མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱིས་བྱིས་པ་ཚོར་བཟུང་བའི་རྣམ་འགྱུར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཀྱིས་བོད་གཞུང་བཀའ་ཤག་ལ་ཛ་དྲག་ཐོག་སྙན་ཞུ་ཕུལ་ཏེ། ཉེ་ཆར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཕྱིར་འབུད་བཏང་བའི་སློབ་མ་དག་ཕྱིར་བོད་ནང་མི་གཏོང་རྒྱུའི་རེ་སྐུལ་ཞུས་འདུག

ཟླ་སྔོན་མའི་ནང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་བུ་མོ་ཞིག་དང་བུ་དགུའི་བར་དུ་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བར་བརྟེན་ནས། སློབ་ཕྲུག་བཅུ་དང་ཕ་ཚབ་མ་ཚབ་གཉིས་བཅས་ཁྱོན་མི་ ༡༢ སློབ་གྲྭ་ནས་ཕྱིར་འབུད་བྱས་ཐོག སློབ་ཕྲུག་དེ་དག་བལ་ཡུལ་བར་དུ་བསྐྱལ་ཏེ་ཕྱིར་བོད་དུ་གཏོང་རྩིས་བྱེད་ཀྱིན་ཡོད་པས། དེང་སྐབས་སྤྱི་ཚོགས་ནང་འདིའི་སྐོར་ལ་བསམ་ཚུལ་འདྲ་མིན་སྣ་ཚོགས་འབྱུང་བཞིན་ཡོད་ཐོག ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞུང་བཀའ་ཤག་ལ་ཛ་དྲག་འབོད་སྐུལ་ཞུས་ཏེ། སློབ་ཕྲུག་དེ་དག་ཕྱིར་བོད་དུ་མི་གཏོང་རྒྱུའི་རེ་སྐུལ་གནང་ཡོད།

སྤྱི་ཚོགས་ནང་སློབ་ཕྲུག་འདི་ཚོ་ཕྱིར་བོད་ནང་གཏོང་རྒྱུའི་སྒྲིག་གཞི་འདི་མ་སུ་རི་བོད་ཁྱིམ་རང་གིས་ཐག་གཅོད་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་། ཁ་སང་འདི་གའི་གསར་འགོད་པས་ངྷ་ས་དབུས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་སུ་བཀའ་འདྲི་ཞིག་གི་སྐབས་སུ། ཁོང་གིས། སློབ་གྲྭའི་ནང་དོན་རྐྱེན་དེ་བྱུང་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་ཤེས་རིག་བཀའ་བློན། མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་དང་དྲུང་ཆེ་བཅས་གྲོས་བསྡུར་བྱས་འདུག་ལ། ཕྱིས་སུ་སློབ་མ་དེ་དག་བོད་ནང་འགྲོ་བའི་ལམ་གྲོན་ཚང་མ་བོད་ཁྱིམ་གྱིས་གཏོང་རྒྱུ་གཏན་འཁེལ་བྱུང་རྗེས། འབྲེལ་ཡོད་ལས་བྱེད་མངགས་གཏོང་གིས་བལ་ཡུལ་སྣེ་ལེན་ཁང་ལ་རྩིས་སྤྲོད་དང་ཕྱིར་བོད་ནང་གཏོང་དགོས་པའི་སྐོར་གཏན་འཁེལ་བྱུང་འདུག་ཅེས་གསུངས་ཡོད་སྟབས། གནས་ཚུལ་འདི་བོད་གཞུང་བཀའ་ཤག་དང་ཤེས་རིག་ལས་ཁུངས། མ་སུ་རི་བོད་ཁྱིམ་སོགས་ཀྱིས་མཉམ་རུབ་ཐོག་ཐག་གཅོད་བྱུང་བ་ཞིག་ཡིན་འདུག

བོད་མི་མང་སྤྱི་འཐུས་ཀྱིས་ཕྱི་ཚེས་ ༢༡ ཉིན་བོད་གཞུང་བཀའ་ཤག་ལ་ཕུལ་བའི་ཛ་དྲག་འབོད་སྐུལ་དེའི་དགོས་དམིགས་ནི། སློབ་ཕྲུག་དེ་དག་གིས་སློབ་གྲྭའི་སྒྲིག་འགལ་གྱི་བྱ་ཐལ་ཤོར་ཡོད་ནའང་། བོད་ཀྱི་ཡུལ་མི་སྙོན་མེད་མ་ཟད་ལོ་ན་ཤིན་ཏུ་ཕྲ་བའི་ན་གཞོན་ཤ་སྟག་ལ་བརྟེན། རང་གཞུང་ནས་ཁོང་ཚོ་བོད་དུ་ཕྱིར་སློག་མ་དགོས་པར་སྐྱབས་བཅོལ་ནང་མི་ཚེའི་མདུན་ལམ་རྦད་བརླག་ཏུ་མི་འགྲོ་བ་གནང་རོགས་ཞུ་བ་དེ་ཡིན་ལ། སྙན་ཞུ་ཡི་གེ་དེའི་ནང་ད་དུང་། སློབ་ཕྲུག་དེ་དག་གིས་སློབ་གྲྭའི་སྒྲིག་འགལ་བྱས་ཏེ་སློབ་གྲྭ་ནས་ཕྱིར་འབུད་བཏང་བར་འདི་ནས་ཞུ་རྒྱུ་གང་ཡང་མེད་ཅིང་། བུ་ཕྲུག་དེ་རྣམས་ལ་འདི་ཁུལ་ཕ་མ་དང་གཉེན་འབྲེལ་སོགས་གང་ཡང་མེད་རྐྱེན། བོད་ནང་ཕྱིར་སློག་བྱས་པའི་གནས་སྟངས་སུ་གྱུར་ཡོད་ཚེ་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་འགྲིག་མིན་མ་ཟད། བོད་ནང་བཏང་ཚེ་རང་རང་ཕ་མའི་སར་རྩིས་འཕྲོད་ངེས་དང་། རྒྱ་དམར་གྱི་ལག་པར་མི་འཐེབ་པའི་འགན་འཁུར་བྱ་རྒྱུ་དཀའ་གནས་བཅས་ལ་བརྟེན། ཁོང་ཚོ་ཕྱིར་སློག་མ་དགོས་པར་སྐྱབས་བཅོལ་ནང་མི་ཚེའི་མདུན་ལམ་རྦད་བརླག་མི་འགྲོ་བ་གནང་རྒྱུ་དེ་ཡིན་སྐོར་གསལ་འདུག

བོད་མི་མང་སྤྱི་འཐུས་ཀྱིས་གནས་ཚུལ་འདི་ཛ་དྲག་གི་ངོ་བོར་གཟིགས་འདུག་ལ། དེར་བརྟེན་སྙན་ཞུའི་ཡི་གེ་དེ་འབུད་དགོས་བྱུང་སྐོར་གསལ་དོན། ད་ལྟའི་གནས་སྐབས་སུ་སྤྱི་འཐུས་རྒྱུན་ལས་ཀྱི་བརྒྱ་ཆ་གྲངས་ཚད་མ་ལོན་ནའང་། གནས་ཚུལ་འདི་བཞིན་ཛ་དྲག་དང་ཉེན་ཚབས་ཆེན་པོར་མཐོང་སྟེ་སྤྱི་འཐུས་རྒྱུན་ལས་ངོ་ཡོད་རྣམས་ཆེད་འཛོམས་ཀྱིས་བཀའ་བསྡུར་གནང་རྗེས་མཐའ་མའི་ཐག་གཅོད་བྱུང་བ་ཡིན་ཞེས་གསལ་འདུག

འདི་གའི་གསར་འགོད་པས་ཕྱི་ཚེས་ ༢༡ ཉིན་ཁ་པར་བརྒྱུད་བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་སུ། ད་ལྟ་བལ་ཡུལ་དུ་ཡོད་པའི་སློབ་མ་དེ་དག་གི་གནས་སྟངས་ཐད་བཀའ་འདྲི་ཞུས་པར། ཁོང་གིས། ཉེ་ཆར་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བདུན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཏེ་ཉིན་ཁ་ཤས་འགྲོ་གི་ཡོད་མོད།  བོད་ལ་གཏོང་རྒྱུའི་ཐད་གནས་ཚུལ་གསལ་བོ་གོ་མ་བྱུང་ལ། ང་ཚོ་སྣེ་ལེན་ཁང་གི་ངོས་ནས་བོད་ལ་གཏོང་ཐུབ་གི་མ་རེད། ང་ཚོ་བོད་ནས་གསར་དུ་འབྱོར་མཁན་ལ་སྣེ་ལེན་བྱེད་མཁན་ཡིན་པ་ལས། རྒྱ་གར་ནས་བོད་ལ་འགྲོ་མཁན་གྱི་གནས་ཚུལ་ང་ཚོས་གསལ་བོར་ཤེས་ཀྱི་མེད་ཅེས་གསུངས་ཡོད།

དེ་བཞིན་འདི་གའི་གསར་འགོད་པས་ཁ་སང་ཕྱི་དྲོར་ཁ་པར་བརྒྱུད་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ལས་རོགས་དགེ་རྒན་དགེ་འདུན་རིན་ཆེན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ང་ཚོའི་ངོས་ནས་སྔོན་མ་ནས་སློབ་མ་སློབ་གྲྭའི་སྒྲིག་ཁྲིམས་དང་འགལ་ན། དེ་དག་གི་སྤུན་མཆེད་དང་གཉེན་ཉེ་ཡོད་པའི་རིགས་ལ་འབྲེལ་བ་བྱས་ཏེ་རྩིས་སྤྲོད་བྱེད་ཀྱིན་ཡོད་ལ། གལ་སྲིད་གཉེན་ཉེ་དང་སྤུན་མཆེད་མེད་ན་སོ་སོའི་ཕ་མའི་གམ་ལ་ལོག་དགོས་པ་རེད་ཅེས་གསུངས།

ཡང་ཁོང་གིས་དེང་སྐབས་བོད་ཀྱི་དུས་བབ་དྲ་རྒྱའི་བསམ་ཚུལ་ཁག་ནང་ང་ཚོས་སློབ་ཕྲུག་དེ་ཚོ་རྒྱ་མིར་རྩིས་སྤྲོད་བྱེད་ཀྱིན་ཡོད་ཚུལ་སོགས་སྤེལ་འདུག  ང་ཚོས་རྒྱ་མིས་ལ་རྩིས་སྤྲོད་བྱས་མེད་པར། སློབ་གྲྭའི་སྒྲིག་སྲོལ་བཞིན་ལག་བསྟར་བྱས་པ་དང་། སློབ་ཕྲུག་དེ་དག་སྤྱི་ཚོགས་ནང་འཁྱམས་བསྡད་པ་ཡིན་ན་འགྲིག་གི་མེད་སྟབས། ང་ཚོས་བོད་གཞུང་ལ་སྙན་སེང་ཞུས་རྗེས་ཐག་གཅོད་བྱས་པ་རེད། སྔོན་མ་ཡིན་ན། སློབ་མ་དང་ལས་བྱེད་ཕྱིར་ཕུད་བྱས་པ་ཉུང་ཉུང་རེད། སྐབས་དེར་ང་ཚོས་ཐབས་ལམ་འདྲ་མིན་གྱི་སྟེང་ནས་སློབ་གྲྭ་གཞན་པར་གཏོང་ཐབས་བྱས་པ་ཡིན་མོད། ཐེངས་འདིར་སློབ་གྲྭ་གཞན་གྱིས་ངོས་ལེན་མེད་པ་ཆགས་ཀྱི་ཡོད་ཅེས། འདི་ག་བོད་ཀྱི་དུས་བབ་ཀྱི་བསམ་ཚུལ་ཁག་ལ་གསེད་དཀྲོལ་གནང་ཡོད།

དེ་བཞིན་ཁོང་གིས་ད་ལྟའི་ཆར་སློབ་མ་ ༦ པོའི་ཁྲོད་ཀྱི་འཛིན་གྲྭ་ ༡༢ དང་ ༡༡ ཡིན་པའི་སློབ་མ་གཉིས་ལ་སྤུན་མཆེད་དང་བདག་པོ་མེད་པ་དེ་འདྲ་ཡིན་ཚོད་འདུག་ལ། སློབ་མ་ ༤ ལ་སྤུན་མཆེད་དང་གཉེན་ཉེ་སོགས་ཀྱིས་བརྡ་སླེབས་ཏེ་ཁོང་ཚོས་སྣེ་ལེན་ཁང་ནས་འཁྲིད་རྒྱུ་ཡིན་པའི་སྐོར་བརྗོད་འདུག  ང་ཚོས་རེ་བར་སློབ་མ་དེ་དག་ལ་ངོ་ཤེས་པ་དང་བདག་པོ་ཡོད་མཁན་དག་གིས་ཁོང་ཚོར་བདག་པོ་བརྒྱབ་སྟེ། ཕྱིར་བོད་ནང་གཏོང་མི་དགོས་པ་ཞིག་བྱ་དགོས་པའི་རེ་སྐུལ་ཞུ་གིན་ཡོད་ཅེས་གསུངས།

སློབ་མ་དགུའི་ཁྲོད་ལོ་ཆེ་ཤོས་རང་ལོ་ ༢༡ དང་ཆུང་ཤོས་རང་ལོ་ ༡༣ ཡིན་པ་དང་།  བུ་མོ་མོ་རང་ལོ་ ༡༨ ཡིན་འདུག

གནས་ཚུལ་འདིའི་ཆེད་དུ་འདི་གའི་གསར་འགོད་པ་བོད་གཞུང་ཤེས་རིག་ལས་ཁུངས་སུ་ཐེངས་འགར་བཅར་ཡང་། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འདི་གའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་མེད་ལ། བོད་གཞུང་བཀའ་ཤག་གིས་ཀྱང་དེ་རིང་ཕྱི་དྲོར་ཚོགས་འདུ་འཚོགས་རྒྱུ་ཡིན་པས། དེའི་རྗེས་ནས་མ་གཏོགས་ལན་འདེབས་གནང་རྒྱུ་མིན་ཞེས་གསུངས་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད་དང་དོན་གོ།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༡༡ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༡༢ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 29

  1. ཚེ་རིང་། says:
    ལོ་ 15 སྔོན།

    གསར་ཁང་གི་ངོས་ནས་སྤྱི་ཚོགས་ཀྱི་གནད་དོན་གླེང་བ་ནི། གནད་དོན་གང་དེའི་འབྱུང་གཞི་འབྱུང་རྐྱེན་དང་བཅས་པ་མི་མང་མང་ཚོགས་ལ་ངོ་འཕྲོད་པར་བྱེད་རྒྱུ་དང་། དེ་བཞིན་མི་མང་གིས་གནད་དོན་དེར་འཛིན་པའི་ལྟ་སྟངས་དག་འབྲེལ་ཡོད་སྡེ་ཁག་གིས་མཁྱེན་རྟོག་ཡོང་བ་བྱེད་རྒྱུ་དེ་རེད། དེ་བཞིན་དམངས་གཙོའི་སྤྱི་ཚོགས་སུ་གསར་འགོད་རང་དབང་ཞེས་གལ་ཆེན་དོན་ཆེན་དུ་བརྩི་དོན་ཡང་། མདོར་དེད་ན། དུས་རྒྱུན་སྤྱི་ཚོགས་ཁྲོད་མི་མངོན་པའི་ཚུལ་གྱིས་འབྱུང་བཞིན་པའི་གནད་དོན་མཐའ་དག་གསར་འགོད་པས་འཚོལ་བསྔོགས་བྱས་ལ་བརྟེན་ནས། མང་ཚོགས་ཀྱིས་གཞུང་གི་ལས་དོན་ལ་བལྟ་རྟོག་དང་གཞུང་གིས་དམངས་ཀྱི་འདོད་འདུན་གཞི་ལ་བཞག་པའི་ཐོག་ནས་ལས་དོན་མཐའ་དག་དྲང་པོ་དྲང་བཞག་གིས་བསྒྲུབ་པ་དང་། སྤྱི་ཚོགས་གནད་དོན་དག་ཕྱི་གསལ་ནང་གསལ་དང་ལུགས་མཐུན་གྱི་སྒོ་ནས་སེལ་ཏེ། སྤྱི་ཚོགས་གང་ཉིད་བརྟན་ལྷིང་དང་འཕེལ་རྒྱས་འབྱུང་བའི་ཆེད་དུ་རེད།

    སྤྱིར་མི་སྒེར་གང་རུང་གི་གནད་དོན་དང་འབྲེལ་བའི་ཐད་ནས་འབྲེལ་ཡོད་མི་སྣའི་གསར་འགོད་པའི་བཅར་འདྲི་དང་ལེན་མི་བྱེད་པ་དེ་ནི་མི་སྒེར་གྱི་གསང་བ་སྲུང་བའི་ཐོབ་ཐང་རེད། འོན་ཀྱང་། སྤྱི་ཚོགས་ལས་རིགས་གང་རུང་གི་འབྲེལ་ཡོད་སྡེ་ཁག་ནས། སྤྱི་ཚོགས་ཀྱི་གནད་དོན་དང་འབྲེལ་བའི་ཐད་གསར་འགོད་པའི་བཅར་འདྲི་དང་ལེན་མི་བྱེད་པ་དེ་ནི། རྒྱལ་ཁབ་ཀྱིས་རང་ལ་འགན་དུ་བཀལ་བའི་རང་ཉིད་ཀྱི་ལས་དོན་ལ་འགན་མ་བླངས་པ་དང་། ལྷག་པར་དུ་རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་སྣང་ཆུང་བཏང་བ་ཞིག་ཀྱང་རེད། དེར་བརྟེན། རང་ཁྱིམ་དུ་སྡོད་དུས་ཀྱི་སྒེར་གྱི་ཐོབ་ཐང་དང་ལས་ཁུངས་སུ་སྡོད་དུས་ཀྱི་སྤྱི་ཚོགས་ཀྱི་འོས་འགན་གཉིས་ཉག་ཉོག་མཉམ་བསྲེས་མི་ཡོང་བ་བྱ་རྒྱུ་དེ་གལ་ཆེ་གི།

    Reply
  2. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    བཀུར་འོས་སྤྱི་འཐུས་མཆོག་གི་དེ་རིང་ངོ་མ་སྤྱི་འཐུས་ཞིག་གི་རང་མདངས་ངོམ་འདུག སྐུ་ཚེ་རིང། ད་དུང་བཀའ་ཤག་གི་ཐག་བཅད་དེ་ག་འདྲ་ཞིག་བྱུང་ན་བསམ་ནས་སྡད་ཡོད། ཡག་པོ་ཞིག་མ་བྱེད་ན་བློ་ཕམ་པོ་རེད། ད་དུང་ཁྱེད་ཀྱི་ནུས་པ་ཡོད་ཚད་ངོམ་རོགས་གྱོས། ང་ཚོའི་ཁྱེད་སྒུག་ནས་སྡད་ཡོད། ཐུགས་རྗེ་ཆེ་རང་གཞུང་བཀའ་ཤག་གི་ཐག་བཅོད་ཡག་པོ་ཞི་གནང་རོགས། མ་སུ་རིའི་སློབ་སྤྱིའི་ཁོང་ཚོ་ཕ་མ་ལ་སྤྲོད་པ་ལས་རྒྱ་མི་ལ་སྤྲོད་ཀྱི་མེད་གསུང་འདུག་ཀྱང་དོན་དངོས་ཐོག་རྒྱ་མི་ལག་ཏུ་འགྲོ་ཡ་རང་རེད། སྐད་ཆ་དེ་ཚོ་རིགས་དེ་བསམ་བློ་ཡག་པོ་མ་གཏང་བའི་སྐད་ཆ་རེད། ཡང་ན་ཁོང་གི་བོད་ནང་གི་གནས་སྟང་དེ་ཚོ་ཤེས་ཀྱི་མེད་པ་འདྲ། དཀོན་མཆོག་སེམས་པ་སྐྱོ་གི་འདུག

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཐེངས་འདིའི་གནས་ཚུལ་ལ་འགན་ཁུར་རྐང་བཞེས་ཀྱིས་རྒྱུས་ལོན་གནང་མཁན་བཀུར་འོས་གསར་འགོད་པ་དང། དོ་ཁུར་ཆེན་པོ་གནང་མཁན་གྱི་དྲ་གྲོགས་ཡོངས་དང། ཉམ་ཆུང་བུ་ཕྲུག་འདི་དག་གི་མ་འོངས་མདུན་ལམ་སོགས་ལ་ཐུགས་ཁུར་ཆེར་བསྐྱེད་གནང་བཞིན་པའི་ཚོགས་སྒེར་སུ་ཡོད་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
    ང་ཚོས་དེ་ལྟར་བྱེད་དགོས་པ་དེ་རང་ཅག་ཉམ་ཐག་གྲངས་ཉུང་བོད་མི་རིགས་ཡོངས་ཀྱི་བཟུར་ཐབས་བྲལ་བའི་འགན་འཁྲི་ཆགས་ཡོད། དྲང་པོ་བཤད་ན་ཐེངས་འདིའི་མ་སུ་རིའི་སློབ་ཕྲུག་ལ་ཐག་གཅོད་བྱེད་སྟངས་དེ་ནི་ཧང་སང་དགོས་པའི་གནད་དོན་ཞིག་ཆགས་འདུག མ་སུ་རིའི་སློབ་གྲྭའི་ནང་དོན་རྐྱེན་དེ་བྱུང་འཕྲལ་དངོས་གནས་བྱས་ན་སློབ་གྲྭ་རང་ཁོངས་ནས་རང་གཞན་ཀུན་ཕན་དང། འཕྲལ་ཕུག་ཀུན་དགེའི་ཐག་གཅོད་དགོས་པ་ཞིན་ཡིན་ཞིང། དེ་ལྟར་བྱེད་རྒྱུའི་འགན་དབང་ཆ་ཚང་དེ་གའི་ལས་བྱེད་ཚོར་ཡོད། འོན་ཀྱང་དེ་ལྟར་མ་བྱས་པར་རང་གཞུང་གི་ཆེས་མཐོའི་དབུ་ཁྲིད་བཀའ་བློན་ཁྲི་བ་དང། ཤེས་རིག་བཀའ་བློན་སོགས་ཀྱི་མདུན་དུ་དེད་པ་དེས་བཀའ་ཤག་གི་མགོར་གཡོགས་ཐབས་སུ་བརྩོན་པ་ཙམ་ལས་སློབ་གྲྭ་རང་ཁོངས་ཀྱི་ལས་བྱེད་པས་འགན་མ་ཁྱེར་བ་རེད། དེ་ནི་ཁོང་ཚོ་རང་ངོས་ནས་འགན་འཁུར་མི་ནུས་པའི་རང་ངོས་ཀྱི་སྐྱུག་བྲོ་བའི་གནས་ཚུལ་རྫབ་དོང་གང་མང་ཞིག་ཡོད་པའི་རྟགས་བསྟན་པ་རེད། དེ་ནི་ཨ་རི་ལ་མཚོན་ན་སློབ་གྲྭའི་ནང་བུ་བུ་མོའི་བར་ལས་འབྲེལ་བྱས་པའི་གནས་ཚུལ་ཞིག་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སར་བསྐྱར་བ་དང་གཅིག་མཚུངས་ཆགས་ཡོད། བསམ་བཞིན་ཡིན་མིན་གང་ལྟར་དོན་ལ་བྱེད་སྟངས་དེ་བཀའ་ཤག་ལ་མཐོང་ཆུང་ཆགས་ཡོད། ཁོང་ཚོས་བཀའ་བློན་ཁྲི་བ་དང། ཤེས་རིག་བཀའ་བློན་སོགས་བཀའ་ཤག་གིས་ཐག་གཅོད་བྱས་པ་རེད། ཟེར་བའི་སྐད་ཆ་རྫིག་པོ་འདིས་མ་སུ་རི་སློབ་གྲྭ་དེའི་ནང་གི་མཐོ་རིམ་དབང་འཛིན་པའི་ནང་ཁུལ་གྱི་ཕྱི་ལ་ཁྱབ་གྲབས་དང། རལ་གྲབས་ཡོད་པའི་གནས་ཚུལ་དྲང་བདེན་མེད་པ་གང་མང་ཞིག་དྲི་ངན་ས་གཡོགས་བྱས་ཡོད་ཐག་ཆོད་ཡིན། དེ་ནི་ཁོང་ཚོས་བོད་གཞུང་བཀའ་ཤག་བེད་སྤྱོད་བཏང་བ་ཙམ་རེད་ལ་བཀའ་ཤག་ཀྱང་མགོ་སྐོར་འོག་ཚུད་ཡོད། འོན་ཀྱང་གནས་ཚུལ་འདིའི་རིགས་ནི་མ་སུ་རིའི་སློབ་གྲྭ་ཙམ་མིན་པར་དམའ་རིམ་གྱིས་གོང་རིམ་དབུ་སྐོར་གནང་རྒྱུ་དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་མང་པོ་ཡོད་ལ། དེ་བཞིན་གནས་ཚུལ་འདིས་རིགས་ཀྱིས་འཛམ་གླིང་གང་སར་ཁྱབ་ཡོད། དངོས་གནས་བྱས་ན་དེ་འཕྲལ་བོད་གཞུང་བཀའ་ཤག་གིས་གནས་ཚུལ་དེ་དག་ཚབ་ཆེན་ཞིག་ཏུ་གཟིགས་ཡོད་ན་བཀའ་ཤག་གིས་འགན་ཁུར་ནས་སློབ་གྲྭ་དེའི་མགོ་ནས་མཇུག་བར་ཞིབ་འཇུག་གཙང་བཤེར་མཐར་ཕྱིན་པ་ཞིག་གནང་སྟེ། ཉེས་པ་ཆེ་ཆུང་ལ་དཔག་པའི་ཉེས་ཆད་གཅོད་དགོས་པ་རང་བཞིན་གྱིས་ཆགས་ཡོད། འོན་ཀྱང་དེ་ལས་ལྡོག་ནས་བཀའ་ཤག་གིས་ཀྱང་བུ་ཕྲུག་ཚོ་བོད་ལ་ཕྱིར་སློག་བྱེད་རྒྱུ་ཙམ་གྱི་ཐག་གཅོད་དེ་ནི་ང་ཚོ་ཚང་མ་ངུ་ཤོར་དགོས་པའི་ཧ་ཅང་གི་གནས་ཚུལ་ཐབས་རྡུགས་ཤིག་ཡིན། དེར་བརྟེན་ད་ཚོད་བཀའ་ཤག་གིས་སྔ་ཕྱིའི་གནས་ཚུལ་ཆ་ཚང་ཇི་བཞིན་མཁྱེན་ཆུབ་ཡོང་ཐུབ་པ་དང། དེ་འབྲེལ་གྱིས་རླབས་ཆེན་ཐག་གཅོད་གསར་བ་ཞིག་ཏུ་དགོངས་པ་མ་བཞེས་ཐབས་མེད་ཆགས་ཡོད། དེར་ང་ཚོ་ཚང་མས་ལྟ་དགོས་པ་ཞིག་ཡིན་ཞིང། མི་རིང་བར་གནས་ཚུལ་འདི་༧གོང་ས་སྐྱབས་མགོན་ཆེན་པོའི་སྙན་ལམ་དུ་སླེབས་རྒྱུ་ཉག་གཅིག་ཡིན་ཕྱིར་༧གོང་ས་སྐྱབས་མགོན་ཆེན་པོས་དཀའ་བ་ཁྱད་བསད་ཀྱིས་བོད་མིའི་རྩ་དོན་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་འགན་ཁུར་རྐང་བཞེས་གནང་བཞིན་པའི་སྐབས་འདིར་བཀའ་ཤག་གིས་གཙོས་གཤམ་འོག་ལས་བྱེད་པས་༧གོང་ས་མཆོག་ཐུགས་ཕམ་དགོས་པ་ཞིག་དང། ཁོང་འཛམ་གླིང་གསར་འགོད་པ་སོགས་ཀྱི་སར་ངོ་ཚ་དགོས་པ་ཞིག་མི་གནང་བའི་རེ་བསྐུལ་ང་ཚོས་ཞུ་བཞིན་ཡོད།

    Reply
  4. བློ་བཟང་། says:
    ལོ་ 15 སྔོན།

    བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་། ཡོ་རོབ་བོད་ཀྱི་ཐེབས་རྩའི་ཚོགས་གཙོ་དྲྭ་གྲོགས་ཀརྨ་རྡོ་རྗེ་ལགས་སོགས་ཀྱིས་བོད་མི་རིགས་ཀྱི་ལ་རྒྱར་དགོངས་ཏེ་བསམ་བཞེངས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀའ་ཤག་དང་ཤེས་རིག་ལས་ཁུངས་སོགས་ཀྱི་དུས་ནམ་ཡང་། བོད་མི་རིགས་ལ་འགན་ལེན་ཡག་པོ་བྱེད་པ་མཐོང་རྒྱུ་དཀོན།

    Reply
  5. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    ལོ་ན་བཅུ་གསུམ་ལས་མ་ལོན་བའི་བོད་ཀྱི་བུ་ཆུང་དེ་དངོས་གནས་རྒོད་པོ་ཞིག་ཆགས་ངེས་རེད། གལ་སྲིད་ལོ་ན་བཅུ་གསུམ་ལ་མ་ལོན་པའི་བུ་མོ་ཞིག་གིས་འཁྲིགས་སྤྱོད་བྱས་འདུག་ཟེར་ཐོས་ན་ངོ་མཚར་མི་ཆེ་རུང་། གནས་ཚུལ་འདི་ཧ་ཀྱང་དགོད་བྲོ་བོ་ཞིག་བྱུང་།
    ད་ཡིན་ན། བཀའ་ཤག་ཕྱིན་ཆོད་ལ་རྒྱ་བལ་གང་དུ་ཕ་མ་མེད་པའི་གསོན་དྭ་དེ་དག་ལ་ནོར་འཁྲུལ་ཡོ་སྲོང་བྱེད་པའི་ཐབས་ཤེས་ཞིག་ཀྱང་མེད་ནས་སློབ་གྲྭ་ལས་ཉེས་བརྡ་ཙམ་ཡང་མེད་བཞིན་། འཆི་བདག་གཤིན་རྗེས་ཕྱི་མའི་ལམ་དུ་ཁྲིད་པ་དང་། གོང་ཁྲན་ཏང་དམག་གིས་བོད་ཀྱི་ན་གཞོན་སྙིང་སྤོབ་ཅན་རྣམས་ཁྲིད་པ་ནང་བཞིན། སློབ་གྲྭ་ལས་ཕྱི་ལོག་ཏུ་ཁྲིད་ཅིང་། བལ་ཡུལ་དུ་གནས་དབྱུངས་གཏང་བ་འདི་ཧ་ཀྱང་ཡིད་ཕམ་སྐྱེ་སའི་གནས་སུ་གྱུར།
    སྤྱི་དེང་དུས་ཀྱི་དགོན་སྡེ་ལས་ཀྱང་བསྒྲིགས་གཞི་དམ་དྲག་པ་དང་། གཉའ་གནོན་ཆེ་དྲག་པའི་རྒྱུ་མཚན་གྱིས་། རང་རེ་བཙན་བྱོལ་གྱི་སློབ་གྲྭའི་ཕྲུག་གུ་རྣམས་ལ་སེམས་སྤོབས་ཁྱོན་ནས་ཡོང་ཐུབ་ཀྱི་མེད། བཙན་བྱོལ་གྱི་སློབ་གྲྭ་རྣམས་ལ་སློབ་སྦྱོང་འཐུས་ཤོར་བྱུང་དང་བྱུང་བཞིན་པ་ནི། སློབ་སྤྱི་དང་། སློབ་གྲྭའི་འགན་ཁུར་བ་རྣམས་ཀྱིས་ཕ་མ་མེད་པའི་གསོན་དྭ་དེ་དག་ལ་གཉའ་གནོན་ཚད་མེད་གཏང་དང་གཏང་བཞིན་པ་འདིའི་རྒྱུ་མཚན་གྱིས་ལོས་ཡིན།
    གལ་སྲིད་ཕ་མ་ཚང་མ་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་ཕྲུག་དགུ་སློབ་གྲྭ་ལས་ཉེས་འགལ་ཆུང་ངུ་ཞིག་རྐྱེན་པས་རྒྱང་འབུད་གཏང་བའི་སྙིང་སྤོབས་དེ། བཀའ་ཤག་ཚུན་ལ་ཡོད་དམ།
    སྐད་ཆ་དེ་ཕུ་དེད་བྱེད་བཞིན། ཛོར་དུ་ཕྱིན་སོངས། གལ་སྲིད་གང་སར་ཁྱབ་ན། བོད་མི་སེམས་ཤུག་ཆགས་པའི་རྒྱུ་རྐྱེན་འགྱུར་བའི་ཉེས་ཁ་འདུག

    སློབ་གྲྭའི་འགན་ཁུར་བས་གཙོས་པས་སློབ་ཕྲུག་དེ་རྣམས་ཕ་ཡུལ་གང་དང་གང་ཡོངས་པའི་གནས་ཚུལ་ངོ་སྤྲོད་གསལ་པོ་གནང་རོགས། འཆོལ་ཁ་གང་གིས་ཁོངས་གཏོགས་ཡིན་ན།
    རང་རེ་ལ་མདོ་སྟོད་སྨད་དབུས་གཙང་གི་དབུས་རྒྱུན་ཟེར་བ་ཞིག་ཡོད་པ་དེ་དག་གིས་གནས་ཚུལ་འདི་འདྲ་ལ་གཟིགས་སྐྱོངས་མ་མཛད་ན། དེ་དག་ཡོད་མེད་དགོས་པ་གང་ཡང་མ་མཐོང་།
    དེ་དག་ལ་གཉེན་ཉེ་ཡོད་ཚུལ་ཞིག་བྱས་འདུག་ཀྱང་། སུས་ཡིད་ཆེས་ཐུབ་བམ།
    གང་ལྟར་གསལ་པོ་བཟོ་རོགས། ཕྲུག་གུ་དེ་དག་ལ། གཉེན་ཉེ་གང་ཡང་མེད་པ་ན། ལོ་བཅོ་བརྒྱད་མན་གྱི་ཕྲུག་གུ་དེ་དག་ལ་སློབ་གྲྭ་གཞན་དུ་གཏོང་བ་སོགས་ཀྱི་རོགས་གང་ཐུབ་བྱ་ངེས་ཡིན་པས། འབྲེལ་བ་བྱེད་ས་ཤེས་མཁན་ཡོད་ན། དྲྭ་ཐོག་ཏུ་འགོད་རོགས

    Reply
  6. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    བོད་ནས་རྒྱ་མིས་བོད་མི་ཚར་ལང་བྱུང་ཟེན་པ་དེ་དག་རེ་རེ་བཞིན་དུ་མེད་པ་བཟོ་ཡི་ཡོད་པ་མ་ཟད་དེ་དང་གཅིག་མཚུངས་ཀྱིི་བཙན་འབྱོར་སྤྱི་ཚོགས་འདི་ནས་གཞོན་སྐྱེས་ཚོར་ཤ་ཚའི་ངང་ནས་སློབ་གསོ་སྤྲད་དེ་མི་ཚེའི་འདན་ལམ་རྩལ་རྒྱུ་ལས་ཟློག་སྟེ་བསམ་བློའི་ནུས་ཤུག་མ་རྒྱས་པའི་བྱིས་པས་སྤྱོད་ཐལ་ཅུང་ཟེད་ཙམ་ལ་བརྟེན་ནས་དེའི་མ་འོང་མི་ཚེའི་འདུན་ལམ་བཀག་གིན་འདུག། འདི་རིགས་ལ་ངེས་པར་དུ་བསམ་གཞིགས་དགོས་ཀྱི་མི་འདུག་གམ།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མ་སུ་རིའི་སློབ་གྲྭའི་སྒྲིག་གཞི་འདི་ནི་ཚད་ལས་རྒལ་བའི་སྒྲིག་གཞི་རེད་འདུག་སྙམ།
    གང་ཡིན་ཞེ་ན། བུ་མོ་རང་ལོ་ཅོ་བརྒྱད་ཟིན་པའི་བུད་མེད་གཅིག་གིས་འདོད་ཆགས་སྤྱོད་པ་ལ་སློབ་གྲྭ་ནས་རྒྱང་འབུད་རྒྱབ་དགོས་པ་འདི་འདྲ་ནུབ་ཕྱོགས་རྒྱལ་ཁབ་ཅོ་བརྒྱད་ནང་དུ་མེད་སྙམ།

    གལ་སྲིད་རང་ལོ་ཅོ་བརྒྱད་ཟིན་པའི་བུ་མོ་ཞིག་གིས་འདོད་ཆགས་ལ་ལོངས་སྤྱོད་ཆོག་གི་མེད་ན་དགེ་རྒན་རྣམས་ཀྱིས་ཀྱང་འདོད་ཆགས་སྤྱོད་མི་ཆོག་པར་གཅིག་མཚུངས་སུ་དགོས།
    ང་ཚོའི་བོད་ཕྲུག་དགུ་དགྲ་ལག་ཏུ་སྤྲད་ཀྱི་ཡིན་ཟེར་མཁན་མ་སུ་རིའི་སློབ་གྲྭའི་སྒྲིག་གཞི་རེད། སྒྲིག་གཞི་འདི་བཟོ་མཁན་ཚོས་བོད་མི་དགྲ་ལག་བཞག་དགོས་པའི་ཁྲིམས་ཤིག་བཟོས་པ་དེར་ཧ་ཅང་ཡག་པོ་མ་རེད།

    འདོད་ཆགས་སྤྱོད་པ་ལ་དེ་ཙམ་ཉེས་པ་ཆེན་པོ་ཡོད་པའི་ཁྲིམས་ཤིག་འཛམ་གླིང་འདིར་གཏན་ནས་མེད་སྙམ། ནུབ་ཕྱོགས་པའི་ཁྲིམས་རྩོད་པ་དང་ཁྲིམས་ཁང་ནང་དུ་གླེང་ན་དགོད་མོ་ཤོར་ཡ་ལས་གཞན་ཅི་ཡང་མེད།
    དེ་བརྟེན་སློབ་གྲྭ་དེའི་སྒྲིག་གཞི་ལ་བཟོ་བཅོས་རྒྱག་དགོས་པ་ལས་མུ་མཐུད་ནས་འདོད་ཆགས་སྤྱོད་ན་རང་མི་དགྲ་ལག་ཏུ་བཞག་དགོས་པར་འདི་འདྲའི་སྒྲིག་གཞི་བེད་སྤྱོད་གཏོང་ན་ཡག་པོ་མ་རེད་སྙམ།
    ད་ལན་ང་ཚོང་བོད་མི་ཉམ་ཆུང་ཚོས་དགག་པ་རྒྱག་སར་ནི་མ་སུ་རིའི་སློབ་གྲྭའི་སྒྲིག་གཞི་འདི་ཡིན་པ་ལས་དགེ་རྒན་དང་སློབ་སྤྱི་ཕ་ཚབ་མ་ཚབ་བཅས་མིན།
    སློབ་གྲྭ་འདིའི་སྒྲིག་གཞི་འདི་འདྲ་ཅིག་བཟོས་པ་ནི་ང་ཚོང་བོད་མི་ཉམ་ཆུང་ཚོ་སྐྱུག་བྲོ་ཡ་རང་རེད།
    ད་ལན་གནས་ཚུལ་འདི་འགན་ཁུར་དགོས་མཁན་དངོས་གནས་སློབ་གྲྭའི་སྒྲིག་གཞི་བཟོ་མཁན་འདི་ཚོའི་ཁུར་དགོས་པ་རེད།
    བཙན་བྱོལ་སྤྱི་ཚོགས་ནང་དུ་འཁྲིག་པ་སྤྱོད་པ་ཙམ་གྱིས་རང་མི་དགྲ་ལག་ཏུ་བཞག་དགོས་པ་འདི་འདྲའི་སྒྲིག་གཞི་བཟོ་ཆོག་པའི་ཐོབ་ཐང་སུས་སྤྲད་པ་རེད་དམ།
    བཙན་བྱོལ་བོད་གཞུང་གིས་སྤྲད་པ་རེད་དམ། འོ་ན་༧གོང་ས་མཆོག་གིས་སྤྲད་པ་རེད་དམ།
    དེ་མིན་ན་རང་སྣང་གང་ཤར་བྱས་ནས་སྒྲིག་གཞི་བྲིས་པ་རེད་དམ།
    གལ་སྲིད་སྒྲིག་གཞི་འདི་འདྲ་བཟོ་མཁན་དེ་ནི་བོད་མི་རིགས་ཀྱི་དགྲ་བོ་ཡིན་པར་ངེས་ལེན་མི་དཀའ་མེད་རེད།
    བཙན་བྱོལ་སྤྱི་ཚོགས་ནང་དུ་ཚོགས་པ་དང་སྒྲིག་གཞི་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་འདོད་ཆགས་སྤྱོད་པ་ཙམ་ཕྱིར་འབུད་བྱས་དགོས་པས་མ་ཚད་དགྲ་བོ་རྒྱ་དམར་གྱི་ལག་ཏུ་རྩིས་སྤྲད་བྱེད་དགོས་པ་འདི་འདྲ་མ་སུ་རིའི་སློབ་གྲྭ་ལ་མ་གཏོགས་སུ་ལ་ཡང་མེད།
    ལམ་དང་ལུགས་སྲོལ་འདི་འདྲ་བཟོ་མཁན་ཚོ་ནི་བོད་མི་རིགས་ཀྱི་དགྲ་བོ་མི་བརྩི་དཀའ་མེད་རེད།

    Reply
  8. རི་བོང། says:
    ལོ་ 15 སྔོན།

    ད་རེབ་ཀྱི་དོན་འདི་གླེང་མཁན་གྱི་སྤྱི་མཐུས་རྣམ་པ་དང་། གསར་འགོད་པ་གཉིས། ཟིན་བྲིས་པ་དང་། མཆན་འདེབས་པ་ཚང་མར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། བཀའ་ཤག་ལྷན་རྒྱས་འཆོགས་འདུ་འཚོགས་དགོས་པ་ཞིག་བཟོས་པ་དེ། གྲུབ་འབྲས་ཤིག་ལ་ངོས་འཛིན་བྱས་ན་འགྲིག་གི་སྙམ། ལྷག་བསམ་རྣམ་དག་དང་དྲང་བདེན་ལ་གྲུབ་འབྲས་ཡོད་པའི་རྟགས་མཚན་ཞིག་དང་། གཉིས་ནས་དུས་བབ་དྲ་རྒྱ་ལ་བརྟེན་པའི་རླབས་ཆེན་གྲུབ་འབྲས་ཤིག་ཡིན་པས་མུ་མཐུད་དུ་ཤུགས་རྒྱོབས།

    Reply
  9. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    གསར་འགོད་པ་གཉིས་ཀྱི་དབུས་པའི་འཐབ་གྲོགས་ཚོ། ནུས་ཤུགས་གཅིག་ཏུ་སྒྲིལ་དང་ང་ཚོར་གནས་ལུགས་ཡོད་པ་རེད། ཁོང་ཚོར་བཤད་རྒྱུ་ཡོད་ཀྱི་རེད་དེ། འགན་སུས་ཁྱེར་གྱི་ཡོད་མེད་གསལ་པོ་ཆགས་ངེས་རེད། ང་ཚོའི་ཁྲོད་བརྒྱུད་ལམ་ཐོག་འབྲེལ་བ་ཡོད་པ་སུ་ཡོད་རུང་ད་དུང་ཉིན་ཤས་ཤིག་ལ་བལ་ཡུལ་གྱི་ཕྲུ་གུ་ཚོར་བོད་དུ་གཏོང་བཅུག་རྒྱུ་མི་འདུག ཕྲུ་གུ་ཚོ་བོད་དུ་ཤོར་ཚར་རྗེས་ང་ཚོ་ལ་ནུས་པ་མེད་པ་ཆགས་རྒྱུ་རེད། ད་དུང་བཀའ་ཤག་གི་ཐག་གཅོད་ལ་ལྟ་རྒྱུ་ཡིན། སྐྱིད་སྡུག་ཞུ་ས་མེད་པ་སྲིད་ཀྱི་མ་རེད། གྲུང་གྲུང་གནོངས།

    Reply
  10. དུར་ཁྲོད། says:
    ལོ་ 15 སྔོན།

    བདག་གི་དེ་རིང་བཤད་རྒྱུ་ཞིག་ལ་ངའི་མ་འོངས་བའི་བཀའ་ཁྲུ་ནི་ལོ་རྒྱུས་ནང་རྒྱལ་ཁབ་དང་མི་རིགས་ལ་མགོ་གཡོག་མགོ་སྐོར་མ་བྱས་པའི་མྱི་གཙང་མ་ཞིག་ཡིན།དེང་སྐབས་འུ་ཚོའི་སྤྱི་ཚོགས་ནང་ཁ་ བདེ་སོང་ན་བཀའ་ཁྲུ་འོས་ཚོད་དང་། ལག་ཁོམ་སོང་ན་ཕེན་ཤོག་བླུག་ཆོག་ཆོག་རེད། དེ་འདྲ་ཞིག་ཡིན་ན་མ་འོངས་བོད་ཀྱི་གནས་སྟངས་གང་འདྲ་ཞིག་ཡིན་པ་ཕལ་ཆེར་གོ་ཀི
    བཀའ་ཁྲུ་ལ་སུ་ཞིག་མ་འོངས་པ་བསྡད་ན་འདུག་མཁན་གྱི་ལོ་རྒྱུས་གཙང་མ་ཞིག་ཡིན་རྒྱུ་གལ་ཆེན་རེད་འདོད།

    Reply
  11. འབྲོག་རུ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀུར་འོས་བའི་གསར་འགོད་པ་ཨ་རིག་འགྱུར་མེད་དང་དོན་གོ་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མུ་མཐུད་དུ་འདི་འདྲིའི་རིག་དཔའ་མི་ཞུམ་པར་བོད་མི་ཉམ་ཆུང་ཚོའི་བདེ་སྡུག་གང་མང་མང་ཞིག་གླེང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གསར་འགོད་པ་ཟུང་གིས་རང་ཉིད་ཀྱི་འགན་འཁུར་ཡོད་པ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བྱེད་ན་འདོད། གསར་འགོད་པས་གནད་འགག་ཅན་མང་བོ་གླེང་དགོས་པ་རེད།

    Reply
  13. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    ང་ཚོས་གནས་ཚུལ་འདིར་གཟིགས་མ་ཐག་ནས་མི་མང་པོ་ཞིག་འགྲོགས་མགོ་རྩམས་སོང་།
    ངས་ལྟས་ན་མ་སུ་སློབ་གྲྭ་འདི་བཞིན་ཇི་སྲིད་ནམ་གནས་ཀྱི་བར་དུ་གནས་དགོས་བ་ཡིན་ཙམ་སྒྲིགས་གཞི་ལགས་སྟར་བྱེད་སྟངས་དེར་སེམས་གཏིང་ནས་གུས་སྟོད་ཡོད།
    སློབ་གྲྭས་ད་དུང་བུ་ཕྲུག་ཚོར་བསམ་བློ་གཏང་ནས་སོ་སོའི་དགའ་གཉེན་སྤུན་མཆེད་ཡོད་སའི་ཕྱོགས་སུ་བརྩིས་སྤྲོད་གནང་བ་དེ་ཡང་ཚུལ་མཐུན་ཡིན་རྒྱ་དམར་གཞུང་དེ་བོད་མི་ས་ཡ་དྲུག་གི་དགྲ་བོ་དྭང་མ་དེ་ཆགས་ཡོད་དེར་ཆེད་དུ་མངགས་ནས་མ་སུ་རི་སློབ་གྲྭས་ཤེས་བཞིན་དུ་ཁོང་ཚོ་བརྩིས་སྤྲོད་བྱས་མི་སྲིད་པ་ལྟ་བུ་རེད།
    ཅི་སྟེ་ཕྲུ་གུ་ཚོར་བོད་ལ་བརྩིས་སྤྲོད་བྱས་ན་ད་ནས་གཟུང་བོད་ནས་རྒྱ་གར་གྱི་ཕྱོགས་སུ་སློབ་གྲྭ་ཡོང་མཁན་མེད་པའི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་འགྱུར་མི་སྲིད།
    གང་ཡིན་ཞེ་ན་ཕ་མ་སུ་འདྲའི་ཞིག་ཡིན་རུང་རང་གི་ཕྲུ་གུ་དེ་ཚུལ་མཐུན་དང་ཤེས་ཡོན་ཡོད་པ་ཞིག་འགྱུར་རོགས་བྱས་ན་བསམ་པ་ལས་རྒྱ་གར་ལུང་པ་ལ་ག་རེ་བྱས་ན་འགྲིག་པ་ཡོད་སྙམ་པའི་བསམ་བློ་ཐོག་རྒྱ་གར་ལ་གཏང་བ་མིན་པ་གསལ་པོ་རེད།

    Reply
  14. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    གསར་འགོད་པ་དང་། སྤྱི་འཐུས་རྣམ་པར་ཡག་བྱུང་ཅེས་ཞུ་རྒྱུ་ཡིན། སོ་སོས་སོ་སོ་ལ་ཡོད་པའི་འགན་དེ་ཁུར་ཤག་ཅེས་ཞུ་འདོད་བྱུང་།

    Reply
  15. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    ད་ཡིན་ན། གནས་ཚུལ་དེ་ཇེ་སྡུག་ཕྱིན་སོང་། བོད་དུ་ཡོད་པའི་བོད་མིས་གསན་ན། ཕྲུག་གུ་མུ་འཐུད་རྒྱ་གར་སློབ་གྲྭ་གཏང་རྒྱུ་མཚམ་འཇོག་བྱེད་པའི་ཉེས་ཁ་རེད། ཕ་མ་སུ་ལ་ཡང་གནས་ཚུལ་འདི་འདྲ་མི་ཡོང་པའི་ཡིད་ཆེས་མེད། བཀའ་ཤག་བཅས་ཀྱིས་ཐག་བཅད་བྱས་པ་ཐོས་སྐབས་ཧང་སང་བྱུང་། བོད་ཕྲུག་དགུ་ལ་མདུན་ལམ་ཞིག་བསྟན་མ་ཐུབ་ན། ངེད་ཅག་བོད་མི་རྣམས་། ད་མི་ཞུ་སེམས་ཕམ་པའི་རྒྱུ་རེད

    Reply
  16. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ངས་རང་གི་སྐད་ཆར་གཞན་གྱིས་བདག་རྒྱག་མི་སྲིད་པ་ཤེས་ཀྱིན་ཡོད་ཀྱང་། སེམས་ཀྱིས་མི་བཟོད་པས་གཤམ་གྱི་རྩོམ་ཡིག་འདི་ཟིན་བྲིས་ལས་འདིར་བཀོད་པ་ཡིན།

    མ་སུ་རིའི་བྱིས་པ་དགུའི་ཆེད་དུ་ཤོར་བའི་ཆོ་ངེ།

    ཆེ་བ་རྒྱལ་ཁབ་ནས་ཆུང་བ་ཚོགས་པ་སྐྱིད་སྡུག་ཚུན་ཆད་དུ། མིའི་ཚོགས་སྡེ་གང་འདྲ་ཞིག་ཡིན་རུང་སྒྲིག་ཁྲིམས་རེ་ཡོད་ཅིང་། སྒྲིག་ཁྲིམས་དེ་ཡང་སྔོན་དཔག་གིས་བཟོས་པ་དང་བྱས་ཉེས་རེ་རེ་བྱུང་སྐབས། དེར་བསྟུན་གྱིས་རེ་རེ་བཟོས་པ་སོགས་ཡོད་པས། ཉེ་ཆར་མ་སུ་རི་བོད་ཁྱིམ་གྱིས་སློབ་གྲྭའི་སྒྲིག་གཞི་དང་འགལ་བའི་བྱིས་པ་དགུ་ཕྱིར་འབུད་བཏང་བ་ཡང་། བྱས་ཟིན་པར་བརྟེན་ནས་སྒྲིག་གཞི་བཟོས་པ་དང་འབྱུང་ངེས་པར་དཔག་ནས་སྒྲིག་གཞི་བཙན་པོ་དེ་ལྟ་བུ་ལག་ལེན་དངོས་ལ་བསྟར་ཤེས་ཆེ་བས། དགའ་གུས་ཞུ་རྒྱུ་ཡིན་མོད། དེ་འབྲེལ་གྱི་སྐད་ཆ་ཚིག་འགའ་མི་བཤད་རང་བཤད་དུ་གྱུར་སོང་།
    ལྟོས་འཇོག་གི་སྒོ་ནས་བཤད་ན། སློབ་གྲྭའི་གནས་སྐབས་སུ་འདི་ལྟ་བུའི་ཚུལ་མིན་གྱི་བྱ་སྤྱོད་སྤེལ་དུས་ཚབས་ཆེའི་ངོ་བོར་འགྱུར་གྱིན་ཡོད་ལ། ༼ འདི་ང་ཚོ་བོད་སྤྱི་ཚོགས་ཀྱི་བསམ་བློའི་འདུ་ཤེས་འཁྱེར་སྟངས་ཤིག་ལས་ང་རང་སྟེང་ནས་དེ་ལྟའི་ཚབས་ཆེན་ཞིག་ཏུ་ངོས་འཛིན་ཐུབ་ཀྱི་མི་འདུག ༽ བུ་མོ་གཅིག་ལ་བུ་དགུས་སྤྱད་ཡོད་ན་དེ་བས་ཀྱང་ཚབས་ཆེ་རུ་སོང་ཡོད་པས། ཐག་གཅོད་ནན་མོ་བྱེད་དགོས་པ་སྨྲོས་མེད་རེད། དེ་ལྟར་ལག་ལེན་ཏུའང་བསྟར་འདུག
    ལྡོག་ཕྱོགས་ནས་བཤད་ན། དེའི་ནང་གི་ལོ་ཆུང་ཤོས་ ༡༣ ཡིན། གལ་སྲིད་རང་ལོ་ ༡༣ ཅན་གྱི་བྱིས་པ་ཞིག་གིས་ཚབས་ཆེའི་བྱས་ཉེས་བཟོས་ཡོད་པར་ཆག་བཞག་ནའང་། དེ་ལ་སྒྲིག་གཞི་ལག་བསྟར་བྱེད་པར་ཆ་རྐྱེན་ཚང་མེད། གལ་སྲིད་རང་ལོ་ ༡༣ ཅན་གྱི་བྱིས་པ་དེས་མི་ཞིག་བསད་པའི་དབང་དུ་བཏང་ཚེ། བྱིས་པ་དེའི་ཚབ་ཏུ་མི་གཞན་ནམ་ཁོའི་ཕ་མ་གཉེན་ཚན་ཞིག་བཙོན་དུ་འགྲོ་དགོས་ལ། ཁོ་རང་ལོ་ ༡༨ མ་ཟིན་པར་ཁྲིམས་ཐོག་ནས་ཁྲིམས་ཆད་གང་ཡང་ཕོག་མི་ཆོག
    ན་ཚོད་དང་བསམ་བློ་སྨིན་མ་སྨིན་གྱི་སྟེང་ནས་བཤད་ན། རང་ལོ་ ༡༣ ཙམ་གྱི་བྱིས་པ་ཞིག་གིས་ཚབས་ཆེའི་བྱས་ཉེས་ཤིག་ཤོར་ཡོད་ན། དེའི་རྒྱབ་ལྗོངས་ན་ཏན་ཏན་དགེ་ལས་དང་ཕ་ཚབ་མ་ཚབ་ཚོས་སློབ་གསོས་མ་འདང་བའི་སྐྱོན་ཡོད་ལ། སྐྱོན་དེ་ནི་ཤིང་གི་སྡོང་བོ་ཞིག་ལ་དཔེ་བླངས་ནས་བཤད་ན་སློབ་གསོས་མ་འདང་བའི་སྐྱོན་དེ་སྡོང་བའི་རྩ་བ་དང་། བྱས་ཉེས་ཤོར་བའི་སྐྱོན་དེ་སྡོ་བའི་རྩེ་མོ་ཡིན་ལ། སློབ་གསོ་སྤྲད་པ་སྤུས་ལེགས་མིན་པའི་སྐྱོན་ཏེ་དགེ་ལས་ཀྱི་སྐྱོན་ནི་སྡོང་བོའི་རྩ་བ་དང་། སློབ་གསོ་མྱོང་བ་སྤུས་ལེགས་མིན་པའི་སྐྱོན་ཏེ་བྱིས་པ་དེའི་སྐྱོན་ནི་སྡོང་བོའི་རྩེ་མོ་ཡིན་པས། རྩ་བ་མེད་ན་རྩེ་མོ་འབྱུང་སྟངས་མེད་པས་ན། རང་ལོ་ ༡༡ ཅན་གྱི་བྱིས་པ་ལས་ཀྱང་ཁོ་ལ་སློབ་གསོ་སྤྲོད་མཁན་གྱི་དགེ་ལས་ཚོའི་སྐྱོན་ནི་ཚབས་ཆེ་རུ་སོང་གཤིས། ཚབས་ཆེའི་ཉེས་སྐྱོན་འདིའི་གཞི་རྩའི་འབྱུང་རྐྱེན་ངོས་ཟིན་པར་བྱེད་དགོས།
    སློབ་གསོ་སྤྲད་པ་སྤུས་ལེགས་མིན་གྱི་སྐད་ཆ་བཤད་སྐབས་ཕ་ཚབ་ཅིག་དང་མ་ཚབ་ཅིག་ཀྱང་ཕྱིར་འབུད་བཏང་ཟིན་ལ། དེ་ནི་ཁོང་གཉིས་ཀྱིས་སློབ་གསོ་བརྒྱབ་པ་མི་ལེགས་པས་རེད་ཅེས་ལན་གདབ་པར་ངས་ཐག་བཅད་ནས་བཤད་ཐུབ་ཀྱང་། སློབ་གསོའི་སྡེ་ཁག་ཆེན་པོ་དེ་ལྟ་བུ་ཞིག་གི་སློབ་གསོའི་འགན་ཡོངས་རྫོགས་ཕ་ཚབ་མ་ཚབ་ཚོས་འཁུར་གྱིན་མེད་པར། དགེ་རྒན་དང་ལས་བྱེད་ཀྱི་འཁུར་གྱིན་ཡོད་པ་ངས་གསལ་འགྲེལ་བྱེད་དགོས་མི་འདུག་མོད། མཇུག་མཐར་ཉེས་ཆད་ཕོག་ས་ཕ་ཚབ་མ་ཚབ་ཡིན་པ་འདི་གཅིག་པུས་ཀྱང་ཐེངས་འདིའི་ཐག་གཅོད་རང་བཞིན་ལ་དོགས་སྣང་སྣ་ཚོགས་ཤིག་གི་རྩ་བ་ཚུགས་ཤིང་། རྩེ་མོ་འབུས་བཞིན་པའི་སྒང་ཡིན།
    གཉིས་ཐད་ནས་བུ་མོ་གཅིག་གིས་བུ་དགུ་ལ་ལུས་འབྲེལ་བྱས་ཡོད་ན། བྱས་ཉེས་ཀྱི་ལྕི་ཡངས་ཀྱི་སྐད་ཆ་བཤད་སྐབས་བུ་མོ་དེ་ནི་སྡིག་ཉེས་ཡོད་ཚད་ཀྱི་འབྱུང་རྐྱེན་ཡིན་པས། བྱས་ཉེས་ཚབས་ཆེ་ཤོས་སུ་གྱུར་བ་ཡིན་ལ། དེ་འབྲེལ་གྱི་བྱིས་པ་དགུ་བོའང་བྱས་ཉེས་ཚབས་ཆེ་ཆུང་གི་གོ་རིམ་ལྟར་ཁྲིམས་ཆད་ཀྱང་ཆེ་ཆུང་རབ་འབྲིང་ཇི་རིགས་འབབ་པས་ན། བུ་མོ་དེར་ལུས་འབྲེལ་བྱེད་མཁན་གྱི་བུ་ཡོད་ཚད་ལ་སློབ་གྲྭ་ནས་ཕྱིར་འབུད་བྱེད་པའི་ཁྲིམས་ཆད་གཅིག་མཚུངས་སུ་བཅད་པ་དོ་མཉམ་མ་རེད།
    དེ་བཞིན་བུ་མོ་གཅིག་གིས་བུ་དགུ་ལ་ལུས་འབྲེལ་བྱེད་རག་བར་དུ་ཤེས་རྟོགས་ཐུབ་མེད་པའི་སློབ་གྲྭའི་སྒྲིག་གཞིའི་ངོས་ལ་བསམ་ན། ད་དུང་ཡང་སློབ་གྲྭ་ན་ཚུལ་མིན་གྱི་བྱ་སྤྱོད་སྤེལ་མཁན་མང་བ་གཞིར་གྲུབ་འདུག་ལ། དེ་ནི་མི་གཅིག་གིས་མི་དགུ་ལ་ལུས་འབྲེལ་བྱས་རྗེས་མ་གཏོགས་ཤེས་ཀྱི་མེད་ན། གྲོས་ཁ་མཐུན་པའི་མི་གཉིས་རེ་གསུམ་རེ་རྒྱུན་ལྡན་དུ་འབྱུང་གི་ཡོད་པའི་ཚོད་དཔག་བྱ་ཆོག་པར་འདུག་པས་ཡིན། ངས་བསམ་ན་གནད་དོན་འདིའི་འབྱུང་རྐྱེན་སློབ་གྲྭ་སྤྱིའི་སྒྲིག་འཛུགས་དང་སློབ་གྲྭ་དེའི་སྒྲིག་འཛུགས་ལྟ་རྟོག་པ་ཚོར་ཐད་ཀར་འབྲེལ་བ་འདུག་ལ། ཁོང་ཚོས་ཀྱང་དོན་རྐྱེན་འདིའི་ནང་དུ་གཅིག་མཚུངས་ཀྱིས་ནག་ཉེས་བསགས་འདུག
    འདི་ལྟར་གནད་དོན་རེ་རེ་བཞིན་རྩད་གཅོད་དང་དྲི་བ་རེ་རེ་བཞིན་གྱིས་དྲིས་ལན་རྙེད་དགོས་ན། དང་ཐོག་ནས་ཞིབ་འཇུག་བྱེད་དགོས་ས་ནི་དགེ་ལས་ཚོའི་རྒྱུན་ལྡན་གྱི་འགྲོ་འདུག་སྤྱོད་གསུམ་ནས་མགོ་བརྩམས་ཏེ། བྱིས་པ་ཚོའི་རྒྱུད་ལ་འཇོག་བཞིན་པའི་སློབ་གསོའི་སྤུས་ཀ་ལེགས་མིན་གྱི་སྟེང་དུ་ཡོད་ལ། གཉིས་ཐད་ནས་སློབ་གྲྭའི་རྒྱུན་གཏན་གྱི་སྒྲིག་འཛུགས་ཚགས་ཚུད་ཡོད་མེད་དང་། མཇུག་མཐར་གནད་དོན་ཐག་གཅོད་བྱས་པ་དྲང་པོ་བྱུང་ཡོད་མེད་དེ་རེད།
    ལྷག་པར་དུ་ཕྱིར་འབུད་བཏང་ཟིན་པའི་སློབ་ཕྲུག་དགུ་བོ་གཙོས་སློབ་ཕྲུག་སྤྱི་བྱིངས་ལ་ཐེངས་འདིའི་ཐག་གཅོད་འདིར་འདོད་བློ་ཚིམ་མམ་དང་། ཁོང་ཚོ་རང་རང་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། རང་ཉིད་ཐེར་འདོན་རང་དབང་། བྱིས་པའི་རང་དབང་སོགས་ལོངས་སུ་སྤྱད་ཐོག མི་རང་རང་གི་བསམ་ཚུལ་བཤད་པའི་གོ་སྐབས་བྱུང་ཡོད་མེད་ནི། ཐེངས་འདིར་ཐག་གཅོད་བྱས་པ་དྲང་པོ་དྲང་བཞག་བྱུང་ཡོད་མེད་ཀྱི་ཚད་ཐིག་ཡང་དག་པ་དེ་རེད།
    འབྲེལ་ཡོད་ཅིག་གིས་བཤད་ན། སློབ་ཕྲུག་དགུ་བོ་སློབ་གྲྭ་ནས་ཕྱིར་འབུད་བཏང་རྗེས་སློབ་གྲྭའི་ཞོགས་ཚོགས་ཤིག་གི་སྟེང་དུ། དུས་ད་ནས་བཟུང་ཁོང་ཚོའི་སུ་རྒྱ་གར་ནང་ཕྱིར་ལོག་ན་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་འདུག་ལ། ལག་ལེན་དངོས་ཀྱི་སྟེང་ནས་བཤད་ན། བྱིས་པ་བདུན་ད་ལྟ་བལ་ཡུལ་དུ་བསྐྱལ་ཟིན་པ་དེ་རེད། འདི་ལྟ་བུའི་གནད་དོན་ཐག་གཅོད་བྱེད་སྟངས་འདི་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀྱི་དོན་ཚན་གང་དུ་གསལ་ཡོད་དམ། བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་སློབ་གྲྭ་ནས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་ཚེ་རྒན་མགོ་དཀར་ནས་གཞོན་སོ་དཀར་སུ་ཡིན་རུང་། ཕྱིར་རྒྱ་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་གསལ་ཡོད་དམ།
    ཇི་ལྟར་བཤད་རུང་། ཐེངས་འདིའི་ཁྲིམས་ཆད་གཅོད་སྟངས་དེ་དྲང་བདེན་མ་རེད། སློབ་གསོའི་སྡེ་ཁག་ཅིག་གི་བྱེད་སྟངས་མ་རེད། འགྲོ་བ་མིའི་རིགས་ཀྱི་ཚོགས་སྡེ་ཞིག་གི་བྱེད་སྟངས་མ་རེད། གཤིས་ཡ་རབས་དང་རྒྱུད་གཞུང་དྲང་གི་བོད་མི་རིགས་ཀྱི་བྱེད་སྟངས་མ་རེད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་གི་བྱེད་སྟངས་མ་རེད། ཐ་ན་ཐག་གཅོད་བྱས་པ་མི་དྲང་བའི་ཁར། གནད་དོན་ངོས་བཟུང་བའང་མི་ལེགས་པ་གོང་ཞུས་ལྟར་ལགས།
    བྱིས་པ་དགུ་བོ་ཕྱིར་བལ་ཡུལ་དུ་སྐྱེལ་ཚུལ་ལ་བལྟས་ན་ཁོང་ཚོའི་ཕ་མ་བོད་ན་འདུག ཁོང་ཚོ་རང་གི་ཕ་མ་མིང་སྲིང་རྒྱབ་ཏུ་བསྐྱུར་ཏེ་རྒྱ་ནག་གི་མེ་མདའ་དང་འཆི་གསོན་གྱི་འཇིགས་སྐྲག་བརྒྱུད་ནས་འདིར་ཡོང་བ་རེད། མདོར་བསྡུར་ན་ཁོང་ཚོ་ས་འདིར་ལུས་པོ་སླེབས་རུང་སེམས་ཀྱི་རྟེན་ས་བོད་དུ་ལུས་པ་དང་། རྒྱབ་རྟེན་དཔུང་ཉེན་བྲལ་བའི་ངེས་པ་དོན་གྱི་སྐྱབས་བཅོལ་བ་རེད། རང་ལོ་ ༡༣ ཅན་གྱི་བྱིས་པ་རེད། ཕྱིར་རྒོལ་བྱེད་མི་ཐུབ་པའི་བྱིས་པ་ཆུང་ཆུང་རེད། རང་ལ་ཐེར་འདོན་བྱ་བློ་ཡོད་རུང་བྱ་ཡུལ་མ་རྙེད་པའི་སྙིང་རྗེ་བའི་བྱིས་པ་འགའ་རེད།
    མཇུག་མཐར། ངས་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་སྡེ་ཁག་ཅིག་གིས་གནད་དོན་འདིར་བསྐྱར་དུ་ཞིབ་འཇུག་ཅིག་བྱ་རྒྱུ་དང་། ཐེངས་འདིའི་ཐག་གཅོད་འདི་དྲང་པོ་བྱུང་ཡོད་མེད་མི་མང་ལ་གསལ་བཤད་བྱ་རྒྱུར་རེ་བ་རྒྱག་གི་ཡིན་ལ། ཕྱིར་རྒྱ་ལག་ཏུ་འཇོག་བཞིན་པའི་བྱིས་པ་དགུ་བོ་འཆི་བདག་དང་མེ་མདའི་སོ་ཁ་ནས་སྐྱོབ་རྒྱུར་ད་དུང་གོམ་པ་གང་གིས་རྗེས་ཆོད་ཀི་འདུག་ཅེས་ནན་ཏན་ཏན་གྱིས་ཞུ་བ་ལགས།

    Reply
  17. ཤེས་རབ says:
    ལོ་ 15 སྔོན།

    སྤྱི་མཐུས་རྣམས་པར་ཐུགས་རྗེ་ཆེ་གང་ལྟར་སློབ་ཕྲུག་དེ་དག་དགྲ་ལག་ཏུ་མི་འགྲོ་བ་ཞིག་དང་མུ་མཐུད་དུ་སློབ་སྦྱོང་མཇུག་མཐུད་ཐུབ་པ་ཞིག།
    སྤྱིར་བཏང་ཁོང་ཚོའི་ཚུལ་མིན་གྱི་ལས་ཀ་བྱེད་ཡོད་ན་ཡང་ཕུན་ཚུན་གཉིས་ཀའི་འདོད་མོས་ཡིན་པ་ལས་བཙན་པོ་དབང་ཡོད་ནི་བྱས་མི་འདུག།
    དེས་ན་འདི་ནག་ཉེས་ཆེན་པོའི་ཁྲིམ་འགལ་ཞིག་མ་རེད་ཞེས་ཞུ་རྒྱུ་ཡིན།

    Reply
  18. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ཁ་སྔོན་ནས་དྲ་ཚིགས་འདིའི་བརྒྱུད་ལམ་ནས་ཁོ་བོས་རེ་བསྐུལ་ཞུས་པ་གཞིར་བཟུང་། སྤྱི་འཐུས་ལྷན་ཚོགས་ནས་ཀྱང་དགོངས་བཞེས་ཧ་ཅང་གུད་ཡང་པོ་དང་ཐུགས་འགན་ཚད་ལྡན་བཞེས་འདུག་པས་སྙིང་ནས་དགའ་བསུ་ཡོད། ད་ལྟ་བཀའ་ཤག་གི་ཐག་གཅོད་སྒུགས་ནས་ཡོད། ཕྱིར་འབུད་གཏོང་བའི་དབང་ཆར་མ་སུ་རིའི་སློབ་སྤྱི་སོགས་ཁོང་ཚོར་ཡོད་ཀྱི་རེད་དེ། རྒྱ་ནག་ལ་རྩིས་སྤྲོད་པའི་དབང་ཆ་མེད། ཁོང་ཚོར་མ་སུ་རིའི་སློབ་གྲྭར་འཇོག་མི་ཆོག་པའི་དབང་ཆ་ཡོད་ཀྱང་། སློབ་གྭ་གཞན་དུ་ཞུགས་ཆོག་མིན་གྱི་དབང་ཆ་ཁོང་ཚོར་མེད། ཡང་སློབ་གྲྭར་མི་འཇོག་པ་ཡིན་རུང་༸སྐྱབས་མགོན་རིན་པོ་ཆེའི་སྐྱབས་འོག་ནས་འཐེན་རྒྱུ་དང་སྐྱབས་བཅོལ་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་རྒྱུའི་དབང་ཆ་མེད། སྤྱིར་བཏང་ངེས་པར་དུ་ཁོང་ཚོས་བལ་ཡུལ་དུ་ཕྱིར་འབུད་བཏང་བར་རྒྱུ་མཚན་གཞན་དག་ཅིག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། ཤ་ཁྲག་རུས་གསུམ་གཅིག་པའི་སྤུན་ཟླ་ཚོ། ཁ་པར་ཨང་གྲངས་འདི་དང་འབྲེལ་བ་བྱོས་དང་། ༩༨༤༥༣༣༢༠༨༦ འཐབ་ཕྱོགས་གཅིག་གྱུར་བྱ་དགོས། བྱ་བ་ཐབས་རྡུགས་འདི་འདྲར་བྱེད་རྒྱུར་ཁོང་ཚོས་དགའ་པོ་བྱས་ན། ང་ཚོ་ས་མཐའི་མི་འཁྱམས་ཚོས་སྡུག་མི་ཁྱོགས་རྒྱུ་ཅང་ལྷག་ཡོད་པ་མ་རེད། དུས་བབ་ཀྱིས་འདིའི་སྟེང་སྔ་ཕྱི་བར་གསུམ་དུ་ཕྱག་ལས་ཚད་ལྡན་དང་རླབས་ཆེན་གནང་བར་ཐུགས་རྗེ་རྗེས་དྲན་ཡོད། མུ་མཐུད་དེ་གནང་རོགས་ཞེས་རེ་འབོད་བྱེད་ཀྱི་ཡོད།

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱལ་མཚམས་བོད་རིགས་ བྱིས་པའི་གསར་འགྱུར་འོག་གི་བོད་ནས་གྲོས་བྱོལ་ཆབ་སྲིད་ཉེས་ཕོགས་དང་། བཙན་བྱོལ་དུ་ཚུལ་འཆལ་ཉེས་ཕོགས་གཉིས་བརྩེགས་ཡོད་པ་དེ་དག་ཕྱི་རྒྱལ་ཡུལ་ཁག་ཏུ་ བྱིས་སྐྱོབ་ཚོགས་པ་དང་། ཆབ་སྲིད་ཉེས་སྐྱོབ་སོགས་ཀྱི་བརྒྱུད་ནས་ལེན་ཐབས་ཡོད་ཚེ། e-mail: kardorime@gmail.com,དང་། ༠༠ ༣༦ ༣༠ ༩༠ ༣༩ ༧༨༨ ཁ་པར་ཨང་གྲངས་ཐོག དོ་བདག་སོ་སོས་སམ། ནང་མི་སྤུན་མཆེད། བར་མི་སུ་རུང་ནས་འབྲེལ་བ་གནང་ནས་ཤིན་ཏུ་དགོས་ངེས་ཅན་ལ་གནམ་གྲུའི་འགྲོ་སོང་ ཡང་། ཡོ་རོབ་བོད་ཀྱི་ཐེབ་རྩ་དང་རིས་མེད་བསྟན་འཛིན་བཤད་སྒྲུབ་གླིང་གི་མིང་ཅན་ཆོས་ ཚོགས་གང་རུང་ནས་ཐབས་འཚོལ་ཞུ་རྒྱུ་བཅས། ཐེབ་རྩའི་ཚོགས་གཙོ་དང་ཆོས་ཚོགས་འགན་འཛིན་གཅིག་ལྕོགས་པ་ཀརྨ་རྡོ་རྗེས་ལོ་ཟླ་ ཚེས་ ༢༠༡༠་༠༦་༢༠ ལ།
    བུ་མོ་དེ་དང་བུ་ཆེ་ཤོས་དེ་ལ་ཕྱི་རྒྱལ་དུ་སླེབས་ཐབས་ལ་བོད་སྤྱི་སྒེར་གཉིས་ནས་དགག་བྱ་མེད་ན་ཕྱོགས་ཡོངས་ནས་འབད་འབུངས་གནང་རོགས་ཞུ།

    Reply
  20. མྱི་ལྟིག says:
    ལོ་ 15 སྔོན།

    སློབ་མ་དེ་དག་གི་མིང་དང་ཕ་ཡུལ་གང་ཡིན་གསལ་བོ་་བཀོད་ན་གཅིག་བྱས་ན་བདག་པོ་རེ་ཡོད་ཀྱང་སྲིེད།
    སྤྱབས་བཅོལ་་བ་དེ་ཚོ་སྙིང་རྗེ་དེའི་ནང་གི་བདག་པོ་མེད་ནི་དེ་ཚོ་སྙིང་རྗེ།

    Reply
  21. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    སྤྱི་འཐུས་རྒྱུན་ལས་ཀྱིས་དགོངས་པ་ཡོད་པོ་བཞེས་ཤིག་སྟེ་དུས་ལ་བབ་པའི་འགན་འཁུར་ཆེན་པོ་ཞིག་བླངས་འདུག དེ་ལ་རང་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བཀའ་ཤག་དང་མ་སུ་རི་སློབ་གྲྭ་ཟུང་འབྲེལ་གྱིས་ཐག་གཅོད་བྱས་པ་ཞིག་ཡིན་ན་ཏན་ཏན་ཟམ་གདོང་ཚང་ལ་དགོས་པ་རྒྱུ་མཚན་གཏིང་པོ་ཞིག་ཡོད་རྒྱུ་རེད། དེ་མ་གཏོགས་ཟམ་གདོང་ཚང་གིས་གང་བྱུང་བྱེད་སྲིད་ཀྱི་མ་རེད་སྙམ། མ་གཞི་ད་ལྟ་འདིའི་སྐོར་བཀའ་ཤག་ལྷན་རྒྱས་ཚོགས་འདུ་འཚོགས་བཞིན་པའི་སྒང་ཡིན་སྟབས་ང་ཚོས་འོས་ཚོད་ཀྱིས་བཤད་སྤོབས་མ་མཆིས། དེ་མིན་བོད་ཕྲུག་ན་གཞོན་དགུ་ཙམ་ཕྱིར་བུད་ཀྱིས་བོད་དུ་བཏང་བར་ཏན་ཏན་བློ་ཕམ་ཆེན་པོ་ཡོད་ཡཱ།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཀུར་འོས་གསར་འགོད་པ་ཨ་རིག་འགྱུར་མེད་དང་དོན་གོ་རྣམ་གཉིས་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བོད་ཀྱི་དུས་བབ་འདི་ནི་འཛམ་གླིང་ཐོག་ཏུ་བོད་ཡིག་དྲ་རྒྱ་ཡག་ཤོས་དང་ཀློག་པ་པོ་མང་ཤོས་ཤིག་རེད།
    མ་ཟད་བོད་ཀྱི་དུས་བབ་དྲ་རྒྱ་འདིར་བོད་མི་ཉམ་ཆུང་ཚོའི་བདེ་སྡུག་གླེང་ས་ཞིག་དང་བོད་མི་ཉམ་ཆུང་ལ་རྒྱབ་སྐྱོར་ཐོབ་ས་ཞིག་ཀྱང་རེད།

    ད་རིང་གི་མ་སུང་རིའི་སློབ་གྲྭའི་ཕྲུག་གུ་རྣམས་ཕྱིར་འབུད་བཏང་བའི་གནས་ཚུལ་གསར་བསྒྲགས་བྱས་པར་བརྟེན་སྤྱི་ཚོགས་ནང་དུ་རྒྱབ་སྐྱོར་ཐོབ་པ་དུས་བབ་དྲ་རྒྱ་གྱིས་བཀའ་དྲིན་ཡིན།

    དུས་བབ་ཚང་གིས་བྱ་བ་རླབས་ཆེན་བྱེད་བཞིན་པས་རྒྱུ་མཚན་གྱིས་བཀའ་ཁྲི་དང་ཤེས་རིག་ལས་ཁུངས་ཀྱིས་དུས་བབ་ཚང་གི་དྲི་བ་ལན་འདེབས་བྱེད་མི་སྤྲོ་བ་རེད་སྙམ།
    རྒྱ་གར་ལུང་པའི་ནང་དུ་དཔོན་ངན་ཟ་ངོམས་ཅན་རྣམས་ཀྱིས་གསར་འགོད་པ་ལ་མཐོང་ཆུང་དང་ཁྱད་བསད་བྱས་ཀྱི་ཡོད་པ་མ་ཟད་རྡུང་བརྡེགས་བཏང་མཁན་ཡང་ཡོད་ཚད་རེད།
    དུས་བབ་ཚང་གི་གསར་འགོད་པ་རྣམས་ཀྱིས་དཔའ་མི་ཞུམ་པ་མུ་མཐུད་ནས་བོད་མི་ཉམ་ཆུང་ཚོའི་བདེ་སྡུག་གླེང་གང་ཐུབ་བྱེད་རོགས་ཞེས་ཞུ་མ་དགོས་པ་ཞིག་རེད་སྟེ་སེམས་ཆུང་གི་ཚུལ་དུ་ཞུས་པ་ཡིན།
    བཀའ་ཤག་དང་ཤེས་རིག་གཉིས་ཀྱིས་འཚོགས་འདུས་ཚར་རྗེས་སུ་ལན་འདེབས་གནང་རོགས་བྱེད་ན་ང་ཚོ་ཀློག་པ་པོས་བསྒུག་ནས་བསྡད་ཡོད་པས་དུས་བབ་ཚང་གིས་མ་བརྗེད་རོགས།
    བོད་ཕྲུག་འཁྲུལ་མེད་འདི་ཚོ་དགྲ་བོ་རྒྱ་དམར་གྱི་ལག་ཏུ་སྤྲད་པ་ཡིན་ན་ང་ཚོང་བོད་མི་ཉམ་ཆུང་ཚོས་ཁ་བཙམ་ནས་སྡོད་མི་ཐུབ་ཐག་ཆད་ཡིན།

    Reply
  23. བསྟན་པ། says:
    ལོ་ 15 སྔོན།

    གཉེན་ཉེ་མེད་པའི་ཕྲུག་གུ་བདག་ལ་བརྩེ་བའི་གཟིགས་པར་ཁྱེན།་་

    Reply
  24. བསྟན་པ། says:
    ལོ་ 15 སྔོན།

    ཡག་པོར་བཤད་ན་ཕ་མའི་ལག་དང་སྡུག་པོ་བརྗོད་ན་དགྲ་བོའི་ལག་ཏུ་མ་སྤྲད་རོགས། རང་ཡུལ་ནས་དགྲ་བོ་སྡུག་པོ་དང་། གཞན་ཡུལ་དུ་གྱར་ཚེ་ནས་སྤུན་ཟླས་དགྲ་བོར་རྩིས་སྤྲོད། ཧ་་་་་་ཉམས་ང་བ་ལ།

    Reply
  25. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    བོད་མི་དམགས་སྤྱི་འཐུས་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུ་ཡ་དང། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་དབུས་བོད་གཞུང་བཀའ་ཤག་ལ་ཞུ་སྙིང་། བོད་མི་དམགས་སྤྱི་འཐུས་ལྷན་ཚོགས་ཀྱི་རེ་སྐུལ་ཞུས་པ་བཞིན་ཐག་བཅད་ཡོངས་བར་ཞུ་མཁྱེེན། མཁྱེན།

    Reply
  26. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གང་ལྟར་སློབ་མ་ཚོའི་ངོས་ནས་ནོར་སྐྱོན་བཟོས་ཡོད་པ་རེད་
    ང་ཚོ་མཆན་བུ་པ་དག་གིས་ཀྱང་ཅུང་ཐལ་དྲགས་པའི་བཾསམ་ཚུལ་བཤད་ཡོད་སྲིད
    འོན་ཀྱང་སུ་དང་གང་ཞིག་ལ་བཀའ་མོལ་གནང་ཡོད་ཀྱང་རྒྱང་ཕུད་བཏང་འདུག་པར་རྒོལ་རྒྱུ་ཡིན
    གང་ལྟར་སྐྱབས་བཅོལ་གྱི་གནས་ཡུལ་འདི་ནས་བལ་ཡུལ་ལ་རྫིངས་བ་དེ་རྒྱང་ཕུད་བཏང་ཚར་བ་རེད
    བཤད་ཚོད་ལ་འདིར་ཁྱམས་བསྡོད་པ་ལས་ཕྱིར་རང་ཁྱིམ་དུ་ལོག་བཏང་པ་ཡིན་གསུངས་འདུག
    སྐད་ཆ་སྙན་མོ་ཞིག་གི་སློབ་བུ་དེ་དག་གི་རང་དབང་ལ་ཚད་བཀག་བྱས་པ་རེད
    ངའི་སྐད་ཆ་ཐལ་དྲགས་ཡོད་སྲིད་ཀྱང་དྲང་བདེན་ལས་གཞན་མེད
    མ་ཟད་སློབ་བུ་དེ་དག་ལ་ཕྱོགས་འདེགས་བྱེད་དགོས་དོན་ཡང་མེད
    རྒྱུ་མཚན་་་་ངའི་སློབ་བུ་དེ་དག་ངོ་མི་ཤིས་ལ་ཆ་རྒྱུས་དེ་བེ་ཀྱང་མེད་པས་སོ།

    Reply
  27. ལི་སྐལ་བཟང says:
    ལོ་ 15 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞུང་བཀའ་ཤག་ལ་ཛ་དྲག་ཐོག་སྙན་ཞུ་ཕུལ་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་རང་གཞུང་བཀའ་ཤག་ལྷན་རྒྱས་ནས་སློབ་ཕྲུག་དེ་དག་གི་མ་འོང་མདུན་ལམ་རྦད་བརླག་ཏུ་མི་འགྲོ་བ་གནང་རོགས་ཞུ་རྒྱུ་ཡིན།

    Reply
  28. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    བཀའ་ཤག་ལ་སྐྱོན་འཛུགས་ཤིག་བྱེད་འདོད་པ་འདྲ།
    མ་སུ་རིས་སློབ་གྲྭའི་འབྲེལ་ཡོད་ཀྱིས་གསལ་བཤད་བྱས་འདུག ད་འགྲིགས་སོང་ང་ཡང་རེ་ཞིག་འཐོམས་ནས་བོད་ཕྲུག་ཚོ་དགྲ་བོའི་ལག་ཏུ་བཞག་པ་ཡིན་སྐོར་ཁ་སང་ངས་མཆན་སྤེལ་བ་ཡིན། བསམ་བློ་ཡག་པོ་གཏོང་དུས་དེ་ཅུང་ཙམ་འགྲིག་མི་འདུག
    མི་ཟེར་རྒྱུ་དེ་གནས་ཚུལ་ལ་ཞིབ་འཇུག་མ་བྱས་པར་ཁ་ནས་གང་ཐོན་བརྗོད་རྒྱུ་མི་འདུག ང་ལ་དེ་རིང་སྣ་སུན་གཅིག་རག་སོང་།

    Reply
  29. མདོ་ཁམས་འབྲི་མཚོ says:
    ལོ་ 15 སྔོན།

    ུདཔལ་ལྡང་རང་གཞུང་གིས་དབུ་ཕྲིད་རྣམས་ལ་ཞུ་གསོལ་ང་ཚོའི་སྤུན་ཟླ་རྣམས་སྤྱོད་པ་གཞི་རྩམ་སྡུག་ཡང་དགྲ་ལག་ལ་མ་སྤྲད་རོག་གནང་ཐུགས་རྗེ་གཟིགས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese