དེ་རིང་ཉིན་གུང་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོའི་རི་བོ་ཞིག་ཉིལ་ཏེ། ཉུང་མཐར་མི་ ༢༣ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་ ༧ ལ་རྨས་སྐྱོན་ཕོག་ཡོད་ཅིང་། གཞན་མི་ ༦ ཙམ་བོར་བརླག་ཏུ་ཕྱིན་ཡོད་འདུག རྨས་སྐྱོན་ཕོག་ཡོད་པའི་ཁྲོད་གྱི་མི་ ༣ གྱི་རྨས་སྐྱོན་ཧ་ཅང་ཚབས་ཆེན་ཆགས་ཡོད་འདུག་ལ། དོན་རྐྱེན་དེ་བྱུང་རྗེས་ས་གནས་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིབ་འཇུག་དང་མྱུར་སྐྱོབ་ཀྱི་ལས་དོན་སྒྲུབ་ཀྱིན་ཡོད་འདུག ད་ཆར་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་གནས་ཚུལ་དང་། དོན་རྐྱེན་དེའི་གྱོང་གུད་ཀྱི་གནས་བབ་སོགས་ཞིབ་ཕྲ་གང་ཡང་མི་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
འདི་ཡང་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། དེ་འདྲ་ཡིན་དུསང་ཚོས་གདུང་སེམས་མཉམ་བསྐྱེད་བྱེད་དགོས་སྙམ། ཨོྃ་མ་ཎི་པདྨེཧཱུྃ།
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱི།།
རྒྱུ་ལས་གཡར་བོ་འཇིག་ལ་ཐུག་པའི་ཚེ།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
ཨ་ོརྒྱན་རིན་པོ་ཆེ་ཡིས་སྐྱབས་དུ་གསོལ།།
དོན་རྐྱེན་དང་གྱོང་གུད་ལ་མྱུར་སྐྱོབ་དང་རོགས་རམ་གཞུང་དམངས་གཉིས་ཀ་ནས་གང་ནུས་བྱུང་རེ་ཡོད།
བོད་པ་ཚོའི་སྡུག་བསྔལ་ཅི་ཡིན་ནམ་སུ་ལ་བཅོལ་དགོས་སམ།
སྐྱེ་མདོ་ནས་ས་གཡོས། དར་མདོ་ནས་རི་ཉིལ། དཀོན་མཆོག་མཁྱེན། ལས་རྒྱུ་འབྲས་ལ་མིག་མི་འདུག གསོན་པོ་རྣམས་སེམས་ཤུགས་མ་ཆགས། མདུན་ལམ་ལ་བསྒྲིལ། ཤི་བོ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོས་ལམ་སྣ་དྲོངས། ཨོཾ་མ་ཎི་པདྨེ་ཧཱུཾ
རི་བོ་ཉིལ་སའི་ཉེས་སར་གྲོང་སྡེ་དེ་འདྲ་ཡོད་ན་རྐྱེན་འདས་སུ་བྱིན་པ༢༣ལས་མང་བ་ཤེས་ཐུབ། པར་དེའི་འགྲམ་ན་ཁང་སྣེ་ཞིག་མཐོང་བས་ཧ་ལམ་དེར་གྲོང་སྡེ་ཆུང་ཆུང་ཞིག་ཡོད་པ་འདྲ་གང་ལྟར་ད་ལོའི་འབྱུང་བཞིས་གནོད་པ་གཅིག་རྗེས་སུ་གཅིག་བྱུང་བ་འདིས་ཡང་ང་ཚོར་དཀའ་ངལ་གསར་བ་ཞིག་རེད་འདུག སྐྱོ་བའི་ངུ་ངག་དང་སེམས་འཁུར་ཞིག་ལས་གཞན་གང་ཡང་མི་ཐུབ་པས་སྐྱོ་བའི་སྟེང་ལ་སྐྱོ་བ་ཞིག
ཨ་ཁ་ཁ་་་་ད་ལོའི་ལྡོག་མེད་ཀྱི་འབྱུང་བཞིའི་འཇིགས་པ་འདི་ཅི་འདྲའི་ངམ་ནག་པ་ལ། ཡང་རྒྱ་དམར་གྱིས་གཏེར་ཁ་བསྔོགས་འདོན་བྱས་རྐྱེན་མིན་ནམ། འདིའི་ནང་ང་ཚོའི་མི་རིགས་ཅི་ཙམ་རྐྱེན་འདས་སུ་སོང་ཡོད་ན། ཅི་འདྲའི་ཕངས་བ་ལ། ས་བདག་དང་གནས་བདག་དེ་ཚོས་་་་་་