མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝང་ལི་ཞང་གིས་བོད་ལ་རང་སྐྱོང་སྤྲོད་སྲིད་དམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་གཉིས་ཀྱི་གནད་དོན་ལ་དོ་སྣང་ཡོད་མཁན་གྱི་བོད་ཕྱི་ནང་གཉིས་ཀྱི་གཙོ་བའི་བོད་དང་རྒྱ་རིགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་ཝང་ལི་ཞང་ཟེར་བའི་མིང་འདི་ཕལ་ཆེར་མ་གོ་མཁན་མེད་ཟེར་ན་མ་འགྲིག་པ་གཏན་ནས་མེད།

ཝང་ལི་ཞང་ཟེར་བའི་མིང་ཡང་བོད་རྒྱའི་གནད་དོན་གྱི་དཀའ་རྙོག་དང་འགྲོག་ནས་བོད་རྒྱ་གཉིས་ཀྱི་གཞོན་རབས་པ་ཚོའི་མིག་མདུན་དུ་བླངས་པའི་བོད་རྒྱའི་གནད་དོན་གླེང་མཁན་གྱི་རྩོམ་པ་པོ་ཆེས་རང་དབང་གི་འགྲུལ་བཞུད་ཡོད་མཁན་གྱི་རྒྱ་ནག་ནང་གི་མི་ཁྱད་པར་ཅན་ཞིག་ཆགས་ཡོད་ལ། ཁོ་རང་གིས་བོད་དོན་ཐད་དུ། རྒྱ་རིགས་རྩོམ་པ་པོ་གཞན་དག་ལས་བོད་རྒྱའི་གནད་དོན་ལ་རྩོམ་ཡིག་མང་བ་དང་དོ་སྣང་བྱེད་ཡུལ་དུ་གྱུར་བ་མི་ཉུང་བ་ཞིག་སྤེལ་ཡོད།

དེ་དང་འགྲོག་ནས་མི་ཁོ་རང་ཡང་བོད་བཙན་བྱོལ་གཞུང་གིས་ཀྱང་། དོན་སྣང་བྱེད་ཡུལ་དུ་གྱུར་བའི་མི་སྣ་གལ་ཆེན་ཞིག་ལ་ངེས་འཛིན་བྱས་པའི་སྒང་ལ། ཁོ་རང་གི་རྩོམ་ཡིག་ཆེས་མི་ཉུང་བ་ཞིག་ཀྱང་བོད་ཡིག་ལ་སྒྱུར་ནས་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ཁྱབ་དུ་སོང་བ་དང་བསྟུན། བཙན་བྱོལ་ནང་དུ་ཡང་ཁོ་རང་གི་བསམ་ཚུལ་ལ་མཐའ་གཅིག་དུ་དགའ་མོས་དང་དང་ལེན་བྱེད་མཁན་ཡང་བོད་ནང་གི་བོད་མི་ལས་ཀྱང་མང་དུ་བྱུང་ཡོད་ཅེས་བཤད་ཀྱང་གཏན་ནས་ཁྲིམས་འགལ་མིན། ལྷག་པར་དུ་མི་འདི་༧གོང་ས་མཆོག་དང་ཐེངས་མང་མཇལ་འཕྲད་ཀྱི་གོ་སྐབས་ཀྱང་རྒྱ་ནག་ནང་གི་ཤེས་ཡོན་ཅན་གཞན་དག་ལས་ཁོ་རང་ལ་མང་བ་ཐོབ་ཡོད།

མི་འདིས་བོད་མི་ལ་རྒྱུས་ལོན་བྱས་པའི་གྲངས་ཚད་ཅིག་བསྡུར་བ་ཡིན་ན། བོད་རིགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་ད་དུང་རང་རིགས་བོད་ལ་རྒྱུས་ལོན་བྱས་པ་ཡང་འདང་གི་མེད་ཟེར་ན་ཆོག་པའི་ཚད་དུ་བསྐྱལ་ཡོད། བོད་མི་རིགས་འདི་ལ་ཁ་ལོ་སྒྱུར་བའི་ཐབས་ཕྱོགས་ཀྱང་ཁོ་རང་གིས་རྒྱ་ནག་ནང་གི་དཔོན་རིགས་དག་ལས་ཀྱང་གསལ་བོ་ཤེས་ཡོད།

གནས་ཚད་འདི་འདྲ་ཞིག་ལ་སླེབས་དུས་སུ། ང་ཚོས་ཁོ་རང་ལ་ཕྱོགས་གང་ནས་བལྟས་ཀྱང་གཟབ་ནན་བྱེད་པའི་དུས་ཤིག་ཆགས་ཡོད། ཐོག་མར་ཁོ་རང་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་མི་ཞིག་ཞིག་སྟེང་ནས་བལྟས་པ་ཡིན་ན་འགྲིག་གི་ཡོད་དམ་ཟེར་ན། དེ་ཡང་དེ་འདྲའི་ཚད་ལྡན་ཞིག་དུ་གྱུར་མིན་མི་ཤེས་ཀྱང་། ཁོ་རང་གི་ད་ལྟའི་བར་དུ་གླེང་བསྡད་པ་ཆེས་མང་བོ་ཞིག་གི་བརྗོད་བྱ་ནི། རྒྱ་བོད་ཀྱི་གནད་དོན་ཡིན་ལ། རྒྱ་བོད་ཀྱི་གནད་དོན་གླེང་བའི་ཆེས་མཐའ་མཇུག་གི་ཐུག་ས་གཙོ་བོ་དེ་ཡང་། དུས་ནམ་ཡང་བོད་འདི་སྔ་མོ་ནས་རང་བཙན་རྒྱལ་ཁབ་གཅིག་གི་ངོ་བོར་གནས་མྱོང་བ་གཏན་ནས་གླེང་མེད།

འོ་ན། དེ་མེད་ཀྱང་ཁོ་རང་གིས་བོད་རྒྱའི་གནད་དོན་འདི་ནི། བོད་རྒྱ་གཉིས་ཕན་གྱི་ལམ་ལ་འགྲོ་བར་འབད་བརྩོན་བྱས་ཡོད་དམ་ཟེར་ན། དེ་ཡང་མཐའ་མའི་གནད་འགག་ལ་ཐུག་ཡོད།

ཁོ་རང་སྒེར་ངོས་ནས་བོད་ལ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡིས་ནམ་རྒྱུན་དུ་གསུངས་བཞིན་པའི་ཆེས་མཐོའི་རང་སྐྱོང་གི་བདག་དབང་བོད་མིར་སྤྲོད་རྒྱུར་གྲྭ་སྒྲིག་ཡོད་དམ་ཟེར་བའི་དྲི་བ་འདི་གཅིག་པོ་ལས་གཞན་གང་ཡང་ལུས་མེད།

དེ་ལ་ཁོ་རང་གིས་ལན་གཅིག་མ་གཏོགས་འདེབས་དགོས་ཀྱི་མེད། འདོད་མོས་ཡོད་དམ་མེད་ཟེར་བ་དེ་ལས་གཅིག་ཡིན། དེ་ནི་ང་ཚོས་ཅི་ནས་ཀྱང་ཤེས་དགོས་པའི་གནད་དོན་ངེས་དེ་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

སྐར་མ ༣༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༤ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 4

  1. sha tak ri sim says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས། ཉིད་རང་ཕེབས་པ་དགའ་ཡོད། མུ་འཐུད་དུ་ཕེབས་པར་འཚལ། ངས་སུ་ཁེབ་ཀྱི་ཁ་བྱང་langtsa538ཡིན། རྗེས་ཕྱོགས་དེ་ཡི་སྟེང་ནས་འབྲེལ་བ་བྱོས།

    Reply
  2. chokri nyima says:
    ལོ་ 16 སྔོན།

    རྒྱ་གོང་ཁྲན་དྲིན་ཅན་ཕ་མ་རེད།
    དངུལ་ད་ཡ་ཆར་པ་འབབ་འབབ་རེད།
    རྒྱ་འཁྱོམ་པོ་དྲིན་ཅན་སྤུན་ཟླ་རེད།
    རྩོམ་བཟང་པོ་ལྷ་ལུང་བསྟན་བསྟན་རེད།ཧཧཧཧཧ

    བོད་ཀྱི་གཏམ་དཔེར།
    སྐོམ་ན་གཡའ་ཆུ་མི་འཐུང་བ།
    བྲེ་སེར་འབྲོང་གི་ཡ་མཚན་རེད།
    ལྟོགས་ན་ཕུ་རུ་མི་ཟ་བ།
    ཁ་དཀར་རྐྱང་གི་ཡ་མཚན་རེད།

    ཤི་ཡང་རྩ་ཤིང་མི་ཟ་བ།་
    དམར་ཡག་སྟག་གི་ཡ་མཚན་རེད།
    དགྲ་ལ་རོགས་སྐྱོར་མི་རེ་བ།
    སྐྱེ་པ་ཕོ་ཡི་ཡ་མཚན་རེད།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    བསང་ཆུ་འབྲུག་བྷེ་ལགས། ཉིད་རང་ཕེབས་པ་དགའ་ཡོད། དངོས་ནས་འུ་ཅག་བོད་པ་ཚང་ལ་དེང་སང་བོད་དོན་གླེང་མཁན་ཡོད་ན་དངོས་ནས་དགའ་འོས་པ་ཞིག་ཡིན་ཡང་། གླེང་མཁན་དེ་ཡང་དྲང་བདེན་དང་དངོས་ཡོད་ཁོ་ན་གཞི་འཛིན་པར་སྙིང་སྟོབས་ཡོད་མཁན་ཞིག་མིན་ན་བོད་དོན་གྱི་འདས་མ་ད་གསུམ་ལ་ཕན་ལས་གནོད་ཆེ་གང་ཡོད་ད་ལྟ་བསམ་བློ་ཞིབ་མོ་གཏོང་རན་རེད།

    Reply
  4. durkbey says:
    ལོ་ 16 སྔོན།

    ཟིན་བྲིས་མཁན་པོ་ལགས། དུས་འདིར་བདེ་མོ་ཡིན་པའི་འཚམས་འདྲི་ཞུ།
    ཝང་ལི་ཞུང་ནི་དུས་ནམ་ཡང་པེ་ཅིན་རྭ་བའི་བོད་དོན་ཐད་ཀྱི་སྒོ་སྲུང་ཡིན་ངེས་པས།ཁོ་དུས་ནམ་ཡང་རྭ་བ་དེ་ལས་མ་འདའ་བའི་བོད་དོན་གླེང་རྒྱུ་ལས་གཞན་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese