༧གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག གདན་ས་ཁག་གི་དགེ་འདུན་པ་ཚོར་ཚན་རིག་ཟབ་སྦྱོང་གི་ལས་རིམ་ཞིག་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༤ ཉིན་སྐབས་དང་པོའི་དགེ་འདུན་པ ༣༠ ཙམ་ཚན་རིག་སྣེ་ཁྲིད་པའི་མཚན་ཐོག་ནས་སློབ་མཐར་ཕྱིན་ཡོད་སྟབས། འདི་གའི་གསར་འགོད་པས་ཚན་རིག་སྣེ་ཁྲིད་པ་གྲྭ་རྔ་པ་ཤེས་རབ་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། སྐུ་ཉིད་ལ་ཐོག་མར་ཚན་རིག་ལ་སློབ་གཉེར་གནང་རྒྱུའི་འདུན་པ་ཇི་ལྟར་འཁོར་བ་དང་། ད་བར་ཁྱེད་ཅག་གིས་ཚན་རིག་གི་རིག་ཚན་གང་དག་ལ་སློབ་གཉེར་གནང་ཡོད་དམ།
ལན། ང་རང་ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་ཡོང་སྟེ་འབྲས་སྤུངས་སྒོ་མང་དུ་ཞུགས་ཤིང་། ད་ཆར་དགེ་ལུགས་རྒྱུག་སྤྲོད་ཀྱི་སློབ་དཔོན་ལོ་རིམ་གཉིས་པ་ཡིན། སྔོན་མ་ཕ་ཡུལ་ནས་སྒྲ་རིག་པ་དང་སྐར་རྩིས་རིག་པར་སློབ་སྦྱོང་ཆ་ཚང་ཞིག་བྱས་མྱོང་། བོད་པའི་སྐར་རྩིས་ནང་ཉི་ཟླ་གཟའ་སྐར་སོགས་གནམ་རིག་གི་སྐོར་མང་པོ་ཞིག་འདུག ཚན་རིག་ལ་སློབ་སྦྱོང་བྱ་ཐུབ་པ་ཡིན་ན། རང་གི་སྐར་རྩིས་ཀྱི་རྨང་གཞིར་ཕན་ཐོགས་པ་དང་། ཚན་རིག་ལས་བཤད་པའི་ཉི་ཟླ་གཟའ་སྐར་གྱི་གནས་སྟངས་དང་། སྐར་རྩིས་ཀྱི་ཉི་ཟླ་གཟའ་སྐར་ཕན་ཚུན་གཤིབ་བསྡུར་ཞིག་བྱ་ཐུབ་ན་སྙམ་སྟེ་ཚན་རིག་སྦྱངས་པ་ཡིན། རིམ་གྱིས་གནམ་དཔྱད་རིག་པའི་ནང་འཇིག་རྟེན་ཆགས་རབས་དང་། གཟུགས་གྱི་གྲུབ་སྟངས། རྡུལ་ཕྲ་རབ་སོགས་ཐོན་ཡོང་སྐབས། སྐར་རྩིས་ཙམ་མ་ཡིན་པར་ནང་ཆོས་དང་ཚན་རིག་གཉིས་ལའང་གཤིབ་བསྡུར་གྱི་ཆ་མང་པོ་ཞིག་ཡོད་སྟབས། སེམས་ཤུགས་དང་དོ་སྣང་སྔར་ལས་ཆེ་རུ་ཕྱིན་སོང་། ཚན་རིག་དང་ནང་ཆོས་གང་ཡིན་རུང་བདེན་པ་དང་། དངོས་ཡོད་གནས་ཚུལ་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་སྟབས། འདི་གཉིས་ཀྱི་དམིགས་ཡུལ་ཡང་གཅིག་པ་རེད། ང་ཚོར་ད་བར་ཚན་རིག་གི་ཤེས་བྱ་མང་པོ་ཞིག་སློབ་ཁྲིད་བྱས་པ་རེད། ཐོག་མར་གནམ་རིག་སྐོར་དང་། དེའི་རྗེས་ཀླད་པའི་ཚན་རིག་སྐོར། ད་ཆར་སྐྱེས་དངོས་རིག་པ་ཁྲིད་ཀྱིན་འདུག སྔོན་མ་གནམ་རིག་ལ་དགའ་མོས་ཆེན་པོ་ཡོད་ཀྱང་ད་ཆར་ཀླད་པའི་ཚན་རིག་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་སོང་།
དྲི་བ། ཁྱེད་ཅག་གིས་ནང་ཆོས་ཀྱི་རྨང་གཞིའི་སྟེང་ལོ་གང་འཚམ་རིང་ཚན་རིག་ལ་སློབ་གཉེར་བྱས་པའི་གོ་རིམ་ཁྲོད། བོད་པའི་སྐར་རྩིས་ཀྱིས་ཚན་རིག་གི་གནམ་དཔྱད་རིག་པའི་རྗེས་མ་སྙོབ་ས་དང་། ཡང་ན་བཤད་སྟངས་ལ་ནོར་འཁྲུལ་ཤོར་བའི་ཆ་གང་དག་མཐོང་སོང་ངམ།
ལན། བོད་པའི་སྐར་རྩིས་ལྟ་བུར་མཚོན་ན། ཚན་རིག་མ་དར་བའི་སྔོན་གྱི་གཞུང་ལུགས་ཤིག་ཡིན་སྟབས། ནམ་མཁའི་གཟའ་སྐར་ཕན་ཚུན་གྱི་བར་ཐག་གསལ་བོ་མེད་པར་རྒྱང་ཚད་གཅིག་པ་འདྲ་ཞིག་བཤད་ཡོད། ད་ཆར་ཚན་རིག་གི་གནམ་དཔྱད་ནང་དུ་གཟའ་སྐར་རེ་རེའི་གནས་དང་ཆེ་ཆུང་། ཕན་ཚུན་གྱི་བར་ཐག་སོགས་གསལ་གསལ་ཐིང་ཐིང་གིས་བསྟན་ཡོང་དུས་བོད་པའི་སྐར་རྩིས་ནང་གི་ནོར་འཁྲུལ་མང་པོ་ཞིག་མཐོང་ཡོང་གིན་འདུག དཔེར་ན། བོད་པའི་སྐར་རྩིས་ནང་གཟའ་ཕྱིར་ལྡོག་ཟེར་བ་ཞིག་ཡོད། དེ་ནི་གཟའ་སྐར་དེ་ཚོ་མཚམས་རེར་ཕྱིར་འཁོར་རྒྱག་གིན་ཡོད་པ་འདྲ་ཞིག་བཤད་ཡོད། གནའ་བོའི་གྷི་རི་སིའི་གནམ་དཔྱད་མཁས་པ་ཚོས་ཀྱང་བོད་པའི་སྐར་རྩིས་ལས་བཤད་སྟངས་ལྟར་བཤད་ཡོད་ས་རེད། ཚན་རིག་གི་བརྟག་དཔྱད་ཁྲོད་གཟའ་སྐར་ཕྱིར་འཁོར་རྒྱག་པ་མ་ཡིན་པར་གཟའ་སྐར་རེ་རེའི་མགྱོགས་ལུགས་ཀྱི་དབང་གིས་སྣང་ཚུལ་དེ་ཡོང་གི་ཡོད་པ་ར་སྤྲད་ཡོད། དེ་བཞིན། སྐར་རྩིས་ནང་ཉི་མ་དང་ཟླ་བ་གཉིས་ལ་ཆེ་ཆུང་ཞེ་དྲག་མེད་པའི་བཟོ་འདྲ་ཞིག་བཤད་ཡོད། དེ་ནི་སའི་གོ་ལ་དང་ཉི་ཟླ་བཅས་ཀྱི་བར་ཐག་རིང་ཐུང་མ་ཤེས་སྟབས། སའི་གོ་ལའི་སྟེང་ནས་བལྟས་ན་ཉི་ཟླ་གཉིས་ལ་ཆེ་ཆུང་དེ་ཙམ་མེད་པ་དེ་གཞི་རྩར་བཞག་སྟེ་བཤད་པ་ཞིག་རེད། དེང་སྐབས་ཚན་རིག་གི་བརྟག་དཔྱད་ཁྲོད་ཉི་ཟླ་གཉིས་ལ་ཆེ་ཆུང་ལྡབ་ས་ཡ་མང་པོ་ཡོད་པ་ར་སྤྲད་ཡོད། འདི་དག་བོད་པའི་སྐར་རྩིས་ཀྱིས་ཚན་རིག་གི་གནམ་དཔྱད་རིག་པའི་རྗེས་མ་ཆོད་པའི་ཆ་རེད།
དྲི་བ། གལ་སྲིད་བོད་པའི་སྐར་རྩིས་ནང་ནོར་འཁྲུལ་གྱི་ཆ་བྱུང་ཡོད་ན། སྐར་རྩིས་དེ་དུས་འཁོར་གྱི་བྱེ་བྲག་ཅིག་ཡིན་སྟབས། སངས་རྒྱས་ཀྱིས་གསུངས་པའི་དུས་འཁོར་ལའང་རང་བཞིན་གྱིས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད་དམ།
ལན། ཤཀྱཱ་ཐུབ་པས་ཕྱིའི་དུས་འཁོར་དང་ནང་གི་དུས་འཁོར། གསང་བའི་དུས་འཁོར་བཅས་རིམ་པ་གསུམ་གསུངས་པ་ལས་སྐར་རྩིས་ནི་ཕྱིའི་དུས་འཁོར་རེད། ཕྱིའི་དུས་འཁོར་ཟེར་བ་དེ་ཉི་ཟླ་གཟའ་སྐར་དང་། ས་ཆུ་མེ་རླུང་སོགས་རང་བྱུང་ཁམས་ཀྱི་གནས་ལུགས་དང་། ནང་གི་དུས་འཁོར་ཟེར་བ་དེ་མིའི་རྩ་རླུང་དང་ཁམས། བླ་གནས་སོགས་ཀྱི་གྲུབ་སྟངས་རེད། གསང་བའི་དུས་འཁོར་ཟེར་བ་དེ་རྣལ་འབྱོར་བས་སྒོམ་ཉམས་ལེན་སྐབས་ཀྱི་རྟོག་པའི་སྐྱེད་རིམ་ལྟ་བུ་རེད། དུས་འཁོར་དེ་གསུམ་ཀ་ཕན་ཚུན་འབྲེལ་ནས་བསྡད་ཡོད་ཀྱང་། ད་ཆར་ཚན་རིག་གིས་ནང་གི་དུས་འཁོར་དང་། གསང་བའི་དུས་འཁོར་ལ་བློ་ཁ་ཙམ་ཡང་ཕྱོགས་མི་འདུག་སྙམ། དཔེར་ན། ཉི་ཟླ་གཟའ་སྐར་སོགས་རང་བྱུང་ཁམས་ཀྱི་ཆགས་སྟངས་དང་། མིའི་གཟུགས་པོའི་དབང་བོ་ཡན་ལག་སོགས་ཀྱི་ཆགས་སྟངས་འབྲེལ་བ་ཆེན་པོ་ཡོད། འདི་ལ་རིག་པས་དཔྱད་ན་གསལ་བོ་ར་འཕྲོད་ཀྱང་། ཚན་རིག་ནང་དེ་འདྲའི་བཤད་སྲོལ་མི་འདུག ཡང་ཕྱོགས་གཉིས་ཀར་མཐུན་པའི་ཆ་མང་པོ་ཞིག་འདུག དཔེར་ན། ཉི་ཟླ་གཟའ་སྐར་སོགས་ཀྱི་འཁོར་སྐྱོད་དུས་ཚོད་ཀྱི་ཆ་དེ་གཅིག་པ་རེད། དེའི་དབང་གིས་ཉི་འཛིན་གཟའ་འཛིན་དང་། དབྱར་དགུན་སྟོན་དཔྱིད། གནམ་གཤིས་འགྱུར་ལྡོག་སོགས་གཅིག་པ་ཆགས་ཀྱི་ཡོད། ང་ཚོར་སློབ་ཁྲིད་སྐབས་དགེ་རྒན་ཞིག་གིས། གྷི་རི་སིའི་གནའ་བོའི་སྐར་རྩིས་ནང་གི་ཁྱིམ་བཅུ་གཉིས་ཟེར་བ་ཞིག་བཤད་སོང་། དེ་ང་ཚོའི་སྐར་རྩིས་ནང་གི་ཁྱིམ་བཅུ་གཉིས་དང་གཅིག་པ་རེད། གཟའ་སྐར་འཁོར་སྐྱོད་བྱེད་སྟངས་ཀྱང་ང་ཚོའི་སྐར་རྩིས་དང་གཅིག་པ་རེད། འོན་ཀྱང་། ཁོང་རང་གིས་གྷི་རི་སིའི་གཞུང་ལུགས་དེ་ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་ཐག་གིས་བཅད་པ་རེད། དེའི་རྗེས་གཟའ་སྐར་གསར་དུ་བྱུང་བ་དང་མེད་པ་ཆགས་པ། གོ་གནས་བརྗེ་བ་སོགས་ཀྱི་འཕོ་འགྱུར་མང་པོ་ཕྱིན་ཡོད་སྟབས། ད་ཆར་ཏག་ཏག་བསྡད་ཡོད་པ་མ་རེད་ཟེར། གལ་སྲིད་དེ་འདྲ་ཡིན་ན་ང་ཚོའི་སྐར་རྩིས་ལའང་སྐྱོན་གནས་ཤིག་འབབ་ཀྱི་ཡོད་སྟབས། བཤད་སྟངས་དེས་ང་ལ་དོགས་པ་ཆེན་པོ་ཞིག་བསླངས་སོང་།
དྲི་བ། ཁྱེད་ཅག་གིས་སྐྱེ་དངོས་རིག་པར་སློབ་སྦྱོང་གི་གོ་རིམ་ཁྲོད། འཕེལ་འགྱུར་རིག་པ་སྨྲ་བ་གྲགས་ཆེན་ Charles Darwinཌར་ཝན་གྱི་བཤད་སྟངས་དང་། ནང་ཆོས་ཀྱི་མངོན་པ་མཛོད་སོགས་སུ་བཤད་པའི་ཕྱི་དངོས་པོའི་བྱུང་སྟངས་དང་འཕེལ་རིམ་ཐད་ལྟ་སྟངས་གང་འདྲ་བྱུང་སོང་ངམ།
ལན། ཞིབ་འཇུག་པ་འགའ་རེ་ཡིས། འཕེལ་འགྱུར་སྨྲ་པ་གྲགས་ཆེན་ཌར་ཝན་གྱིས་ནང་ཆོས་ལ་བལྟས་ཡོད་ས་རེད། ཁོང་གི་འཕེལ་འགྱུར་གྱི་གཞུང་ལུགས་ལ་ནང་ཆོས་ཀྱི་ཤན་ཞུགས་འདུག་ཟེར། འོན་ཀྱང་ང་རང་གིས་ཞིབ་འཇུག་བྱ་རྒྱུ་མ་བྱུང་། ཚན་རིག་ལས་སྐྱེས་དངོས་ཡོངས་རྫོགས་ཀྱི་ཐོག་མའི་འབྱུང་ཁུངས་དེ་ཧ་ཅང་ཆུང་བའི་དངོས་པོ་རྡོག་མ་གཅིག་ལས་བྱུང་ཞིང་། སྡོང་བོ་ལྟ་བུ་དེ་ལ་ཡལ་ཀ་གསུམ་རྒྱས་ཤིང་། གཅིག་ལ་འཕེལ་འགྱུར་མེད་པར་བརྟན་འཇགས་དང་། གཞན་གཉིས་ལ་འཕེལ་འགྱུར་བྱུང་སྟེ། འགའ་རེ་ཤིང་སྡོང་དང་རྩི་ཤིང་ནགས་ཚལ་ཆགས་པ་དང་། འགའ་རེ་སྲོག་ཆགས་སེམས་ཅན་སྣ་ཚོགས་སུ་གྱུར་ཏེ། མིའི་རིགས་ཀྱང་སྲོག་ཆགས་དེ་དག་ཡར་རྒྱས་སུ་སོང་བ་ལས་བྱུང་ཚུལ་བཤད་འདུག འོན་ཀྱང་། ནང་ཆོས་ནང་དེ་འདྲ་ཞིག་རྩ་བ་ནས་བཤད་ཀྱི་ཡོད་པ་མ་རེད། ཐོག་མར་རླུང་དང་མེ་ས་ཆུ་སོགས་ཀྱི་དཀྱིལ་འཁོར་གྲུབ་སྟེ་བསྐལ་བ་ཆགས་ཤིང་། སེམས་ཅན་གཞན་གྱི་བྱུང་སྟངས་གསལ་བོ་མ་མཐོང་ཡང་མིའི་བྱུང་སྟངས་ཐད། ཐོག་མར་ས་ནས་རླན་གཤེར་ལས་སྐྱེས་པ་དང་གནམ་ནས་བབ་པ་སོགས་མི་དྲུག་བྱུང་ཞིང་། དེ་དག་ལ་ཁ་ཟས་དང་གྱོན་ཆས་སོགས་ཀྱང་མི་དགོས་ཤིང་། ཉི་ཟླ་སོགས་མེད་པར་རང་འོད་ལ་བརྟེན་ཏེ་འཚོ་བ། ཚེ་ལོ་བརྒྱད་ཁྲི་ཐུབ་པ་ཞིག་བཤད་ཡོད། རིམ་གྱིས་དེ་དག་གི་ཀུན་སློང་ཇེ་སྡུག་ཏུ་ཕྱིན་ཏེ་ཟས་གོས་དགོས་པ་དང་། སྐྱེ་རྒ་ན་འཆིའི་བདེ་སྡུག་བྱུང་བ། ཚེ་ཚད་ཇེ་ཐུང་དུ་ཕྱིན་ཏེ་ད་ཆར་ཚེ་ལོ་དྲུག་ཅུར་སླེབས་སྐོར་བཤད་ཀྱི་ཡོད། ལྷག་པར་དུ་ནང་ཆོས་ལས་ཆེས་ཐོག་མའི་མི་དེ་རྣམ་དཔྱོད་དང་ལྡན་ཞིང་། འཚོ་གནས་ལ་རྙོག་འཛིང་དང་འཚེ་བ་མེད་པར་ཞི་བདེ་ཡིན་ཡང་། རིམ་གྱིས་ཇེ་སྡུག་ཏུ་ཕྱིན་ཏེ་ད་ཆར་བླུན་རྨོངས་དང་དྲག་རྩུབ་ཆེ་ཞིང་། ད་དུང་ཇེ་སྡུག་ཏུ་ཕྱིན་ཏེ་མཐར་ཚེ་ལོ་བཅུ་བ་དང་། མིའི་གཟུགས་བོང་ཧ་ཅང་ཆུང་བ་ཞིག་ཆགས་རྒྱུ་ཡོད་རབས་བཤད་ཡོད། འོན་ཀྱང་། ཚན་རིག་གིས་ཆེས་ཐོག་མ་དུད་འགྲོ་ནས་མི་རུ་གྱུང་ཞིང་། རྣམ་དཔྱོད་ཀྱང་ཀླ་ཀློ་ནས་ཤེས་རིག་གི་ལམ་དུ་འགྲོ་བཞིན་ཡོད། ད་ཚད་གཞི་ཧ་ཅང་དམའ་ཞིང་། མ་འོངས་པར་ཚད་ངེས་ཅན་ཞིག་ཏུ་འགྲོ་རྒྱུ་ཡོད་པར་ཡིད་ཆེས་བྱེད་ཀྱི་འདུག
དྲི་བ། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་འཇིག་པའི་རིམ་པ་དང་། ལྷག་པར་དུ་ནང་ཆོས་ལས་བཤད་པའི་ནམ་ཞིག་བསྐལ་བ་སྟོང་བའི་གནས་སྐབས་སོགས་ལ་ནང་ཆོས་དང་ཚན་རིག་གཉིས་ལ་ཐུན་མོང་གི་ལྟ་ཚུལ་འདུག་གམ།
ལན། འཇིག་རྟེན་འདི་འཇིག་པའི་དུས་ཚོད་ཐད་ནང་ཆོས་དང་ཚན་རིག་གཉིས་མཐུན་གྱི་མི་འདུག ཚན་རིག་གི་གནམ་དཔྱད་རིག་པའི་ནང་། ཉི་མ་ལོ་ཐེར་འབུམ་བཅུ་ཡི་ཚེ་ཚད་ཡིན་ཞིང་། ད་ཆར་ཐེར་འབུམ་བཞི་དང་ཕྱེད་ཙམ་ཕྱིན་ཡོད་ཚུལ་བཤད་ཡོད། སའི་གོ་ལ་འདི་དེ་བས་ཀྱང་སྔ་བ་རེད། ནང་ཆོས་ཀྱི་དུས་འཁོར་ལས་འཛམ་གླིང་དང་ཉི་ཟླ་གཟའ་སྐར་སོགས་འཇིག་པའི་དུས་ཡུན་དེ་འདྲའི་ཐུང་ཐུང་ཞིག་ཁྱོན་ནས་མ་རེད། བསྐལ་ཆེན་གཅིག་ལ་བསྐལ་ཆུང་བརྒྱད་ཅུ་ཡོད་པ་དང་། བསྐལ་ཆུང་རེ་རེའི་དུས་ཡུན་དེ། ཕྱོགས་བཞི་ལ་དཔག་ཚད་རེ་ཡོད་པའི་དོང་ཆེན་པོ་ཞིག་གི་ནང་དུ་ལོ་བརྒྱ་རེའི་མཚམས་སུ་སྐྲ་ཉག་རེ་གཡུགས་ཏེ། ནམ་ཞིག་དོང་ཁ་སྐྲ་ཡིས་གང་ན་དེ་ནི་བསྐལ་ཆུང་གཅིག་གི་དུས་ཚོད་རེད། བཤད་སྟངས་འདི་གཉིས་བསྡུར་བ་ཡིན་ན། ནང་ཆོས་ཧ་ཅང་རྒྱ་ཆེན་པོ་རེད། འོན་ཀྱང་འཇིག་སྟངས་ཐད། ནང་ཆོས་དང་ཚན་རིག་གཉིས་ལ་མཐུན་པའི་ཆ་གང་འཚམ་འདུག ནང་ཆོས་ཀྱི་མཛོད་ནང་། བསྐལ་བ་འཇིག་སྐབས་དུས་གཅིག་ལ་ཉི་མ་བདུན་ཤར་ཏེ། ཚ་དྲོད་ཀྱིས་བསྲེགས་ཏེ་འཇིག་རྒྱུ་ཡིན་ཚུལ་བཤད་ཡོད། དེ་ཚན་རིག་ནང་དུའང་རིམ་གྱིས་ཉི་མའི་ཚ་དྲོད་ཆེ་རུ་ཕྱིན་ཞིང་། སའི་གོ་ལ་དང་ཉི་མའི་བར་ཐག་ཉེ་རུ་ཕྱིན་ཏེ། མཐར་གོ་ལ་དང་གཟའ་སྐར་མང་པོ་ཞིག་ཉི་མའི་ཚ་རླབས་ནང་འཐིམ་སྟེ་འཇིག་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད།
དྲི་བ། སྐུ་ཉིད་ལ་མཚོན་ན་ཚན་རིག་སློབ་པའི་གོ་རིམ་ཁྲོད། ནང་ཆོས་ཀྱི་ནོར་འཁྲུལ་དང་མ་འདང་བའི་ཆ། ཡང་ན་ཡར་རྒྱས་དང་ལེགས་བཅོས་གཏོང་དགོས་པའི་ཆ་སོགས་ར་འཕྲོད་སྐབས། དེ་ལ་དང་ལེན་དང་ཁ་གསེང་པོའི་ཐོག་ནས་ཐེར་འདོན་བྱ་རྒྱུའི་བློ་སྟོབས་ཡོད་དམ།
ལན། ཚན་རིག་སློབ་སྦྱོང་སྐབས་ནང་ཆོས་དང་འགལ་ཡོད་པའི་ཆ་མཐོང་ན་བཤད་མ་ཕོད་པ་དང་། དང་ལེན་བྱ་མ་ནུས་ས་དེ་འདྲ་བྱུང་མ་སོང་། མ་འོངས་པར་ཡང་དེ་འདྲ་ཡོང་མདོག་ཁ་བོ་མ་རེད། གལ་སྲིད་ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་ར་འཕྲོད་པ་ཞིག་བྱུང་ན་ཁས་ལེན་དགོས་པ་རེད། ནང་ཆོས་ལས་ག་འདྲ་ཞིག་བཤད་ཡོད་ཀྱང་འདོར་དགོས་པ་རེད་སྙམ། དེ་ལ་དུང་ཞེན་དང་མཁྲེགས་འཛིན་བྱ་རྒྱུ་ཡོད་པ་མ་རེད། སངས་རྒྱས་ཀྱིས་ཀྱང་རིག་པའི་བརྟག་དཔྱད་ཀྱིས་བདེན་པ་ར་འཕྲོད་ན་ལུང་འདོར་དགོས་གསུངས་ཡོད། འགའ་རེ་ཡིས་ཚན་རིག་པ་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་པ་མ་རེད། ཕྱི་རོལ་རྒྱང་འཕེན་པ་དང་གཅིག་པ་རེད། ཚན་རིག་སྦྱང་ན་ནང་ཆོས་ལ་རྒྱབ་འགལ་ཆགས་འགྲོ་བ་རེད་ཟེར་མོད། དེ་ཚན་རིག་གི་གནས་ལུགས་མ་ཤེས་པ་རེད། ཚན་རིག་གིས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་བདེན་ཡང་། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་པ་ཙམ་དུ་མ་ཟད། མེད་ལུགས་མེད་སྟངས་ཀྱི་སྒྲུབ་བྱེད་མང་པོ་བཀོལ་ཏེ་ཐག་གིས་བཅད་ཡོད། ཚན་རིག་པས་སྐྱེ་བ་སྔ་ཕྱི་ཡོད་པར་ཐག་གཅོད་བྱས་མེད་ལ། མེད་པར་ར་སྤྲོད་ཀྱང་ཐུབ་མེད། དོགས་པ་དང་དཔྱད་གཞིར་བཞག་ཡོད།
དྲི་བ། ནང་ཆོས་ལས་འཛམ་བུ་གླིང་འདིའི་སྟེང་ཡར་ལྷ་ཡུལ་དང་ཀླུ་ཡུལ། མར་དམྱལ་ཡུལ་དང་ཡི་དྭགས་དུད་འགྲོ་སོགས་སེམས་ཅན་ལ་རིམ་པ་མང་པོ་ཞིག་བགར་ཡོད་པའི་ཐད། ཁྱེད་ཅག་གི་ཚན་རིག་དགེ་རྒན་དག་ལ་ལྟ་ཚུལ་ག་འདྲ་འདུག་གམ།
ལན། དེ་དག་གི་སྐོར་ལ་དམིགས་བསལ་གླེང་སློང་བྱས་མྱོང་མེད། ནང་ཆོས་ལས་བཤད་པའི་འཛམ་གླིང་དང་། ཚན་རིག་ལས་བཤད་པའི་སའི་གོ་ལ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ཀྱང་། ཚན་རིག་ལས་བཤད་པའི་སྐར་ཁྱིམ་སྟེ། གྷ་ལེག་སེ་ Galaxy ཟེར་བ་དང་། ནང་ཆོས་ལས་བཤད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་གཉིས་ལ་འདྲ་བའི་ཆ་གང་འཚམ་འདུག ཚན་རིག་གི་གྷ་ལེག་སེ་གཅིག་གི་ནང་དུ་སྐར་མ་ཐེར་འབུམ་བརྒྱ་ལྷག་ཡོད་རབས་བཤད་ཡོད། ནང་ཆོས་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་ནང་དུ་ཡང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཡོད་གསུངས་ཡོད། འོན་ཀྱང་། ཚན་རིག་པ་ཚོས་གྷ་ལེག་སེའི་ཆེ་ཆུང་དང་མཐུག་རྔམས་ལ་ཚོད་རྩིས་ཙམ་བརྒྱབ་ཡོད་ཀྱང་། མཛོད་ཀྱི་ནང་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་ཟེར་བ་དེར་མཐའ་དབུས་དང་མཐུག་རྔམས་སོགས་བསྟན་མེད། ཚན་རིག་པ་ཚོས་སའི་གོ་ལའི་ཁོག་པར་ཞིབ་འཇུག་བྱས་པ་ལྟར་ན། སྤྱི་ལེ་ ༡༧ གྱི་མཚམས་སུ་ཚ་དྲོད་ཧ་ཅང་ཆེན་པོ་ཡོད་ཀྱང་། འཕྲུལ་ཆས་ཀྱིས་བལྟས་ན། དེའི་ནང་འབུ་རིགས་སྲོག་ཆགས་ཡོད་པ་མཐོང་ཡོད་པ་མ་ཟད། སྲོག་ཆགས་དེ་དག་གིས་རྡོ་ཟ་བཞིན་ཡོད་པ་དང་། ཁ་ཟས་ཟ་བ་དང་འགུལ་སྐྱོད་ཧ་ཅང་དལ་མོ་ཡིན་སྟབས། སྲོག་ཆགས་དེ་དག་གི་ཚེ་ཚད་ཀྱང་ཧ་ཅང་རིང་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་གཏིང་ཞབས་དུ་ཕྱིན་ན་རྡོ་དང་ལྕགས་ཀྱང་བཞུ་འགྲོ་བའི་ཚ་དྲོད་ཆེན་པོ་ཡོད་སྐོར་བཤད་ཡོད། དུས་འཁོར་ནང་རིའི་རྒྱལ་བོ་རི་རབ་ཀྱི་ལྟེ་བ་ནས་མར་རྩིས་ཏེ་དམྱལ་བའི་རིམ་པ་བཤད་སྐབས། གཏིང་ཞབས་དེ་ཚ་དམྱལ་རྡོ་རྗེ་མེ་ལྕེ་དང་། དེའི་ནང་དུ་དམྱལ་བའི་སེམས་ཅན་མང་པོ་ཡོད་པ་བསྟན་ཡོད་ལ། དེ་དག་གི་ཚེ་ལོ་ཡང་གྲངས་མེད་ཡིན་སྐོར་བཤད་ཡོད།
དྲི་བ། འགྲོ་བ་མིའི་རིགས་ཀྱི་ཤེས་ཡོན་དར་བའི་ལོ་རྒྱུས་ཁྲོད། ཚན་རིག་དང་དེང་རབས་ཀྱི་འཕྲུལ་རིགས་དར་རྒྱས་སུ་སོང་བ་དང་བསྟུན་ཏེ། ཆོས་ལུགས་མང་པོ་ཞིག་གི་སྐུབ་བརྡོལ་བ་དང་ཁུངས་ལུང་མེད་པ་ར་སྤྲོད་བྱུང་མཚམས་ཆོས་ལུགས་དེ་དག་ཉམས་རྒུད་དང་ནུས་མེད་ཆགས་ཡོད། གལ་སྲིད་མ་འོངས་པར་ཚན་རིག་དར་ཁྱབ་ཆེན་པོ་ཕྱིན་པ་དང་། ལྷག་པར་དུ་ནང་པའི་ཆོས་པའི་ཁྲོད་ཚན་རིག་དར་བ་ཡིན་ན། ནང་ཆོས་ལ་ཉེན་ཁ་དེ་གཟིགས་ཀྱི་ཡོད་དམ།
ལན། ཉེན་ཁ་དེ་ཡོང་མི་སྲིད་པ་ཞིག་མ་རེད་དྲན་ཡོད། དེང་སྐབས་འཛམ་གླིང་དུ་ཀླད་པའི་ཚན་རིག་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཕྱི་རྒྱལ་གྱི་ཚན་རིག་པ་ཚོས་ཀླད་པའི་དབང་རྩའི་འགུལ་སྐྱོད་དང་བྱེད་ལས་ཐད་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་བླངས་ཡོད། ད་དུང་ཁོང་ཚོས་ཀླད་པའི་ཚན་རིག་གི་ཚད་གཞི་དེ་བྱིས་པ་ལྟ་བུ་ཞིག་ལས་འཚར་ལོངས་བྱུང་མེད་ཟེར་གྱི་ཡོད། ང་ཚོས་བཤད་བཞིན་པའི་སེམས་དང་སེམས་བྱུང་གི་བྱེད་ལས་ཡོངས་རྫོགས། ཚན་རིག་པ་ཚོས་ཀླད་པ་ཁོ་ནའི་བྱེད་ལས་རེད་ཟེར་གྱི་ཡོད། གལ་སྲིད་མ་འོངས་པར་ནང་ཆོས་ཀྱི་སེམས་དང་སེམས་བྱུང་གི་ནུས་པ་དེ་དག་ཀླད་པའི་བྱེད་ལས་ཡིན་པར་ར་གསལ་བོ་འཕྲོད་སོང་བ་ཡིན་ན། ནང་ཆོས་དང་ཚན་རིག་གཉིས་འགལ་ཟླ་ཆགས་གི་རེད་ལ། དེ་དང་མཉམ་དུ་སྐྱེ་བ་སྔ་ཕྱི་ཟེར་བ་དེ་ཡང་མེད་པ་ཆགས་འགྲོ་བ་རེད། སྐྱེ་བ་སྔ་ཕྱི་མེད་སོང་བ་ཡིན་ན་ནང་ཆོས་ལ་གང་ཡང་ལྷག་ཡོད་པ་མ་རེད། འོན་ཀྱང་། ང་རང་གིས་ད་བར་ཚན་རིག་ལ་སློབ་སྦྱོང་བྱས་པའི་གོ་རིམ་ཁྲོད། ད་དུང་ཀླད་པའི་ཚན་རིག་གིས་ནང་སེམས་ཀྱི་རྣམ་བཞག་མང་པོ་ཞིག་ལ་འགྲེལ་བཤད་རྒྱག་ཐུབ་ས་མ་རེད་དྲན་ཡོད། དཔེར་ན། སྐྱེ་བ་སྔ་ཕྱི་དྲན་མཁན་དང་། རྣམ་མཁྱེན་དང་རྨི་ལམ་སོགས་ལས་མ་འོངས་པ་ཤེས་མཁན་མང་པོ་ཡོང་གིན་ཡོད་ཀྱང་། ཚན་རིག་པས་ད་བར་དེ་དག་ལ་ལན་གསལ་བོ་ཞིག་ཕོག་མེད། ད་ཆར་ཚན་རིག་ཅི་ཙམ་གོང་འཕེལ་ཕྱིན་ཡོད་ཀྱང་། འཇིག་རྟེན་བྱ་དངོས་ཀྱི་གསང་བ་ལྐོག་གྱུར་བརྒྱ་ཆ་ ༥ ཙམ་ལས་བརྟོལ་ཐུབ་མེད་ཟེར་ནས་ཁོང་ཚོས་ཁས་ལེན་གྱིན་འདུག
དྲི་བ། ཁྱེད་ཅག་གིས་ཚན་རིག་དགེ་རྒན་ཚོར་འབྲེལ་འདྲིས་བྱས་པའི་གོ་རིམ་ཁྲོད། ཚན་རིག་པ་ཚོ་དང་བསྡུར་ན་ནང་པའི་ཆོས་པ་ཚོའི་གཤིས་སྤྱོད་ཐད་ཁྱད་པར་གང་འདྲ་མཐོང་སོང་ངམ།
ལན། སྔོན་མ་དངོས་ཁམས་ཚན་རིག་པའི་ཆེད་མཁས་པ་སྐད་གྲགས་ཅན་ཞིག་གིས་འདི་ལྟར་སོང་། སྤྱིར་ང་རང་ནང་ཆོས་ལ་དགའ་མོས་ཡོད། འོན་ཀྱང་། ནང་པའི་དགེ་བཤེས་ཚོ་བུམ་པ་ཞིག་ཡིན་པའི་དབང་དུ་བཏང་ན། བུམ་པའི་ནང་ཆུ་གང་བླུགས་འདུག ངས་དེའི་སྒང་ལ་ལྡུག་ཁུལ་བྱས་ཀྱང་། ནང་ལ་ཤོངས་ས་མེད་པ་ཤེས་ཀྱི་འདུག འོན་ཀྱང་ཅུང་རེ་ཨེ་ཕན་སྙམ་སྟེ་ལྡུག་གི་ཡོད་ཅེས་ལབ་སོང་། ངས་སྐད་ཆ་དེ་ཧ་ཅང་བདེན་པ་ཞིག་ཏུ་མཐོང་སོང་། ང་ཚོ་ཚན་རིག་པ་དང་འབྲེལ་འདྲིས་བྱས་པའི་རྐྱེན་ཀྱིས་གཤིས་ཀ་དེར་ཅུང་འགྱུར་བ་ཕྱིན་སོང་། འོན་ཀྱང་ཚན་རིག་པ་ཚོས་བདེན་དཔང་ར་སྤྲོད་གསལ་བོ་བྱུང་བའི་སྒྲོམ་གཞི་དེའི་ཕྱི་རོལ་ནས་ཤུགས་རྐྱེན་སླེབས་ཀྱང་དོ་སྣང་བྱེད་ཀྱི་མི་འདུག དེ་ཞན་ཆ་ཞིག་ཏུ་མཐོང་སོང་། ཚན་རིག་པ་ཚོའི་ཁྱད་ཆོས་གཙོ་བོ་དེ་བློ་གཟུ་བོར་གནས་པ་དེ་རེད། ལྷག་པར་དུ་ཁོང་ཚོར་བཟང་ཆ་གལ་ཆེན་ཞིག་ལ། ཚན་རིག་འཕེལ་རྒྱས་གྱི་འགྲོས་དང་བསྟུན་ཏེ་འགྲོ་བ་ལས། སྔར་གྱི་རིག་གཞུང་དང་ལྟ་གྲུབ་རྙིང་པ། མཁས་པའི་ལུང་དང་རིག་པ་སོགས་ལ་ཞེན་ཆགས་ཁྱོན་ནས་མི་བྱེད་པ་མ་ཟད། ད་དུང་དེ་ཡི་སྐྱོན་བཙལ་ཏེ་ཐེར་འདོན་བྱ་ཅི་ཐུབ་བྱེད་ཀྱི་འདུག ངས་དེ་ནི་གཤིས་ཀ་ཡག་པོ་ཞིག་ཏུ་མཐོང་སོང་། འཕེལ་རྒྱས་ཀྱི་ལམ་ཁ་གལ་ཆེན་ཞིག་རེད་དྲན་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ལྷག་བསམ་གངས་ཀྱི་རི་བོའི་རྩེ་མོ་ལ་བུད་ནས།
ཤེས་བྱའི་ཕ་མཐའ་ཡངས་པོའི་ནོར་འཛིན་མར་འཁྱུད་པའི།
རིས་མེད་ཆོས་བརྒྱུད་ཁག་གི་ཚན་སློབ་པའི་དགེ་བཙུན།
དུས་ཀྱི་ལམ་བུ་གཏོད་པའི་ཤིང་རྟ་བ་ཡིན་སོང་།
ཕྲག་དོག་དུག་གིས་མིག་ཤེས་རྩ་ལག་ཀུན་ཉམས་ནས།
ཕྱི་ནང་སྨན་གྱིས་བཅོས་པའི་ཐབས་ཤེས་ཤིག་མེད་པས།
སྐྱེ་བོ་རེ་འགས་མི་འདོད་ཟུག་སྐད་རེ་འབྱིན་ཡང་།
མ་དག་སེམས་ཅན་འདི་ཚོར་སྙིང་རྗེ་ཞིག་སྒོམ་དགོས།
གཏན་ཚིགས་རོལ་མོ་བྱེ་བ་དུང་སེམས་ཀྱི་དཀྲོལ་བཞིན།
ལུང་ཚིག་འོ་མའི་དཀར་ཡོལ་ལྷག་བསམ་གྱིས་འབུལ་མོད།
ཨུ་ཚུགས་བོང་བུའི་རྣ་བར་འཛུལ་ཐབས་ཤིག་མི་འདུག
ཕྲག་དོག་དུག་གི་མེ་དཔུང་འཇོམས་ཐབས་ཤིག་མི་འདུག
དོན་མེད་ཀུ་ཅོའི་གསེང་ནས་འཁོན་འཛིང་རང་བྱེད་ཅིང་།
བར་མེད་རྨོངས་ཞེན་ཁྲོད་ནས་འུར་སྒྲ་རེ་འབྱིན་པའི།
ཞབས་མེད་བུམ་པ་སྟོང་པའི་ཁྲོག་སྒྲ་འདིར་ཉན་བཞིན།
ང་ནི་དགེ་ཆོས་མཆོག་གི་ཚིགས་བཅད་ཅིག་དྲན་སོང་།
“མངོན་སུ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་།
རྔམ་གནག་བཞིན་གྱི་སྙེར་མ་མི་སངས་པ།
མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་ཡི།
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། ”
༧གོང་ས་མཆོག་གིས་ཚན་རིག་ལས་གཞིའི་ཐད་ལ་གནང་པའི་བཀའ་སློབ།
http://tibetan.ltwa.net/abt_hh%20speach.html
ཚན་རིག་སྦྱོང་བ་ཤེས་རབ་འཕེལ་ཕྱིར་ཏེ།
དེ་ལ་་རྨོངས་དད་བྱས་ན་ཤེས་འཆལ་ཡིན།
བླ་མས་ཚན་རིག་སྦྱོང་བ་བཟང་ན་ཡང་།
དེ་ལ་ཞེན་ནས་ནང་ཆོས་དོར་བ་འཁྲུལ།
ཞེས་རྩ་བའི་གལ་གནད་ཀྱིས་མདུན་བསུས་ཏེ།
༡༽ རྩོམ་པ་པོ་དང་། དགེ་བཤེས། ནང་པའི་ཚན་རིག་པ་རློམ་མཁན་་ཁྱེད་ཚོའི་་ང་རྒྱལ་གྱི་ཚན་རིག་རྨོངས་དད་གཞོམ་ཕྱིར་དང་། བོད་མི་རྣམས་རྨོང་ས་གཉིད་ལས་སད་ཕྱིར་ལན་འདེབས་སྔ་ཕྱིར་བྱས་ཡོད་པས་གཟིགས་མཛོད།
༢༽ཁ་ཤས་ཀྱིས་ནང་ཆོས་དང་ཚན་རིག་གཅིག་རེད་ཟེེར་ནས་འུར་ལངས་ཀྱིན་འདུག་ལ། འགའ་ཤས་ཀྱིས་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་ཟླ་ཡིན་པར་མ་ཟད་ཚན་རིག་ནི་མཐའ་གཅིག་ཏུ་བདེན་དོན་ཡིན་སྙམ་པའི་ལོག་ཆོས་གསར་བ་ཞིག་སྤེལ་ཀྱིན་འདུག
སྤྱིར་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་བ་མང་པོ་ཡོད་ཀྱང་མཐུན་སའང་མང་པོ་ཡོད་པར་རེད། ད་ལྟ་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་ཟླའི་ཕུང་བོ་ཆེན་པོ་ཞིག་མིན་ལ། མ་འོངས་པར་དེ་བས་འགལ་ཟླའི་ཕུང་བོ་ཆེན་པོ་ཞིག་ཏུ་འགྱུར་དོན་མེད་དེ།
ཚན་རིག་ཡར་རྒྱས་འགྲོ་རིམ་བཞིན་ཚན་རིག་པ་ཚོས་སངས་རྒྱས་ཆོས་ལ་དོ་སྣང་སྔར་ལས་ལྷག་པར་བྱེད་བཞིན་ཡོད་པས་སོ།
༣༽ང་ཚོས་ནང་ཆོས་དང་ཚན་རིག་གཉིས་དབར་གྱི་བགྲོ་གླེང་བྱེད་སྐབས་སུ། ནང་ཆོས་ཀྱི་ལྟ་ཚུལ་འདི་དང་འདི་འདྲ་རེད། ཚན་རིག་པའི་འདོད་ཚུལ་འདི་དང་འདི་འདྲ་རེད། ཞེས་ཕན་ཚུན་ལྟ་ཚུལ་བརྗེ་རེས་ཀྱིས་ གཤིབ་བསྡུར་བྱས་ནས་ཞིབ་འཇུག་བྱེད་དགོས་པ་ལས། ཚན་རིག་གི་བརྟགས་དཔྱད་བྱས་པའི་རྙེད་དོན་ཡིན་ཚད་ལ་བདེན་དོན་དུ་བརྩི་བའི་རྨོངས་དད་ནམ་ཡང་བྱེད་མི་རུང།
༤༽སྤྱིར་ན་ཚན་རིག་ཡིན་ཚད་དང་ཆོས་ལུགས་ཡིན་ཚད་ཕན་ཚུན་འགལ་བ་ཡིན་པར་བཤད་མི་ནུས་ཀྱང་། ཨ་རིའི་ཚན་རིག་པའི་བརྒྱ་ཆ་༤༠་ནི། ཚན་རིག་གི་ལྟ་ཚུལ་དང་ཡོངས་སུ་འགལ་བའི་སྣོད་བཅུད་ཡོད་ཚད་བྱེད་པོ་ལྷ་གཅིག་ཡོད་པར་འདོད་པའི་ཆོས་ལུགས་ལ་རྨོངས་དད་བྱེད་མཁན་རེད་འདུག་པས། གལ་ཏེ་ཚན་རིག་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་འོས་པའི་བདེན་དོན་ཀྱི་ནུས་པ་ཆེན་པོ་ཞིག་ཡོད་ན། སྐད་གྲགས་ཅན་གྱི་ཚན་རིག་པ་འདི་ཚོས་ཚན་རིག་གི་གྲུབ་དོན་དོར་ཏེ་འཇིག་རྟེན་བྱེད་པ་པོ་ལ་རྨོངས་དད་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ན།
༥༽ཁྱེད་ཚོའི་རྟོག་ངོར་ཡོད་པའི་ཚན་རིག་ཞེས་བཟང་དགུས་བརྒྱན་པའི་བདེན་དོན་མཐར་ཐུག་ཡིན་རློམ་བྱེད་པ་འདི་འདྲ། ད་ལྟ་ནུབ་ཕྱོགས་པའི་ཚན་རིག་པའི་སྤྱི་ཚོགས་ནང་དུ་ཕལ་ཆེར་མི་འདུག་པས། ཁྱེད་ཚོས་གསར་དུ་རྙེད་པའི་ཚན་རིག་ལ་རྨོངས་དད་བྱེད་སྟངས་ནི་སོ་སོའི་གཏི་མུག་གི་ཀློང་ལས་གཡོམ་བརྒྱུགས་རྟོག་བཟོས་སྤྲུལ་བ་ཙམ་ལས་བདེན་དོན་གང་ཡང་མིན་པས། ཁྱེད་ཚོས་ཕྱི་ནང་གི་ཤེས་ཡོན་དམན་པའི་བོད་རིགས་ཉམ་ཆུང་རྣམས་ལ་ཚན་རིག་ལ་རྨོངས་དད་བྱེད་དགོས་པའི་ངན་བསྐུལ་མ་བྱེད་རོགས་ཞུ་ཞུ་ཞུ།
ཚན་རིག་པ་ཡིན་ཟེར་མཁན་ཆོས་སྤེལ་མཁན་ཚོས་ཀུན་སློང་ནི། ཚན་རིག་དར་སྤེལ་བྱེད་མདོག་ཙམ་ལས་ཆོས་ལུགས་བསྒྱུར་རྒྱུའི་དམིགས་ཡུལ་ངན་པ་མང་པོ་ཡོད་པས་ཁོ་ཚོའི་བསམ་བློའི་གཡོ་འོག་ཏུ་མ་ཚུད་པར་མཐའ་གཅིག་དུ་བྱེད་དགོས།
ཁྱེད་ཚོས་ཚན་རིག་ལ་རྨོངས་དད་བྱེད་དགོས་པའི་ངན་བསྐུལ་བྱས་པའི་འབྲས་བུ་ནི། དཔྱད་པ་གསུམ་གྱིས་དག་པའི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་ཆོས་ལུགས་འདི་མར་གཡུག་བཅུག་ནས། གཤིས་བཟང་བོད་རིགས་ཚོ་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་བསྒྱུར་བའམ་འཇིག་རྟེན་བྱེད་པ་པོ་ལ་རྨོངས་དད་བྱེད་དགོས་པའི་དུས་ངན་ཞིག་བསུས་པ་འདི་ཙམ་རེད།
༦༽སངས་རྒྱས་ཆོས་ལུགས་ནི་ལོ་༢༩༣༦གི་སྔོན་ནས་སངས་རྒྱས་ཤཀྱཱ་ཐུབ་པས་ལོ་༤༧་རིང་གདུལ་བྱའི་བློ་དང་འཚམས་པར་ཐེག་པ་རིམ་པ་སྣ་ཚོགས་གསུངས་བ་ལས་འཕེལ་རྒྱས་བྱུང་བའི་ཆོས་ལུགས་ཤིག་རེད། སངས་རྒྱས་ཀྱི་ཆོས་ནི་བརྒྱ་ཁ་གཅིག་ཆོད་ཀྱི་ལམ་ལུགས་ཞིག་མ་ཡིན་པར། སེམས་ཅན་ཚོའི་བསམ་བློ་དང་མཐུན་པ་ནང་གསེས་ཀྱི་དབྱེ་བ་དང་རིམ་པ་སྣ་ཚོགས་ཞིག་གསུང་ཡོད་པ་རེད། དེ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལས་གྲུབ་པའི་རྒྱལ་བའི་བཀའ་དང་། དེའི་དགོངས་འབྲེལ་དུ་མཚན་ཉིད་རིག་པ་དང་། ནང་དོན་རིག་པ་། གཏན་ཚིགས་རིག་པ། སྒྱུ་རྩལ་རིག་པ། གསོ་བ་རིག་པ བཟོ་རིག་པ། སྐད་དང་སྙན་རྩོམ་རིག་པ་སོགས་ནང་དོན་འདུས་ཡོད་པའི་བསྟན་བཅོས་གཉིས་སུ་ཡོད་པ་ལས་གཙོ་བོར་སངས་རྒྱས་ཀྱི་བཀའ་ལ་རྟེན་དགོས།
རྒྱ་གར་དུ་བྱེ་བྲག་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་སོགས་ཀྱི་དབྱེ་བ་བྱུང་བ་དང་ཕན་ཚུན་དགག་བཞག་སྤོང་གསུམ་མང་པོ་བྱས་ཡོད་ལ། ཁྱད་པར་ཕྱི་བ་དང་ནང་བའི་ཚོ་དང་རིགས་ལམ་ཀྱི་སྒོ་ནས་ཁྱོད་ཤི་ང་གསོན་ཀྱི་རྩོད་པ་མང་པོ་བྱས་མྱོང་ཡོད། དེ་བཞིན་བོད་དུ་ས་དགེ་བཀའ་རྙིང་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་བྱུང་བ་དང་རིག་རྩལ་སྣ་ཚོགས་པས་ཕན་ཚུན་དགག་བཞག་སྤོང་གསུམ་མང་པོ་བྱས་པ་ལ་བརྟེན་ནས། ད་ལྟ་སངས་རྒྱས་ཀྱི་ཆོས་ལུགས་འདི་གཞན་དྲིང་མི་འཇོག་དང་གཞན་གྱིས་དྲངས་དུ་མི་བཏུབ་པའི་མཚན་ཉིད་རིག་པའི་སྒྲོམ་གཞི་འདི་བྱུང་ཡོད།
དཔེར་ན།
སྟོན་པ་ཐུགས་རྗེ་ཅན་ཀྱིས།
སྐྲ་ཡི་རྩེ་མོ་གཅིག་ལ་ཡང་། ཞིང་རྣམས་བྱེ་བ་བསམ་མི་ཁྱབ།
སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། དེ་དག་འདྲེས་པ་གྱུར་བ་མེད།
ཅེས་གསུངས་པ་ལྟ་བུ་ལ་འབྲེལ་ཡོད་ཚན་རིག་པ་ཚོས་ཧ་ལས་པའི་བསྟོད་བསྔགས་བྱེད་ཀྱིན་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་མང་པོ་འདུག་པས་ཁྱེད་ཚོས་ཆོས་ལ་ཉམས་ལེན་མ་བྱས་ཀྱང་ཆོས་ལ་ལོག་ལྟ་སྤོང་ན་བཟང་ངོ་།
༧༽ཡང་ཁྱོད་ཀྱིས། “ནང་པའི་ལྟ་བའི་རྣམ་གཞག་ཁག་ཅིག་ཚན་རིག་པས་དེ་ཉིད་བདེན་པ་མིན་པའི་ཁུངས་སྐྱེལ་རྭ་སྤྲོད་གསལ་བོར་བྱུང་བ་ཡིན་ན། ང་ཚོས་རང་ཉིད་ཀྱིས་སངས་རྒྱས་གསུངས་དོར་ནས་ཚན་རིག་པའི་གྲུབ་དོན་ལ་ཁས་ལེན་བྱ་རྒྱུ་ཡིན།” ཞེས་ནང་པའི་དབུ་ཁྲིད་གོང་ས་མཆོག་གིས་གསུངས་མི་སྲིད་ལ། གལ་ཏེ་གོང་ས་མཆོག་གིས་གསུངས་ཡོད་ན་འདི་ནི་ཡུལ་དུས་གང་ཟག་ལ་ལྟོས་ནས་དགོས་དབང་གིས་གསུངས་བ་ཙམ་ལས་ནང་པའི་ལྟ་གྲུབ་ལས་ཚན་རིག་གི་རྙེད་དོན་གལ་ཆེ་གསུངས་བའི་དོན་གཏན་ནས་མ་རེད།
གལ་ཏེ་མ་རིག་པ་ཡོངས་སུ་དག་ཅིང་བདག་འཛིན་གྱི་ང་རྒྱལ་ཞི་བའི་སངས་རྒྱས་ཀྱིས། སྙིང་རྗེའི་ཡེ་ཤེས་ལ་བརྟེན་ནས་བརྟགས་དཔྱད་བྱས་པའི་གྲུབ་དོན་རྣམས་སྤང་ནས། མ་རིག་པས་ཡོངས་སུ་སྒྲིབ་ཅིང་བདག་འཛིན་གྱི་ང་རྒྱལ་ཤིན་ཏུ་ཆེ་བའི་ཚན་རིག་པར་རློམ་པ་འགའ་རེས། སེམས་དང་བརྩེ་བ་མེད་པའི་འཕྲུལ་ཆས་ལ་བརྟེན་ནས་བརྟགས་དཔྱད་ཚོད་ལྟ་བྱས་པའི་རྙེད་དོན་ལ་ཡིད་ཆེས་བྱེད་དགོས་སྙམ་ན། མིག་ཡོད་ཀྱི་ལམ་སྟོན་དོར་ནས་ལོང་བ་ལམ་མཁན་དུ་བཅོལ་བ་ལྟར་འདུག་པས། རང་ཉིད་ལ་དཔྱོད་ཤེས་ཀྱི་ཤེས་རབ་མེད་པའི་བདེན་དཔུང་བྱས་པ་ཙམ་ལས་སངས་རྒྱས་ཀྱི་གསུངས་ལ་ནོར་འཁྲུལ་ཡོད་པའི་བདེན་དཔུང་བྱས་ཐུབ་མེད་པར་ཤེས་པར་གྱིས་ཤིག
༨༽ཚན་རིག་གི་ལས་གཞི་འདིའི་དམིགས་ཡུལ་ནི་ཚན་རིག་གི་གྲགས་པ་ཙམ་ལ་རྨོངས་དད་ཀྱིས་སྐྱབས་སུ་བཅོལ་ནས་ནང་ཆོས་ཀྱི་གཟི་བརྗིད་ལ་སྐྱོན་བརྗོད་བྱེད་ཐབས་ཞིག་གཏན་ནས་མ་རེད།
ཚན་རིག་ནི། བརྟགས་དཔྱད་བྱེད་ཐབས་དང་། ཚན་རིག་གི་རྙེད་དོན་ནི་བརྟགས་དཔྱད་བྱེད་ཡུལ་ཙམ་ཡིན་པ་ལས་མཐར་ཐུག་གི་གྲུབ་དོན་ཡང་དག་པ་ཞིག་མ་ཡིན་ནའང་ཡིན་པར་རློམ་པའི་”རྙིང་ཞེན་ཅན”ཚོས་འདིའི་ཐད་ལ་འབད་འབུངས་བྱེད་ཀྱིན་འདུག ད་དུང་འདི་༧གོང་ས་མཆོག་གི་དགོངས་གཞི་ཡིན་རབས་བཤད་ཀྱིན་འདུག
དེ་བས་ཁྱེད་ཚོས༧གོང་ས་མཆོག་གི་མཚན་བེད་སྤྱོད་ལོག་པར་མི་བྱེད་རོགས་ཞུ།
ཀུན་རྟོག་རླུང་ནག་འཚུབ་པའི་མདོ་ཁ་ན།
རང་ཚིགས་ས་ལ་འབྱར་བའི་ཕྱེ་མ་ལེབ།
ཤེས་བྱའི་མཁའ་མཐར་བགྲོད་ལ་རློམ་པ་འདིར།
སྙིང་རྗེས་ཀུན་ནས་བསླངས་ཏེ་གྲོལ་བར་བྱ།
ཆོས་ཚན་གཅིག་དང་འགལ་ཟླ་གང་ཡིན་གྱི།
རྒད་མོའི་རྩོད་རྙོག་མཆིལ་མ་བཞིན་དོར་དེ།
དོན་དམ་བདེ་གཤེགས་གསུང་གི་ཆ་ཤས་ཙམ།
ཚན་རྩལ་འཕྲུལ་ལས་བརྒྱུད་དེ་ཨེ་མཐོང་བལྟ།
ཤེས་པར་བྱ་བའི་དངོས་པོའི་ཆོས་ཉིད་ལ།
དཔྱོད་བྱེད་བློ་མིག་འབྱེད་པའི་ལྟ་གྲུབ་ནི།
དད་པའི་རྟེན་དུ་བཞེངས་པའི་འཇིམ་བརྙན་མིན།
ཞེན་ཆགས་དུག་གིས་བཅིངས་པ་ཡ་མ་བརླ།
བཙུན་པས་ཚན་རིག་སྦྱངས་པ་ཨེ་མ་རྨད།
སྐད་ཅིག་མིག་རྒྱ་བསྐྱེད་པའི་བློ་མིག་འདིས།
གསུང་རབ་དོན་སྙིང་འབྱེད་པའི་གྲོགས་བྱེད་ཅེས།
བློ་ལྡན་དག་གིས་རང་མྱོང་བརྗོད་པ་ཐོས།
རྨོངས་བཞིན་དད་པའི་ཚིག་གི་འཇུག་ཡུལ་གང་།
ཕྱི་ཕྱིར་འཁོར་ནས་གཞན་ལ་སྨོད་པ་འདི།
མི་གཙང་འདམ་ནས་གཞན་གྱི་གཤོག་སྣེ་རུ།
དྲི་བས་བགོས་ལུགས་བརྗོད་པ་དྲན་པར་བྱེད།
ཡང་དག་ལྟ་བས་༧མགོན་པོས་ལམ་སྟོན་མཛད།
ལྷག་བསམ་དག་པོས་འཛིན་སྐྱོང་འོག་ནས་སྒྲུབ།
བརྩོན་པ་ཆེན་པོས་སློབ་བུས་ཚན་རིག་སྦྱོང་།
ཡན་ལག་ཚང་བའི་ལས་འདིར་ཨེ་མ་རྨད།
རྟ་ལྗང་གཞོན་ནུ་འཛུམ་པའི་གར་སྟབས་ལ།
འུག་པས་མི་བཟོད་སྐད་ངན་འབྱིན་པ་འདི།
མིག་ལྡན་སྐྱེ་བོའི་ཚོགས་ཀྱི་གཏམ་བཟང་སྟེ།
གཡུར་ཟའི་འབྲས་བུ་བརྔོ་བའི་རྟེན་འབྲེལ་ལགས།
འདི་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །
༡༽ རྩོམ་པ་པོ་དང་། དགེ་བཤེས། ནང་པའི་ཚན་རིག་པ་རྔ་བ་ཆོས་གྲགས་སོགས་ཀྱི་ང་རྒྱལ་གྱི་ཚན་རིག་རྨོངས་དད་གཞོམ་ཕྱིར་དང་བོད་མི་རྣམས་རྨོང་ས་གཉིད་ལས་སད་ཕྱིར་ལན་འདེབས་སྔ་ཕྱིར་བྱས་ཡོད་པས་གཟིགས་མཛོད།
༢༽ཁ་ཤས་ཀྱིས་ནང་ཆོས་དང་ཚན་རིག་གཅིག་རེད་ཟེེར་ནས་འུར་ལངས་ཀྱིན་འདུག་ལ། འགའ་ཤས་ཀྱིས་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་ཟླ་ཡིན་པར་མ་ཟད་ཚན་རིག་ནི་མཐའ་གཅིག་ཏུ་བདེན་དོན་ཡིན་སྙམ་པའི་ལོག་ཆོས་གསར་བ་ཞིག་སྤེལ་ཀྱིན་འདུག
སྤྱིར་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་བ་མང་པོ་ཡོད་ཀྱང་མཐུན་སའང་མང་པོ་ཡོད་པར་རེད། ད་ལྟ་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་ཟླའི་ཕུང་བོ་ཆེན་པོ་ཞིག་མིན་ལ། མ་འོངས་པར་དེ་བས་འགལ་ཟླའི་ཕུང་བོ་ཆེན་པོ་ཞིག་ཏུ་འགྱུར་དོན་མེད་དེ།
ཚན་རིག་ཡར་རྒྱས་འགྲོ་རིམ་བཞིན་ཚན་རིག་པ་ཚོས་སངས་རྒྱས་ཆོས་ལ་དོ་སྣང་སྔར་ལས་ལྷག་པར་བྱེད་བཞིན་ཡོད་པས་སོ།
༣༽ང་ཚོས་ནང་ཆོས་དང་ཚན་རིག་གཉིས་དབར་གྱི་བགྲོ་གླེང་བྱེད་སྐབས་སུ། ནང་ཆོས་ཀྱི་ལྟ་ཚུལ་འདི་དང་འདི་འདྲ་རེད། ཚན་རིག་པའི་འདོད་ཚུལ་འདི་དང་འདི་འདྲ་རེད། ཞེས་ཕན་ཚུན་ལྟ་ཚུལ་བརྗེ་རེས་ཀྱིས་ གཤིབ་བསྡུར་བྱས་ནས་ཞིབ་འཇུག་བྱེད་དགོས་པ་ལས། ཚན་རིག་གི་བརྟགས་དཔྱད་བྱས་པའི་རྙེད་དོན་ཡིན་ཚད་ལ་བདེན་དོན་དུ་བརྩི་བའི་རྨོངས་དད་ནམ་ཡང་བྱེད་མི་རུང།
༤༽སྤྱིར་ན་ཚན་རིག་ཡིན་ཚད་དང་ཆོས་ལུགས་ཡིན་ཚད་ཕན་ཚུན་འགལ་བ་ཡིན་པར་བཤད་མི་ནུས་ཀྱང་། ཨ་རིའི་ཚན་རིག་པའི་བརྒྱ་ཆ་༤༠་ནི། ཚན་རིག་གི་ལྟ་ཚུལ་དང་ཡོངས་སུ་འགལ་བའི་སྣོད་བཅུད་ཡོད་ཚད་བྱེད་པོ་ལྷ་གཅིག་ཡོད་པར་འདོད་པའི་ཆོས་ལུགས་ལ་རྨོངས་དད་བྱེད་མཁན་རེད་འདུག་པས། གལ་ཏེ་ཚན་རིག་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་འོས་པའི་བདེན་དོན་ཀྱི་ནུས་པ་ཆེན་པོ་ཞིག་ཡོད་ན། སྐད་གྲགས་ཅན་གྱི་ཚན་རིག་པ་འདི་ཚོས་ཚན་རིག་གི་གྲུབ་དོན་དོར་ཏེ་འཇིག་རྟེན་བྱེད་པ་པོ་ལ་རྨོངས་དད་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ན།
༥༽ཁྱེད་ཚོའི་རྟོག་ངོར་ཡོད་པའི་ཚན་རིག་ཞེས་བཟང་དགུས་བརྒྱན་པའི་བདེན་དོན་མཐར་ཐུག་ཡིན་རློམ་བྱེད་པ་འདི་འདྲ། ད་ལྟ་ནུབ་ཕྱོགས་པའི་ཚན་རིག་པའི་སྤྱི་ཚོགས་ནང་དུ་ཕལ་ཆེར་མི་འདུག་པས། ཁྱེད་ཚོས་གསར་དུ་རྙེད་པའི་ཚན་རིག་ལ་རྨོངས་དད་བྱེད་སྟངས་ནི་སོ་སོའི་གཏི་མུག་གི་ཀློང་ལས་གཡོམ་བརྒྱུགས་རྟོག་བཟོས་སྤྲུལ་བ་ཙམ་ལས་བདེན་དོན་གང་ཡང་མིན་པས། ཁྱེད་ཚོས་ཕྱི་ནང་གི་ཤེས་ཡོན་དམན་པའི་བོད་རིགས་ཉམ་ཆུང་རྣམས་ལ་ཚན་རིག་ལ་རྨོངས་དད་བྱེད་དགོས་པའི་ངན་བསྐུལ་མ་བྱེད་རོགས་ཞུ་ཞུ་ཞུ།
ཚན་རིག་པ་ཡིན་ཟེར་མཁན་ཆོས་སྤེལ་མཁན་ཚོས་ཀུན་སློང་ནི། ཚན་རིག་དར་སྤེལ་བྱེད་མདོག་ཙམ་ལས་ཆོས་ལུགས་བསྒྱུར་རྒྱུའི་དམིགས་ཡུལ་ངན་པ་མང་པོ་ཡོད་པས་ཁོ་ཚོའི་བསམ་བློའི་གཡོ་འོག་ཏུ་མ་ཚུད་པར་མཐའ་གཅིག་དུ་བྱེད་དགོས།
ཁྱེད་ཚོས་ཚན་རིག་ལ་རྨོངས་དད་བྱེད་དགོས་པའི་ངན་བསྐུལ་བྱས་པའི་འབྲས་བུ་ནི། དཔྱད་པ་གསུམ་གྱིས་དག་པའི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་ཆོས་ལུགས་འདི་མར་གཡུག་བཅུག་ནས། གཤིས་བཟང་བོད་རིགས་ཚོ་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་བསྒྱུར་བའམ་འཇིག་རྟེན་བྱེད་པ་པོ་ལ་རྨོངས་དད་བྱེད་དགོས་པའི་དུས་ངན་ཞིག་བསུས་པ་འདི་ཙམ་རེད།
༦༽སངས་རྒྱས་ཆོས་ལུགས་ནི་ལོ་༢༩༣༦གི་སྔོན་ནས་སངས་རྒྱས་ཤཀྱཱ་ཐུབ་པས་ལོ་༤༧་རིང་གདུལ་བྱའི་བློ་དང་འཚམས་པར་ཐེག་པ་རིམ་པ་སྣ་ཚོགས་གསུངས་བ་ལས་འཕེལ་རྒྱས་བྱུང་བའི་ཆོས་ལུགས་ཤིག་རེད། སངས་རྒྱས་ཀྱི་ཆོས་ནི་བརྒྱ་ཁ་གཅིག་ཆོད་ཀྱི་ལམ་ལུགས་ཞིག་མ་ཡིན་པར། སེམས་ཅན་ཚོའི་བསམ་བློ་དང་མཐུན་པ་ནང་གསེས་ཀྱི་དབྱེ་བ་དང་རིམ་པ་སྣ་ཚོགས་ཞིག་གསུང་ཡོད་པ་རེད། དེ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལས་གྲུབ་པའི་རྒྱལ་བའི་བཀའ་དང་། དེའི་དགོངས་འབྲེལ་དུ་མཚན་ཉིད་རིག་པ་དང་། ནང་དོན་རིག་པ་། གཏན་ཚིགས་རིག་པ། སྒྱུ་རྩལ་རིག་པ། གསོ་བ་རིག་པ བཟོ་རིག་པ། སྐད་དང་སྙན་རྩོམ་རིག་པ་སོགས་ནང་དོན་འདུས་ཡོད་པའི་བསྟན་བཅོས་གཉིས་སུ་ཡོད་པ་ལས་གཙོ་བོར་སངས་རྒྱས་ཀྱི་བཀའ་ལ་རྟེན་དགོས།
རྒྱ་གར་དུ་བྱེ་བྲག་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་སོགས་ཀྱི་དབྱེ་བ་བྱུང་བ་དང་ཕན་ཚུན་དགག་བཞག་སྤོང་གསུམ་མང་པོ་བྱས་ཡོད་ལ། ཁྱད་པར་ཕྱི་བ་དང་ནང་བའི་ཚོ་དང་རིགས་ལམ་ཀྱི་སྒོ་ནས་ཁྱོད་ཤི་ང་གསོན་ཀྱི་རྩོད་པ་མང་པོ་བྱས་མྱོང་ཡོད། དེ་བཞིན་བོད་དུ་ས་དགེ་བཀའ་རྙིང་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་བྱུང་བ་དང་རིག་རྩལ་སྣ་ཚོགས་པས་ཕན་ཚུན་དགག་བཞག་སྤོང་གསུམ་མང་པོ་བྱས་པ་ལ་བརྟེན་ནས། ད་ལྟ་སངས་རྒྱས་ཀྱི་ཆོས་ལུགས་འདི་གཞན་དྲིང་མི་འཇོག་དང་གཞན་གྱིས་དྲངས་དུ་མི་བཏུབ་པའི་མཚན་ཉིད་རིག་པའི་སྒྲོམ་གཞི་འདི་བྱུང་ཡོད།
དཔེར་ན།
སྟོན་པ་ཐུགས་རྗེ་ཅན་ཀྱིས།
སྐྲ་ཡི་རྩེ་མོ་གཅིག་ལ་ཡང་། ཞིང་རྣམས་བྱེ་བ་བསམ་མི་ཁྱབ།
སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། དེ་དག་འདྲེས་པ་གྱུར་བ་མེད།
ཅེས་གསུངས་པ་ལྟ་བུ་ལ་འབྲེལ་ཡོད་ཚན་རིག་པ་ཚོས་ཧ་ལས་པའི་བསྟོད་བསྔགས་བྱེད་ཀྱིན་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་པོ་འདུག་པས་ཁྱེད་ཚོས་ལ་ཉམས་ལེན་མ་བྱས་ཀྱང་ཆོས་ལ་ལོག་ལྟ་སྤོང་ན་བཟང་ངོ་།
༧༽ཡང་ཁྱོད་ཀྱིས། “ནང་པའི་ལྟ་བའི་རྣམ་གཞག་ཁག་ཅིག་ཚན་རིག་པས་དེ་ཉིད་བདེན་པ་མིན་པའི་ཁུངས་སྐྱེལ་རྭ་སྤྲོད་གསལ་བོར་བྱུང་བ་ཡིན་ན། ང་ཚོས་རང་ཉིད་ཀྱིས་སངས་རྒྱས་གསུངས་དོར་ནས་ཚན་རིག་པའི་གྲུབ་དོན་ལ་ཁས་ལེན་བྱ་རྒྱུ་ཡིན།” ཞེས་ནང་པའི་དབུ་ཁྲིད་གོང་ས་མཆོག་གིས་གསུངས་མི་སྲིད་ལ། གལ་ཏེ་གོང་ས་མཆོག་གིས་གསུངས་ཡོད་ན་འདི་ནི་ཡུལ་དུས་གང་ཟག་ལ་ལྟོས་ནས་དགོས་དབང་གིས་གསུངས་བ་ཙམ་ལས་ནང་པའི་ལྟ་གྲུབ་ལས་ཚན་རིག་གི་རྙེད་དོན་གལ་ཆེ་གསུངས་བའི་དོན་གཏན་ནས་མ་རེད།
གལ་ཏེ་མ་རིག་པ་ཡོངས་སུ་དག་ཅིང་བདག་འཛིན་གྱི་ང་རྒྱལ་ཞི་བའི་སངས་རྒྱས་ཀྱིས། སྙིང་རྗེའི་ཡེ་ཤེས་ལ་བརྟེན་ནས་བརྟགས་དཔྱད་བྱས་པའི་གྲུབ་དོན་རྣམས་སྤང་ནས། མ་རིག་པས་ཡོངས་སུ་སྒྲིབ་ཅིང་བདག་འཛིན་གྱི་ང་རྒྱལ་ཤིན་ཏུ་ཆེ་བའི་ཚན་རིག་པར་རློམ་པ་འགའ་རེས། སེམས་དང་བརྩེ་བ་མེད་པའི་འཕྲུལ་ཆས་ལ་བརྟེན་ནས་བརྟགས་དཔྱད་ཚོད་ལྟ་བྱས་པའི་རྙེད་དོན་ལ་ཡིད་ཆེས་བྱེད་དགོས་སྙམ་ན། མིག་ཡོད་ཀྱི་ལམ་སྟོན་དོར་ནས་ལོང་བ་ལམ་མཁན་དུ་བཅོལ་བ་ལྟར་འདུག་པས། རང་ཉིད་ལ་དཔྱོད་ཤེས་ཀྱི་ཤེས་རབ་མེད་པའི་བདེན་དཔུང་བྱས་པ་ཙམ་ལས་སངས་རྒྱས་ཀྱི་གསུངས་ལ་ནོར་འཁྲུལ་ཡོད་པའི་བདེན་དཔུང་བྱས་ཐུབ་མེད་པར་ཤེས་པར་གྱིས་ཤིག
༨༽ཚན་རིག་གི་ལས་གཞི་འདིའི་དམིགས་ཡུལ་ནི་ཚན་རིག་གི་གྲགས་པ་ཙམ་ལ་རྨོངས་དད་ཀྱིས་སྐྱབས་སུ་བཅོལ་ནས་ནང་ཆོས་ཀྱི་གཟི་བརྗིད་ལ་སྐྱོན་བརྗོད་བྱེད་ཐབས་ཞིག་གཏན་ནས་མ་རེད།
ཚན་རིག་ནི། བརྟགས་དཔྱད་བྱེད་ཐབས་དང་། ཚན་རིག་གི་རྙེད་དོན་ནི་བརྟགས་དཔྱད་བྱེད་ཡུལ་ཙམ་ཡིན་པ་ལས་མཐར་ཐུག་གི་གྲུབ་དོན་ཡང་དག་པ་ཞིག་མ་ཡིན་ནའང་ཡིན་པར་རློམ་པའི་”རྙིང་ཞེན་ཅན”ཚོས་འདིའི་ཐད་ལ་འབད་འབུངས་བྱེད་ཀྱིན་འདུག ད་དུང་འདི་༧གོང་ས་མཆོག་གི་དགོངས་གཞི་ཡིན་རབས་བཤད་ཀྱིན་འདུག
དེ་བས་ཁྱེད་ཚོས༧གོང་ས་མཆོག་གི་མཚན་བེད་སྤྱོད་ལོག་པར་མི་བྱེད་རོགས་ཞུ།
༡ “ནང་པའི་ལྟ་བའི་རྣམ་གཞག་ཁག་ཅིག་་་་་ ཚན་རིག་པས་དེ་ཉིད་བདེན་པ་མིན་པའི་ཁུངས་སྐྱེལ་རྭ་སྤྲོད་གསལ་བོར་བྱུང་བ་ཡིན་ན། ང་ཚོས་རང་ཉིད་ཀྱི་དེ་དོར་ནས་ཚན་རིག་པའི་གྲུབ་དོན་ལ་ཁལ་ལེན་བྱ་རྒྱུ་ཡིན།”
༢ “སྡེ་ཚན་གཅིག་དེ་ནི་རིགས་པའི་གཞུང་ལུགས་རྐྱང་པ་དང༌། བརྟག་དཔྱད་རྐྱང་པ་ཡིན་པ་དང༌། འདིའི་ཐད་གནའ་བོའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་ཕྱིའི་དངོས་པོར་ཞིབ་འཇུག་བྱས་ཚད་དེ་འདེང་ངེས་མེད་པར་མ་ཟད་རིགས་གཅིག་ནི་ཧ་ལམ་རྣམ་རྟོག་ལྟ་བུ་རཻད་འདུག སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ང་ཚོར་རང་ངོས་ནས་བརྟག་དཔྱད་དང་དཔྱད་ཞིབ་བྱེད་དགོས་པར་བཀའ་གནང་ཡོད་པས། ང་ཚོས་སངས་རྒྱས་ཀྱིས་གསུངས་པའི་ལུང་ཚིག་རེ་རེར་འཐམ་ནས་འགྲོ་མི་དགོས། ”
༣ “མངོན་པ་མཛོད་ནས་བསྟན་པའི་ཉི་ཟླ་གཟའ་སྐར་སོགས་ཀྱི་སྐོར་ལ་་་ངས་སྔོན་ཆད་ནས་ཚན་རིག་པའི་འགྲེལ་ལུགས་དེར་ཡིད་ཆེས་བྱེད་ཀྱིན།’
གོང་གི་གསུངས་དུམ་འདི་དག་གི་༧གོང་ས་མཆོག་གིས་དངོས་སུ་གསུངས་པའི་གསུང་དྲོན་མོ་ངའི་རྣ་རྗེན་པ་འདིས་དངོས་སུ་གོ་བ་ཡིན།
གོང་གསལ་གྱི་གསུངས་དུམ་གསུམ་ལས་་་་་ ༡ དང་ ༣ གཉིས་ནི་་་་ སྤྱི་ལོ་ ༢༠༠༦ ལོའི་ཟླ་ ༧ ཚེས་ ༣༡ ཉིན། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་དཔེ་མཛོད་གཉིས་ཀྱི་ལས་རིམ་སྙན་སྒྲོན་ཞུས་སྐབས་གསུངས་སོང་།
བར་མ་དེ་ཡང་སྐབས་དེའི་དུས་ཤིག་གི་ཡིན་ནམ་གསལ་བོར་དྲན་མ་སོང་། གང་ལྟར་་་ བཀའ་སློབ་འདི་དག་་་་ བོད་ཀྱི་དཔེ་མཛོད་ཁང་གིས་འདོན་སྤེལ་བྱེད་ཀྱིན་པའི་བོད་ཀྱི་ཚན་རིག་དུས་དེབ་དང་ཚན་རིག་ཚགས་པར་གང་རུང་ཞིག་ཡོད་།
གོང་གི་དེ་ནི་་་་་་ རིགས་པའི་རྣོ་མི་བཟོད་པའི་་་་ “དད་ལྡན་པ་”ཚོར་དམིགས་ནས་བྲིས་པ་ཡིན་ལ། ཚིག་ཟིན་ཇི་བཞིན་ཐོན་ཡོད་མེད་མི་ཤེས།
གཉིས་པ་དེར། ཚན་རིག་གི་ལས་གཞི་འདིའི་དམིགས་ཡུལ་ནི་་་་ ཚན་རིག་གི་གྲགས་པར་སྐྱབས་བཅོལ་ནས་ནང་ཆོས་གཟི་བརྗིད་སྣོན་པར་རེ་བ་ཞིག་གཏན་ནས་མ་རེད། “ཞེན་ཁོག་ཅན”་ཚོས་འདིའི་ཐད་ལ་འབད་འབུངས་བྱེད་ཀྱིན་འདུག འདི་༧གོང་ས་མཆོག་གི་དགོངས་གཞི་གཏན་ནས་མ་རེད།
གསུམ་པ་དེར། ནང་ཆོས་ནི་་་སངས་རྒྱས་ཀྱི་གསུང་གི་ས་བོན་ལས་འཕེལ་རྒྱས་བྱུང་བའི་ཆོས་ལུགས་ཤིག་རེད། བཀའ་དང་བསྟན་བཅོས་་གཉིས་སུ་དབྱེ་བ་ཡང་དེ་ལྟར་རེད། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་སོགས་ཀྱི་དབྱེ་བ་བྱུང་བ་དང་། ས་དགེ་བཀའ་རྙིང་སོགས་ཀྱི་ཁྱད་པར་འདི་ཡང་་་ གོང་མ་གོང་མར་ཕྱི་མ་ཕྱི་མས་གནོད་བྱེད་འཕངས་ཤིང་རང་རང་གི་ལྟ་ཚུལ་བཟུང་བ་ལས་བྱུང་བ་རེད་སྙམ། གལ་སྲིད་་་ ནང་ཆོས་དར་བ་ནས་བརྒྱ་ཁ་གཅིག་ཆོད་ཀྱི་ད་བར་དུ་བསྡད་ཡོད་ན་ནང་གསེས་ཀྱི་དབྱེ་བ་འདི་དག་འབྱུང་གི་མ་རེད།
བཞི་བ་དེར། ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་བ་རེད། མ་འོངས་པར་འགལ་ཟླའི་ཕུང་བོ་ཆེན་པོ་ཞིག་ཏུ་ཡང་འགྱུར་སྲིད་པ་རེད། མང་པོ་ཞིག་གིས་ནང་ཆོས་དང་ཚན་རིག་གཅིག་རེད་ཟེེར་ནས་འུར་ལངས་ཀིན་འདུག གཅིག་པ་ཡིན་ན་དེ་གཉིས་དབར་ལ་བགྲོ་གླེང་བྱེད་དགོས་མ་རེད། དེང་གི་ནང་ཆོས་དང་ཚན་རིག་གཉིས་དབར་གྱི་བགྲོ་གླེང་འདི་དག་ཐམས་ཅད་ནི། འུ་གཉིས་ཀྱི་ཁ་གཅིག་པ་རེད་ཤག སྣ་འདྲ་བོ་འདུག རེད་ནས་སྡོད་ཀྱིན་ཡོད་པ་མ་རེད། ངའི་ལྟ་ཚུལ་འདི་འདྲ་ཡིན། ཁྱེད་རང་གི་འདོད་ཚུལ་གང་འདྲ་རེད། ཟེར་ནས་ཕན་ཚུན་གྱི་ལྟ་ཚུལ་བརྗེ་རེས་བྱེད་ཀྱིན་ཡོད་པ་རེད། གཅིག་པ་ཡིན་ན་དེ་འདྲ་བྱེད་དགོས་དོན་ཡོད་མ་རེད།
ལྔ་བ་དེར། རྩོམ་པ་པོ་དང་། དགེ་བཤེས། ནང་པའི་ཚན་རིག་པ་རྔ་བ་ཆོས་གྲགས་ལགས་ཀྱིས་ལན་འདེབས་གནད་དུ་འཁེལ་བ་བརྒྱབ་འདུག་པ་དང་། གསར་འགོད་པའི་ངོས་ནས་ཀྱང་འབྲེལ་ཆགས་ཤིང་སྐབས་དོན་དང་འབྲེལ་བའི་དྲིས་པ་དཔེ་ཡག་པོ་བཏང་འདུག དེ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྔ་བ་ཤེས་རབ་ལགས་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཞུ་རྒྱུ་ཞིག་ལ། ཉིད་ནས་ནང་ཆོས་ནང་དེ་འདྲ་ཞིག་རྩ་བ་ནས་བཤད་ཀྱི་ཡོད་པ་མ་རེད། ཐོག་མར་རླུང་དང་མེ་ས་ཆུ་སོགས་ཀྱི་དཀྱིལ་འཁོར་གྲུབ་སྟེ་བསྐལ་བ་ཆགས་ཤིང་། སེམས་ཅན་གཞན་གྱི་བྱུང་སྟངས་གསལ་བོ་མ་མཐོང་ཡང་མིའི་བྱུང་སྟངས་ཐད། ཐོག་མར་ས་ནས་རླན་གཤེར་ལས་སྐྱེས་པ་དང་གནམ་ནས་བབ་པ་སོགས་མི་དྲུག་བྱུང་ཞེས་གསུངས་འདུག་པ་དེ་གང་འདྲ་ཡིན་ནམ། བོད་ཀྱི་གསོ་བ་རིག་པའི་གཞུང་ལས། འཛིན་པ་ས་ཁམས་རང་བཞིན་ཏེ། །ཆུས་སྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །ཞེས་འགྲོ་བ་མིའི་ལུས་འདི་འཇིག་རྟེན་དུ་ཆགས་པའི་སྐབས་བོངས་དབྱིབས་གང་འདྲ་ཞིག་ཡིན་ཀྱང་དེ་སྐབས་དེའི་ཕྱི་དང་ནང་གི་འབྱུང་བ་བརྟེན་ཅིང་རག་ལུས་པ་དང་། ད་ལྟའི་མིའི་གཟུགས་བོངས་སོགས་ཀྱང་ཕྱིའི་འབྱུང་བ་ལྔ་དང་ནང་གི་འབྱུང་བ་ལྔ་ལ་བརྟེན་ནས་གྲུབ་ཅིང་འཕེལ་ཡོང་བ་ཞིོག་ཏུ་མ་ཟད། འཇིག་པའི་སྐབས་ལའང་ཕྱི་ནང་གི་འབྱུང་བ་རིམ་པས་བསྡུ་བ་ལ་བརྟེན་ཚུལ་གསུངས་ཡོད་པ་གཟིགས་མེད་པ་འདྲ། བསམ་ཚུལ་བརྗེ་རེས་ཚུལ་དུ་ཕུལ་བ་ལས་གཞན་ཅི་ཡང་མིན།
མཐོང་རྒྱ་ཆུང་བའི་གྲྭ་རྔ་པ་ཤེས་རབ་ཟེར་བ་འདིའི་བཤད་སྟངས་ལ་་སྙིང་རེ་རྗེ།
ཁྱེད་ཀྱིས།
“གལ་སྲིད་ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་ར་འཕྲོད་པ་ཞིག་བྱུང་ན་ཁས་ལེན་དགོས་པ་རེད། ནང་ཆོས་ལས་ག་འདྲ་ཞིག་བཤད་ཡོད་ཀྱང་འདོར་དགོས་པ་རེད་སྙམ།” ཞེས་བཤད་པ་ལ་ལྟོས་དང་།
ཁྱེད་ཚོས་ཚན་རིག་ལ་སློབ་སྦྱོང་གནང་བ་ནི་ཡག་རྟགས་ཡིན་ཀྱང་།
ཚན་རིག་ལ་རྨོངས་དད་བྱེད་པ་ནི་ལོག་ལམ་ལ་འཁྱམས་པ་ཞིག་རེད།
བདག་གིས་ལོ་མང་སློབ་སྦྱོང་བྱེད་སའི་ཚན་རིག་དགེ་རྒན་ཆེན་པོ་ཚོས་ང་ཚོ་ལ་གཅིག་མཚུངས་ཀྱི་བསླབ་སྟོན་ཞིག་ཡང་ཡང་གནང་མྱོང་བ་ནི།
ཚན་རིག་གི་བལྟ་ཚུལ་ལ་་མཐའ་གཅིག་ཏུ་ཡིད་ཆེས་བྱེད་རྒྱུ་ཡོད་མ་རེད། འཛམ་གླིང་འདིར་ཚན་རིག་པ་བཟང་ངན་སྣ་ཚོགས་ཤིན་ཏུ་མང་པོ་ཡོད་པར་མ་ཟད། འདས་པའི་ཚན་རིག་པ་གྲགས་ཅན་ཚོས་བརྟག་དཔྱད་ཞིབ་འཇུག་་བྱས་ནས་རྙེད་པའི་ཚན་རིག་གི་གྲུབ་དོན་མང་པོ་ཞིག ད་ལྟའི་ཚན་རིག་པ་ཚོས་བརྟག་དཔྱད་ཞིབ་འཇུག་ཐོག་ནས་རྫུན་དུ་བཏང་ཡོད་ལ་།
དེ་བཞིན་ལོ་སྔོན་མར་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་བརྒྱུད་ནས་གསར་རྙེད་གྲགས་ཅན་ཡིན་པའང། ད་ལོའི་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་་ཡིན་པ་ར་འཕྲོད་བྱས་དང་བྱེད་བཞིན་པ་མང་པོར་ཡོད་པས།
ཁྱོད་ཚན་རིག་པ་ཡག་པོ་ཞིག་བྱེད་བསམ་ན།
དེ་རིང་རང་གིས་ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་བརྒྱུད་ནས་བྱུང་བའི་ཚན་རིག་གི་རྙེད་དོན་ནི་སླར་ཡང་ཚན་རིག་གི་དཔྱད་གཞི་རུ་བཞག་དགོས་པ་ལས་དད་པ་བྱས་ནས་བསྡད་མི་རུང་ཟེར་བ་འདི་རེད།
ཁྱོད་ཀྱིས། ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་ར་འཕྲོད་པ་ཞིག་བྱུང་ན་སངས་རྒྱས་ཀྱི་གསུང་ཡིན་ཀྱང་འདོར་དགོས་བསམ་པ་ནི། ཚན་རིག་གི་ཁོར་ཡུག་དང་བྱུང་རིམ་མ་ཤེས་པས་ཁྱེད་ཀྱིས་ཚན་རིག་ལ་རྨོངས་དད་བྱེད་ཆེ་དྲག་པ་དང་ནང་ཆོས་ལ་་སློབ་སྦྱོང་དང་ཉམས་ལེན་མ་བྱས་པའི་འབྲས་རྟགས་ཙམ་རེད།
ནང་ཆོས་ལས་ག་འདྲ་ཞིག་བཤད་ཡོད་ཀྱང་འདོར་དགོས་པ་རེད་སྙམ་པའི་ཁྱོད་ཀྱི་བསམ་བློ་་དང་བཤད་སྟངས་ནི་ཚན་རིག་ཆོས་ལུགས་སུ་འཁྲུལ་བའི་་དུང་ཞེན་དང་མཁྲེགས་འཛིན་ཀྱི་ལོག་ལྟ་ངོ་མ་དེ་རེད།
ཁྱོད་ཚོས་ཤེས་དགོས་པ་ཞིག་ལ། ཚན་རིག་པ་ཡིན་ཟེར་མཁན་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་ཀུན་སློང་ནི། ཚན་རིག་དར་སྤེལ་བྱེད་མདོག་ཙམ་ལས་ཆོས་ལུགས་བསྒྱུར་རྒྱུའི་དམིགས་ཡུལ་ངན་པ་མང་པོ་ཡོད་པས་ཁོ་ཚོའི་གཡོ་འོག་ཏུ་མ་ཚུད་པར་མཐའ་གཅིག་དུ་བྱེད་དགོས།
བོད་ནང་དུ་རྒྱ་དམར་གྱིས་མེ་མདའ་བོད་མིའི་མགོ་ལ་གཏད་ནས་ཆོས་སྤོང་བཅུག་དང་།
ཕྱི་ལོགས་སུ་མཁས་རློམ་ཚོས་སྒོར་མོ་བོད་མིའི་ལག་ལ་སྤྲད་ནས་ཆོས་སྤོང་བཅུག་པ་གཉིས་བྱེད་སྟངས་ཙམ་ལས་ཀུན་སློང་དང་དམིགས་ཡུལ་་ཕལ་་ཆེར་གཅིག་པར་རེད།
དེང་སང་རང་ཉིད་མཁས་པའི་སྐད་གྲགས་ཡོང་ཕྱིར་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ལ་རྒྱུ་མཚན་ལྟར་སྣང་བས་ངོ་རྒོལ་བྱས་ནས། རང་ཉིད་ལ་སངས་རྒྱས་ལས་ལྷག་པའི་ཤེས་རབ་ཡོད་མདོག་སྟོན་མཁན་གྱི་བླུན་པོ་ང་རྒྱལ་ཅན་དུ་མ་ཡོད་པས་ཁོ་ཚོ་ལ་སྙིང་རྗེ་དྲག་པོས་བརྒལ་ལན་སྤྲད་དགོས་པ་ལས་ནམ་ཡང་རྗེས་སུ་འབྲང་མི་རུང་།
བོད་མི་མང་པོས་རྒྱུ་མཚན་མེད་པར་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།
ཚན་རིག་སྣེ་ཁྲིད་པའི་མཚན་ཐོག་ནས་སློབ་མཐར་ཕྱིན་པ་ཞེས་པའི་མིང་འཆང་མཁན་ཚོ་ལ་རེ་བསྐུལ་་ཞུ་རྒྱུ་ནི།
ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་ར་འཕྲོད་པ་ཞིག་བྱུང་ན། ནང་ཆོས་ལས་གང་འདྲ་ཞིག་བཤད་ཡོད་ཀྱང་འདོར་དགོས་བསམ་པའི་རྨོངས་དད་འདི་རིགས་བོད་འབངས་རྣམས་ལ་་མ་བསླབ་རོགས་ཞུ།
ཁྱེད་ཚོས་ལས་འགན་ནི་མནའ་དེང་ཟུང་འབྲེལ་ཀྱིས་ཚན་རིག་དང་ནང་ཆོས་དཔུང་བ་མཉམ་གཤིབ་བྱས་ཏེ་བོད་པའི་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་དགོས་པ་ལས། ཁྱེད་ཚོས་བོད་འབངས་ཚོ་ལ་མྱུར་དུ་ཆོས་སྤོང་གི་ལས་བསགས་ཐབས་ཞིག་གཏན་ནས་བསླབ་མི་འོས།
ཚན་རིག་དང་མ་མཐུན་ན། སངས་རྒྱས་ཀྱི་ཆོས་ལས་གང་འདྲ་ཞིག་བཤད་ཡོད་ཀྱང་འདོར་ཕོད་པའི། ཚན་རིག་ལ་རྨོངས་དད་མཐའ་གཅིག་དུ་བྱེད་རྒྱུ་འདི་ནི། ༸གོང་ས་མཆོག་གི་དགོངས་གཞི་གཏན་ནས་མིན་ལ་། ཚན་རིག་པའི་ལྟ་བ་ནི་དེ་བས་ཀྱང་མིན།
༄༅།། སྒོ་མང་ཁང་ཚན་མ་རེད་སྒོ་མང་གྲྭ་ཚང་རེད། རྔ་བ་ཤེས་རབ་ལ་བཀྲིས་བདེ་ལེགས་ཞུ། སྐུ་ཉིད་གཞུང་ལུགས་ཀུན་བསླབ་ལ་བརྩོན་པའི་ཤེས་ལྡན་པ་ཞིག་རེད། འོན་ཀྱང་ཁྱེད་ནས༼ལྷག་པར་དུ་ཁོང་ཚོར་བཟང་ཆ་གལ་ཆེན་ཞིག་ལ། ཚན་རིག་འཕེལ་རྒྱས་གྱི་འགྲོས་དང་བསྟུན་ཏེ་འགྲོ་བ་ལས། སྔར་གྱི་རིག་གཞུང་དང་ལྟ་གྲུབ་རྙིང་པ། མཁས་པའི་ལུང་དང་རིག་པ་སོགས་ལ་ཞེན་ཆགས་ཁྱོན་ནས་མི་བྱེད་པ་མ་ཟད། ད་དུང་དེ་ཡི་སྐྱོན་བཙལ་ཏེ་ཐེར་འདོན་བྱ་ཅི་ཐུབ་བྱེད་ཀྱི་འདུག ངས་དེ་ནི་གཤིས་ཀ་ཡག་པོ་ཞིག་ཏུ་མཐོང་སོང་། འཕེལ་རྒྱས་ཀྱི་ལམ་ཁ་གལ་ཆེན་ཞིག་རེད་དྲན་ཡོད།༽ངའི་ཡིད་ལ་་་་་་་་༼ འཁྲུལ་བྲལ་གཞུང་རེ་ངེས་བཟུང་གཞིར་བྱས་ནས། ། གཞན་རྣམས་དེ་དང་སྦྱར་ཏེ་དཔྱོད་པ་ལས། ། གང་བྱུང་དཔེ་ལ་བལྟ་ཞིང་ཐམས་ཅད་ཀྱི། ། རྗེས་སུ་འབྲངས་བ་ཤེས་རབ་འཆལ་འགྱུར་བས། ། རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང་།་ཞེས་པའི་གསུངས་དྲོན་མོ་དེ་ཐར་སོང་པས་དགོངས་འགལ་མེད་པར་བྱོས།
ད་དུང་་་་་་ནང་ཆོས་ནས་བཞད་ཚུར་འགའ་ཞིག་དངོས་ཡོད་གནས་མི་ཐད་ཚན་རིག་པའི་རྒྱང་མཐོང་ཆུ་ཤེར་ལ་ཡིད་བཏད་དེ་བསྒྲུབས་བྱེད་དུ་གསུངས་འདུག་ན། ཅུང་མ་འཚམས་པ་ཞིག་དུ་སེམས་སོ།།
གཅིག། ཟེར་རྒྱུས་ཕོང་བའི་གྲོགས་པོ་བཙན་པོ་ལགས་གཟའ་ཉི་མར་གུང་གསེང་གཏོང་བ་འདི་ཡེ་ཤུའི་ཆོས་ཡིན་ན་དེ་དེང་སང་དར་ཁྱབ་སོང་བ་བདེན་མོད། དེ་ཡིན་སུས་ཀྱང་བཤད་མེད།
གཉིས། དེང་སང་ཡེ་ཤུའི་ལྷ་ཁང་དང་དགོན་པའི་ནང་དཀོན་གཉེར་ཁ་ཤས་ཙམ་མ་གཏོགས་མེད་པ་ཉམས་རྒུད་དུ་ཕྱིན་པ་མ་ཡིན་ནམ། མིག་མཐོང་ལག་ཟིན་གྱི་ཁུངས་སྐྱེལ་དེ་ལས་ལྷག་པ་ཞིག་དགོས་ན་་ཁྱོད་ཀྱིས་རང་ཉིད་མི་ཡིན་པའི་ཁུངས་སྐྱེལ་གང་འདྲ་བྱེད་ཤོད་ཤིག།
སྒྲ་བརྗོད་འདོད་ཀྱི་རྗེས་སུ་འགྲོ་བ་གོ་ཨེ་མྱོང་།
བོད་མི་མང་པོ་ལ་ཆོས་དང་རིག་གནས་ཀྱི་ཡོན་ཏན་མེད་པར་མ་ཟད་བོད་བསྟན་སྲིད་ཀྱི་གནས་སྟངས་ལ་སེམས་ཚོར་ཅི་ཡང་མེད་པའི་མུན་སྟོང་དུ་གྱུར་བའི་སྐབས་འདིར། དཔྱོད་ལྡན་རྣམས་ལ་ངས་ལྷག་བསམ་རྣམ་དག་གི་རེ་བསྐུལ་ཁ་ཤས་ཞུས་ན།
༡༽ བོད་མི་ཚོས་ཚད་བཀག་མེད་པར་རིས་མེད་བླ་མ་ཚད་ལྡན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཟབ་མོ་ཐོབ་ཐབས་གནང་དགོས།
༢༽ དེ་བཞིན་བོད་མི་ཚོས་སངས་རྒྱས་ཀྱི་གསུང་བཞིན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སྒོམ་པར་བྱེད་དགོས་ཞིང་། ཁྱད་པར་བྱང་སེམས་ལ་བློ་སྦྱོང་དང་། ཡང་སྒོས་ཡི་དམ་ཀྱི་ཉམས་ལེན་དང་ཕྱག་རྫོགས་ཀྱི་མན་ངག་ལ་གཞུང་ནས་གསུང་བའི་ཉམས་རྟོགས་ཀྱི་རྟགས་རྣམས་མ་ཐོན་བར་བསྙེན་སྒྲུབ་ལ་བཞུགས་ཐབས་གནང་དགོས།
༣༽ མནའ་བོའི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་ལེགས་པར་བྱེད་དགོས་པ་གཞིར་བཞག དེང་རབས་ཀྱི་རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག སྐྱེ་དངོས་ཚན་རིག སེམས་ཁམས་ཚན་རིག ཚད་བསྡུར་ཚན་རིག་སོགས་ལ་སློབ་སྦྱོང་གང་འཚམས་ཞིག་བྱེད་དགོས་ཏེ། དེང་སང་མི་མང་པོས་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།
༤༽ དེང་སང་བོད་ཀྱི་མཁན་སྤྲུལ་ཆོས་ཤེས་མཁན་ཅུང་ཟད་ཡོད་པ་ཐམས་ཅད་ཕྱི་རྒྱལ་ལ་ཕེབསཅིང་བཞུགས་ནས། མ་བསྐུལ་དང་ལེན་ཀྱིས་ཕྱི་རྒྱལ་མི་སྐྱ་ཕོ་མོ་ཐམས་ཅད་ལ། དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གསུང་བ་དང་འབྲེལ། ཆོས་ཞུ་བ་ཚོ་ལ་ཁ་དགའ་ངོ་ཡག་གིས་གུས་བཀུར་ཆེན་པོར་བྱེད་བཞིན་ཡོད་ན་ཡང་། བྱམས་བརྩེ་ཅན་གྱི་མཁན་སྤྲུལ་འདི་ཚོས། བོད་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་རིགས་མི་སྐྱ་ཕོ་མོ་ཚོ་ལ། ཕྱག་དབང་ཙམ་གནང་བའམ་མྐབས་རེ་ཚེ་དབང་ཙམ་བསྐུར་བ་ལས་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གནང་མཁན་ཕལ་ཆེར་མེད་པར་བརྟེན། དེང་སང་བོད་རིགས་མི་སྐྱ་ཕོ་མོ་མང་ཆེ་བས་སངས་རྒྱས་ཆོས་ལ་རྨོངས་དད་ཡོད་ལ་མེད་ལ་ཁད་ཙམ་ལས། མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཡང་དག་ཡོད་མཁན་ཤིན་ཏུ་དཀོན་པས། བོད་ཀྱི་མི་རབས་རྗེས་མ་རྣམས་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེན་པོར་འདུག།
སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་དེང་སྐབས་འཛམ་གླིང་ཡུལ་ཁམས་ཀུན་ཏུ་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་དང་ཉམས་ལེན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་ཆོས་མེད་སྨྲ་བར་འགྱུར་མཁན་ཇེ་མང་ལ་འགྲོ་བཞིན་འདུག བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གིས་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རགས་པས། བོད་མི་ནང་ཆོས་ཀྱི་རིན་ཐང་དངོས་གནས་་ཤེས་མཁན་ཕལ་ཆེར་མེད་ལ་བོད་ཀྱི་གྲྭ་བ་ཆོས་བཤད་ཕོད་མཁན་ཕལ་ཆེར་མེད་ལྟ་བུ་རེད།
དཔེར་ན། བལ་ཡུལ་དུ་བོད་ཀྱི་ཁྱིམ་ཚང་གཅིག་ལ་སྤྲུལ་སྐུ་གསུམ་ལྷག་འཁྲུངས་ོ་དང། སྤྲུལ་སྐུ་དེ་ཚོས་རྒྱལ་ཁབ་དུ་མར་ཆོས་ཚོགས་བཙུགས་པས། མི་མང་པོ་ཞིག་ནང་ཆོས་ལ་དོ་སྣང་བྱེད་ཐུབ་པ་བྱུང་ཡོད་ཀྱང་། སྐྱོ་དགོས་པ་ཞིག་ལ་ཁོ་ཚོའི་ཕ་མ་རྒན་ཁོག་གཉིས་མ་ཡིན་པའི། ནང་མི་སྤུན་མཆེད་ཚང་མ་ཆོས་ལ་དད་པ་མེད་པར་མ་ཟད་བོད་ཞེན་ཙམ་ཡང་མི་འདུག གནས་སྟངས་ཐབས་སྡུག་འདི་འདྲ་འབྱུང་བའི་རྒྱུ་མཚན་ནི། བོད་ཀྱི་བླ་མ་ཚོས་ཕྱི་རྒྱལ་ཀྱི་མི་ལ་ཆོས་བཤད་པ་ལས། རང་རིགས་བོད་མི་ལ་ཆོས་མི་བཤད་པའི་གོམས་སྲོལ་ངན་པ་དང་། བོད་མི་ཕ་མ་ཚོས་བོད་ཀྱི་རིག་གཞུང་ལས་ཕྱི་རྒྱལ་རིག་གཞུང་ཡ་མཚན་ཆེ་སྙམ་པའི་རྨོངས་དད་ཤུགས་ཆེ་ཡོད་པའི་རྐྱེན་ཀྱིས་རེད།
དེར་བརྟེན་གལ་ཏེ་བོད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་བྱམས་སྙིང་རྗེ་རེ་ཡོད་ན། ངེས་པར་དུ་ཐུགས་བརྩེ་བས་ཆོས་ཀྱི་ཤེས་ཡོན་མེད་པའི་བོད་མི་སྐྱ་ཕོ་མོ་ཐམས་ཅད་ལ། ཟབ་མོའི་བཀའ་ཆོས་གང་མང་གནང་ནས་ཆོས་དང་མི་ཚེ་ཕན་ཚུན་གྲོགས་སུ་འགྱུར་བ་ཞིག་བྱས་ཏེ། ཆོས་ཀྱི་རིན་ཐང་ཤེས་ཞིང་མི་ཚེའི དོན་སྙིང་རྙེད་པའི་ཆོས་ལྡན་མི་རིགས་ཞིག་འཛམ་གླིང་ཞི་བདེའི་རྒྱན་དུ་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།
བོད་ཀྱི་སྐྱབས་མགོན་མཁན་སྤྲུལ་རྣམས་ཀྱིས་བོད་མི་སྐྱབས་མེད་རྣམས་ལ་ཉུང་མཐའ་ཡང་གཟའ་འཁོར་རེའི་གཟའ་ཉི་མའི་ཆུ་ཚོད་བཅུ་བ་ནས་བཅུ་གཉིས་བར་བཀའ་ཆོས་ཐེངས་རེ་གནང་རོགས་ཞུ་རྒྱུ་དང་། གལ་ཏེ་བཀའ་ཆོས་གནང་མཁན་མ་རྙེད་པའམ་སྐབས་རེ་ངེས་པར་དུ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་འོད་སྡེར་ལ་བལྟ་ཉན་བྱེད་དགོས།
༥༽ ཁྱད་པར་དགོན་བདག་བླ་མ་ཚོ་ནི། དུས་ཚོད་མང་ཆེ་བ་ཕྱི་རྒྱལ་ཀྱི་སྦྱིན་བདག་ཚོའི་ཆེད་དུ་ངོམ་ཆོས་ཀྱི་མཛད་རིམ་སྣ་ཚོགས་ལ་བྲེལ་ནས་སྒོར་མོ་བཙལ་དགོས་པས། རང་གི་གྲྭ་བ་ཚོ་ལ་ཆོས་བཤད་རིན་མེད་པའམ་བཤད་ཁོམ་མེད་ལ། གྲྭ་བ་ཚོས་ཀྱང་དཔོན་ཉམས་དོད་པའི་དགོན་བདག་བླ་མ་རྣམས་ནི་སྦྱིན་བདག་སྐུ་ངོ་ཀྱི་འདུ་ཤེས་ཙམ་ལས་བླ་སློབ་ཀྱི་འབྲེལ་བ་ངོ་མ་ཞིག་བྱེད་མྱོང་མེད་པའི་སྐྱོན་ཀྱིས། དགོན་པའི་ནང་གི་གྲྭ་བ་མང་ཆེ་བས་ཞོགས་ཚོགས་དགུང་ཚོགས་ལྟ་བུའི་རྒྱུན་འདོན་གྱི་ལྟ་སྒོམ་སྤྱོད་པའི་གོ་དོན་དང་དགོས་པ་རྒྱུ་མཚན་གང་ཡིན་མི་ཤེས་པ་དང་། ཐ་ན་ས་ོསོའི་ཁ་འདོན་ཀྱི་ཚིག་དོན་ཙམ་ཡང་ཚུལ་བཞིན་ཤེས་མཁན་དཀོན་པོ་གྱུར་ཡོད།
ཆོས་མི་ཤེས་པའི་བླ་གྲྭ་མང་པོ་ཞིག་དགོན་པའི་ནང་དུ་ཡུན་རིང་བྲེལ་ཟིང་གིས་མི་ཚེ་བསྐྱལ་ནས་བསྡད་ཀྱང་། ཉོན་མོངས་མར་འགྲིབ་དང་དངོས་གྲུབ་ཡར་འཕེལ་ནི་ཕལ་ཆེར་མེད་པས། ཆོས་ཀྱི་སློབ་སྦྱོང་མ་ཐོབ་པའི་ཉམ་ཆུང་གྲྭ་བ་མང་པོ་རིམ་པས་སྐྱ་སར་བབ་ནས། བོད་ཀྱི་ནང་ཆོས་ནི་ཕྱི་རྫིག་ནང་སྡུག་གི་ཆོ་ག་ཕྱག་ལེན་དང་། རྟགས་གསལ་སྐམ་པོ་ཙམ་རེད་འདུག་སྙམ་པའི་ལོག་ལྟ་སྐྱེས་ནས། བོད་ཀྱི་ནང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་དང་བྱུང་བཞིན་ཡོད་ན། ཤེས་ལྡན་དགོན་བདག་བླ་སྤྲུལ་ཡོངས་ནས་ཆོས་ཀྱི་སློབ་སྦྱོང་ནམ་ཡང་མི་ཐོབ་པའི་ཉམ་ཆུང་དགོན་པའི་གྲྭ་བ་རྣམས་ལ་བྱམས་དང་སྙིང་རྗེ་ཆེན་པོས་་དམིགས་བསལ་ཀྱིས་བཀའ་ཆོས་གང་མང་གནང་ཐུབ་པ་བྱེད་དགོས་ལ། དེ་བཞིན་དེང་རབས་ཀྱི་ཤེས་ཡོན་བཟང་པོ་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ལེགས་པོར་བསྐྲུན་དགོས་སོ།
རྔ་བ་ཤེས་རབ་ལགས་ལ་ཐུགས་རྗེ་ཆེ་ཡག་པོ་གསུངས་འདུག ། མུ་མཐུད་དུ་ཤུགས་རྒྱགས་རོགས །
ཡང་བོད་ལབ་རྒན་དེས། སྐབས་དེར་ཚན་རིག་པས་ཕྱིའི་དངོས་པོ་ལ་དཔྱད་པ་བྱས་ཡོང་དུས་ཆོས་པ་ཚོས་དཀོན་མཆོག་གིས་བཟོས་ཟེར་བ་རང་བཞིན་གྱིས་སྐུབ་བརྡོལ་བ་དང་ཁུངས་ལུང་མེད་པ་ཆགས། དེའི་རྒྱུ་མཚན་གྱིས་རྒྱལ་པོ་ལས་ཀྱང་དབང་ཆེ་བའི་ཆོས་པ་དེ་ཚོས་ཚན་རིག་པ་བགྲང་ལས་འདས་དམར་གསོད་བཏང་བ་དང་མེར་བསྲེགས་པ་སོགས་ཚན་རིག་གི་རྒྱལ་རབ་ལོ་རྒྱུས་སུ་གསལ་བས་(བཙན་པོ་ལགས་)དང་པོ་དགག་པ་མ་བརྒྱབ་གོང་དུ་ཞིབ་འཇུག་གནང་བར་ཞུ། ཟེར། དེ་འདྲ་སྐད་ཆ་ཆོབ་མེད་པ་ཞིག། འཛམ་གླིང་གི་མི་གྲངས་ཡང་བགྲང་ལས་འདས་བ་མ་རེད། ད་སྐབས་དུང་ཕྱེར་དྲུག་ལྷག་ཞིག་ཡོད་པ་རེད། དེ་ལས་ཀྱང་མང་བའི་བགྲང་ལས་འདས་བའི་ཚན་རིག་པ་དམར་གསོད་བཏོང་སོང་བ་ཨེ་རེད། བགྲང་ལས་འདས་བའི་ཚན་རིག་པ་་བཤད་མི་དགོས། དམར་གསོད་བཏང་བའི་ཚན་རིག་པ་བཅུ་དང་མེར་བསྲེགས་པའི་ཚན་རིག་པ་བཅུའི་མིང་བགྲང་ཤོག ཡོད་པ་མ་རེད།འུར་བཤད་མ་བཤད་ལོ། ཟླ་ཤས་སྔོན་སྐུ་ཞབས་བློ་ཡོན་གྱིས་མཁས་དབང་དགེ་ཆོས་གྱིས་ནུབ་ཕྱོགས་ནས་ཚན་རིག་པ་མེར་བསྲེགས་བཏང་ཡོད་ཚུལ་བཤད་པའི་ཁུངས་སྐྱེལ་ཁྱེར་ཤོག་ཟེར་ནས་རྩོད་པ་མང་པོ་བྱས་མཐར་རབ་གསལ་དང་རྔ་བ་རྒྱལ་ཁམས་པ་སོགས་ཀྱིས་ཁུངས་སྐྱེལ་མ་རྙེད་ནས་ཁས་ལེན་བྱས་སོང་ང། ངོ་ཚ་ཉོས་སོང་ང།
ཨ་་་ཨ་་ཨཨ བོད་ཟེར་བའི་ལབ་རྒན་ཞིག་བསླེབས་འདུག ཨ་རིའི་བོད་པ་ཟེར་བའི་འཁྱམས་པོ་དེ་ཡིན་པ་འདྲ། ཁྱེད་ནས་་་་་་དུས་རབས་དྲུག་པ་དང་བདུན་པའི་ནང་ཡེ་ཤུའུ་དང་ཇུའི་ཆོས་ལུགས་ཧ་ཅང་དར་ཁྱབ་ཆེ་ལ། ཁོང་ཚོའི་བཤད་དོན་དུ། སྣོད་བཅུད་ཐམས་ཅད་དཀོན་མཆོག་གིས་ཉིན་དྲུག་གི་རིང་བཟོས་ནས་ཉིན་བདུན་པ་གཟའ་ཉི་མ་ལ་ངལ་གསོ་གནང་ཞེས་ཟེར། དེའི་ཤུགས་རྐྱེན་དེང་སང་འཛམ་གླིང་ནང་གཟའ་ཉི་མ་ལ་གུང་གསེང་གཏོང་སྲོལ་དེ་ནས་བྱུང་བར་བཤད།
དང་པོ། ཉ་དང་ཉོང་མ་མ་སྲེས། འོ་ན་དེང་སང་ཇུའི་ཆོས་ལུགས་པས་གཟའ་ཉི་མ་གུང་གསེང་མི་གཏོང་ག ཡེ་ཤུ་བའི་གཟའ་ཉི་མར་ངལ་གསོ་བྱེད་པ་བདེན་པ་རེད། དེ་ཉམས་རྒད་ལ་འགྲོ་བ་ཕར་ཞོགས་དེང་སྐབས་འཛམ་གླིང་གིས་ངལ་གསོའི་ཉིན་མོ་ཆགས་འདུག་ག་ ཧ ཧ ཧ།
དྲ་གྲོགས་བཙན་པོ་ལགས་ངས་གསར་དགོད་པའི་ཚབ་བྱས་ནས་ཚིག་ཁ་ཤས་ཞུ་འདོད་བྱུང། ཁྱོད་ཀྱིས་་་་་་་ཆོས་ལུགས་མང་པོ་ཞིག་གི་སྐུབ་བརྡོལ་བ་དང་ཁུངས་ལུང་མེད་པ་ར་སྤྲོད་བྱུང་མཚམས་ཆོས་ལུགས་དེ་དག་ཉམས་རྒུད་དང་ནུས་མེད་ཆགས་ཡོད།ཟེར། ཁྱེད་ལ་ཁུངས་སྐྱེལ་ག་རེ་ཡོད་དམ།་་་་ཟེར་བའི་ཁོངས་ལུས་ཡོད། དུས་རབས་དྲུག་པ་དང་བདུན་པའི་ནང་ཡེ་ཤུའུ་དང་ཇུའི་ཆོས་ལུགས་ཧ་ཅང་དར་ཁྱབ་ཆེ་ལ། ཁོང་ཚོའི་བཤད་དོན་དུ། སྣོད་བཅུད་ཐམས་ཅད་དཀོན་མཆོག་གིས་ཉིན་དྲུག་གི་རིང་བཟོས་ནས་ཉིན་བདུན་པ་གཟའ་ཉི་མ་ལ་ངལ་གསོ་གནང་ཞེས་ཟེར། དེའི་ཤུགས་རྐྱེན་དེང་སང་འཛམ་གླིང་ནང་གཟའ་ཉི་མ་ལ་གུང་གསེང་གཏོང་སྲོལ་དེ་ནས་བྱུང་བར་བཤད།
སྐབས་དེར་ཚན་རིག་པས་ཕྱིའི་དངོས་པོ་ལ་དཔྱད་པ་བྱས་ཡོང་དུས་ཆོས་པ་ཚོས་དཀོན་མཆོག་གིས་བཟོས་ཟེར་བ་རང་བཞིན་གྱིས་སྐུབ་བརྡོལ་བ་དང་ཁུངས་ལུང་མེད་པ་ཆགས། དེའི་རྒྱུ་མཚན་གྱིས་རྒྱལ་པོ་ལས་ཀྱང་དབང་ཆེ་བའི་ཆོས་པ་དེ་ཚོས་ཚན་རིག་པ་བགྲང་ལས་འདས་དམར་གསོད་བཏང་བ་དང་མེར་བསྲེགས་པ་སོགས་ཚན་རིག་གི་རྒྱལ་རབ་ལོ་རྒྱུས་སུ་གསལ་བས་(བཙན་པོ་ལགས་)དང་པོ་དགག་པ་མ་བརྒྱབ་གོང་དུ་ཞིབ་འཇུག་གནང་བར་ཞུ།
དེ་རྗེས་རིམ་པས་ཚན་རིག་གི་རང་བཞིན་ཇེ་གསལ་དང་སྔར་གྱི་ཆོས་ལུགས་དེ་ཚོ་ཡང་རང་བཞིན་གྱིས་ཉམས་རྒུད་དུ་ཕྱིན་པ་མིག་མཐོང་ལག་ཟིན་རེད།
དེ་འདྲའི་ཆོས་ལུགས་པ་དང་ཚན་རིག་པའི་བར་འགལ་ཟླ་ཆེན་པོ་བྱུང་བའི་ཤུགས་རྐྱེན་དེ་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུའང་ག་དུས་བྱུང་དང་གང་འདྲ་བྱུང་གསལ་པོ་མེད་པར་གསང་སྟབས་ཀྱིས་སྔ་མོ་ནས་སླེབས་ཚར་ཡོད་པ་རེད།
དངོས་གནས་བྱས་ན་དུས་རབས་དྲུག་བདུན་གྱི་ཚན་རིག་པ་དང་ནང་པ་བ་གཉིས་དཔུང་པ་མཉམ་གཤིབ་གནང་བའི་དབང་དུ་བཏང་ན་ཡང་ནང་པའི་ངོས་ནས་ཕན་ཚུན་གྲོགས་པོར་འགྱུར་རྒྱུ་ལས་དབང་ཤུགས་ཆེ་ཆུང་གིས་གསོད་རེས་གཏོང་དགོས་དོན་རྩ་བ་ནས་མེད།
ཡང་ཚན་རིག་གི་འགལ་ཟླར་གྱུར་པའི་ཆོས་ལུགས་དང་ནང་ཆོས་གཉིས་གཅིག་ཏུ་བཟུང་ན་དེ་ནི་ཧ་ཅང་ནོར་འཁྲུལ་དང་ནང་ཆོས་ཉམ་ཆུང་རུ་བཏང་བ་ལས་གཞན་མེད།
བཙན་པོའི་ཁ་ནས་ཁ་རླང་བཙན་པོ་ཞིག།
ངེས་མེད་གང་སར་འཁྱམས་པ་དོན་མ་མཆིས།།
འཕགས་པ་ཐོགས་མེད་ཀྱིས། “རིག་པ་ལུང་དང་འགལ་ན་ལུང་འདོར་དགོས་ལ། ལུང་རིག་པ་དང་འགལ་ན། རིག་པ་ད་དུང་འདོར་མི་རུང” ཞེས་གསུངས།
དྲ་གྲོགས་ལྷན་རྒྱས། གོང་གི་བཅར་འདྲི་དེར་ཐལ་ཆ་དང་ཞན་ཆ། ཡང་ན་གསར་འགོད་པའི་རྩ་དོན་དང་འགལ་བའི་སྐྱོན་ཆ་རིགས་བྱུང་མེད་སྙམ་ཡོད་མོད། གལ་སྲིད་དེ་འདྲ་བྱུང་ཡོད་ན། རིག་སྒོ་ཆེན་པོ་འདི་གཉིས་ལ་སྔར་བྱས་ལས་ལ་འགྱོད་བཤགས་དང་། ཕྱིས་འབྱུང་དོན་ལ་ཡིད་གཟབ་བྱ་ངེས་ཡིན། ང་རང་གི་ངོས་ནས་གོང་གི་བཅར་འདྲི་དེའི་གླེང་གཞི་གླེང་སྟངས་གང་ཐད་ནས་ཅུང་ཚད་གཞི་མཐོ་བའི་བཅར་འདྲིའི་རིགས་སུ་འདོད་ཡོད་ཅིང་། འདི་ནི་ངས་ནང་ཆོས་དང་ཚན་རིག་གཉིས་བར་དཔྱད་བསྡུར་གྱི་བཅར་འདྲི་བྱས་པ་ཐེངས་གསུམ་པ་དེ་ཆགས་ཡོད། ཐེངས་དང་པོར་ནང་ཆོས་དང་ཚན་རིག་གཉིས་ཀྱི་ངོ་བོར་གཏིང་ཟབ་ས་ནས་གཤིབ་བསྡུར་བྱས་ཡོད་ལ། ཐེངས་གཉིས་པར་ནང་ཆོས་དང་ཚན་རིག་གཉིས་ཀྱི་བྱེད་ལས་སྐོར་རགས་བཤད་བྱས་ཡོད། ཐེངས་གསུམ་པར་ནང་ཆོས་དང་ཚན་རིག་གཉིས་ཀྱི་བྱེ་བྲག་གི་སྐྱོན་གནས་བཙལ་ཡོད། འདི་ནི་གསར་འགྱུར་ལས་རིགས་ཁྲོད་ཀྱི་གསར་འགོད་པའི་དབང་ཚད་ཡིན། བཅར་འདྲིའི་རྩོམ་ལུས་ཀྱི་ཐུན་མིན་ནུས་པའང་ཡིན།
དང་པོ ༽ ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༤ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ལ་ནང་ཆོས་དང་ཚན་རིག་གནས་གཤིབ་བསྡུར་གྱི་དྲི་བ་བཅུ་དྲུག་བཏང་སྟེ་ཁ་བྱང་ལ། ༼ ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ ༽ ཞེས་བཀོད་ཡོད། ཞིབ་ཏུ་ཀློག་འདོད་ན་ ( https://tibettimes.net/wordpress/news.php?cat=41&&id=96 ) དང་། ( https://tibettimes.net/wordpress/news.php?cat=41&&id=95 ) འདི་གཉིས་ལ་གཟིགས་རོགས།
གཉིས་པ། ༽ ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༡༧ ཉིན་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་བློ་བཟང་བསྟན་འཛིན་དང་དགེ་བཤེས་ལྷག་རྡོར་གཉིས་ལ་ཚན་རིག་དང་ནང་ཆོས་ཐད་བགྲོ་གླེང་གི་ཚུལ་དུ་དྲི་བ་བཅུ་གསུམ་བཏང་སྟེ། ཁ་བྱང་ལ་༼ ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ་ཁག་ཅིག ༽ ཅེས་བཀོད་ཡོད། ཞིབ་ཏུ་ཀློག་འདོད་ན་ ( https://tibettimes.net/wordpress/news.php?cat=49&&id=1305 ) འདི་ལ་གཟིགས་རོགས།
རྔ་བ་ཤེས་རབ་དང་དོན་གྲུ་བཀྲིས་གཉིས་ཀ་ལ་བཀྲིས་བདེ་ལེགས་ཀྱི་ཁ་དབྱངས་ཤིག་འཐེན་ནས། བསམ་ཚུལ་ཐུང་ཐུང་ཞིག་བཤད་ན་རེད་ཡ། ད་ལྟ་ཁྱོད་གཉིས་ཀྱི་ནང་ཆོས་ནས་བཤད་པ་དག་ཚད་ཐུབ་ཡིན་མིན་གྱི་བདེན་དཔང་དེ་ཚན་རིག་གིས་བྱ་དགོས་པའི་བཟོ་ཞིག་གསུངས་འདུག་དེར་བདེན་ཁ་སྦྱིན་འདོད་མེད། གང་ཡིན་ཟེར་ན་ནང་ཆོས་ནས་བཤད་པ་དག་ཚད་ཐུབ་ཡིན་གྱི་བདེན་དཔང་ཚན་རིག་ལ་ཐུག་ཡོད་ན་ཚན་རིག་ནས་བཤད་པ་དག་ཚད་ཐུབ་ཡིན་མིན་གྱི་བདེན་དཔང་གང་ལ་ཐུག་ཡོད།
དེ་ཡང་བཤད་ན་ཉམ་ཞིབ་མཁས་ཅན་དག་དང་དེས་བཤད་པ་དག་ཚད་ཐུབ་ཡིན་པའི་བདེན་དཔང་དེའི་བེད་སྤྱོད་བཞིན་པའི་དཔར་ཆས་དང་རྒྱང་ཤེས་གཟུགས་ཕྲ་རབ་མཐོང་བའི་ཆེ་ཤེས་དག་ཡིན་པ་སྨྲོས་མེད་རེད། མཐར་ཐུག་ན་ཡོད་ཆད་ཀྱི་བདེན་དཔང་འཁྲུལ་ཆས་དག་ལ་སྤརོད་རྒྱུ་ཡིན་ནམ། བསམ་མེད་བེན་པོ་དེ་དག་གིས་ཡོད་ཚད་བདེན་དཔང་དང་དེ་དག་ལ་ཡིད་ཆེས་ཡོད་ན་བསླུ་བ་མེད་པའི་དཀོན་མཆོག་ཟེར་བ་དེ་ཡང་དག་མི་འགྱུར་རམ། ཚན་རིག་པ་དག་གི་བཤད་པའི་སྐད་ཆའམ་དམ་བཅའ་དེ་དག་ཀྱང་འགྱུར་མེད་བསྲ་བརྟན་གཡོ་བ་མེད་པ་ཞིག་ཡིན་མིན་ཡང་འདས་པའི་ཚན་རིག་པའི་བཤད་པའི་སྐད་ཆ་དག་ཤེས།
ཚན་རྩལ་རིག་པ་སྦྱང་པ་ལེགས་མོད་ཀྱང༌།
སྲོལ་རྒྱུན་བདག་མེད་ལུས་ན་ཤིན་ཏུ་ཕངས།
སྣ་མང་སྐད་ཡིག་ཤེས་པ་བྱ་དགོས་ཀྱང༌།
རང་གི་ཕ་སྐད་མ་ཤེས་ལྐུག་པ་ཡིན།
གསར་འགོད་པ་ལགས། ཁྱེད་རང་དོགས་འདྲི་བྱེད་མཁན་ལས་ཐག་གཅོད་བྱེད་མཁན་མ་རེད། ཁྱེད་ཀྱིས་འདི་ལྟར་ཐག་བཅད་འདུག དྲི་བ། འགྲོ་བ་མིའི་རིགས་ཀྱི་ཤེས་ཡོན་དར་བའི་ལོ་རྒྱུས་ཁྲོད། ཚན་རིག་དང་དེང་རབས་ཀྱི་འཕྲུལ་རིགས་དར་རྒྱས་སུ་སོང་བ་དང་བསྟུན་ཏེ། ཆོས་ལུགས་མང་པོ་ཞིག་གི་སྐུབ་བརྡོལ་བ་དང་ཁུངས་ལུང་མེད་པ་ར་སྤྲོད་བྱུང་མཚམས་ཆོས་ལུགས་དེ་དག་ཉམས་རྒུད་དང་ནུས་མེད་ཆགས་ཡོད།ཟེར། ཁྱེད་ལ་ཁུངས་སྐྱེལ་ག་རེ་ཡོད་དམ། ཚན་རིག་དང་འཕྲུལ་རིགས་དར་རྒྱས་ཆེན་པོ་བྱུང་བའི་ནུབ་ཕྱོགས་ཡོ་རུབ་དང་ཨ་རིའི་སོགས་ཀྱི་ནང་ཆོས་ལུགས་པའི་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན་ཡོད་པས་་་་་་ཆོས་ལུགས་ཉམས་རྒུད་དང་ནུས་མེད་ཆགས་ཡོད། འདུག་གམ།
དྲི་བ་གཏོང་མཁན་དེ་ཡང་ནང་ཆོས་གཏོར་བའི་སློབ་གསོ་མྱང་ནས་བསླེབས་མཁན་ཞིག་ཡིན་པ་འདྲ། ཁོས་དྲི་བ་དགུ་དྲིས་ཡོད་པ་མང་ཆེ་ཤོས་ནང་ཆོས་ཀྱི་སྐྱོན་ཚོལ་བའི་དྲི་བ་རེད། གསར་འགོད་པ་ལ་་་་་་་སྐུ་ཉིད་ལ་མཚོན་ན་ཚན་རིག་སློབ་པའི་གོ་རིམ་ཁྲོད། ཚན་རིག་གི་་ནོར་འཁྲུལ་དང་མ་འདང་བའི་ཆ། ཡང་ན་ཡར་རྒྱས་དང་ལེགས་བཅོས་གཏོང་དགོས་པའི་ཆ་སོགས་ར་འཕྲོད་བྱུང་ངམ་། ཟེར་བ་ལྟ་བུའི་ཁ་གསེང་པོའི་ཐོག་ནས་་དྲི་བ་ཞིག་འདོན་བྱ་རྒྱུའི་བློ་སྟོབས་ཅི་ཕྱིར་མ་སྐྱེས་བ་རེད།
མ་གཞི་དུས་བབ་དང་ཁ་བརྡ་སོགས་ཀྱི་ལས་གནས་བ་ཚོས་ཕྱོགས་གཅིག་གི་ལྟ་བ་བཟུང་ནས་གསར་འགྱུར་འགོད་པ་དང་རང་གི་ལྟ་བ་མ་མཐུན་ན་ནག་སུབས་གཏོང་གིན་ཡོད་པས་ཁོ་ཚོ་ཡང་རྒྱ་གུང་ཁྲན་ཆུང་ཆུང་ཞིག་རེད། ཁག་ཡང་མི་འདུག མ་རྐང་གི་སློབ་གསོའི་ནང་གཅིག་རྒྱལ་གཅིག་ཕམ་ལས་གུ་ཡངས་དང་འདྲ་མཉམ་གྱི་སློབ་གསོ་མ་མྱངས་པས་རེད། འདི་ལ་བསམ་ན་བོད་ལ་མང་གཙོ་ཟེར་བ་ནི་ད་དུང་དོང་ནང་གི་མེ་ཏོག་རེད་ཡ།
ནང་ཆོས་ལ་ནོར་བའི་སྐྱོན་མེད་ཙང་། མཚན་རིགས་དང་མཉམ་ཞིབ་ཐུབ་ཀྱང་། ནང་ཆོས་ཚད་ཐུབ་ཡིན་མིན་དེ། ཚན་རིག་རིགས་པས་ཚད་འཇལ་བ་ནི། ལྐུགས་རྟགས་དང་རྗེས་ལུས་རེད།
དྲི་བ་འདྲི་ཡུལ་དང་འདྲི་མཁན་གཉིས་ཀས་ཚན་རིག་ཡང་དག་པ་ཡིན་པར་གཞི་བཅོས་ནས་སྐད་ཆ་བཤད་གི་འདུག དེ་སྐྱོན་ཆེན་པོ་ཞིག་རེད། ནང་ཆོས་དང་ཚན་རིག་གཉིས་ཀ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས། མ་གཞི་ནང་ཆོས་དང་ཚན་རིག་གཉིས་ལོགས་པ་ཞིག་མ་རེད། དེ་སྔོན་གྲ་སའི་དགེ་བཤེས་ཡིན་ཟེར་མཁན་ཞིག་གིས་དཔྱད་པ་ཡང་དག་ཚན་རིག་ལྟ་དང་མཚུངས་ཞེས་རྩོམ་བྲིས་ཡོད་པ་གོ་ནས་གད་མོ་ཤོར་སོང། རྔ་བའི་བླ་རྒན་འདིས་ཡང་དགོད་བྲོ་བའི་སྐད་ཆ་འདི་འདྲ་བཤད་གི་་་་་་གལ་སྲིད་ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་ར་འཕྲོད་པ་ཞིག་བྱུང་ན་ཁས་ལེན་དགོས་པ་རེད། ནང་ཆོས་ལས་ག་འདྲ་ཞིག་བཤད་ཡོད་ཀྱང་འདོར་དགོས་པ་རེད་སྙམ།་་་་་ཟེར། བླ་རྒན་གྱི་གཟན་ཤུབ་གཡུགས་ཡ་ཞེ་དྲག་འགོར་ས་མ་རེད། ཨ་ལ་་་ རྩེད་མོ་ཡིན། སྔར་ལོར་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཐོག་ལོ་ངོ་ཉི་ཤུ་ལྷག་ལ་ཕྱི་ལུགས་སྨན་པ་དང་ཚན་རིག་མཉམ་ཞིབ་གནང་མྱོང་མཁན་རྟ་བོ་བློ་བཟང་དཔལ་ལྡན་གྱིས་ང་ཚོས་བདེན་པའི་གཞི་འཛིན་ས་ཚན་རིག་བྱེད་གི་འདུག དེ་ནི་ཉེན་ཁ་དང་ནོར་འཁྲུལ་ཆེན་པོ་རེད།ཟེར་བ་ནི་བདེན་པ་རེད། ཚན་རིག་གིས་ཐག་བཅད་ཡོད་ཚད་བདེན་པ་མ་རེད། ཚན་རིག་གིས་ལོ་སྔོན་མར་བདེན་པ་ཡིན་པར་ཐགས་བཅད་པ་ད་ལོ་རྫུན་པ་ཡིན་པར་ཡང་ཐག་གཅོད་གི་ཡོད་པ་རེད།
དངོས་འབྲེལ་དྲི་བ་དྲིས་ལན་ཡག་པོ་གནང་འདུག བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་འདི་རིམ་པས་ཉམས་རྒུད་དུ་འགྲོ་རྒྱུར་ཐེ་ཚོམ་མེད། གང་ཡིན་ཟེར་ན་མིའི་གཤིས་སྤྱོད་དང་ལྟ་བ་སོགས་ལ་སྔར་ལྟར་མི་འདྲ་བར་འགྱུར་བ་ཆེན་པོ་ཞེ་པོ་གཅིག་འགྲོ་བཞིན་ཡོད།
སངས་རྒྱས་ཀྱིས་ཀྱང་ནང་ཆོས་ཀྱི་ཚེ་ཚད་དེ་ལྔ་བརྒྱ་ཕྲག་བཅུ་བཤད་ནས་ལོ་ལྔ་སྟོང་ཙམ་གྱི་ཚད་ལས་མེད་པ་བསྟན་ཡོད་ལ་ད་ཆ་ལོ་ ༢༥༥༦ ཙམ་རྫོགས་སོང་བ་རེད།
ངས་བལྟས་ན་ཚན་རིག་དང་ནང་ཆོས་ཇི་ཙམ་བློ་ཐག་ཉེ་རུ་སོང་ན་དེ་ཙམ་གྱིས་ནང་ཆོས་ལ་ཕན་ཐོག་མེད་པར་མཐར་རང་ཉིད་རང་གིས་གསོད་པ་དང་གཅིག་པ་ཆགས་ཀྱི་རེད་དྲན།
གང་ཡིན་ཟེར་ན་ཚན་རིག་དེ་ཐི་ཙམ་གྱིས་ཡར་རྒཡུས་སོང་ན་དེ་ཙམ་གྱིས་འགྲོ་བ་མིའི་རིགས་ཀྱི་ཉོན་མོངས་དང་། ཆགས་ཞེན་སོགས་ཤུགས་ཆེ་རུ་འགྲོ་བ་ལས་ཉུང་དུ་འགྲོ་ཡི་མེད།
ནང་ཆོས་དེ་ཇི་ཙམ་དར་རྒྱས་ཕྱིན་ན་མི་རྣམས་ཀྱིས་བསམ་པའི་ཀུན་སློང་དང་དང་ཉོན་མོངས། ཆགས་ཞེན་སོགས་རང་བཞིན་གྱིས་ཆུང་དུ་འགྲོ་ཡི་ཡོད།
བྱས་ཙང་ཚན་རིག་དང་ནང་ཆོས་ཕྱོགས་ཀའི་དར་རྒྱས་ལས་བྱུང་བའི་གྲུབ་འབྲས་ངོ་མ་དེར་ཞིབ་ཏུ་དཔྱད་ན་དེ་གཉིས་ཀྱིས་བསྐྲུན་པའི་ཆོས་གང་ཞིག་ཡིན་ཀྱང་འགལ་ཟླའི་ངོ་བོར་གནས་ཡོད་པ་ལས་མཐུན་པའི་ངོ་བོར་གནས་མེད་པའི་རྐྱེན་ལས་ཡིན།
ངོ་ནས་དྲང་ནས་དགའ་སོང་། ད་ཡིན་ན་གྲུབ་འབྲས་གང་འཚམས་ལོན་ཡོང་གི་འདུག དགེ་བཤེས་ཤེས་རབ་མཆོག་ལ་འཚམས་འདྲི་ཡོད།
རྔ་བ་ཤེས་རབ་ལ་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག ཚན་རིག་སྦྱང་མཁན་དང་བསླབ་མཁན། དེ་བཞིན་གོ་སྒྲིག་གནང་མཁན་བཅས་ཀྱི་ངོས་ནས་༸གོང་ས་མཆོག་གི་དགོངས་གཞི་རྡོག་རྡོག་དེ་སེམས་ལ་འཛིན་རྒྱུ་གལ་ཆེ།
སྦྱང་མཁན་སྤུས་ཁ་དག་པོ་དང་ལྷག་པར་དུ་ནང་ཆོས་ཀྱི་ཤེས་ཚད་ཡག་པོ་མེད་ན་དེ་ལས་ཕྱི་རྒྱལ་ནས་ཡོང་བའི་དགེ་རྒན་ཚོས་མཐོ་སློབ་ཁག་གི་སློབ་མ་ཚོར་ཚན་རིག་བསླབ་ན་སྐད་སྒྱུར་གྱི་དཀའ་ངལ་མེད་པ་དང་ཁོང་ཚོར་རིགས་གཅིག་རྐང་འཛིན་གྱི་ཐོག་འགྲོ་གྲོན་ཕོན་ཆེན་དེ་འདྲ་བཏང་ན་གྲུབ་འབྲས་མངོན་སླ།
མིང་རྫིག་པོ་འདི་༸གོང་ས་མཆོག་གི་དགོངས་གཞི་དངོས་ཀྱི་ཐོག་ཏུ་འགྲོ་གི་ཡོད་མེད་ཐེ་ཚོམ་གྱི་གནས་སུ་མཐོང་།
གང་ལྟར་ཆོས་ཕྱོགས་ཀྱི་སྣེ་འཁྲིད་ཐུབ་མཁན་ལ་ཚན་རིག་བསླབ་རྒྱུ་སྐུ་མདུན་གྱི་དགོངས་པ་རེད་མ་གཏོགས་གྲྭ་པ་ཡིན་པ་ཙམ་གྱི་ཚན་རིག་བསླབ་དགོས་དོན་མེད།