མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྲིད་བློན་ལ་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

                                       
དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་ཐད་ངེས་པར་དུ་གླེང་རོགས་ཞེས་ནིའུ་ཛི་ལན་ཌིའི་བོད་དོན་རྒྱབ་སྐྱོར་བས་སྲིད་བློན་མཆོག་ལ་འབོད་སྐུལ་ཞུས་ཡོད་འདུག

དེ་རིང་ཚེས་ ༡༦ ཉིན་ནིའུ་ཛི་ལན་ཌིའི་ Scoop  དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༧ ནས་ ༡༩ བར་རྒྱ་ནག་སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་གྱིས་ནིའུ་ཛི་ལན་ཌིར་ཉིན་གསུམ་གྱི་གཟིགས་སྐོར་བྱ་རྒྱུ་ཡིན་ལ། སྐབས་དེར་ཁོང་གིས་ཡུལ་དེའི་སྲིད་བློན་སྐུ་ཞབས་ཇོན་ཁེ་  John Key  མཆོག་དང་མཇལ་འཕྲད་གནང་རྒྱུ་རེད། དེ་རིང་ཡུལ་དེར་གནས་སྡོད་བོད་དོན་རྒྱབ་སྐྱོར་བས་སྲིད་བློན་མཆོག་གི་མཇལ་འཕྲད་སྐབས་ངེས་པར་དུ་བོད་ཀྱི་གནད་དོན་ཐད་གྲོས་བསྡུར་དགོས་རྒྱུའི་རེ་འདུན་ཞིག་བཏོན་ཡོད་པར་མ་ཟད། ལྷག་པར་དུ་༧ཏཱ་ལའི་བླ་མ་མཆོག་དང་ཧུའུ་ཅིན་ཐོ་གཉིས་བར་མཇལ་འཕྲད་ཀྱི་མཐུན་རྐྱེན་བསྐྲུན་རྒྱུར་སྲིད་བློན་ནས་ཁོང་ལ་འབོད་སྐུལ་ཞུ་དགོས་ཚུལ་ཡང་བརྗོད་ཡོད་འདུག

སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་ནི་རྒྱ་ནག་གི་མི་རབས་ལྔ་བའི་དཔོན་རིགས་ཤིག་ཡིན་ལ། ཁོང་ནི་དེ་སྔའི་རྒྱ་ནག་དམར་ཤོག་སྲིད་འཛིན་ཟུར་བ་ཧུའུ་ཡོ་པང་གི་འདོད་ཚུལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དཔོན་རིཊ་ཞི་ཀྲོང་ཞིན་གྱི་བུ་ཡིན།  ཁོང་གི་ཕ་ནི་ ༡༩༨༩ ལོའི་ ༦༌༤ དོན་རྐྱེན་ལ་ཡོངས་ཁྱབ་ཐོག་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པར་མ་ཟད། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལའང་འབྲེལ་ལམ་ཡག་པོ་ཡོད་ཚོད་འདུག དེའི་སྟབས་ཀྱིས་ཁོང་གིས་བོད་ཀྱི་གནད་དོན་ནི་རྙོག་འཛིང་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཀྱི་ཡོད་ལ། དེ་བཞིན་ཁོང་སྐབས་ལྔ་བའི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་སྟེང་དུའང་ཞུགས་མྱོང་ཡོད། གལ་སྲིད་ཁོང་ ༢༠༡༢ ལོའི་རྒྱ་ནག་གི་སྲིད་འཛིན་སྟེགས་བུར་སླེབས་ཐུབ་པ་ཡིན་ན། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལའང་འགྱུར་བ་འགྲོ་སྲིད་པ་ཞིག་རེད་ཅེས་སྲིད་དོན་དབྱེ་ཞིབ་པས་བརྗོད་ཡོད།

༢༠༠༩ ལོའི་ཟླ་ ༦ པའི་ནང་ཁོང་ཤིན་ཅང་ལ་གཟིགས་སྐོར་དུ་བསྐྱོད་སྐབས་ས་གནས་དཔོན་རིགས་ཚོས་མི་རིགས་བར་གྱི་འབྲེལ་བར་ཤུགས་སྣོན་དང་། ལྷག་པར་དུ་ཤིན་ཅང་གི་སྡོད་གནས་དང་འཚོ་བ། འཕྲོད་བསྟེན། ཤེས་ཡོན། ལས་ཀའི་གནད་དོན་བཅས་སེལ་དགོས་ཚུལ་ནན་བརྗོད་བྱས་ཡོད་ལ། བོད་ཀྱི་ལས་དོན་ཐད་ལའང་དེ་དང་གཅིག་མཚུངས་སུ་ནན་བཤད་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ༢༠༠༨ ལོའི་ཟླ་ ༤ པའི་རྗེས་སུ་རྒྱ་ནག་ཁྲིམས་ཁང་ཁག་གིས་བོད་མི་ ༣༩༤ ཙམ་ལ་དུས་བཀག་འདྲ་མིན་གྱི་བཙོན་འཇུག་བྱས་ཡོད་པ་ནི་བོད་རིགས་མི་འབོར་ཆུང་ཆུང་གི་ཚད་དང་འཇལ་ན་གྲངས་འབོར་ཧ་ལས་པའི་མཐོ་བོ་མ་རེད་དམ། སྲིད་བློན་ལ་འབོད་སྐུལ་དང་དྲན་གསོའི་ཆེད་དུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist