཡིན་རྒྱུ་རེད། དེ་བས་མར་བསྡད་དེ་རྟགས་གསལ་བཏང་བ་ཡིན་ན་ཅུང་སླ་བ་ཡོད། དགའ་རབ་ཅིག་ལ་སླེབས་སྐབས་ཡར་ལངས་ཏེ་རྟགས་གསལ་བཏང་བ་ཡིན་ན་ཆོག་གི་རེད། དེའི་ཐད་ལ་བསམ་བློ་གཏོང་དགོས། ང་ཚོའི་རིགས་ལམ་སློབ་སྦྱོང་ཐད་དམིགས་ཡུལ་རྒྱ་ཆེན་པོ་བཟུང་སྟེ་འབད་བརྩོན་བྱ་དགོས་པ་ཞིག་རེད། ཅེས་གསུངས་བྱུང་།

 

ཡང་ཁོང་གིས་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་གལ་ཆེན་ཡིན་པ་དང་། ཤེས་ཡོན་སློབ་སྦྱོང་དེ་ཡང་རྣམ་དཔྱོད་དང་ལྡན་པ། རང་ཉིད་ཀྱི་སེམས་ལ་ལེགས་བཅོས་དང་འདུལ་སྦྱོང་ཐུབ་པའི་ལག་ཆ་ཞིག་ཆགས་དགོས་སྐོར་གསུངས་དོན། དེ་རིང་འདིར་སློབ་ཕྲུག་ཚོ་གཙོ་བོར་བཟུང་སྟེ་ནང་ཆོས་ངོ་སྤྲོད་བྱེད་ཀྱིན་ཡོད། གལ་ཆེན་པོ་ཞེ་དྲག་རེད། གང་ཡིན་ཟེར་ན། ང་ཚོ་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་ལ་སེམས་ལ་ཉོན་མོངས་དུག་གསུམ་ཡོད་པ་རེད། འཛམ་གླིང་འདིར་མི་དུང་ཕྱིར་དྲུག་ཅུ་ལྷག་ཡོད། དེ་དག་ལ་བསམ་བློ་ཞིག་ཐོངས་དང་། སོ་སོས་སོ་སོར་སྡུག་བསྔལ་བཟོས་ཏེ་རྙོག་དྲའི་ནང་ཚུད་ཀྱི་ཡོད། སོ་སོ་མ་སྐྱིད་པ་བཟོས་ཤིང་། སོ་སོ་མ་སྐྱིད་པ་དེས་སེམས་འཁྲུག་སྟེ་ཞེ་སྡང་ལངས་ཏེ་གསོད་རེས་བྱེད་པ་ག་ཚོད་ཡོང་གི་འདུག མགོ་ཁྲིད་ཚོའི་ནང་དུའང་ཆགས་སྡང་གིས་གཞན་དབང་དུ་གྱུར་ཏེ་མི་མང་པོ་ཕོངས་སུ་འཇུག་མཁན་ག་ཚོད་ཡོང་གི་འདུག མི་དུང་ཕྱུར་དྲུག་ཅུ་དེ་སྡུག་བསྔལ་མི་འདོད་མཁན། བདེ་བ་འདོད་མཁན་ཤ་སྟག་ཡིན། འོན་ཀྱང་འདོད་པའི་དོན་དེ་ཅི་བཞིན་མ་འགྲུབ་ཅིང་། མི་འདོད་པའི་དོན་དེ་ཆུའི་གཉེར་མ་ལྟར་རྫོགས་མཐའ་མེད་པ་ཞིག་ཡོང་གིན་ཡོད། དེ་དག་ལ་བསམ་བློ་ཡག་པོ་ཞིག་བཏང་ན། མཚོན་ཆ་དང་འཕྲུལ་འཁོར་གྱིས་བཟོས་པ་མ་རེད། འཕྲུལ་འཁོར་དང་མཚོན་ཆ་བེད་སྤྱོད་གཏོང་མཁན་མི་དེ་ཆགས་སྡང་གི་གཞན་དབང་དུ་གྱུར་བའི་རྐྱེན་གྱིས་རྙོག་དྲ་རྫོགས་མཐའ་མེད་པ་དེ་བྱུང་བ་རེད། དེ་ལྟར་མཐར་གཏུགས་ན་སེམས་ལ་ཐུག་ཡོད། སྤྱིར་བྱམས་པ་དང་བརྩེ་བ། གཟོད་པ་སྒོམ་རྒྱུ་ཆོས་ལུགས་ཚང་མའི་ནང་བཤད་ཡོད། ཁ་ཆེ་ཡིན་ན་ཨཱ་ལ་དང་། ཡུ་ཤིོ་ཡིན་ན་དཀོན་མཆོག་སོགས་ལ་ཡིད་ཆེས་བྱས་ཏེ། ཆགས་སྡང་ཤུགས་ཆུང་དུ་གཏོང་ཐབས་བྱེད་ཀྱིན་ཡོད་ཀྱང་། ཆགས་སྡང་གི་ཐོག་ལ་ཁ་ཐུག་མཛུབ་མོ་བཙུགས་ཏེ་སྟོན་མཁན་དེ་ནང་ཆོས་དང་ཧིན་དུ་ཆགས་ཡོད། དེའི་ནང་ནས་ཀྱང་གཙོ་བོ་གཏི་མུག་རེད། གཏི་མུག་ཟེར་བ་དེ་མ་རིག་པའམ་མ་ཤེས་པ་རེད། མ་ཤེས་པ་སེལ་ཐབས་ལ་དད་པས་མི་ཡོང་ལ། སྙིང་རྗེ་ཡིས་ཀྱང་མི་ཡོང་། ཤེས་རབ་ཁོ་ནར་བརྟེན་དགོས། རང་ཉིད་བོད་པ་ཞིག་ཡིན་པ་དེ་ནང་ཆོས་སྦྱང་རྒྱུའི་གོ་སྐབས་ཡག་པོ་བྱུང་བ་རེད། གོ་སྐབས་ཡག་པོ་དེ་ངོ་ཤེས་པའི་ཐོག་ནས་བེད་སྤྱོད་ཡག་པོ་ཞིག་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་གནང་བྱུང་།

 

ཡང་༧གོང་ས་མཆོག་གིས་སློབ་གཉེར་གནང་སྐབས་བློ་གཟུ་བོར་གནས་དགོས་པ་དང་། ཁོང་གིས་ཚན་རིག་པ་ཚོ་ཧ་ཅང་བློ་གཟུར་གནས་ཤིག་ཏུ་མཐོང་གིན་ཡོད་སྐོར་གསུངས་དོན། ང་ཚོ་བོད་རིགས་ཀྱི་ངོས་ནས་བཤད་ན་ཡང་། བོད་མི་རིགས་སྤྱིའི་དོན་དུའང་སངས་རྒྱས་ཀྱི་ཆོས་དེ་གལ་ཆེན་པོ་ཆགས་ཡོད། བོད་པ་ཚོ་བཙན་བྱོལ་བ་ཆགས་ཏེ་སྐྱབས་མེད་མགོན་མེད། མི་རྣམས་ཀྱི་སྙིང་རྗེ་ཡུལ་དུ་གྱུར་ཡོད། ང་དགུའི་སྔོན་ལ་བོད་ཟེར་ན་ས་ཁུག་ཅིག་དང་། བོད་ཀྱི་ཆོས་ཟེར་ན་འབག་གྱོན་ཞིང་། འཆམ་བརྒྱབ་སྟེ་འདྲ་མི་འདྲ་བྱེད་ཀྱིན་ཡོད་པ་ཞིག་ལ་བསམ་ཀྱི་ཡོད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཀྱང་ཟེར་གྱིན་ཡོད། རྗེས་སུ་རིམ་གྱིས་ང་ཚོ་འཛམ་གླིང་རང་དབང་ལུང་པར་སླེབས་ཤིང་། ང་ཚོ་ཕར་ཕྱི་རྒྱལ་བ་ཚོར་ཐུག་རྒྱུ་དང་། ཕྱི་རྒྱལ་བ་ཚོ་ཚུར་བོད་པའི་སྤྱི་ཚོགས་ནང་སླེབས་རྒྱུའི་གོ་སྐབས་བྱུང་བ་རེད། འཛམ་གླིང་ཐོག་རྣམ་དཔྱོད་ཕུལ་དུ་བྱུང་བ་དང་། རྣམ་དཔྱོད་དེ་ཡང་བློ་གཟུ་བོར་གནས་མཁན་དེ་ཚན་རིག་པ་ཚོ་ཆགས་ཡོད་པ་རེད། ངས་དེ་ལྟར་མཐོང་གིན་ཡོད། ཆོས་ལུགས་སོ་སོར་མཚོན་ན་ཡང་། སོ་སོའི་ཆོས་ལུགས་ལ་དད་པ་བྱེད་སྐབས་བློ་དེ་ཕྱོགས་སུ་ལྷུང་བའི་ཆ་ཞིག་ཡོད། ང་ཚོའི་ནང་པ་ཚོ་ལ་མཚོན་ན་ཡང་། ནང་པའི་གཞུང་ནས་བཤད་སྐབས་ལམ་སང་ཁས་ལེན་བྱེད་པ་དང་ཡིད་ཆེས་བྱེད་པ་ཡོང་གིན་ཡོད། དེ་ཡང་ཕྲན་བུ་ཕྱོགས་སུ་ལྷུང་བའི་རྟགས་རེད། སྤྱིར་ནང་པའི་གཞུང་དུ་ཕྱོགས་སུ་ལྷུང་བའི་སེམས་འདི་ཡིས་ཞི་བ་ནམ་ཡང་རྟོགས་མི་འགྱུར། གཟུར་གནས་བློ་ལྡན་དོན་གཉེར་བ། ཞེས་བློ་གཟུ་བོར་གནས་དགོས་པ་ཞེ་དྲག་དམ་པོ་བྱས་ཏེ་བཤད་ཡོད། ཅེས་གསུངས་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 12

  1. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་མི་དམངས་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས།
    ལོ་ལྟར་བོད་རིགས་གཞོན་སྐྱེས་ཚོར།
    ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་གནང་མཛད་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཕྲུག་ཁྱིམ་སྡེ་རུ་སློབ་ཕྲུག་ ༢༢༠༠ ལྷག་ལ།
    ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས།
    ཐུགས་བརྩེ་བ་ཆེན་པོས་ཉིན་གཉིས་ཀྱི་རིང་ལ།
    ནང་ཆོས་ངོ་སྤྲོད་གསལ་བོར་གནང་མཛད་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    ཁྱད་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་གལ་ཆེན་རྣམས།
    ང་ཚོས་ཕྱོགས་དུས་ཀུན་ཏུ་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་སོ།

    བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བྱས་ན།
    བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་འགྱུར། །

    བོད་ཀྱི་སྐད་ཡིག་དར་སྤེལ་བཏང་ན།
    བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཡོང་བར་འགྱུར། །

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་ཤེས་དགོས་པ་ནི།
    མི་རིགས་ཀྱི་ཁྱད་ཆོས་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་རྒྱུན་དུ་བེད་སྤྱོད་བྱེད་རྒྱུ་ནི།
    དུས་རབས་ཀྱི་ལས་འགན་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་ཡིག་འབྲི་ཀློག་སྦྱོང་རྒྱུ་ནི།
    བོད་ཀྱི་རིག་གཞུང་གི་རྩ་བ་ཡིན།

    བོད་རིགས་རྣམས་ཀྱིས།
    སུམ་རྟགས་སྙན་ངག་སྦྱོང་རྒྱུ་ནི།
    བོད་ཀྱི་ཆོས་རིག་གི་ལྡེ་མིག་ཡིན།

    བོད་རིགས་རྣམས་ཀྱིས།
    དེང་དུས་ཤེས་ཡོན་བཟོ་རིག་སྦྱོང་རྒྱུ་ནི།
    བོད་འབངས་ཡར་རྒྱས་ཀྱི་འགྲོ་ལམ་ཡིན།

    བོད་རིགས་རྣམས་ཀྱིས།
    སངས་རྒྱས་ཆོས་ལ་ཐོས་བསམ་སྒོམ་པ་བྱེད་རྒྱུ་ནི།
    གངས་ཅན་མི་དམངས་ཀྱི་བླ་སྲོག་ཡིན།

    བོད་ཀྱི་སྐད་ཡིག་མེད་ན། བོད་ཀྱི་རིག་གཞུང་མེད། །
    བོད་ཀྱི་རིག་གཞུང་ཡོད་ན། བོད་ཀྱི་མི་རིགས་ཡོད། །

    བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་ཤེས་དགོས་ན།
    
བོད་རང་གི་ཐུན་མོང་མིན་པའི་སློབ་གསོའི་སྒྲོམ་གཞི་ལ་ངེས་པར་བསྟེན་དགོས།

    གོང་དུ་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་འགའ་ཞིག་དཔེ་མཚོན་དང་དཔྱད་གཞིའི་ཆེད་ཁོ་ནར་ཕུལ་བ་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གཙོ་བོར་བྱས་པའི་བོད་གཞུང་དམངས་ཡོངས་ཀྱིས། མི་སེམས་འགུལ་ཐུབ་པའི་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་ལེགས་ཤོས་འགའ་ཞིག་བརྒྱུད་ལམ་སྣ་ཚོགས་ནས་དྲིལ་བསྒྲགས་བྱེད་ཐུབ་ན། བོད་པའི་སྤྱི་ཚོགས་རྨོངས་གཉིད་ལས་སད་པའི་ཕན་ནུས་རླབས་ཆེན་འབྱུང་ངེས་སོ།

    Reply
  2. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    གངས་ས་མཆོག་གི་བཀའ་དགོངས་དེ་དོན་དངོས་ཐོགས་བོད་པའི་སློབ་ཕྲུགས་རྣམས་ལ་ཁ་དོགས་དཀར་དམར་སློབ་ཡ་དེ་བཟང་ངན་གང་གི་ཕྱོགས་སུ་ལྷུང་ཡོད་དམ།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    འདྲེ་རིག་ལྡན་ལགས། བོད་པའི་སྤྱི་ཚོགས་འདི་དཀྲུགས་དགོས་བསམ་པའི་དམིགས་ཡུལ་ཡོད་མཁན་ཞིག་ཡིན་ན་དུས་བབ་ཚང་ལ་དེ་བས་ཀྱང་་་་མིང་ཐོ་འགོད་ནས་ཡར་ཞུ་བྱེད་རྒྱུ་མ་རེད་ཡ། ཟེར་བ་ངེས་གཏན་ཡིན་ན།
    རིམ་བཞིན་མི་དེ་དག་དུས་བབ་མཆན་ཁོངས་ནས་མར་ཕུད་དགོས་པ་རེད། འདི་ནི་ལམ་ཁ་གཅིག་ཁོ་ན་ཡོད་པ་དེ་རེད།

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དངོས་ཉིད་ཡག་པོ་ཞེ་དྲག་རེད། བྱས་ན་སློབ་ཕྲུག་ཚོ་སེམས་ཁམས་དང་མཐུན་པའི་སྒོ་ནས་༧གོང་ས་མཆོག་ལ་རིམ་པ་གསོལ་གཏབ་ཞུ་
    ན་ཡག་པོ་འདུག་སྙམ།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    འཇིགས་བྲལ་བསྟན་འཛིན།

    དུས་བབ་གསར་ཁང་སྒོ་རྒྱག་དགོས་ཐུག་དུས་ཤིག་ལ། བཙན་བྱོལ་སྤྱི་ཚོགས་འདི་ཡང་བསྡུ་གསོག་རྒྱག་རན་པ་རེད། དེ་འདྲའི་གནས་བབ་ཅིག་ཏུ་འཁྲིད་བསམ་པའི་གླང་སྙིང་ཅན་རེ་ཡོད་དུ་སྲིད་ཀྱང་འཇོན་དུ་སྲིད་པ་ཞིག་ཡོད་རྒྱུ་མ་རེད།

    གང་ལྟར། གཞན་ལ་གཞི་མེད་སྙོན་འཛུགས་དང་། སྤྱི་ཚོགས་ཐོག་ལ་ལས་དོན་ཡག་པོ་བསྒྲུབ་མཁན་གྱི་རིགས་ལ་དམིགས་སྒོ་གཏད་ནས་འདྲ་མིན་བཤད་མཁན་འདུག་པ་འདི་ཚོས་་་་ རང་ངོས་ནས་བསམ་བློ་ཡག་པོ་ཞིག་གཏོང་ན་ཡག་པོ་རེད། ་་་་་ བོད་ཀྱི་དུས་བབ་ནི་དྲ་ཤོག་གཉིས་ཐོག་གི་གསར་ལམ་ཨང་དང་པོ་དེར་གྱུར་ཡོད་པས། འདིའི་ངོ་གདོང་ཆུ་ལ་གཡུག་དགོས་བསམ་ནས་དེ་འདྲ་བྱེད་ཀྱིན་ཡོད་ན་ནི་ང་ཚོས་གསལ་འདེབས་བྱས་ཀྱང་དེ་ཙམ་རེད།

    བོད་པའི་སྤྱི་ཚོགས་འདི་དཀྲུགས་དགོས་བསམ་པའི་དམིགས་ཡུལ་ཡོད་མཁན་ཞིག་ཡིན་ན་དུས་བབ་ཚང་ལ་དེ་བས་ཀྱང་་་་མིང་ཐོ་འགོད་ནས་ཡར་ཞུ་བྱེད་རྒྱུ་མ་རེད་ཡ།

    Reply
  6. གྱི་ན་བ says:
    ལོ་ 16 སྔོན།

    འདི་ལྟར་བོད་པའི་སྤྱི་ཚོགས་སུ་གང་མང་སྤེལ་ཐུབ་ན་ཧ་ཅང་དགེ་མཚན་ཆེ། མི་ཤེས་པ་སེལཐབས་ལ་དད་པསམི་ཡོང་། སྙིང་རྗེས་མི་ཡོང་། ངེས་པར་དུ་ཤེས་རབ་ཁོ་ན་ལ་བརྟེན་དགོས་གསུངས་པ་རང་ཅག་སློབ་བུ་རྣམས་ཀྱིས་སྙིང་གི་དཀྱིལ་བཞག་རྒྱུ་ཧ་ཅང་གལ་ཆེ། མཐའ་དོན་ད་རིང་སློབ་ཕྲུག་རྣམས་ལ་ཉིན་གཉིས་ཀྱི་རིང་ནང་ཆོས་ངོ་སྤྲོད་ཀྱིས་དགེ་བས་འཛམ་གླིང་ཞི་བདེ་ཡིས་རྒྱུ་ལ་འགྱུར་བ་ཤོག

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་ཡོངས་ལ་ཞུ་རྒྱུ། དུས་བབ་དྲ་ངོས་སུ་སྨྲ་བརྗོད་རང་དབང་བེད་སྤྱད་དེ་གསར་འགྱུར་དང་ཟིན་བྲིས་སོ་སོ་ལས་འཕྲོས་པའི་འབྲེལ་ཡོད་བསམ་ཚུལ་གང་འདྲ་སྤེལ་ན་འགྲིག་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ནི་མ་འགྲིག་པ་ཞིག་ཏུ་མ་མཐོང། ཡིན་ནའང་ཚིག་གཅིག་ཞུ་རྒྱུ་ཡོད་པ་ནི། རྣམ་པ་ཚོ་སུ་ཡིན་པ་དེ་མ་མཐར་དུས་བབ་གསར་ཁང་གིས་ངེས་པར་ཤེས་དགོས་པར་འདུག དེ་མིན་ཉིན་གཅིག་རྣམ་པ་ཚོ་ཁག་ཅིག་གིས་དུས་བབ་ཁྲིམས་ལ་སྐྱེལ་བར་འདུག དོགས་སློང་གི་སྐད་ཆ་མིན། འདི་ནི་དངོས་འབྲེལ་ཡོང་སྲིད་ཀྱི་རེད་ལ། སྐབས་དེར་དུས་བབ་ལ་ཁུངས་སྐྱེལ་མེད་ན་དུས་བབ་གསར་ཁང་ངོ་ཚར་གཏད་པ་ཡིན་ལ། སྡུག་ན་སྒོ་རྒྱག་དགོས་ཐུག་སྲིད་པ་རེད། དེ་བས་རྣམ་པ་ཚོས་དུས་བབ་གསར་ཁང་གི་རྩོམ་སྒྲིག་པར་དེབ་སྐྱེལ་ཚད་ལྡན་ཁྲིམས་མཐུན་བྱེད་རོགས། འདི་ནི་རེ་བ་དྲོན་མོ་ཞིག་ཡིན།

    Reply
  8. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    ཚད་མ་རིགས་པ་ནི། གཙུག་ལག་གི་སློབ་གྲྭ་ཆེན་མོ་རྣམས་སུ་ཆེད་གཉེར་གྱི་སློབ་སྦྱོང་བྱ་རྒྱུའི་རིགས་ཤིག་གི་ཚད་དུ་གཏན་གཏན་ཡོད། དེ་དག་སློབ་ཆུང་དང་འབྲིང་རིམ་རྣམས་ལ་བསླབ་གནང་མཛད་རྒྱུ་འདི་ལ་རྒྱུ་མཚན་ཆེན་པོ་ཞིག་ངེས་པར་ཅན་དུ་ཡོད་འགྲོ་དེ། ཁུར་ཆེན་པོ་ཞིག་ནར་མ་སྨིན་པ་ལ་བཀལ་བ་ནང་བཞིན་ཞིག་ཆགས་མི་འདུག་གམ་བསམ་གྱི་ཡོད།
    ལྷག་པར་དུ་བསྡུས་གྲྭ་སྤྱི་ཡོངས་ཀྱི་སློབ་གྲྭར་བསླབས་ཡ་འདི། ནང་ཆོས་ལ་གོ་རྟོགས་སྤེལ་བའི་ཆེད་དུ་ཡིན་ན། གནས་ཚུལ་ལས་གོ་བཟློགས་སུ་སོངས་འདུག
    བསྡུས་གྲྭ་ཤེས་མཁན་དང་མི་ཤེས་མཁན་གཉིས་བསྡུར་ན། ནང་དོན་རིགས་པའི་གོ་རྟོགས་ཟབ་བརླིང་། བསྡུས་གྲྭ་མ་སྦྱོང་པ་རྣམས་ཆེ་བའི་བལྟ་ཚུལ་ཡོད་མཁན་བོད་ཕྱི་ནང་གཉིས་ཆར་དུ་ཉུང་ངུ་མིན། ལྷག་པར་དུ་ཆོས་བརྒྱུད་ཕ་ཆེ་བའི་བལྟ་ཚུལ་རེད་མི་འདུག་ནི་བསམ།

    Reply
  9. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    སྐྱབས་སུ་མཆིའོ། བདེན་པ་མ་རེད་ཞུ་ཤེས་པ་རྩ་ནས་མི་འདུག་མོད། གྲོས་ཚོགས་ནང་དུ་ཚད་མ་རིག་པ་རྩོད་སྟངས་དེ་མཐོང་དུས་ད་ལགས་སོ་ཞུ་ཐུབ་པ་མི་འདུག

    དེ་སྔོན་ཞིག་ལ་ཡང་་་་ རྟོན་བཞིའི་འཇུག་ལྡོག་་་་་ཐོག་ནས་ཉིན་ཤས་ཚད་མ་བརྩད་སོང་།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།
    མཁའ་མཉམ་ཡོངས་ལ་བདེ་སྐྱིད་བྱུང་བ་དང་།
    བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས།
    མྱུར་དུ་སངས་རྒྱས་ས་ལ་བྱིན་གྱིས་རློབས།

    གོ་སྒྲིག་གནང་མཁན་ཚོས་སྔ་ལོ་ལས་འདི་ལོ་བཞུགས་ཁྲིའི་མཚོན་པའི་ཡར་རྒྱས་མང་པོ་ཞིག་བཏང་འདུག་པས་བསྔགས་བརྗོད་ཞུ་རྒྱུ་ཡིན།
    འོན་ཀྱང་གསུང་ཆོས་ག་རེ་གནང་དགོས་མིན་བཀའ་སློབ་ཕེབས་པར་གྲ་སྒྲིག་རྩ་བ་ནས་མེད་པར་བརྟེན་སུ་གཅིག་གིས་ཀྱང་བཀའ་ལན་ཞུ་མ་ཐུབ་པ་ནི་ཡ་མཚན་རེད།

    སྤྱིར་སློབ་ཕྲུག་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་རྒྱུ་སོགས་གལ་ཆེ་དོན་ཆེ་ཡིན་མོད། འོན་ཀྱང་༸རྒྱལ་བའི་སྐུ་གཟུགས་སོགས་ལ་དགོངས་པ་རྒྱ་ཆེར་བཞེས་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་སྟབས་གོ་སྒྲིག་ཚོགས་ཆུང་གིས་ཡིད་གཟབ་གནང་རོགས།

    Reply
  11. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    ངས་མི་ལོར་ལྔ་བཅུར་གོང་ས་མཆོག་གིས་བཙན་བྱོལ་བོད་མི་ཚོར་དབང་ལུང་ཟབ་ཆོས་གནང་བའི་ཁྲོད་བཙན་བྱོལ་བོད་མིའི་བསམ་བློ་ནར་སོན་མེད་པ་འདི་ནས་ང་ཧང་སངས་ཀྱི་ཡོད། འདིའི་འདྲའི་རེ་འབྲས་མེད་པའི་མི་རབས་ཤིག་ང་ཚོའི་ལས་ཀྱི་གོ་བསྐལ་དུ་འདུག་ཨང་།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྐུ་བཀའ་དྲིན་ཆེའོ་༧གོང་ས་མཆོག
    ཉོན་རྨོངས་དུག་གསུམ་གྱིས་བཟུང་བའི་མི་བུ་མཁས་དབང་ང་ཡིན་ཟེར་མཁན་དང་ལྷ་རམས་པ་ཡིན་གསུངས་མཁན་ཚོས་བོད་མི་ནང་ཁུལ་དུ་བཟོད་པ་སྒོམ་མ་ཐུབ་པར་དུས་བབ་དྲ་ཐོག་ཏུ་འཐབ་རྩོད་བྱེད་དང་བྱེད་བཞིན་ཡོད།

    ཁ་ནས་༧གོང་ས་མཆོག་ལ་བསྟོད་པ་ཕུལ་བ་མ་གཏོགས་དོན་གྱིས་༧གོང་ས་མཆོག་གི་བཀའ་སློབ་ལ་ལག་ལེན་བསྟར་མཁན་ཤུན་ཏུ་ཉུང།

    དེང་སང་གི་མཁས་དབང་ང་ཡིན་ཁོ་ཡིན་གསུངས་མཁན་ཚོས་ཁ་གཏད་མ་ཆག་པའི་དགྲ་བོ་རྒྱ་དམར་ལ་བཟོད་པ་སྒོམ་ཁུལ་བྱེད་པ་མ་གཏོགས་བོད་མི་ནང་ཁུལ་དུ་བཟོད་སྒོམ་བྱེད་བཞིན་མི་འདུག་ཞུ་རྒྱུ་ཡིན་ལགས།

    བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་བོད་མི་ཁུལ་གསོད་རེ་བྱེད་ཀྱི་འདུག འདི་ཚོ་ནི་དམ་པའི་ལྷ་ཆོས་དང་མ་མཐུན་པ་ཞིག་དང་འཇིག་རྟེན་ཕ་ཆོས་དང་མ་མཐུན་པའི་བྱ་བ་སྒྲུབ་ཀྱི་ཡོད་པས་ཐུགས་སྨོན་སྐྱབས་འཇུག་ཡོང་བ་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese