མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དྲ་རྒྱའི་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་གསར་པ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་ནག་གིས་དྲ་རྒྱའི་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་གསར་ཀྲུང་གོའི་མཉམ་འབྲེལ་དྲ་བའི་གནས་ཚུལ་ཞེས་པ་འགྲེམས་སྤེལ་བྱས་ཏེ། དྲ་བ་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་།དུས་རབས་ ༢༠ པའི་ཚན་རྩལ་གསར་གཏོད་ཆེ་ཤོས།དེང་རབས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔོན་ཐོན་ཅན་གྱི་མཚོན་རྟགས་གལ་ཆེན་བཅས་ཡིན་ཟེར།
 
ཟླ་འདིའི་ཚེས་༨ཉིན་རྒྱ་ནག་གིས་ཀྲུང་གོའི་མཉམ་འབྲེལ་དྲ་བའི་གནས་ཚུལ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་ལ།ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱིས་དེའི་སྐོར་ལ་གནས་ཚུལ་སྤེལ་དོན། མཉམ་འབྲེལ་དྲ་བ་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། དུས་རབས་ ༢༠ པའི་ཚན་རྩལ་གསར་གཏོད་ཆེ་ཤོས། དེང་རབས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔོན་ཐོན་ཅན་གྱི་མཚོན་རྟགས་གལ་ཆེན་བཅས་ཡིན་ཞིང་།དེས་འཛམ་གླིང་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་དང་། སྤྱི་ཚོགས་བཅས་ཀྱི་འཕེལ་རྒྱས་ཐད་ཤུགས་རྐྱེན་གཏིང་ཟབ་འཇོག་བཞིན་ཡོད་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཆ་འཕྲིན་ཁྱབ་སྤེལ་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཅེས་དང་།
 
ཕྱི་ཟླ་ ༦ ཚེས་ ༨ ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཀྲུང་གོའི་མཉམ་འབྲེལ་དྲ་བའི་གནས་ཚུལ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་ཤིང་། དེབ་དེའི་ནང་ཀྲུང་གོའི་སྲིད་གཞུང་གིས་མཉམ་འབྲེལ་དྲ་བས་རྒྱལ་དམངས་དཔལ་འབྱོར་གྱི་འཕེལ་རྒྱས་དང་། ཚན་རིག་ལག་རྩལ་ལ་སྐུལ་འདེད། སྤྱི་ཚོགས་ཀྱི་ཞབས་ཞུ་ཆ་འཕྲིན་ཅན་དུ་བསྒྱུར་བ་བཅས་ཀྱི་ཐད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད་པའི་སྐོར་ལ་ངོས་ཟིན་གང་ལེགས་བྱུང་ཡོད་པར་མ་ཟད། མཉམ་འབྲེལ་དྲ་བ་བཀོལ་སྤྱོད་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་དང་གཙིགས་མཐོང་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་བསྟན་ཡོད་ཟེར།
 
རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོའི་སྲིད་གཞུང་གི་མཉམ་འབྲེལ་དྲ་བའི་སྐོར་གྱི་སྲིད་ཇུས་དང་འབྲེལ་ཡོད་གནད་དོན་གྱི་གཞི་རྩའི་ལྟ་བ་གསལ་བཤད་དང་། ཀྲུང་གོའི་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་རྒྱལ་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་དང་དོ་དམ་གྱི་གནས་ཚུལ་དངོས་ཤེས་རྟོགས་ཡོང་ཆེད་རེད།
 
རྒྱབ་ཤ་དཀར་པོའི་དེབ་དེའི་མགོ་བརྗོད་དང་། མཉམ་འབྲེལ་དྲ་བའི་འཕེལ་རྒྱས་དང་ཁྱབ་བརྡལ་ལ་སྐུལ་འདེད། མཉམ་འབྲེལ་དྲ་བ་རྒྱ་ཁྱབ་ངང་བེད་སྤྱོད་གཏོང་བར་སྐུལ་འདེད། སྤྱི་དམངས་ཀྱི་མཉམ་འབྲེལ་དྲ་བའི་སྨྲ་བརྗོད་རང་དབང་ལ་འགན་སྲུང་། མཉམ་འབྲེལ་དྲ་བ་དོ་དམ་བྱེད་པའི་རྩ་དོན་དང་ལག་ལེན། དྲ་བའི་བདེ་འཇགས་སྲུང་སྐྱོབ། རྒྱལ་སྤྱིའི་བར་བརྗེ་རེས་དང་མཉམ་ལས་ཧུར་ཐག་བྱས་ཚུལ། མཇུག་བསྡུ་བའི་གཏམ་བཅས་ཁག་འགའ་ཚུད་ཡོད་ལ། ཡིག་འབྲུ་ ༡༣༠༠༠ ཙམ་ཡོད་འདུག
 
ཡིན་ནའང་། ད་ལོའི་ཟླ་ ༡ ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གི་གནས་འཕྲིན་དྲ་བའི་འགོག་སྲུང་མ་ལག་ GFW ལས་བཟོ་བ་ཞིག་གིས་གསར་ལམ་ཁག་ཏུ་གནས་ཚུལ་བརྗོད་དོན། རྒྱ་ནག་གཞུང་གིས་ GFW མ་ལག་གཙོས་པའི་དྲ་བ་སྟངས་འཛིན་གྱི་ལག་རྩལ་སྔར་ལས་གཙིགས་སུ་འཛིན་བཞིན་ཡོད་པ་དང་། རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཉེ་སྔོན་ GFW མ་ལག་གཙོ་སྒྲུབ་ལྟེ་གནས་སུ་རྟོག་ཞིབ་བྱེད་དུ་ཡོང་སྟེ། མ་འོངས་པར་ GFW མ་ལག་སྤྱད་དེ་རྒྱ་ནག་གཞུང་གིས་དྲ་བར་སྟངས་འཛིན་བྱེད་པའི་ལག་རྩལ་ཚད་ངེས་ཅན་དུ་སླེབས་སུ་འཇུག་དགོས་པའི་སྐོར་བརྗོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད།
 
གནས་ཚུལ་དེས་གསལ་འགྲེལ་བྱེད་ཐུབ་པ་ནི་རྒྱ་ནག་གིས་གསར་དུ་འགྲེམས་སྤེལ་བྱས་པའི་རྒྱབ་ཤ་དཀར་པོའི་དེབ་དེ་ཡང་། རྒྱ་ནག་དམར་ཤོག་ཚོགས་ཁག་གི་ཆབ་སྲིད་སྲིད་ཇུས་ཐད་ཀྱི་ངོ་གདོང་གཅིག་པུ་ཙམ་ལས། རྒྱ་ནག་གི་དྲ་རྒྱ་སྔོག་མཁན་གྱི་དྲ་དམངས་དཀྱུས་མ་ཚོའི་བསམ་འདུན་ངོ་མ་མིན་པ་དེ་རེད།
 
དེའི་སྟེང་དུ་ད་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་ཕྱོགས་ནས་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་སྔོག་བཤེར། གསང་མྱུལ། ལྟ་རྟོག་འཕྲུལ་ཆས་རིགས་འཛུགས་ཀྱིན་ཡོད་པར་བརྟེན། སྤྱི་འབངས་ཀྱི་བརྡ་འཕྲིན་བེད་སྤྱོད་ཀྱི་རང་དབང་ལ་ཕོག་ཐུག་ཆེན་པོ་གཏོང་གིན་ཡོད་པ་མ་ཟད། གྷོ་གྷལ་དང་དྲ་འབྲེལ་བརྒྱུད་ལམ་ཁག་ནས་ནག་ཉེས་བསགས་པའི་མ་ཉེས་ཁག་གཡོགས་བྱས་ཏེ། དྲ་དམངས་ཚོར་རྡུང་རྡེག་ཕོག་གིན་ཡོད་ཐོག རྒྱ་ཡིག་ཐོག་ཡོད་པའི་རྒྱལ་ནང་གྷོ་གྷལ་དྲ་རྒྱར་ཡང་སྟངས་འཛིན་བྱས་ཏེ། གྷོ་གྷལ་དྲ་རྒྱ་རྒྱ་ནག་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད།
 
ཡང་འདི་ལོའི་ཟླ་ ༣ ཚེས་ ༡༢ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་དྲ་རྒྱ་ཞིབ་བཤེར་ལ་རྒོལ་བའི་འཛམ་གླིང་གི་ཉིན་མོ་སྲུང་གཙི་བྱས་པ་དང་། དྲ་རྒྱའི་དགྲ་བོའི་མིང་གཞུང་གསར་ཤོས་དེ་ཁྱབ་བསྒྲགས་བྱས་ཡོད། མིང་གཞུང་དེའི་ཁྲོད་ནས་མཛུབ་མོ་ཀེར་སའི་དགྲ་བོ་རྣམས་ནི་ཨི་རན་དང་རྒྱ་ནག སུ་ཌེ་ཨ་རབ། ཝེ་ཐུ་ནམ། ཊུ་ནེ་ཤི་ཡ་སོགས་ཡིན་ལ། རྒྱ་ནག་དང་ཨི་རན་ནི་དྲ་རྒྱའི་རང་དབང་གི་ཕྱོགས་ལ་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་འདུག

ཅི་ལྟ་བུ་ཞིག་ལ་དྲ་རྒྱའི་དགྲ་བོ་ཟེར་རམ་ཅེ་ན། སྐབས་འདིའི་དྲ་རྒྱའི་དགྲ་བོ་ཡི་མཚན་ཉིད་འཇོག་པར་རྒྱུ་རྐྱེན་གཉིས་ཡོད་དེ། དང་པོ། འདས་པའི་ལོ་གཅིག་གི་རིང་དྲ་སེར་ (Netizen) འཇུས་པའི་གྲངས་ཚད་དང་། སྡིགས་ར་དང་འཇིགས་སྐུལ་བྱེད་པ་སོགས་ལ་ཟེར། ད་སྐབས་དྲ་ཐོག་ནས་ལས་འགུལ་སྤེལ་བའི་ཉེས་མིང་འོག་མི་ ༡༠༠ ལྷག་བཙོན་ཁང་དུ་ཡོད། ད་ལྟའི་ཆར་དྲ་ངོས་ནས་ནག་ཉེས་ཕོག་སྟེ་འཇུག་སའི་བཙོན་ཁང་ཆེ་ཤོས་ནི་རྒྱ་ནག་ཡིན་ལ། དྲ་ཐོག་ནས་འཇུས་པའི་བཙོན་པ་ ༧༢ ཡོད། རྒྱ་ནག་གིས་དྲ་ལམ་གྱི་ནག་ཉེས་འགེལ་ས་གཙོ་བོ་ནི་རྒྱལ་ཁབ་ཀྱི་གསང་བ་ཕྱི་རྒྱལ་ལ་བཏང་བ་དེ་ཡིན།

གཉིས་པ། གཞུང་ངོས་ནས་དྲ་ངོས་ལ་ཞིབ་བཤེར་བྱེད་པ་དང་བརྒྱུད་ལམ་འགོག་པ་བཅས་ཡིན། ཨི་རན་ལ་མཚོན་ན་དྲ་ཤོག་ས་ཡ་མང་པོར་ཞིབ་བཤེར་བྱེད་ཀྱིན་པ་དང་། དྲ་ལམ་ཇེ་དལ་དུ་བཏང་སྟེ་གནས་ཚུལ་རག་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་ཡོད། གནད་དོན་འདི་ནི་ལྷག་པར་དུ་ལོ་སྔོན་མའི་ཨི་རན་འོས་བསྡུ་ཆེན་མོའི་ངོ་རྒོལ་གྱི་སྐབས་ནས་བྱུང་ཡོད།

གསར་འགོད་པ།ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 2

  1. སྐྱ་ཀ says:
    ལོ་ 16 སྔོན།

    མགོ་བོ་དགྱེ་མ་བཅུག་པའི་རྒྱུག་པག་ཀླེགས་བརྡུང་ཤིག་གི་ལས་འགུལ་དྲ་ཐོག་ན་སླར་ཡང་འགོ་གཙུགས་སོང་བཙན་གནོད་འོག་གི་མི་རིགས་འདི་ཚོར་ནམ་ཞིག་གི་དུས་རང་དབང་གི་ཉི་འོད་མཐོང་ཐུབ།

    Reply
  2. གནམ་ལྕགས། says:
    ལོ་ 16 སྔོན།

    རང་རེ་ལའང་དྲ་ཐོག་ཉེན་རྟོག་པ་ཞིག་ཡོད་ན་བཟང་བ་ལ། གསང་བ་ཕྱིར་བསྒྲགས་བྱེད་རྒྱུ་མེད་ན་ཡང་། ནང་ཁུལ་དབྱེན་དཀྲུགས་དང་ཆིག་སྒྲིལ་གཏོར་མཁན་ལ་ཆད་པ་ཞིག་བཅད་ན་ཡག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese