མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲིད་རང་སྐྱོང་དང་རང་བཙན་གཙང་མ་གཉིས་གཞི་རིམ་གྱི་ལས་འགུལ་ངོ་བོ་གཅིག་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp


བསྟན་རྣམ།

རྒྱ་ བོད་ཞི་མོལ་ཡོང་ཆེད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བཙན་ བྱོལ་གཞུང་གི་བསྒྲུབ་བྱའི་དམིགས་ཡུལ་ཁ་གསལ་དང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྣ་བར་འགྲོ་འོས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ངེས་པར་དུ་དགོས་པ་ནི་ སྨྲོས་མེད་ཡིན་ན་ཡང་། བོད་མི་དཀྱུས་མ་ཞིག་གི་དུས་རྒྱུན་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་ཕྱོགས་ ནང་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་འོག་ དེ་མཚུངས་ཀྱི་སྲིད་བྱུས་ཤིག་གང་ཟག་རེ་རེ་ནས་འཛིན་དགོས་པ་ཨེ་ཡིན་སྙམ།

 

བསམ་ཚུལ་འདིས་གཉིས་སྨན་དབུ་མའི་ལམ་དང་བསྒྲུབ་བྱ་དོན་དམ་རང་སྲིད་རང་སྐྱོང་ལའང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཁོ་ན་ལས་འགོག་རྐྱེན་བཟོ་གི་ཡོད་པ་གཏན་ནས་བསམ་གྱི་མེད། དུས་རྒྱུན་དུ་ནས་བོད་མི་དཀྱུས་མ་ཞིག་གི་བོད་ཀྱི་རྩ་དོན་ཆེད་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་བྱེད་སྐབས་དགོས་མཁོ་མེད་པའི་རྣམ་རྟོག་གཅིག་ནི། ང་རྩ་དོན་ལས་འགུལ་འདིར་ཞུགས་ན་༧གོང་ས་མཆོག་གམ་བཙན་བྱོལ་བོད་གཞུང་གི་དགོངས་པ་དང་འགལ་གྱི་མེད་དམ་སྙམ་པ་འདི་ཡིན། སེམས་ཚོར་འདི་ནི་ལྷག་པར་ང་ལྟ་བུ་བོད་མི་ཞིག་གི་གནས་སྟངས་འོག་འཆར་ངེས་ཡིན།

 

ཕྱོགས་གཅིག་ནས་ཤེས་ཡོན་ལྷག་བསམ་ཅན་དང་སེམས་ཐག་ཉེ་པོའི་ཐོག་བོད་མིར་ཤ་ཚའི་ངང་རང་བཙན་གཙང་མ་དང་དེ་འབྲེལ་ལས་འགུལ་སྣ་ཚོགས་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་རང་ཉིད་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཡང་དག་པའི་དབུ་མའི་ལམ་ལ་ཆེས་ཡིད་ཆེས་དང་ངེས་པ་བརྟན་པོ་རྙེད་པ་ཞིག་ཡིན། ཕྱི་རྒྱལ་ལྷག་བསམ་ཅན་གྱི་རྒྱབ་སྐྱོར་བ་ཚོས་འདས་པའི་བོད་ཀྱི་ལོ་རྒྱུས་ནང་བོད་རྒྱ་ནག་ལས་རྒྱལ་ཁབ་ཐ་དད་ཡིན་པ་གསལ་པོ་ཤེས་པ་ཙམ་དུ་མ་ཟད་ད་ལྟའི་ཆར་རང་བཙན་གཙང་མ་བོད་མིའི་མངོན་འདོད་དང་མཐུན་ཞིང་ཧ་ཅང་རྩོད་འོས་པ་ཞིག་དང་། མ་འོངས་པར་ཡང་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཏུ་འགྱུར་བའི་རེ་བ་དང་འབད་བརྩོན་བྱེད་བཞིན་ཡོད། འདི་འདྲའི་རང་བཙན་གཙང་མའི་རྒྱལ་ཁབ་ནི་བོད་མི་ཁོ་ནའི་ཆེད་དུ་རྩོད་པ་ལས་རྒྱབ་སྐྱོར་བ་ཁོ་པའི་ཆེད་དུ་མིན་པ་ནི་ཚང་མས་ཤེས་གསལ་ཡིན།

 

སེམས་འཁུར་ཆེན་པོའི་ཐོག་ནས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ཁྱེད་ལ། ང་ཚོས་བོད་རང་བཙན་གཙང་མའི་ཆེད་གོམ་བགྲོད་ལས་འགུལ་སྤེལ་ཀྱི་ཡོད། ཁྱེད་བོད་མི་ཚོ་རྒྱབ་སྐྱོར་དང་འཛུལ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་ན་ཁྱེད་ཀྱི་ལན་འདེབས་གང་འདྲ་ཞུ་རྩིས་ཡོད།

 

འདམ་ཁ་ཡོད་པའི་ལན་འདེབས་ཁ་ཤས་ནི། ང་༧གོང་ས་མཆོག་དང་བཙན་བྱོལ་གཞུང་གི་ཆབ་སྲིད་ལམ་སྟོན་འོག་ཤར་བསྐྱོད་བྱེད་མཁན་གྱི་བོད་མི་ཞིག་ཡིན་པ་ལས་རང་བཙན་གཙང་མ་རྩོད་མཁན་མིན། དེར་བརྟེན་ངས་རྒྱབ་སྐྱོར་དང་མཉམ་ཞུགས་མི་བྱེད་ཅེས་དང་། ཡང་ན། ཡིན་ད་ཡིན། ཐུགས་རྗེ་ཆེ།ང་ཚོ་བཙན་བྱོལ་གཞུང་ལས་ལྷག་པ་ཁྱེད་རྣམ་པས་མ་སྐུལ་དྭངས་་བླངས་ཀྱིས་བོད་དོན་ཆེད་ལོ་རྒྱུས་དང་མཐུན་ཞིང་དམིགས་ཡུལ་བརྟན་པོ་དང་སྐུ་ལས་ཆེ་བ་རྒྱག་བཞིན་ཡོད་ན། ང་བོད་མི་ཞིག་ཡིན་པའི་ཆ་ནས་ལྟ་ཅི་སྨྲོས། ཞེས་ལན་འདེབས་པ། ཡང་ན་ང་ཨ་རིའི་མི་སེར་ཆགས་ཟིན་པ་རེད། བོད་མིའི་འཐབ་རྩོད་ཀྱི་ལས་འགན་ང་ལ་མེད། ཕྱིན་ཆད་ང་ལ་དྲི་བ་འདི་འདྲ་མ་འདྲི་རོགས། ཞེས་བརྗོད་རྒྱུ། ཡང་ན། སྐབས་བབས་ཀྱི་གོམ་བགྲོད་དམ་སྐད་འབོད་སོགས་ཀྱི་ལས་འགུལ་གྱི་དགོས་པ་གཙོ་བོ་ནི་འབྲེལ་ཡོད་ས་གནས་མི་མང་ལ་བོད་དོན་དྲིལ་སྒྲགས་དང་བོད་མིར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་ལུགས། བོད་ནང་གི་བོད་མིའི་དངོས་ཡོད་སྡུག་བསྔལ་གསལ་བཤད། བོད་དང་བོད་མིར་གང་ཟག་སྒེར་རམ་སྲིད་གཞུང་གི་རྒྱབ་སྐྱོར་མེད་དུ་མི་རུང་བའི་དགོས་མཁོ། ༧གོང་ས་མཆོག་ནི་བོད་རྒྱ་ཞི་མོལ་གྱི་འགོག་རྐྱེན་མིན་པར་དཀའ་རྙོག་བསལ་ཆེད་ཀྱི་ཐབས་བླ་ན་མ་མཆིས་པ་ཡིན་ལུགས་གསལ་བཤད་སོགས་ཡིན་ན། གོང་བརྗོད་ལས་རིམ་གྱི་ཉིན་རེའི་དངོས་ཡོད་གནས་ཚུལ་ལ་ལྟོས་ཚེ། ད་བར་དམིགས་ཡུལ་གཉིས་ཀྱི་གཞི་རིམ་ལས་འགུལ་ནི་ནང་འགལ་དུ་མི་མངོན་ལ། རང་བཙན་གཙང་མ་དགོས་ནའང་འདྲ། དོན་དམ་རང་སྲིད་རང་སྐྱོང་དགོས་ནའང་འདྲ། བརྗོད་ཟིན་དྲང་བདེན་གྱི་ལས་འགུལ་སྤེལ་རྒྱུ་ནི་བསྒྲུབ་བྱ་གཉིས་ཀའི་གཅིག་མཚུངས་ཀྱི་ཐབས་ལམ་ཞིག་ཡིན། གལ་ཏེ་རྒྱ་ནག་གཞུང་གི་བཙན་བྱོལ་བོད་གཞུང་མང་ལ་འདམ་ཁ་གཉིས་པོ་དེ་དྲིས་ན་དེ་སྐབས་ལན་རྒྱག་རྒྱུ་ལས་ད་ལྟ་གཞི་རིམ་ལས་འགུལ་ནང་འདམ་ཀ་གཉིས་པོའི་དྲི་བ་སྔ་དྲགས་པ་མིན་ནམ་སྙམ།

 

མདོར་ན་གཞི་རིམ་གྱི་བོད་དོན་འཐབ་རྩོད་སྐབས། ཇི་ཙམ་གྱིས་རང་གཙང་མའི་ལས་འགུལ་ཐོག་ཐབས་རྩོད་གཞི་རྒྱ་ཆེ་བ་དང་ཟབ་པ་དེ་ཙམ་གྱིས་དོན་དམ་རང་སྲིད་རང་སྐྱོང་ལའང་ཤུགས་རྐྱེན་རྒྱབ་སྐྱོར་ལས་འགོག་རྐྱེན་དུ་མི་འགྱུར།

 

རྒྱ་ནག་གི་ཕྱོགས་ནས་ལྟོས་ནའང་ཇི་ཙམ་གྱིས་རང་བཙན་གཙང་མར་འབད་བརྩོན་དང་རྒྱབ་སྐྱོར་ཤུགས་ཆེ་འགྱུར་ཚེ་དེ་ཙམ་གྱི་རང་སྲིད་རང་སྐྱོང་གི་སྲིད་བྱུས་ཕྱོགས་སུ་དབང་མེད་མ་འགྲོ་ཀ་མེད་ཡིན་ནོ།།

 

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 3

  1. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    བོད་ཀྱི་རྩ་དོན་ཆེད་ལས་འགུལ་གང་ཞིག་སྤེལ་རུང་ཚང་མ་མཉམ་ཞུགས་བྱེད་ན་སྐྱོན་མེད་པར་མཐོང་བཞིན་ཡོད། དོན་དམ་རང་སྲིད་རང་སྐྱོང་རྩོད་མཁན་བོད་པ་སུ་ཡིན་ནའང་བྱུང་ན་རང་བཙན་མི་འདོད་པ་སུ་ཡང་མེད། གལ་སྲིད་རྒྱ་གཞུང་གིས་བོད་ལ་རང་བཙན་གཙང་མ་དགོས་སམ། དོན་དམ་རང་སྲིད་རང་སྐྱོང་དགོས་ཞེས་གདམ་ག་སྤྲོད་ན་བོད་པ་ཚང་མས་རང་བཙན་དགོས་ཟེར་མཁན་རྐྱང་རྐྱང་ལས་རང་སྲིད་རང་སྐྱོང་དགོས་ཟེར་མཁན་མེད་པ་ཐག་ཆོད་ཆོག་སྙམ།

    དཔེར་ན་གཞོན་ནུས་ལས་འགུལ་སྤེལ་སྐབས་དབུས་མའི་ལམ་དང་རང་ཐག་རང་གཅོད་ཀྱི་ལྟ་བ་ཡོད་མཁན་རྣམས་ཀྱང་མཉམ་ཞུགས་བྱེད་ཀྱི་ཡོད། གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་གྲོལ་རྗེས་གཞོན་ནུས་རྡ་ས་གཙུག་ལག་ཁང་ནས་ཀ་ཅ་རི་བར་སྐད་འབོད་ལས་འགུལ་ནང་ཚང་མ་མཉམ་ཞུགས་བྱེད་ཀྱི་ཡོད། སྐབས་དེར་མང་ཚོགས་ནང་རང་སྲིད་རང་སྐྱོང་དང༌། རང་ཐག་རང་གཅོད་ཀྱི་ལྟ་བ་ཁྱེར་མཁན་སོགས་སྣ་ཚོགས་ཡོད། ང་བོད་གཞུང་གི་ལངས་ཕྱོགས་ལ་ཤར་སྐྱོད་བྱེད་མཁན་ཡིན་ཟེར་ནས་བུད་འགྲོ་གི་མེད། ཚང་མས་རྒྱ་མི་བོད་ནས་ཕར་རྒྱུགས། བོད་རང་གཙན་གཙང་མ་ཡིན་ཞེས་སྐད་འབོད་རྒྱག་གིན་ཡོད།

    བྱུང་ན་བུ་མོ་དང་མ་བྱུང་ན་ཨ་མ་ཞེས་པ་ལྟར་གཉིས་ཀ་ལ་རྩོད་ལེན་བྱེད་དགོས་པ་གལ་ཆེར་མཐོང༌། ད་དུང་ཕྱོགས་གཉིས་ཀའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་མུ་མཐུད་སྤྲོད་དེ་རྒྱ་ནག་གི་འགོ་ཁྲིད་རྣམས་ཡིད་བསུན་དགོས་པ་ཞིག་བཟོ་དགོས་པ་རེད། སྔར་རྒྱ་གར་གྱིས་ཞི་དྲག་གཉིས་ཐོག་ནས་དབྱིན་ཇིར་གནོན་ཤུགས་སྤྲད་རྐྱེན་མཐར་རྒྱ་གར་ལ་རང་གཙན་རག་ཡོད་པ་འབྱུང་རབས་ནང་གསལ་གསལ་ཐིང་ཐིང་འཁོད་ཡོད།

    Reply
  2. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཡི་གེ་འདི་་་་་་འབུའི་སྡོམ་ཐག་རང་རེད། འདི་ལྟར་བྲིས་་་་᪠ᨕ᩶་ ᪠ᨖ᩶་᪠ᨖ᩶ ᪠᩶ᨓ་᪠᩶ᨔ་᪠᩶ᨔ་
    ᫗ᨒ᪄ ᫗ᨑ᪄་᫗ᨒ᪄་ᩧᨔ་ᨎ
    ᩶᪣ᩏ᫥་᫞་᫙ᨑᩏ་ᩴᩏ་᪣ᨓ᫥་᪄་ᨵ᪽ᩏ་᪱་᫗ᨕᩏ་ᨵᨒ་᫙ᨔ᩶

    Reply
  3. ནད་པ says:
    ལོ་ 16 སྔོན།

    བསྟན་རྣམ་ལགས། ད་ལྟ་རྒྱ་ནག་གཞུང་གིས་༸ ཏྰ་ལའི་བླ་མ་དང་བོད་སྲིད་གཞུང་ཟེར་བ་དེ་ཁ་བྲལ་གྱི་རྣམ་པའི་ངོ་བོར་གནས་ཡོད་ཅེས་ནན་བཤད་བྱེད་ཀྱི་ཡོད་པ་རེད།

    ཁྱེད་ཀྱི་ལྟར་ན་རང་བཙན་རྩོད་ན་ད་དུང་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་ལ་ཕན་གྱི་ཡོད་པའི་བཟོ་འདྲ་པོ་ཞིག་གསུངས་འདུག

    ཁྱེད་རང་གིས་གཙོས་པའི་བོད་རང་བཙན་གྱི་འཐབ་རྩོད་གནང་ཚོ་སྤྱི་དང་། བྱེ་བྲག་ཏུ་གཞོན་ནུ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱིས་བློ་རིག་དྭངས་མོས་གཟབ་གཟབ་མ་གནང་ན།

    མ་འོངས་པར་ལོ་ཤས་ཤིག་གི་ནང་ཁྱེད་ཚོ་དྭངས་གཙང་གི་ལྷད་མེད་རྒྱལ་གཅེས་རིང་ལུགས་པ་དག་ཀྱང་བཟང་པོའི་རྗེས་ལ་ཇ་ཆང་དང་ངན་པའི་མཇུག་ལ་རྒྱུག་གདུང་ཕོག་རྒྱུའི་ཉེན་ཁ་མེད་པ་ཞིག་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese