མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་གསུམ་ལ་ཉེས་རྡུང་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

ན་གཞོན་རྩོམ་པ་པོ་སྒོ་ཡོན་དང་། ཧོར་དགེ་འདུན་བཟང་པོ། ཤེས་རབ་གསུམ་རྒྱའི་ཉེན་རྟོག་པས་གློ་བུར་འཛིན་བཟུང་གིས་འདྲི་གཅོད་དང་རྡུང་རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་ད་ལྟ་སྨན་ཁང་དུ་ཉལ་དགོས་པ་བཟོས་ཡོད་འདུག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་འདུག

འདི་གར་བཏང་བའི་གནས་ཚུལ་ལྟར་ན། བོད་ནས་འབྲེལ་ཡོད་ཀྱི་ཁ་པར་རྒྱུད་ནས་གནས་ཚུལ་ངོ་སྤྲོད་གནང་དོན། སྤྱི་ཟླ་ ༦ ཚེས་ ༥ ཡི་དགོང་མོའི་དུས་ཚོད་ ༡༡ དང་ ༡༢ ཡས་མས་སུ། ཁམས་ཕྱོགས་ཀྱི་ན་གཞོན་རྩོམ་པ་པོ་སྒོ་ཡོན་དང་ཐུར་རམ་དགེ་འདུན་བཟང་པོ། ཁོང་གཉིས་ཀྱི་སློབ་གྲོགས་གསེར་རྟ་ཤེས་རབ་གསུམ་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མི་སྡོད་སྒར་ཁྲོམ་གྱི་བྱང་གི་སྲང་ལམ་ཞིག་ཏུ་དགོང་ཟས་ཤིག་ཟ་རུ་འགྲོ་སྐབས། གློ་བུར་དུ་ཉེན་རྟོག་པའི་རླངས་འཁོར་གཅིག་དང་རླངས་འཁོར་གཞན་འགའ་ཡི་ནང་ནས་དྲག་ཆས་སྤྲས་མེད་པའི་ཉེན་རྟོག་པ་བཅོ་ལྔ་ཡས་མས་ཤིག་བབས་ནས་ཁོང་གསུམ་རུབ་སྟེ། ཁོང་ཚོའི་ལུས་སྟེང་དུ་སྦྲིད་རྫས་ཤིག་གཏོར་རྗེས་ལྕགས་དབྱུག་སོགས་ཀྱིས་མགོ་དང་རྐང་པ་ལ་གང་བྱུང་གཞུས་ནས་དྲན་པ་འཐོར་རྗེས་རླངས་འཁོར་ནང་བཅུག་ནས་ཁྲིམས་ལས་ཁང་ཞིག་ཏུ་ཁྱེར་ཞིང༌། དེ་ནས་རྐང་ལག་བསྡམས་ནས་ཆབ་སྲིད་ཀྱི་ལས་ཀ་ཅི་ཞིག་བྱས་ཡོད་པ་སོགས་ཀྱི་ཚ་འདྲི་དང་གློག་རྒྱུག་སོགས་ལག་ཆ་འདྲ་མིན་གྱིས་རྡུང་རྡེག་ཚད་མེད་བཏང་བར་མ་ཟད།གཟུགས་པོ་དང་ཁུག་མ། ཁ་པར་དང་པར་ཆས་སོགས་བསྔོག་བཤེར་ཡང་བྱས་འདུག ད་དུང་མེ་མདའ་ཐོད་པར་བཙུགས་ཏེ་དྲང་པོར་མ་བཤད་ན་ད་ལྟ་ཉིད་དུ་འདི་ནས་གསོད་ངེས་ཡིན་ལུགས་ཀྱི་འཇིགས་སྐུལ་ཡང་བྱས་འདུག ཁོང་ཚོས་རང་ཉིད་འཇུ་བཟུང་དགོས་དོན་ཅི་ཡིན་མིན་ཉེན་རྟོག་མི་སྣར་ཕར་དྲིས་དུས་སྔར་ལས་ཆེ་བའི་གཅར་རྡུང་བྱེད་པ་ལས་གསལ་བཤད་ཅི་ཡང་བྱས་མི་འདུག

ཁོང་གསུམ་ལ་ཚ་འདྲི་དང་རྡུང་རྡེག ཁུག་མ་དང་དཔར་ཆས་སོགས་བསྔོགས་གཤེར་བྱས་པ་ལས་ཁྲིམས་ཀྱི་ནག་ཉེས་འཕོག་པའི་གནད་དོན་གང་ཡང་མ་རག་སྟབས། འདྲ་པར་ཁ་ཤས་སྒྲོན་ནས་ཐོབ་ཐང་དཔང་ཡིག་གི་ཨང་གྲངས་མཉམ་དུ་དྲ་ལམ་ཞིག་ཏུ་ཉར་ཚགས་བྱས་ཏེ་སྔ་དྲོའི་དུས་ཚོད་ ༨ ཡས་མས་སུ་གློད་གྲོལ་བཏང་འདུག འགྲོ་ཁར་ད་དུང་དུས་ཚོད་ངེས་མེད་ཐོག་འཛིན་བཟུང་བྱ་ཆོག་ཆོག་ཡིན་པའི་ཉེན་བརྡ་ཡང་བཏང་འདུག

ཕྱི་ཚེས་ ༡༠ ཉིན་ཧྥ་རན་སིར་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འདས་པའི་ཟླ་ངོ་འདི་དག་གི་རིང་རྒྱ་ནག་གཞུང་གིས་བོད་རིགས་རྩོམ་པ་པོ་དང་། གསར་འགོད་པ་རྣམས་ལ་བཀག་ཉར་དང་དྲག་རྡུང་བྱེད་པའི་དོན་རྐྱེན་ཚབས་ཆེན་གཉིས་བཟོ་བཞིན་པའི་ཐད་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཅེས་བཤད་ཡོད་པ་རེད།

མཐུན་ཚོགས་འདིས་སྒོ་ཡོན་སོགས་རྩོམ་པ་པོ་གསུམ་ལ་ཉེས་རྡུང་བཏང་བའི་སྐོར་དང་། ཕྱི་ཟླ་ལྔ་བའི་ཚེས་ ༢༤ ཉིན་རྔ་བ་ནས་འབྲོག་རུ་ཚུལ་ཁྲིམས་འཛིན་བཟུང་བྱས་པ་བཅས་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

རྩོམ་པ་པོ་སྒོ་ཡོན་ནི་བྲག་འགོ་སྒོ་ཆེན་དགོན་པའི་གྲྭ་བ་དང་གངས་གཞོན་སྨྱུག་ཚོགས་ཀྱི་ཚོགས་མི། «བོད་»ལོ་དེབ་དང«སྤུར་རྒྱལ་གྱི་རྣམ་ཤེས»ལོ་དེབ་གཉིས་ཀྱི་རྩོམ་སྒྲིག་པ་ཡིན་འདུག་ལ། རྩོམ་པ་པོ་ཐུར་རམ་ཧོར་དགེ་འདུན་བཟངཔོ་ནི་བྲག་འགོ་ནས་ཡིན་་པ་དང་རང་དབང་རྩོམ་པ་པོ་ཞིག་ཡིན་འདུག རྩོམ་པ་པོ་ཤེས་རབ་ནི་གསེར་རྟ་ནས་ཡིན་འདུག་པ་དང་།ཁོང་གསུམ་ཀ་ཁམས་གསེར་རྟ་བླ་རོང་དགོན་པ་ནས་སློབ་སྦྱོང་བྱས་ཤིང་། ད་ལྟར་ཁྲིན་ཏུ་རུ་རྒྱ་ཡིག་ལ་སློབ་གཉེར་བྱེད་བཞིན་ཡོད་འདུག

གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ་ཡིན།

འབྲེལ་ཡོད་གསར་འགྱུར།

Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨

མཆན། 9

  1. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    འུ་ཚང་གི་རྩོམ་པ་པོ་འདི་ཚོར་རིན་ཐང་ཞིག་མེད་ན། ནག་ཉེ་ཅི་ཡང་མེད་པའི་ཁོར་ཡུག་ཅིག་ཏུ་འཚོ་བ་སྐྱེལ་གྱིན་སྣང་ཡང་། གནས་ཚུལ་འདིས་ཁོང་ཚོས་གནང་བའི་མི་རིགས་ཀྱི་བྱ་བ་དང་ཁོང་ཚོར་ཡོད་པའི་རླབས་ཆེན་གྱི་གཟི་བྱིན་ལ་རྒྱའི་ཕྱོགས་ནས་ཕྲག་དོག་པའམ་སྙིང་ཁ་ཡི་ཡོད་པས་རེད། ཕྱོགས་གང་ནས་བལྟས་ཀྱང་བོད་པ་ཚང་གི་ཕོ་རྒོད་འདི་ཚོར་གུང་ཁྲན་གྱིས་ཇི་ཙམ་གནོན་ཡང་འོད་ནམ་མཁའ་ནས་འཕྲོས་ཡོང་ལ། བོད་ཕྱོགས་ནས་ཀྱང་ངར་རྒོད་དང་སེམས་ཤུགས་མེ་ལྟར་འབར་ནས་ཡོང་དུས་རྒྱས་ཉི་ཤར་སྦར་མོས་ཁེབ་ཐུབ་ཀྱི་མ་རེད། རེམས་རེམས་རེམས་རེམས་རེམས་་་་་་་་་

    Reply
  2. རང་རྟོན། says:
    ལོ་ 16 སྔོན།

    ངོ་མ་དམར་པོའི་གཞུང་གིས་འདུག་གི་མ་བཅུག་ནི་རེད་གོ།
    འུ་ཚང་གི་ཆེས་མཐོ་དང་ཆེས་ཡག་གི་མི་བུ་ཚོ་མེད་པར་བཏང་དང་ན་ད་འུ་ཚང་ནི་བེམ་པོ་ལྟ་བུར་གྱུར་སོང་ནི་རེད་ཡ།ཨ་་་་་་ཤུ་རེ་ཁོ་་་་་་་་་་་་་་་་་་་

    Reply
  3. གནམ་ལྕགས། says:
    ལོ་ 16 སྔོན།

    ཨ་ཨ་ཨ། ད་ང་ཚོའི་བོད་ལ་ཅི་ཡོད་གང་ཡོད་ཚང་མ་རེ་རེ་བྱས་ནས་ཚར་གཅོད་བྱེད་མགོ་བརྩམས་འདུག་གཱ ང་སྒོ་ཡོན་གྱིོས་བྲིས་པའི་ནུབ་བྱང་མི་རིགས་སློབ་གྲྭའི་མཐོང་ཐོས་བཀླགས་ནས་ཁོང་གི་རྩོམ་གཤིས་ལ་ཧ་ཅང་དགའ་མཁན་ཞིག་ཡིན། དུས་དེ་ནས་ངས་སྒོ་ཡོན་ཞེས་པའི་རྩོམ་པ་པོ་ཁོང་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད།

    Reply
  4. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    མི་ནག་ཚང་ལགས
    ཁོང་གསུམ་ལ་ནག་ཉེས་བཀལ་རྒྱུ་ཅི་ཡང་རག་མི་འདུག འོན་ཀྱང་མི་སྤྱོད་ལས་འདས་པའི་རྡུང་རྡེག་བཏང་འདུག
    དེང་སང་བོད་ན་ཡོད་པའི་རྩོམ་པ་པོ་ཡོད་ཚད་ལ་འདི་ལྟ་བུའི་འཇིགས་སྐུལ་དང་རྡུང་རྡེག་རག་གིན་འདུག་ཟེར་གྱིན་འདུག

    Reply
  5. རྐང་གསུམ། says:
    ལོ་ 16 སྔོན།

    ང་ཚོ་འདི་ལྟར་ཁོང་ཚང་གིས་རྩ་མེད་བཟོ་བཞིན་ཡོད་རེད། རྩོམ་པ་པོ་ཚོ་་་་་་རྩོམ་པ་པོ་ཚོ་་་་་་རྩོམ་པ་པོ་ཚོ་་་་་་

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དགྲ་དམར་པོས་བཙན་མནན་བྱས་པ་བཞིན།
    ཤི་མྱ་བའི་ཡུལ་ན་ཨེ་ཡོད་དམ།
    རྒྱ་ནག་པོས་བོད་མི་རྡུང་བ་བཞིན་།
    ལུས་དུར་འགྲོ་ལེན་ཀྱང་ཨེ་ཡོད་དམ།

    རྒྱ་ནག་པོའི་རྩ་ཁྲིམས་འདི་ཡི་འོག
    མི་མ་ཤི་མྱ་བ་མྱོང་བཞིན་ཡོད།
    དགྲ་དམར་པོའི་ཁྲིམས་ཁང་འདི་ཡི་ནང།
    བོད་ཉེས་མེད་སྲོག་ཁྲིམས་གཅོད་བཞིན་ཡོད།

    ཤ་ཚ་བཞིན་ཨེ་ཡོད་བཀའ་བློན་ཚོ།
    སྙིང་རྗེ་བཞིན་ཨེ་ཡོད་སྤྱི་འཐུས་ཚོ།
    དགྲ་དམར་པོའི་ངོ་སྲུང་བྱེད་བཞིན་དུ།
    མུ་མཐུད་ནས་འདུག་རྒྱུ་ཡིན་ནམ་ཅི།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བོད་ནང་གི་རྩོམ་པ་པོ་དང་གཞས་པ། དགེ་རྒན། ཚོང་པ། ལས་བྱེད། ཐ་ན་བོད་རིགས་དམར་ཤོག་པ་ཚོ་བཅས་ནི་ད་སྐབས་རྒྱ་ནག་གཞུང་གིས་དམིགས་འབེན་དུ་བཟུང་འདུག

    སྔོན་ཆད། བོད་ཕྱི་ཕྱོགས་ནི་དྲག་པོ་དང་ཉེན་ཁ་ཆེན་པོ་ཡིན་པ་དང་། བོད་ནང་ནི་འཇམ་པོ་དང་མཐུན་པོ་ཡིན་པའི་ལྟ་ཚུལ་ཞིག་རྒྱ་ནག་གཞུང་གིས་བཟུང་ཡོད་ཀྱང་། ད་ནི། བོད་ཕྱི་ཕྱོགས་ནི་ཞི་བ་དང་འཇམ་པོ་ཡིན་ལ། བོད་ནང་ནི་དྲག་པོ་དང་ཉེན་ཁ་ངོ་མ་དེ་ཡིན་པའི་ལྟ་ཚུལ་ཞིག་གང་མགྱོགས་མགྱོགས་ཀྱིས་ཡོང་རྒྱུ་ཡིན་པ་འདྲ།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཉེན་རྟོག་པ་ཚོས། བོད་མི་འདི་དག་གིས་ཉེས་པ་བསགས་པའི་ཁུངས་སྣེ་ཅི་ཡང་རྙེད་མི་འདུག

    ང་ཚོས་ཕྱིར་གང་རྙེད་པ་ནི། རྒྱ་ནག་གཞུང་གིས་བོད་རིགས་ཚོའི་སེམས་ལ་སྙིང་ནད་གསོག་གིན་འདུག སྙིང་ནད་ཆེན་པོ་ཞིག་བསགས་རྗེས་སྙིང་ནད་དེ་རྣག་ཁྲག་བརྡོལ་བ་ལྟར་ཡོང་གི་རེད། དེ་དུས་བོད་རྒྱ་གཉིས་མུ་མཐུད་ནས་འཐབ་དགོས་པ་འདྲ།

    Reply
  9. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    བཀའ་དྲིན་ཆེ།གསར་འགྱུར་དེ་དྲ་ཐོག་ན་བཀོད་པ་བཀའ་དྲིན་ཆེ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese