མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛངས་མའི་པར་རིས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཉིན་རྒྱབ་ཆུ་ཚོས་ ༣ སྟེང་ད་ལོའི་མཛངས་མ་འགྲན་བསྡུར་ནང་ཞུགས་ཡོད་པའི་བུ་མོ་རྣམས་ཀྱིས་ནོར་བུ་གླིང་ཁར་ཆུ་རྐྱལ་རོལ་རྩེད་འགྲན་བསྡུར་བྱས་ཏེ། རྒྱན་གོས་མེད་པའི་གཟུགས་ཀྱི་མཛེས་པ་ངོ་མ་དེ་རྒྱ་གར་དང་བོད་པའི་གསར་འགོད་པ་རྣམས་དང་། ནོར་གླིང་ཉེ་འཁོར་གྱི་ལྟད་མོ་བ་རྣམས་པའི་མིག་གི་ལོངས་སྤྱོད་དུ་བསྟར་ཡོད།

 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ།

 

བྷིང་ལོར་ནས་ཕེབས་པའི་བུ་མོ་རིན་ཆེན་ཆོས་སྒྲོན། རང་ལོ་ ༢༥ དང་ལས་རིགས་མཛེས་བཟོ་བ།  

 

བྷིང་ལོར་ནས་ཕེབས་པའི་བུ་མོ་བསྟན་འཛིན་རྣམ་ཆོས། རང་ལོ་ ༢༢ དང་ལས་རིགས་སློབ་མ།

 

ཝ་རཱ་ན་སི་ནས་ཕེབས་པའི་བུ་མོ་བསྟན་འཛིན་ནོར་འཛོམ། རང་ལོ་ ༢༣ དང་ལས་རིགས་སློབ་མ།

 

ངྷ་རམ་ས་ལའི་བུ་མོ་དབྱངས་ཅན་མེ་ཏོག རང་ལོ་ ༡༩ ལས་རིགས་སློབ་མ།

 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ།

 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ། 

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 60

  1. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    ལི་ཐང་ངག་དབང་དབྱིག་གཉེན་ལགས། ཁྱོད་ཀྱི་་སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེས་བྲིས་པའི་བསམ་ཚུལ་འདྲ་བཤུས་བྱས་ནས་ནས་རང་གི་ཡིན་མདོག་བྱས་ན་དངོས་གནས་བྱེད་ཐབས་སྐྱོ་པོ་མིན་ནམ། སྡེ་དགེ་འཇིགས་མེད་ཡེ་ཤེས་རྡོ་རྗེས་དགོངས་ཚུལ་ཡག་པོ་ཞེ་དྲགས་བྲིས་འདུག
    དངོས་གནས་དེང་རབས་ཀྱི་རྗེས་ལུས་ཐེབས་མི་འདུག་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  2. རྟ་མགྲིན་ཚེ་རིང་། says:
    ལོ་ 15 སྔོན།

    མཛེས་མ་འདི་དག་གི་ཁྲོད་ན་མིག་ལ་མཛེས་ཤིང་སྙིང་དུ་སྡུག་པའི་བུ་མོ་ཞིག་ཡོད་པ་ནི་རྡ་སའི་དབྱངས་ཅན་མེ་ཏོག་རེད། ཁོ་མོར་2010ལོའི་མཛེས་མའི་དབུ་རྒྱན་མ་ཐོབ་པ་དེ་དཔྱད་བསྡུར་པ་ཚོར་ཕྱོགས་རིས་ཆེ་བས་རེད། ངས་ཁོ་མོའི་ཆེད་དུ་བློ་བཟང་དབང་རྒྱལ་སྒོ་འགྲམ་ནས་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན། འདོད་ཆགས་ཅན་ཚོ་ང་ལ་རྒྱབ་སྐྱོར་གནང་གི་ཤོགས།

    Reply
  3. སྦྲ་ནག་གྲུ་བཞི says:
    ལོ་ 15 སྔོན།

    གཅེར་གཟུགས་ཀྱི་སྨོ་སྨོ་འདི་ཚོ་མཐུང་སྡེས་ང་ཚའི་འདུག་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྡེ་དགེ་འཇིག་མེད་ཡེ་ཤེས་རྡོ་རྗེ་ལགས་ཁྱོད་ཀྱིས་གསུངས་པ་བདེན་ནོ།
    ངས་ཁ་སྣོན་ཞིག་རྒྱབ་རྒྱུ་ཁྲེལ་དང་ངོ་ཚ་ཞེས་པ་དེ་ནི་མི་རིགས་ལ་ལ་རྒྱ་མེད་པའི་ལྟོ་ཡི་དོན་དུ་མི་རིགས་གཙང་བ་དང་ནང་གི་མཐུན་སྒྲིལ་དེ་ཁ་བྲལ་དུ་གཏོང་མཁན་ཚོ་ཡིན་པ་ལས་ལུས་གཅེར་བུ་ཙམ་གྱི་ག་ལ་ཡིན།དེ་ལྟར་ཡིན་པའི་དབང་དུ་བཏང་ན་མི་རང་གཉིས་ཀ་དང་པོ་ཡོང་དུས་གཅེར་བུ་ཡོང་ཡོད་ལ་མཐའ་མ་འགྲོ་དུས་ཀྱང་དེ་ལྟར་འགྲོ་དགོས་པའི་དེ་ལ་ཧ་ལེ་རྒྱུ་མེད་དོ།
    ད་དུང་ཞུ་རྒྱུ་ཞིག་ལ་༼བོད་ཀྱི་མཛངས་མ་༽ཞེས་པ་ལས༼བོད་ཀྱི་སྲས་མོ་༽ཟེར་ན་ག་འདྲའི་འདུག།དེ་གོ་བ་དང་ཡིད་ལ་མོ་གསར་དར་མ་ཞིག་འཁོར་ཡོང་གི་འདུག་མ་གཏོགས་བོད་ཀྱི་མཛངས་མ་ཟེར་དུས་རྒན་གཞོན་གང་ཡིན་མ་ཤེས་པ་ཞིག་ཡིད་ལ་འཁོར་གྱི་མི་འདུག་གམ།དྲ་རོགས་རྣམས་ཀྱི་ཅིག་གསུང་དང་།

    Reply
  5. རང་རྟོན། says:
    ལོ་ 15 སྔོན།

    དགའ་བསུ་ཡོད།ལས་འགུལ་འདི་བརྒྱུད་དེ་བོད་དོན་ཁྱབ་བསྒྲགས་བྱེད་པ་ནི་ཆེས་བསྔགས་དགོས་པའི་དོན་དག་ཅིག་རེད་འདོད་གི
    མི་ཚང་མས་ལས་འགུལ་འདིའི་ངོ་གདོང་རྐྱང་རྐྱང་ཁོ་ན་མ་གཏོགས་མི་མཐོང་བའི་རྒྱུ་མཚན་ཅི།ངས་བསམ་ན་ལས་འགུལ་ཅི་ཞིག་སྤེལ་ཡང་དེའི་ལ་རྒྱབ་མདུན་གཉིས་ཡོད་པས་ངེས་པར་དུ་ཕྱོགས་གཉིས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།
    འདི་ལྟ་བུའི་ལས་འགུལ་འདྲ་མིན་སྤེལ་བར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡོད་ལ་མུ་མཐུད་དུ་སྤེལ་རོགས་ཞུ་ཞུ་རྒྱུ་ཡིན།

    Reply
  6. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ལས་འགུལ་འདིའི་ཐོག་ལ་ཨ་ནེ་བཞུགས་ཆོག་ཨེ་རེད། གལ་སྲིད་བཞུགས་ཆོག་ན་ཨ་ནེ་ཡག་པོ་དེ་འདྲ་ངའི་མཐོང་སོང། ཁོང་རྣམས་པ་ཚོ་ཡང་འགྲོ་འདོད་ཡོད་ཚུལ་བཤད་ཀྱི་འདུག། ཧཧཧཧཧཧཧཧཧཧཧཧཧ

    Reply
  7. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས། འགྲེལ་ཐག་འདིར་བསྣུན་ནས་བོད་མིའི་དབུ་ཁྲིད་མཆོག་གིས་རྒྱ་བོད་གཞོན་སྐྱེས་ཚོར་གསུང་བཤད་གནང་སྐབས། ༧གོང་ས་མཆོག་གི་རྒྱབ་ཕྱོགས་ཀྱི་བོད་རིགས་སྐུ་དྲག་འདིའི་ཁ་ནས་འགྱིག་གི་སྤྱིས་རུལ་(Chewin gum)ཟ་སྟངས་དང་ཁོང་གི་སྤྱོད་པ་འཁྱེར་སྟངས་ལ་ལྟོས་དང་། ང་རང་དང་བསྡོམས་ནས་དྲ་ཐག་འདི་ལ་མི་རིགས་འདྲ་མིན་ཉིས་འབུམ་བརྒྱད་བརྒྱ་ལྷག་གི་ལྟོས་ཡོད་པ་དང་ཁོང་ཚོས་ག་རེད་བསམ་ཡོད་མེད་ངས་མིཤེས་ཡིན་ནའང་ངས་མི་འདིའི་སྤྱོད་པ་ཚུལ་མཐུན་ཞིག་མཐོང་མ་སོང་། མ་འོངས་པ་སྐུ་མདུན་གྱི་སྐུ་འཁོར་སུ་ཡིན་ཀྱང་འདི་འདྲའི་བྱ་སྤྱོད་ལ་གཟབ་གཟབ་གནང་རོགས་ཞུ་ཟེར་བ་ཡིན།
    http://www.livestream.com/bridgeconference/video?clipId=pla_4dbbdf9b-9663-4b4f-95c6-6437ec473cdb&time=2179

    Reply
  8. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ཁོ་རེ་ཚོ། ཁྱོད་ཚོས་བསམ་བློ་་ཡག་པོར་ཐོངས་དང་།
    བོད་པའི་བུད་མེད་དག་གིས་རྒྱན་གོས་ཕུད་དེ་ལུས་པོ་གཅེར་བུར་བུད་ནས་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱས་པ་ཙམ་གྱིས། བོད་པའི་ངོ་ཚ་ཁྲེལ་ཡོད་ཀྱི་རིག་གཞུང་ལ་གནོད་པ་གང་ཡང་བྱེད་མི་ཐུབ། ངོ་ཚ་ཁྲེལ་ཡོད་ནི་གཙོ་བོར་སོ་སོའི་ཀུན་སློང་དང་ཀུན་སྤྱོད་ལ་རག་ལས་པ་མ་གཏོགས་རྒྱན་གོས་ཕུད་དང་མ་ཕུད་ལ་ཐུག་མེད། གལ་ཏེ་ལུས་གཅེར་བུ་ཡིན་མིན་གྱིས་ངོ་ཚ་དང་ཁྲེལ་ཡོད་མེད་ལྟ་དགོས་ན།
    དབྱར་ཀ་རྒྱ་མཚོའི་འགྲམ་དུ་རྒྱན་གོས་ཕུད་དེ་གཅེར་བུར་རྒྱུ་བའི་བུད་མེད་འཛངས་མ་ཐམས་ཅད་ངོ་ཚ་ཁྲེལ་མེད་ཡིན་པ་དང་། གོས་རྒྱན་གྱིས་མགོ་ལུས་ཡོངས་སུ་བཏུམས་པའི་ཁ་ཆེའི་བུད་མེད་ཐམས་ཅད་ངོ་ཚ་ཁྲེལ་ཡོད་ཅན་ཡིན་པར་བརྩི་་དགོས་པར་མི་འགྱུར་རམ།

    ཁ་ཆེའི་བུད་མེད་ཚོ་ལ་གོས་རྒྱན་གྱིས་མགོ་ལུས་ཡོངས་སུ་བཏུམས་དགོས་པའི་ཆོས་ལུགས་ཀྱི་བཙན་ཁྲིམས་དམིགས་བསལ་གྱིས་བཞག་པ་བཞིན་ཁྱོད་ཚོས་བོད་པའི་བུད་མེད་ཚོ་ལ་བཙན་ཁྲིམས་གསར་བ་བཞག་འདོད་པ་ཨེ་ཡིན།
    བོད་པ་ནང་ཁུལ་ལ་འཁྲུགས་རྩོད་དང་བསད་རྨས་བྱེད་རྒྱུ་ལ་་ངོ་ཚ་མི་ཤེས་པར་བོད་ཀྱི་བུད་མེད་ཀྱི་ལུས་པོ་ལ་ངོ་ཚ་དགོས་པའི་རྒྱུ་མཚན་ལྷག་པ་ཅི་ཞིག་འདུག

    ཁྱེད་ཚོས་ཁ་ཆེའི་མི་རྒན་ཚོའི་རྙིང་ཞེན་གྱི་ལྟ་ངན་དེ་ཁུར་ནས། དེང་རབས་ཀྱི་འཁྲུག་ཆ་དོད་པའི་འཛམ་གླིང་སྤྱི་ཚོགས་ལ་ངོ་རྒོལ་བྱེད་པ་ནི་བོད་པའི་སྤྱི་ཚོགས་རྗེས་ལུས་སུ་ལྷུང་བཅུག་མཁན་ཀྱི་རྒྱུ་རྐྱེན་རྙིང་པ་དེ་རེད་མི་འདུག་གམ།

    Reply
  9. རྨེ་གླིང་གདོང་ནག says:
    ལོ་ 15 སྔོན།

    ༄༅ ། ། ངས་སེམས་གཏིང་ནས་རེ་བ་ཞིག་དང་གསལ་བཤད་བྱེད་དགོས་པ་ཞིག་ཀྱང་ཡོད། མཛངས་མའི་འགྲན་བསྡུར་ལས་མཛེས་མའི་འགྲན་བསྡུར་མིན། གང་ལྟར་ན་འང་ཁོང་ཚོའི་ནང་དབྱངས་ཅན་མེ་ཏོག་ཨོ་ཙམ་འདུག་མ་གཏོགས་གཞན་མཛེས་མ་ཞིག་ནི་དངོས་གནས་མི་འདུག བོད་ཀྱི་བུ་མོ་ཚོར་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི། ཡང་མིན་ན་ཐོབ་ཐང་དགོས་ཐོབ་ཐང་དགོས་ཞེས་བུ་མེད་ལྷན་ཚོགས་ཀྱང་བཙུགས་ཡོང་གི ཡང་སྤྱི་ཚོགས་ཀྱི་གདེང་ཆའི་སྟེང་འབུད་པའི་གར་སྟེགས་ཤིག་ལག་ཏུ་བཞག་ཚེ། སྤྱོད་པ་བཟང་མདོག་གིས་ལོ་ལྟར་བུ་མོ་འགའ་རེ་ལས་འགྲན་བསྡུར་ནང་བཞུག་གི་མི་འདུག་ བློ་བཟང་དབང་རྒྱལ་ལགས་དངོས་གནས་བྱེད་ན་ཁྱེད་ཀྱི་ལས་འགན་དེ་ནི་བོད་གཞུང་ངམ་བུ་མེད་ལྷན་ཚོགས་སོགས་ཚོགས་པ་ཞིག་གིས་བྱེད་དགོས་པ་ཡིན་ཀྱང་ཁྱེད་ཀྱིས་ངལ་བ་ཆེན་པོས་ལས་ཀ་དེ་བྱེད་པར་བསྔགས་བརྗོད་ཡོད། ལ་ལས་ཡག་པོ་འདུག་ཟེར་ཡོང་ལ། ཡང་ལ་ལས་ཡག་པོ་མི་འདུག་ཟེར་ཡོང་། འོན་ཀྱང་། དེང་སྐབས་གཞོན་ནུ་མང་པོ་ཞིག་སློབ་གྲྭར་སོང་སོང་མཐར་ལས་ཀ་རེག་གི་མི་འདུག་ཅེས་མིའི་སར་གཡོག་པོ་འགྲོ་ས་ཞིག་ཨེ་རེག་བལྟ་བའི་དུས་ཚོད་འདི་ལྟ་བུའི་ནང་ཁྱེད་ཀྱི་རང་རྐྱ་ཐུབ་པོས་ལས་དོན་འདི་འདྲ་ཞིག་བྱེད་པར་ཡི་རངས་དང་གདེངས་འཇོག་ཡོད། མཐའ་དོན་བོད་ཀྱི་གཞོན་ནུ་མ་ཚོར་གར་སྟེགས་འདིར་གང་མང་མང་མཉམ་ཞུགས་གནང་རྒྱུའི་རེ་བ་ཉིན་མཚན་ཀུན་ཏུ་མཆིས། གཞོན་ནུ་མ་ཚོར་རེ་བ་རྒྱབ་པ་ལས་རྨོར་ཏོ་ཚོར་ལབ་པ་མིན། སྐུ་མཁྱེན་རྨོར་ཏོ་ཚོ་འབུམ་གཉིས་ལ་རྔམ་ནས་དམར་སྲེང་ལ་མ་འབུད་རོགས། སྐྱུག་པ་སྐྱུག་གྲབས་བྱེད་ཀྱི་འདུག

    Reply
  10. རྨེ་གླིང་གདོང་ནག says:
    ལོ་ 15 སྔོན།

    ༄༅ ། ། ངས་སེམས་གཏིང་ནས་རེ་བ་ཞིག་དང་གསལ་བཤད་བྱེད་དགོས་པ་ཞིག་ཀྱང་ཡོད། མཛངས་མའི་འགྲན་བསྡུར་ལས་མཛེས་མའི་འགྲན་བསྡུར་མིན། གང་ལྟར་ན་འང་ཁོང་ཚོའི་ནང་དབྱངས་ཅན་མེ་ཏོག་ཨོ་ཙམ་འདུག་མ་གཏོགས་གཞན་མཛེས་མ་ཞིག་ནི་དངོས་གནས་མི་འདུག བོད་ཀྱི་བུ་མོ་ཚོར་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི། ཡང་མིན་ན་ཐོབ་ཐང་དགོས་ཐོབ་ཐང་དགོས་ཞེས་བུ་མེད་ལྷན་ཚོགས་ཀྱང་བཙུགས་ཡོང་གི ཡང་སྤྱི་ཚོགས་ཀྱི་གདེང་ཆའི་སྟེང་འབུད་པའི་གར་སྟེགས་ཤིག་ལག་ཏུ་བཞག་ཚེ། སྤྱོད་པ་བཟང་མདོག་གིས་ལོ་ལྟར་བོུ་འགའ་རེ་ལས་འགྲན་བསྡུར་ནང་བཞུག་གི་མི་འདུག་ བློ་བཟང་དབང་རྒྱལ་ལགས་དངོས་གནས་བྱེད་ན་ཁྱེད་ཀྱི་ལས་འགན་དེ་ནི་བོད་གཞུང་ངམ་བུ་མེད་ལྷན་ཚོགས་སོགས་ཚོགས་པ་ཞིག་གིས་བྱེད་དགོས་པ་ཡིན་ཀྱང་ཁྱེད་ཀྱིས་ངལ་བ་ཆེན་པོས་ལས་ཀ་དེ་བྱེད་པར་བསྔགས་བརྗོད་ཡོད། ལ་ལས་ཡང་པོ་འདུག་ཟེར་ཡོང་ལ། ཡང་ལ་ལས་ཡག་པོ་མི་འདུག་ཟེར་ཡོང་། འོན་ཀྱང་། དེང་སྐབས་གཞོན་ནུ་མང་པོ་ཞིག་སློབ་གྲྭར་སོང་སོང་མཐར་ལས་ཀ་རེག་གི་མི་འདུག་ཅེས་མིའི་སར་གཡོག་པོ་འགྲོ་ས་ཞིག་ཨེ་རེག་བལྟ་བའི་དུས་ཚོད་འདི་ལྟ་བུའི་ནང་ཁྱེད་ཀྱི་རང་རྐྱ་ཐུབ་པོས་ལས་དོན་འདི་འདྲ་ཞིག་བྱེད་པར་ཡི་རངས་དང་གདེངས་འཇོག་ཡོད། མཐའ་དོན་བོད་ཀྱི་གཞོན་ནུ་མ་ཚོར་གར་སྟེགས་འདིར་གང་མང་མང་མཉམ་ཞུགས་གནང་རྒྱུའི་རེ་བ་ཉིན་མཚན་ཀུན་ཏུ་མཆིས། གཞོན་ནུ་མ་ཚོར་རེ་བ་རྒྱབ་པ་ལས་རྨོར་ཏོ་ཚོར་ལབ་པ་མིན། སྐུ་མཁྱེན་རྨོར་ཏོ་ཚོ་འབུམ་གཉིས་ལ་རྔམ་ནས་དམར་སྲེང་ལ་མ་འབུད་རོགས། སྐྱུག་པ་སྐྱུག་གྲབས་བྱེད་ཀྱི་འདུག

    Reply
  11. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཁ་ཁོག་མེད་པའི་སེམས་གཏམ་དམར་བོ་དེ་བཤད་ན། དངོས་ནས་མཛེས་མ་ཞིག་མི་འདུག མཛངས་མིའི་མཚན་ཉིད་ག་འདྲ་ཞིག་ཡིན་པ་ཧ་མི་གོ་མོད།
    ཡ་རབས་སྤྱོད་བཟང་ཏག་ཏག་ཡིན་པར་སྨོན།
    ཡིན་ཡང་ཁོ་མོ་ཚོས་ཡར་ཐོན་དང་རང་སྣང་གི་བློ་སྤོབས་ལ་རྗེས་སུ་ཡིད་རིང་ཞུ་བ་ཡིན།
    རྩ་འཛུགས་པ་ཚོས་བོད་སྐད་བོད་ཡིག་མི་ཤེས་པ་ཨེ་རེད། པར་སྟེང་དུ་བོད་ཡིག་གི་ཡིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མི་འདུག
    བཙན་བྱོལ་བོད་སྤྱི་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་དོ་སྣང་ཅི་ཡང་བྱེད་ཀྱིན་མེད་པ་རྟོགས་ཐུབ།
    ཨ བཙན་བྱོལ་བ་ཚོར་ཁྱེད་ཚོ་ཅི་ཕྱིར་ཕྱི་ལོག་ཏུ་ཕེབས་པ་ཡིན།
    འདི་ལྟར་སོང་ན་ཁྱེད་ཚོར་བཙན་བྱོལ་བ་ཟེར་བ་ལས་བྲོས་བྱོལ་སྡར་མ་ཞེས་བོས་ན་འོས་ཤིང་མཚམས་པར་སྙམ།

    Reply
  12. ཐོས་དགའ། says:
    ལོ་ 15 སྔོན།

    འདོད་ལྷའི་མདའ་ཡིས་རྨས་པས་གང་ཟག་ལ།།
    བུད་མེད་གོས་ཀྱིས་གཡོགས་པའང་སྒྲེན་མོར་མཐོང་།།
    ངོ་ཚའི་གོས་ཀྱིས་བཀླུབས་པའི་ཟོལ་བྱས་ཀྱང་།།
    ནུབ་ཕྱོགས་བྷུ་ལུའུ་བལྟས་མོ་བལྟ་ལ་སྤྲོ།།

    Reply
  13. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    “སྦྲང་བོའི་མི་ཡིས་ཟས་ལ་སྣ་སྙེར་བྱེད། ལྟོག་པའི་མགྲོན་གྱིས་ཟས་མ་མཆིལ་མ་འདེབས། ཀུན་གྱིས་ཁ་ནས་སྨོད་པ་འདི་ཡིན་ཡང་། ཀུན་གྱིས་སེམས་ནས་དགའ་ས་འདི་ཉིད་ཡིན། ”

    ཧ ཧ ཧ ཧཧ

    Reply
  14. གནས་ཚང་། says:
    ལོ་ 15 སྔོན།

    གྲྭ་ཟུར་ཞ་ལོང་ཡིན་གྱི་དམར་ཧྲེང་མིན།
    རྐྱལ་གོས་འགྲན་བསྡུར་ཡིན་གྱི་ཆགས་སྲེད་མེད།
    དེ་དང་དེ་ལས་ད་དུང་ཚབས་ཆེ་བའི།
    གནས་མཆོག་ངྷ་ས་གྲྭ་བ་ལོག་ས་མིན།
    དེ་དོན་གཞན་གྱིས་དྲིས་ན་ཅི་ཞིག་བཤད།

    Reply
  15. ཐོས་དགའ། says:
    ལོ་ 15 སྔོན།

    ད་དུང་བསྟན་འཛིན་རྣམ་ཆོས་དང་དབྱངས་ཅན་མེ་ཏོག་གཉིས་ཀྱི་དཔར་ལ་ཡག་པོ་བྱེད་ནས་ལྟོས་དང་། གོས་ཀྱིས་ལེགས་པར་བཀབ་འདུག་གོ།

    Reply
  16. ཐོས་དགའ། says:
    ལོ་ 15 སྔོན།

    དབྱིན་ཡིག་ཏུ་ swimsuit contest ཟེར་བ་ལས་naked contest ཞེས་མི་ཟེར། དེས་ན་ཆུ་རྐྱལ་གྱོན་ཆས་འགྲན་བསྡུར་ཟེར་དགོས་པ་ལས་རྒྱན་གོས་མེད་པ་གཅེར་གཟུགས་མཛེས་པ་འགྲན་པ་ཟེར་ན་རྩ་བ་ནས་མི་འགྲིག་ལ་དངོས་ཡོད་གནས་ཚུལ་དང་ཡང་མཐུན་མེད།

    Reply
  17. ཐོས་དགའ། says:
    ལོ་ 15 སྔོན།

    བུ་མོ་དེ་ཚོའི་འདོམས་དང་མྱོས་བུམ་ཟུང་རས་ལྷེབ་ཀྱི་གོས་ཀྱིས་བཀབ་འདུག་ལ་ད་དུང་རྣ་བར་རྣ་ལོང་དང་མེ་ཏོག་གི་རྒྱན་གྱིས་བརྒྱན་འདུག

    ཆུ་རྐྱལ་གྱོན་ཆས་འགྲན་བསྡུར་ཟེར་དགོས་པ་ལས་རྒྱན་གོས་མེད་པ་གཅེར་གཟུགས་མཛེས་པ་འགྲན་བསྡུར་ཟེར་བ་ནི་གསར་འགོད་པས་བསམ་བཞིན་གླེང་གཞི་བཟོས་པ་་རེད། ད་དུང་མིག་མེད་ལོང་བ་ཁ་ཅིག་གིས་ཀྱང་གཅེར་བུ་དང་དམར་ཧྲེང་ཟེར་གཞན་ཟེར་རྗེས་འབྲངས་བྱས་འདུག

    Reply
  18. གངས་ཕྲུག says:
    ལོ་ 15 སྔོན།

    ལི་ཐང་ངག་དབང་དབྱིག་གཉེན་ལགས་ཁོད་ཀྱི་ངོ་ཚ་ཡི་དོན་དང་ཁྲེལ་མེད་ཀྱི་དོན་ཤེས་ཀྱི་ཡོད་དམ།
    ང་ཚོའི་བོད་ལ་མི་རིགས་གཞན་ལ་མེད་པའི་གོམས་བཤིས་བཟང་པོ་ཡོད་ཞེས་པ་དེ་གཅེར་བུར་རྒྱུ་བའི་རྒྱ་མཚོའི་འགྲམ་གྱི་བུད་མེད་ཀྱི་གཤིས་ཀ་དེ་ཚོམ་ལ་ངོས་འཛིན་རྒྱུ་ཡིན་ནམ།

    Reply
  19. ཐོས་དགའ། says:
    ལོ་ 15 སྔོན།

    ༼རྒྱན་གོས་མེད་པར་གཅེར་གཟུགས་ཀྱི་མཛེས་བ་འགྲན་པ།༽ ཞེས་བཀོད་འདུག་ཀྱང་བུ་མོ་དེ་ཚོའི་འདོམས་དང་མྱོས་བུམ་ཟུང་རས་ལྷེབ་ཀྱི་གོས་ཀྱིས་བཀབ་འདུག་ལ་རྣ་བར་མེ་ཏོག་གི་རྒྱན་གྱིས་བརྒྱན་འདུག

    “མཛངས་མའི་དཔར་རིས་”ཞེས་པའི་འགོ་བརྗོད་ཅིག།
    མཐོང་མ་ཉིད་ནས་ཧྲིག་ཧྲིག་མིག་གིས་བལྟས།།
    བློ་ཁ་མ་རྫོགས་ཡང་ནས་བསྐྱར་དུ་བལྟས།།
    མཛུབ་ལྔས་ནོར་བུ་དཀྲུག་དཀྲུག་ཡིད་ཚིམ་བཏང་།།

    ད་གཟོད་སྒྲེན་མོར་འབུད་ཅེས་འཕྱ་སྨོད་བྱེད།།
    འགའ་རེས་འཕྱོན་མ་འདྲ་ཞེས་ཟུར་ཁ་འཕངས།།
    ཁ་ཅིག་གདོང་དམར་བོད་ཀྱི་རྐང་འདྲེན་ཟེར།།
    རེ་འགས་སྐྱུག་བྲོའི་ཁུལ་བྱས་བཞིན་གཉེར་བསྡུས།།

    Reply
  20. མདུང་རྩེ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧ། ད་ཡིན་ན་བུད་མེད་རྫོགས་པ་འདྲ། འདིའི་བཟོ་ལ་མཛེས་མ་ཞཻས་པའི་མིང་བཏགས་ན། འདོགས་མཁན་དང་འདོགས་ཡུལ་གཉིས་ཀ་ངོ་མི་ཚའམ། ངོ་མ་སྙིང་རྗེ། འདི་ལོའི་ངོ་ཚ་བྲལ་བའི་གཅེར་བུ་ཨང་དང་པོ་དང་། གཉིས་པའི་མིང་འདོགས་དགོས་པ་ལས། མཛེས་མ་ཞེས་པའི་མིང་དེ་ཁོ་ཚོའི་ལུས་ཀྱི་ཆ་ཤས་གང་ལའང་འདོགས་ས་མི་འདུག འདི་བཞིའི་ནང་ནས་གཅིག་ལ་ཨང་དང་པོ་ཞེས་པའི་མིང་སྙན་པོ་ཞིག་བཏགས་ན་འང་འདྲ། སྤྱི་ཚོགས་ནང་དང་མི་རིགས་གཞན་གྱི་ངོར་ཁྱབ་བསྒྲགས་མི་བྱེད་པའི་རེ་བ་ཆེ། ཞབས་འདྲེན་ཞུ་ས་རེད།

    Reply
  21. བོད་ says:
    ལོ་ 15 སྔོན།

    ཡ་ཡ་རྩ་མེད་ཁ་ཤས་ཀྱིས་རིན་ཆེན་ནོར་ལས་ལྷག་པའི་རིག་གཞུང་འདི་ཐབས་ལམ་སྣ་ཚོགས་ཀྱིས་མེད་པར་གཏོང་གི་འདུག་ཨ། རིག་གཞུང་གཏོར་མཁན་རྒྱ་མི་གཅིག་པོ་རེད་མི་འདུག། ང་ཚོར་ཉེ་བར་མཁོ་བའི་དུས་རབས་ཉེར་གཅིག་པའི་ཤེས་ཡོན་གྱིས་ཕོང་ཞིང་སྣ་གཅིག་སྟོན་རྒྱུ་མེད་ཁར་་་་མི་དགོས་པའི་དམར་རྗེན་མར་བླ་མ་དང་ཕ་མ་གཉེན་ཉེ་སྤུན་ཟླ་ཚོའི་མིག་ལམ་འཛེམ་ཟོན་མེད་པར་འགྲོ་ཐུབ་པ་འདི་དངོས་གནས་དུས་རབས་ཉེར་གཅིག་པའི་བོད་པ་ཚང་ལ་ཞབས་འདྲེན་མ་རེད་དམ།
    བོད་པ་ཚང་ལ་མཚོན་ན་འདི་ནི་ཡོན་ཏན་སྣ་གཅིག་མེད་པའི་སྐྱོན་གྱི་གོང་བུ་ཞིག་རེད།

    ངེས་པར་དུ་མཛེས་མ་འགྲན་དགོས་ན་ངེད་ཚང་གི་བཟང་པོའི་གོམས་གཤིས་ཀྱིས་ཁྱད་ཆོས་ལྡན་པའི་ཐོག་ནས་འགྲན་ཅི་མི་འགྲིག།

    གནས་མཆོག་དྷ་སའི་འདབས་ནས།།
    དམར་རྗེན་ཐང་ལ་ལྷུང་སོང་།།
    ཕོ་རྐྱང་སེམས་པ་ཤོར་སོང་།།
    མེས་པོ་དགོངས་པ་ཚོམ་སོང་།།

    Reply
  22. ཐོས་དགའ། says:
    ལོ་ 15 སྔོན།

    “མཛངས་མའི་དཔར་རིས་”ཞེས་པའི་འགོ་བརྗོད་ཅིག།
    མཐོང་མ་ཉིད་ནས་ཧྲིག་ཧྲིག་མིག་གིས་བལྟས།།
    བློ་ཁ་མ་རྫོགས་ཡང་ནས་བསྐྱར་དུ་བལྟས།།
    མཛུབ་ལྔས་ནོར་བུ་དཀྲུག་དཀྲུག་ཡིད་ཚིམ་བཏང་།།

    ད་གཟོད་སྒྲེན་མོར་འབུད་ཅེས་འཕྱ་སྨོད་བྱེད།།
    འགའ་རེས་འཕྱོན་མ་འདྲ་ཞེས་ཟུར་ཁ་འཕངས།།
    ཁ་ཅིག་གདོང་དམར་བོད་ཀྱི་རྐང་འདྲེན་ཟེར།།
    རེ་འགས་སྐྱུག་བྲོའི་ཁུལ་བྱས་བཞིན་གཉེར་བསྡུས།།

    Reply
  23. མཆོད་སྤྲིན། says:
    ལོ་ 15 སྔོན།

    སྨྱོན་མ་རྣམས་

    Reply
  24. མཆོད་སྤྲིན། says:
    ལོ་ 15 སྔོན།

    ཆགས་སྨྱོན་ཁུལ་བའི་བློ་བཟང་དབང་རྒྱལ་ལགས།།སྨྱོན་པ་ཁྱོད་ལ་ངོ་ཚ་རྒྱུ་མེད་ཀྱང་།།ང་ཚོ་བོད་པ་རྩམ་དྲི་བྲོ་བའི་གདོང་དམར་མི་རྣམས།།མི་རིགས་གཞན་གྱི་མདུན་ལ་གདོང་པ་ཚ་གི་འདུག་པས།།ཁྱོད་ཀྱིས་བོད་མི་རིགས་ལ་བསམ་མནོ་བཏང་ནས་ལས་ཀ་དེ་མཚམས་འཇོག་གནང་རོགས།།དུས་རབས་ཉེར་གཅིག་པ་རྗེས་ཟིན་དང་མ་ཟིན་ཚོད་ནི་ནང་གི་ཤིས་ཡོན་གྱིས་རྗེས་ཟིན་དགོས་པ་མ་གཏོགས་་གོས་མེད་གཅེར་བུ་རྒྱུགས་པས་དུས་རབས་ཉེར་གཅིག་པའི་གྲལ་དུ་འཚང་པ་ནི་ཆེས་ཤིན་ཏུ་བླུན་པོའི་ལྟ་སྟངས་ཤིག་ཡིན་པ་སྨོས་ཅི་དགོས།།ང་ཚོ་བོད་པ་རང་བཙན་ཤོར་བ་ནི་གོས་མེད་གཅེར་བུ་མ་སོང་བས་ལན་ནམ་ཤེས་ཡོན་མེད་པས་ལན་་

    Reply
  25. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    སྐུ་ཞབས་བློ་བཟང་དབང་རྒྱལ་གྱིས་ངལ་བ་ཁྱད་དུ་བསད་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་ཐུབ་པ་ནི་དུས་རབས་ཉེར་གཅིག་པའི་གངས་ཅན་གཞོན་ནུ་རྣམས་ཀྱི་སྤོབས་པ་དང་གཟི་བརྗིད་རེད་སྙམ
    བོད་ཀྱི་རྩ་དོན་ལའང་གཏན་གཏན་འཕན་གྱི་རེད
    འོན་ཀྱང་འབོད་སྐུལ་ཞུ་རྒྱུ་ཞིག་ལ་བུད་མེད་མཛེས་ཤོས་ཞིག་འདེམས་ཐུབ་ན་ཡག་པོ་འདུག་གང་ཡིན་ཞེས་ན་འཛམ་གླིང་མི་མང་ལ་ངོ་གདོང་སྟོན་དགོས་ཀྱི་ཡོད་དུས་མཛེས་པོ་མེད་ན་ངེད་བོད་མིའི་ཞབས་འདྲེན་དང་གལ་ཏེ་མཛེས་པོ་ཞིག་ཡོད་ན་ངེད་བོད་མིའི་གཟི་བརྗིད་རེད
    ཞལ་རས་དཀར་གསལ་ཟླ་བ་
    སྐུ་གཟུགས་འདེམ་འདེམ་ཁྱུག་པ་
    སྤྱན་མིག་གཞུ་ལྟར་མཁུག་་པ་
    ང་ཚོ་བོད་པའི་མཛེས་མ་
    མཛེས་མའི་ནང་གི་མཛེས་མ་
    མཛེས་མ་ཨང་གི་དང་པོ་
    བོད་ཀྱི་འཛམ་གླིང་མཛེས་མ
    ང་ཚོ་བོད་མིའི་གཟི་བརྗིད།

    Reply
  26. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 15 སྔོན།

    ྀྀྀྀྀཾཾཾྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀྀཁོ་རེ་ཚོ། ཁྱོད་ཚོས་བསམ་བློ་་ཡག་པོར་ཐོངས་དང་།
    བོད་པའི་བུད་མེད་དག་གིས་རྒྱན་གོས་ཕུད་དེ་ལུས་པོ་གཅེར་བུར་བུད་ནས་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱས་པ་ཙམ་གྱིས། བོད་པའི་ངོ་ཚ་ཁྲེལ་ཡོད་ཀྱི་རིག་གཞུང་ལ་གནོད་པ་གང་ཡང་བྱེད་མི་ཐུབ། ངོ་ཚ་ཁྲེལ་ཡོད་ནི་གཙོ་བོར་སོ་སོའི་ཀུན་སློང་དང་ཀུན་སྤྱོད་ལ་རག་ལས་པ་མ་གཏོགས་རྒྱན་གོས་ཕུད་དང་མ་ཕུད་ལ་ཐུག་མེད། གལ་ཏེ་ལུས་གཅེར་བུ་ཡིན་མིན་གྱིས་ངོ་ཚ་དང་ཁྲེལ་ཡོད་མེད་ལྟ་དགོས་ན།
    དབྱར་ཀ་རྒྱ་མཚོའི་འགྲམ་དུ་རྒྱན་གོས་ཕུད་དེ་གཅེར་བུར་རྒྱུ་བའི་བུད་མེད་འཛངས་མ་ཐམས་ཅད་ངོ་ཚ་ཁྲེལ་མེད་ཡིན་པ་དང་། གོས་རྒྱན་གྱིས་མགོ་ལུས་ཡོངས་སུ་བཏུམས་པའི་ཁ་ཆེའི་བུད་མེད་ཐམས་ཅད་ངོ་ཚ་ཁྲེལ་ཡོད་ཅན་ཡིན་པར་བརྩི་་དགོས་པར་མི་འགྱུར་རམ།

    Reply
  27. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་གིས་ལོ་ངོ་ལྔ་བཅུའི་རིང་རིག་གཞུང་སྲུང་སྐྱོབ་ཅེས་པའི་ཁ་དབྱངས་འདིའི་འོག་གི་ཐོན་རྫས་མི་སྣ་ནི་བློ་བཟང་དབང་རྒྱལ་ཡིན། མི་འདིའི་ཀླད་པའི་ནང་དྲན་སྟངས་དང་བྱེད་སྟངས། ཐ་ན་སྐད་ཆ་བཤད་སྟངས་སོགས་ལས་འུ་ཚོའི་ཉམས་ཆུང་བའི་སྤྱི་ཚོགས་འདིའི་རང་གཟུགས་མཐོང་སླ། མི་འདིའི་ལས་དོན་ཞིག་གི་སྒང་ན་རིག་གཞུང་དང་མི་རིགས། མཛེས་སྡུག་སོགས་ཀྱི་ངོས་འཛིན་ཅི་ཡང་མེད་པར་རང་རེའི་རྣམས་ཁ་ཐུར་ལ་འཁོར་དུ་འཇུག་གི་ཡོད་པ་ཤེས་དགོས། གལ་སྲིད་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་བོད་ཀྱི་སྤྱི་ཚོགས་ལེགས་བཅོས་གཏོང་བའི་ཞེན་བློ་ཡོད་ཚེ། སྤྱི་འཐུས་གྲོས་ཚོགས་ནས་ལས་དོན་འདིའི་རིགས་སྤེལ་མི་ཆོག་གྲོས་ཆོད་འཇོག་དགོས་པར་མཐོང་།

    Reply
  28. ཤི་མེད་ཚོར་མེད་། says:
    ལོ་ 15 སྔོན།

    སྙིང་རེ་རྗེ། ཁྱོད་ཚོ་དམར་ཧྲེང་ངང་འདི་ལྟར་སྤྱི་ཚོགས་ཀྱི་མདུན་དུ་ལངས་ཐུབ་པའི་སྤོབས་པ་རྙེད་པ་ཡ་མཚན་རེད་། ངས་ཁྱེད་ཚོ་མཐོང་མ་ཉིད་དུ་ད་ལྟ་རང་བཤང་ཁང་ནས་བྲོས་ནས་ཡོང་བ་འདྲ་ཞིག་མཐོང་གི་མི་འདུག་ན་དཀོན་མཆོག་གསུམ།

    Reply
  29. ཤེས་རབ says:
    ལོ་ 15 སྔོན།

    ཀླད་རྙིང་རྣམས་ཀྱིས་ཅི་བཤད་ན་བཤད།
    དུས་རབས་ཉེར་གཅིག་ནང་དུ་སླེབས་ཚར་སོང་བའི་འཛམ་བུ་གླིང་འདིའི་སྒང་གི་སྔོན་ཐོན་རྣམས་ཀྱི་བྱེད་སྟངས་ལ་ལྟ་ནས་འགྲོ་དགོས་པ་དེ་གལ་ཆེན་པོ་རེད།
    དེ་མིན་ཀླད་རྙིང་ཁ་ཤས་ཀྱིས་ཁ་ལ་ལྟ་ནས་དུས་རབས་སྔོན་མ་ནང་ཕྱིར་ནུར་བྱེད་པར་ནམ་ཡང་ཕན་པ་མེད་པ་རེད།
    མི་རིགས་འདི་སྔོན་ཐོན་གྱི་གྲས་སུ་འགྲོ་དགོས་ན་ཕྱོགས་ཐམས་ཅད་ནས་འགྲོ་དགོས་པ་མངོན་གསལ་རེད།
    བློ་བཟང་དབང་རྒྱལ་ལགས་ཐུགས་རྗེ་ཆེ་ཞུ་གི་ཡིན།
    ད་དུང་ཀླད་རྙིང་དང་གུ་དོག་རྣམས་ཀྱི་ཅི་བཤད་མིན་ལ་མ་ལྟོས་པར་མུ་མཐུད་ནས་ལས་ཀ་འདི་མཚམས་མ་བཞག་རོགས་ཞེས་ཞུ་རྒྱུ་ཡིན།

    Reply
  30. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 15 སྔོན།

    རང་རྒྱལ་ཤོར་བས་བྱེས་འབྱོར་བོད་པའི་ཚང་། །
    ཕ་མ་མེད་པའི་དྭ་ཕྲུག་ལུས་དང་མཚུངས། །
    བཅུད་ཟས་རང་དབང་སྤྱོད་རྒྱུ་ཉིན་སྐར་ཙམ། །
    དེའི་དཀྱིལ་ཞལ་གཟུགས་མཛངས་མ་ལྡན་པ་ཞིག །
    བུ་མོ་དབྱངས་ཅན་མེ་ཏོག་ཨེ་མ་འཚར། །

    Reply
  31. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 15 སྔོན།

    རང་རྒྱལ་ཤོར་བས་བྱེས་འབྱོར་བོད་པའི་ཚང་། །
    ཕ་མ་མེད་པའི་དྭ་ཕྲུག་ལུས་དང་མཚུངས། །
    བཅུད་ཟས་རང་དབང་སྤྱོད་རྒྱུ་ཉིན་སྐར་ཙམ། །
    དེའི་དཀྱིལ་ཞལ་གཟུགས་མཛངས་མ་ལྡན་ཞིག །
    བུ་མོ་དབྱངས་ཅན་མེ་ཏོག་ཅེས་ཨེ་མ་འཚར། །

    Reply
  32. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ཁོ་རེ་ཚོ། ཁྱོད་ཚོས་བསམ་བློ་་ཡག་པོར་ཐོངས་དང་།
    བོད་པའི་བུད་མེད་དག་གིས་རྒྱན་གོས་ཕུད་དེ་ལུས་པོ་གཅེར་བུར་བུད་ནས་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱས་པ་ཙམ་གྱིས། བོད་པའི་ངོ་ཚ་ཁྲེལ་ཡོད་ཀྱི་རིག་གཞུང་ལ་གནོད་པ་གང་ཡང་བྱེད་མི་ཐུབ། ངོ་ཚ་ཁྲེལ་ཡོད་ནི་གཙོ་བོར་སོ་སོའི་ཀུན་སློང་དང་ཀུན་སྤྱོད་ལ་རག་ལས་པ་མ་གཏོགས་རྒྱན་གོས་ཕུད་དང་མ་ཕུད་ལ་ཐུག་མེད། གལ་ཏེ་ལུས་གཅེར་བུ་ཡིན་མིན་གྱིས་ངོ་ཚ་དང་ཁྲེལ་ཡོད་མེད་ལྟ་དགོས་ན།
    དབྱར་ཀ་རྒྱ་མཚོའི་འགྲམ་དུ་རྒྱན་གོས་ཕུད་དེ་གཅེར་བུར་རྒྱུ་བའི་བུད་མེད་འཛངས་མ་ཐམས་ཅད་ངོ་ཚ་ཁྲེལ་མེད་ཡིན་པ་དང་། གོས་རྒྱན་གྱིས་མགོ་ལུས་ཡོངས་སུ་བཏུམས་པའི་ཁ་ཆེའི་བུད་མེད་ཐམས་ཅད་ངོ་ཚ་ཁྲེལ་ཡོད་ཅན་ཡིན་པར་བརྩི་་དགོས་པར་མི་འགྱུར་རམ།

    ཁ་ཆེའི་བུད་མེད་ཚོ་ལ་གོས་རྒྱན་གྱིས་མགོ་ལུས་ཡོངས་སུ་བཏུམས་དགོས་པའི་ཆོས་ལུགས་ཀྱི་བཙན་ཁྲིམས་དམིགས་བསལ་གྱིས་བཞག་པ་བཞིན་ཁྱོད་ཚོས་བོད་པའི་བུད་མེད་ཚོ་ལ་བཙན་ཁྲིམས་གསར་བ་བཞག་འདོད་པ་ཨེ་ཡིན།
    བོད་པ་ནང་ཁུལ་ལ་འཁྲུགས་རྩོད་དང་བསད་རྨས་བྱེད་རྒྱུ་ལ་་ངོ་ཚ་མི་ཤེས་པར་བོད་ཀྱི་བུད་མེད་ཀྱི་ལུས་པོ་ལ་ངོ་ཚ་དགོས་པའི་རྒྱུ་མཚན་ལྷག་པ་ཅི་ཞིག་འདུག

    ཁྱེད་ཚོས་ཁ་ཆེའི་མི་རྒན་ཚོའི་རྙིང་ཞེན་གྱི་ལྟ་ངན་དེ་ཁུར་ནས། དེང་རབས་ཀྱི་འཁྲུག་ཆ་དོད་པའི་འཛམ་གླིང་སྤྱི་ཚོགས་ལ་ངོ་རྒོལ་བྱེད་པ་ནི་བོད་པའི་སྤྱི་ཚོགས་རྗེས་ལུས་སུ་ལྷུང་བཅུག་མཁན་ཀྱི་རྒྱུ་རྐྱེན་རྙིང་པ་དེ་རེད་མི་འདུག་གམ།

    Reply
  33. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ན་ཆུང་བུ་མོའི་ལང་ཚོ་ཁྲོམ་སྟོན་འདིར།
    དགེ་སློང་རྣམས་ཀྱིས་དམོད་ཀྱང་མི་རུང་མེད།
    སྔགས་རྒན་རྣམས་ཀྱིས་བསྟོད་ཀྱང་མི་འགྲིག་མེད།
    ཆགས་ལྡན་ཅོ་རིའི་རླིག་པ་ལང་བའི་གཞིར།

    Reply
  34. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བོད་ཀྱི་མཛེས་མ་ཚང་མ་མཛེས་མ་འདུག
    འོན་ཀྱང་ཟླ་འདིའི་ཚེས་༣་ཉིན་ཨ་རིར་ལོ་༣༣་ཅན་གྱི་བུ་མོ་Debrahlee Lorenzanaཟེར་བ་ཞིག་གིས་རང་ཉིད་མེ་ལ་སྒྲོན་འདུག རྒྱུ་མཚན་མོ་རང་མཛེས་དྲག་པས་རེད་ཟེར། དེ་འདྲ་རང་ད་ཨེ་ཡིན་ནམ།
    དྲ་ཐག་འདི་ལ་གཟིགས་དང་།
    http://share.youthwant.com.tw/sh.php?id=45002873&do=D

    http://www.bittenandbound.com/2010/06/03/debrahlee-lorenzana-claims-citibank-fired-her-for-being-too-hot-photos/

    Reply
  35. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    གུང་ཟས་ཀྱི་བར་སེང་རྗེས་དུས་བབ་དྲ་རྒྱ་ཁ་ཕྱེ་མ་ཐག་ཡང་བསྐྱར་སྐྱུག་བྲོ་བའི་པར་དེ་དག་མཐོང་བྱུང་བས་མིག་ནང་འཛེར་མ་གཟུག་པ་ལྟ་བུ་མི་བདེ་བ་ཤུགས་ཆེ་བྱུང་། བོུ་དེ་དག་མཛངས་མ་དང་མཛེས་མ་གང་ཡང་མ་ཡིན་པར་བློ་བཟང་དབང་རྒྱལ་གྱི་མཁེ་ཕན་འགྲུབ་བྱེད་དང་བོད་མི་རིགས་ཀྱི་མིག་ནང་གི་འཛེར་མ་ལྟ་བུ་བཟོས་འདུག

    Reply
  36. ཨ་མྱེ says:
    ལོ་ 15 སྔོན།

    ངས་བལྟས་ན་མཛེས་མ་འདི་ཚོ་མི་རིགས་གང་ཡིན་མ་བཤད་ན་ཡག་པོ་འདུག

    Reply
  37. བཙན་པོའི་བུ། says:
    ལོ་ 15 སྔོན།

    དོགས་སློང་གི་དྲི་བ་ཁག་གཅིག

    ༡ གལ་ཏེ་སྐུ་ཞབས་བློ་བཟང་དབང་རྒྱལ་ལགས་ཀྱིས་ལས་འགུལ་འདིས་བོད་པའི་ལོ་རྒྱུས་ནང་གི་སྟོང་ཆ་གཅིག་ཁ་བསྐངས་འདོད་པ་ཡིན་ན། ཁོང་གིས་ཅིས་ཕྱིར་བུད་མེད་དེ་དག་གི་བྲང་རྒྱན་དང་སྦྱར་ཡིག་དག་བོད་ཡིག་ནང་མ་བྲིས་པ་ཡིན་ནམ།
    ༢ བློ་དབང་ཁོང་ལ་བོད་ཡིག་གིས་ཕན་མ་ཐོགས་རེད་དམ། ཡང་ན་བོད་མི་རིགས་འདིའི་ཚེ་སྲོག་ལྟ་བུའི་ཡི་གེ་འདི་ཁྱད་གསོད་བྱས་པ་རེད།
    ༣ གལ་ཏེ་སྐུ་ཞབས་ཁོང་གིས་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་མང་ཐོག་ནས་ལས་འགུལ་འདི་གོ་བསྒྲིགས་བྱས་པ་ཡིན་ན། ལས་འགུལ་འདིར་ཞུགས་པའི་བུད་མེད་དག་ལ་ཡང་བོད་ཀྱི་མཛངས་མའི་ཡོན་ཏན་ཚང་མི་དགོས་སམ།
    ༤ ཁྱེད་དྲ་གྲོགས་དག་གིས་བསམ་ན། མཛངས་མ་འགྲན་བསྡུར་དང་མཛེས་མ་འགྲན་བསྡུར་གཉིོས་ལ་ཁྱད་པར་ཅི་ཞིག་འདུག་གམ།
    ༥ བོད་པའི་བུད་མེད་དག་གིས་རྒྱན་གོས་ཕུད་དེ་འདི་བཞིན་དམར་ཧྲེང་དུ་བུད་ནས་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱས་པ་འདིས། བོད་པའི་ངོ་ཚ་ཁྲེལ་ཡོད་ཀྱི་རིག་གཞུང་ངོམ་དུ་རུང་བ་དེར་ཞབས་འདེགས་ཞུས་འདུག་གམ། ཡང་ན་ཞབས་འདྲེན་ཞུས་འདུག
    ༦ གལ་ཏེ་མུ་མཐུད་ནས་ལས་འགུལ་འདི་སྤེལ་རྒྱུ་ཡིན་ན། དེ་ལ་བཟང་ཕྱོགས་ཀྱིས་འགྱུར་བ་གཏོང་སྟངས་འདྲ་འདུག་གམ།

    Reply
  38. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བྱང་ཆུབ་ཆོས་སྒྲོན་ནས་བོད་ཀྱི་མཛངས་མ་ཚོར་ལྟ་སྟངས།

    རིན་ཆེན་ཆོས་སྒྲོན་ཕར་བལྟས་ཚོད་ཀྱིས་ལོ་ཆེན་པོ་མཐོང་གི་འདུག གཟུགས་པོ་ཡག་པོ་མི་འདུག

    བསྟན་འཛིན་རྣམ་ཆོས་ཕར་བལྟས་པ་ཙམ་གྱིས་གཟུགས་པོ་འབྲིང་ཙམ་རེད། ཉམས་དོད་པོ་འདུག འགྲིག་འདུག

    བསྟན་འཛིན་ནོར་འཛོམ་ལ་ཕར་བལྟས་པ་མོ་རང་གི་ཁ་དེ་ནི་ཨན་རྗེ་ལེས་ནའི་ཁ་ཡི་བཟོ་ལྟ་འདྲ་བོ་འདུག དེ་མིན་ལྟ་ས་གང་ཡང་མི་འདུག

    དབྱངས་ཅན་མེ་ཏོག ཁྱེད་རང་གིས་ཆ་ཚང་འགྲིག་འདུག ཁྱེད་རང་ཐོབ་པར་རེ་བ་ཡོད། རེ་བ་གནང་བཞིན་བོད་མི་རིགས་ལ་ཕན་ཐོག་ཡོད་པའི་བུད་མེད་ཅིག་ཆགས་པར་རེ་བ་ཡོད། འདི་ནི་བྱང་ཆུབ་ཆོས་སྒྲོན་མོ་རང་གིས་སེམས་ནང་གི་སྐད་སྐུར་ངེས་ཡིན་པ་ལས། ང་རང་ལ་འགན་གང་ཡང་མེད།

    Reply
  39. འཕྲིན་ལས says:
    ལོ་ 15 སྔོན།

    སྙིང་རྗེ་བ་ཞིག་རེད།

    Reply
  40. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ཧཱུཾབཛྲཕཌ༔ ཧཱུཾབཛྲཕཌ༔ཧཱུཾབཛྲཕཌ༔ཧཱུཾབཛྲཕཌ༔ཧཱུཾབཛྲཕཌ༔
    ཧཱུཾབཛྲཕཌ༔ཧཱུཾབཛྲཕཌ༔ཧཱུཾབཛྲཕཌ༔་་་་་་ཧཱུཾབཛྲཕཌ༔་་་་་་་་་་་་་་་་་་་་་་་་་་་་

    Reply
  41. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    གྲྭ་གྲོགས་བོད་དང་སྨར་དྷཱིཿཟེར་བ་ཁྱོད་རྣམས་པ་ད་དུང་ཀླད་རྙིང་གི་ལྟ་བ་ཤན་མ་ཞུགས་རོགས།
    ད་ལྟ་དུས་རབས་ཉེར་གཅིག་པའི་ལྟ་བ་ལ་སློབ་སོྦྱངས་བྱས་ན་ལེགས། ཁྱོད་རྣམས་ཀྱི་སྔོན་མ་མཐོང་བ་ལ་བརྟེན་ནས་ད་ལྟ་དུས་རབས་གསར་པའི་ནང་ཤེས་བྱ་གསར་པ་འདྲ་མིན་མཐོང་སྐབས་ཁྱོད་ཚོ་ཡིད་ལ་འཐད་པོ་མེད་ན་རང་ཉིད་རྗེས་ལུས་ཡིན་པའི་རྟགས་མཚན་མངོན་གྱི་ཡོད།

    Reply
  42. བཙན་པོའི་བུ། says:
    ལོ་ 15 སྔོན།

    ༅༅།། མཛའ་ཞིང་དུང་ལ་བརྩེ་ཞིང་མཐུན་པའི་དྲ་གྲོགས་དཔྱོད་ལྡན་ལྷག་བསམ་ཅན་དག་ལ་ཞུ་དོན།
    ཚང་མས་མཁྱེན་གསལ་ལྟར་རང་རེའི་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་པའི་བོད་ཀྱི་མཛངས་མ་འགྲན་བསྡུར་ཞེས་པའི་ལེའུ་དེ། ཕྱི་ལོ་ ༢༠༠༣་ནས་བཟུང་། སྐུ་ཞབས་བློ་བཟང་དབང་རྒྱལ་མཆོག་གིས་ད་བར་ངར་བ་ཁྱད་བསད་ཀྱིས་མཚམས་མ་བཞག་པར་རྒྱུན་བསྐྱངས་ན་ཡང་། སྤྱི་ཚོགས་ནང་ལྟ་སྟངས་འདྲ་མིན་སྣ་ཚོགས་ཡོད་སྟབས་སྣེ་ཁྲིད་པ་བློ་དབང་རང་གི་དང་པོའི་དགོངས་གཞི་ལྟར་ལེགས་འགྲུབ་མ་བྱུང་བ་མ་ཟད། ད་དུང་གླེང་སློང་འདྲ་མིན་ཞིག་བྱུང་དང་འབྱུང་བཞིན་པ་དེ་རེད། སྤྱིའི་ཆ་ནས་བཤད་ན། མང་ཚོགས་ལ་ཡང་ཁག་མི་འདུག་སྟེ། རྒྱུ་མཚན་ནི། སྐུ་ཞབས་བློ་དབང་ལགས་ཀྱིས་དང་པོ་མཛངས་མ་འགྲན་བསྡུར་གྱི་མིང་ཐོག་ནས་ལས་འགུལ་འདི་གོ་བསྒྲིགས་བྱས་ཡོད་ཀྱང་། བྱེད་སྟངས་ཚང་མ་ཕྱི་གླིང་པ་དག་གིས་མཛེས་མ་འགྲན་བསྡུར་བྱེད་སྟངས་བྱས་ཏེ། གོང་གསལ་ལྟར་རྒྱན་གོས་མེད་པར་གཅེར་བུར་འགྲན་བསྡུར་བྱས་པ་སོགས་ཀྱིས། བོད་པ་ཚང་གིས་ཐུན་མོང་མ་ཡིན་པར་བསྡགས་པའི་ངོ་ཚ་ཁྲེལ་ཡོད་ཀྱི་རིག་གཞུང་དེ་རྦེད་དེ་སྣང་མེད་བྱས་ཡོད་པ་དང་། དེ་བཞིན་སྐུ་ཞབས་བློ་དབང་ལགས་ཀྱིས་ཀྱང་མིི་རིགས་འདིའི་གནས་བབ་ཁྱབ་བསྒྲགས་དང་ཕྱོགས་མཚུངས་རིག་གནས་ཀྱི་སྟོང་ཆ་གཅིག་ཁ་བསྐོང་འདུན་གྱིས་ལས་འགུལ་འདི་འགོ་བརྩམས་ཡོད་ཀྱང་། མང་ཚོགས་ཀྱིས་རྒྱབ་སྐྱོར་འདང་ངེས་པ་ཞིག་མ་ཐོབ་པར་བརྟེན། འདི་བཞིན་ད་དུང་སྤྱི་ཚོགས་ནང་གི་ནག་ཉེས་ཅན་གྱི་ལས་འགུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་པ་དེ་རེད། དེ་ལྟར་ན། རྗེས་ཕྱོགས་ང་ཚོ་སུ་ཞིག་ཡིན་རུང་། ཁ་ཙམ་གྱིས་སྐྱོན་བརྗོད་བྱས་པ་ཙམ་མ་ཡིན་པར། རྒྱུ་མཚན་དང་གནས་ལུགས་ཡོད་པ་གང་ཞིག་ལ། གང་བཤད་པ་དེ་ལྷག་བསམ་རྣམ་དག་གིས་ཕར་ཕྱོགས་དེར་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་བཤད་ཐུབ་པ་ཡིན་ན། མི་རིགས་ནང་ཐུལ་ལ་གཅིག་ཕན་གཅིག་གྲོགས་ཞེས་པའི་ཁ་གཡང་དེ་དོན་སྨིན་ཡོང་པར་ཕན་པ་དང་། དེ་བཞིན་ནང་ཁུལ་མཐུན་ལམ་གྱི་ཕྱོགས་ལ་ཡང་ཕན་པ་ཆེན་པོར་མཐོང་བས་ན། དྲ་གྲོགས་ལྷན་རྒྱས་ཀྱིས་བོད་ཀྱི་མཛངས་མ་འམ་མཛེས་མ་འགྲན་བསྡུར་གྱི་ལས་འགུལ་འདིའི་དགེ་ཕན་གྱི་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་ཟིན་བྲིས་དང་དགོངས་ཚུལ་ཡོད་པར་ཞུ།

    Reply
  43. བོད་ says:
    ལོ་ 15 སྔོན།

    ཨ་ཁ་ཁ་་་་དངོས་གནས་རིག་གཞུང་ཡར་རྒྱས་སུ་འགྲོ་ཡ་མང་དྲགས་མི་འདུག་གམ། བརྩད་བརྩད་པའི་བུད་མེད་ཀྱི་ཐོབ་ཐང་ནོར་གླིང་ནས་རྙེད་མི་འདུག་གམ། འདི་ལས་ལྷག་པའི་བུད་མེད་ཀྱི་ཐོབ་ཐང་ཞིག་ས་སྒང་འདིའི་ཐོག་ནས་རྙེད་རྒྱུ་འདུག་གམ།
    ལོ་རྗེས་མ་ཟླ་༦་ ནང་བོད་གཞུང་ཟློས་གར་ཚོགས་ནང་འཁྲིག་སྤྱོད་མགྲན་བསྡུར་ཡིན་ད་ཕེབས་ཤོག་ཨ། དེའི་རྗེས་མ་ལོར་གཟའ་ཚང་དང་མིང་སྲིང་བར་དམར་རྗེན་མའི་མགྲན་རྩོད་ཡིན་ད་ཚང་མས་བློ་བཟང་དབང་རྒྱལ་ལ་ཐོ་འགོད་གནང་རོགས།
    ༢༠༡༥ ལོར་མིང་སྲིང་དང་ཕ་མ་བུ་ཕྲུག་གི་བར་དགའ་རོགས་བསྒྲིག་ཡ་དང་ཆང་ས་རྒྱག་རྒྱུའི་འགོ་འཛུགས་རྒྱུ་རེད་དོ། སྔ་ས་ནས་གྲ་འགྲིག་གནང་རོགས།

    Reply
  44. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    བློས་གཏོང་ཆེན་པོ་??? No. This is just showed off the beauty of women to public. It’s nice. It’s right. It’s what human being naturally craving for.

    I always see younger ladies wearing clothes like this in the cities in Canada.

    Sorry for written in English.

    Reply
  45. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བུད་མེད་ཁ་ཤས་ཀྱིས་བོད་ཀྱི་མཛངས་མ་འདི་ཚོ་ལ་ལྟ་སྟངས།

    རིན་ཆེན་ཆོས་སྒྲོན་ལ་ཞུ་རྒྱུར།
    ལྷག་པ་སྒྲོལ་མས་གསུངས་པ་ལ། རྒྱག་དྲགས་འདུག རྗེས་ཕྱོགས་སྐམ་པོ་བཟོ་ཐུབ་པ་ཡིན་ན་ཡག་པོ་འདུག
    དབྱངས་སྐྱིད་ཀྱིས་གསུངས། དཔུང་བའི་སྒང་གི་རི་མོ་ཡག་པོ་མི་འདུག དེ་ནི་གཟུགས་པོ་འཕྲོ་བརླག་དུ་སོང་བ་རེད་ཟེར་ཆོག་གི་རེད་འདོད། དེ་ཡིན་དུས་བོད་ཀྱི་མཛངས་མ་ཞིག་གི་ལུས་སྟེང་དུ་དེ་འདྲ་ཡོད་ན་མི་བཟང་ཟེར།

    བསྟན་འཛིན་རྣམ་ཆོས་ལ་ཞུ་རྒྱུར།

    ལྷག་པ་སྒྲོལ་མ་ནས། གཟུགས་པོ་ཡག་པོ་འདུག
    དབྱངས་སྐྱིད་ཀྱིས། ཚང་མས་ནང་གི་ཡག་ཤོས་སུ་མཐོང་།

    བསྟན་འཛིན་ནོར་འཛོམ་ལ་ཞུ་རྒྱུར།
    ལྷག་པ་སྒྲོལ་མ་ནས། མཛེས་མ་ཨོ་ཙུ་འདུག ཚང་མ་ཡག་པོ་འདུག
    དབྱངས་སྐྱིད་ཀྱིས། སྐྲ་དང་གཟུགས་པོའི་བཟོ་ལྟ་ཁ་སོགས་ཆགས་སྙམ་དོད་པོ་འདུག

    དབྱངས་སྐྱིད་མེ་ཏོག་ལ་ཞུ་རྒྱུར།
    ལྷག་པ་སྒྲོལ་མ་དང་དབྱངས་སྐྱིད་གཉིས་ཀྱིས། གདོང་པ་སྙིང་རྗེ་བོ་འདུག གཟུགས་པོ་རིང་ཚད་ཅུང་ཐུང་དྲགས་འདུག དེ་མིན་ཚང་མ་ཡག་པོའདུག

    འདང་ནུབ་ང་ཚོ་གུང་གསེང་དང་བསྟུན་ནས་བོད་པའི་བུད་མེད་ཁ་ཤས་དང་བོད་རིགས་གྲོགས་པོ་ཕོ་གསར་ཁ་ཤས་ཤིག་ལྷན་དུ་འཛོམ་པ་ཡིན། ཞོགས་པ་དྲ་རྒྱ་སྒོ་ཕྱེ་དུས་སུ་བོད་ཀྱི་མཛངས་མའི་འདྲ་དཔར་འདི་དག་མཐོང་ནས་ཁོ་མོ་གཉིས་ཀྱིས་བུད་མེད་དག་གི་ཚབ་དུ་སྐད་ཆ་འདི་དག་གསུང་འདོད་ཡོད་པ་ལྟར་ངས་ཐད་ཀར་ཡིག་ཐོག་དུ་ཕབ་པ་ཡིན།

    Reply
  46. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་བཟང་སྤྱོད་དང་ཡོངས་སུ་འགལ་བའི་ལས་འགུལ་འདི་དང་བེུད་ཚོས་བྱེད་སྟངས་འདི་ལ་ལྟོས་དང་།

    Reply
  47. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    ཀྱེ་མ་ཀྱི་ཧུད་ཁྱོད་ཀྱིས་ལྟོས་དང༌། ཁྲག་གི་དྭངས་མ།…..མི་ཤ་…..གཡག་ཤ ……ར་ཤ་……ལུག་ཤ་……སྐུ་ཤ་…..ཉྭ་ཤ་…..གླང་ཤ་…….ཁྱི་ཤ་……ཤ་ཚོན་པོ་…ཤ་སྣག་…ཤ་རྒྱགས་པ་…….ཤ་སྦྱགས་པ་……ཤ་ཡི་ཕུང་པོ་ཆེ།……སྣག་ཁྲག་གི་ཕུང་པོ་ངོམ་འཕྱར་…….སྙིང་རྩ་འདར་ཞིང་ཤ་ཚན་འཕྲིག་པ་ཞིག་འདུག་གོ། ང་ཚོ་བོད་མི་རིགས་ཀྱི་མཛངས་མ་ཚོ་དེ་འདྲ་ཞིག་ཨེ་ཡིན་ནམ་????????????????????????????????????????????????????????????????????????????????????????????????????????????????????????????

    Reply
  48. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དཔེ་ཡག་པོ་འདུག བསྟན་འདུག་ཡོད་ཚད་བསྟན་འདུག དངུལ་དང་མིང་གི་ཆེད་དུ་ཡོད་ཚད་བསྟན་འདུག བུ་མོ་ཞིག་ལ་མཚོན་ན་བློས་གཏོང་ཆེན་པོ་བྱས་འདུག

    Reply
  49. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    དྲ་འབུའི་དཀའ་ངལ་འདུག་གམ ང་ལ་འབྲེལ་བ་གནང་རོགས།
    https://tibettimes.net/wordpress/blogs.php?id=40&post_id=9587

    Reply
  50. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    དབྱངས་ཅན་མེ་ཏོག་བཞིན་དུ་མཚར། བདག་མིག་བུང་བ་ཡུད་ཙམ་ཧད་དེ་ལྷག
    ལོ་ངོ་དུ་མར་རི་བོའི་ངོས་གཅིག་ཏུ། འཚོ་ཡང་ད་བར་མ་མཐོང་བདག་ཡིད་སྐྱོ།

    ཧ ཧ ཧ ཧ ཧ ཧ དཔེ་མཛེས་མ་འདུག མཛངས་མ་ཡིན་མིན་ཤེས་མོད། ཁྱེད་རང་ཚོ་ཚང་མ་མཛེས་པོ་འདུག་གོ

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese