མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་ཚད་ལས་བརྒལ་བའི་མནར་གཅོད་བཏང་སོང་།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཀརྨ་བསམ་འགྲུབ་ལགས་ཀྱིས་ཕྱི་ཚེས་ ༢༢ ཉིན་ཁོང་ལ་ཁྲིམས་བཤེར་བྱེད་སྐབས་རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁོང་ལ་ཉེས་རྡུང་བཏང་བ་དང་། གཉིད་འཕྲོག་པ། དེ་བཞིན་སྡུག་སྦྱོང་མནར་གཅོད་གཞན་གང་བྱས་ཀྱི་ཐད་སྐྱོན་བརྗོད་བྱས་འདུག

ཀརྨ་བསམ་འགྲུབ་ཀྱི་བཟའ་ཟླས་ཕྱི་ཚེས་ ༢༢ ཉིན་ཨེ་པེ་གསར་ཁང་ལ་བརྗོད་དོན། ཀརྨ་བསམ་འགྲུབ་ལ་གོང་ཚེས་ཉིན་ཞིན་ཅང་གི་ཡང་ཆི་རྫོང་ཞེས་པར་ཁྲིམས་བཤེར་བྱས་ཡོད་པ་དང་། ཉིན་དེར་ཁོང་གིས་ཁྲིམས་ཁང་ནང་དུ་གསལ་བསྒྲགས་ཤིག་སྤེལ་ཏེ། ལོ་འདིའི་ཕྱི་ཟླ་ ༡ པོའི་ཚེས་ ༣ ཉིན་ཁོང་ཉིད་འཛིན་བཟུང་བྱས་པ་ནས་བཟུང་འདྲི་བརྩད་བྱེད་མཁན་ཉེན་རྟོག་པ་དག་གིས་ཁོང་ལ་ཉེས་རྡུང་བཏང་བ་དང་ཚད་ལས་བརྒལ་བའི་མནར་གཅོད་བཏང་བའི་སྐོར་ཞིབ་ཕྲའི་ངང་བཤད་པ་མ་ཟད། ཐ་ན་ཁོང་གི་རྣ་ནང་ནས་ཁྲག་ཐོན་པའི་རྫས་སྦྱོར་བྱེད་སྤྱོད་བྱས་ཚུལ་བཤད་ཡོད་འདུག

ཁོང་གི་བཟའ་ཟླས་ཨེ་པེ་གསར་ཁང་ལ་བཤད་དོན། ཁོང་གི་སྐད་གདངས་མིན་ཚེ་ངས་ཁོ་རང་ངོས་ཟིན་ས་མ་རེད། ཁོང་ཁྲིམས་ཁང་ལ་ཁྲིད་ཡོང་དུས་གཟུགས་པོ་སྒུར་བསྡད་འདུག་ཅེས་ཀརྨ་བསམ་འགྲུབ་ལགས་ལོ་ཕྱེད་ཙམ་གྱི་རིང་བཙོན་འཇུག་བྱས་རྗེས་ཀྱི་གནས་སྟངས་ནི་མི་ངོ་མི་ཟིན་པའི་ཚད་དུ་ཡོད་ཚུལ་བཤད་ཡོད་པ་རེད།

ཀརྨ་བསམ་འགྲུབ་ལགས་ནི་ཚད་མཐོ་གོང་འཇོ་རྫོང་བསམ་འཕེལ་ཞང་སྡོམ་པ་གྲོངནས་ཡིན་པ་དང་། ཁོང་ནི་ཁོར་ཡུག་སྲུང་སྐྱོབ་ཐད་ཚད་མཐོའི་གཟེངས་རྟགས་བཞེས་མྱོང་མཁན་བོད་རིགས་ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་ལ། ཁོང་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དེར་ཧོང་ཀོང་གི་ས་གཞིའི་གྲོགས་པོ་ཚོགས་པ་དང་ཧྥོར་ཌི་བཟོ་ཚོང་ཁང་གཉིས་མཉམ་འབྲེལ་གྱིས་གཉེར་བའི་ས་གཞིའི་གཟེངས་རྟགས་ཞེས་པ་དེ་ཡང་ཐོབ་མྱོང་ཡོད་པ་རེད།

ཁོང་གིས་རྒྱ་ནག་གི་བཙོན་ཁང་ནང་དུ་ཡོད་པའི་རང་གི་བུ་སྤུན་གཉིས་སྐྱོབ་པའི་ཆེད་དུ་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱས་པའི་དབང་གིས་རྒྱ་ནག་གཞུང་གིས་ཁོང་ལ་སླར་ཡང་། དུར་སྔོག་དང་རིག་གཞུང་གི་ཤུལ་དངོས་བརྐུ་འཁྱེར་བྱས་པའི་ཉེས་པ་བཀལ་ཡོད་པ་རེད།

དོན་དངོས་སུ་ཉེས་འཛུགས་འདི་ནི་ལོ་ ༡༢ ཀྱི་ཡར་སྔོན་ལ་ཞིན་ཅང་ནས་ཁོང་ལ་བཙུགས་པ་དང་། སྐབས་དེར་ཉེན་རྟོག་པས་ཁོང་ལ་ཉེས་མེད་ཀྱི་དཀར་འདོན་བྱས་ཡོད་པ་རེད། གལ་སྲིད་ཉེས་པ་འདི་དག་ཁོང་གི་མགོར་ལྷུང་ཚེ་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་སྲིད་པ་ཞིག་ཡིན་མོད། ཁོང་གི་ཁྲིམས་རྩོད་པས་ཉེས་པ་ཅུང་ཡངས་པ་ཞིག་འགེལ་སྲིད་སྐོར་བཤད་ཡོད་འདུག

ཁོང་གི་སྤུན་རིན་ཆེན་བསམ་གྲུབ་དང་འཇིགས་མེད་རྣམ་རྒྱལ་གཉིས་ལོ་སྔོན་མའི་ཕྱི་ཟླ་ ༨ པའི་ནང་འཇུས་ཡོད་ལ། ཉེས་འགེལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་པ་གནོད་པའི་བྱ་བ་སྤེལ་བར་བཤད་ཡོད་པ་རེད། ཁོང་གཉིས་ཀྱིས་ཁམས་ཨ་ཆུང་སེང་གེ་གནམ་རྫོང་དང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་བཙུགས་ཤིང་། རྒྱ་ནག་གི་ལས་བྱེད་དག་གིས་ཡུལ་དེའི་རི་སྐྱེས་སྲོག་ཆགས་རྣམས་བདའ་བཞིན་པའི་སྐོར་ཞུ་གཏུགས་བྱས་པར་བརྟེན་འཇུས་ཡོད་པ་རེད། ཡིན་ཡང་། རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ཐོག་ནས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་ཚུལ་གྱི་ཉེས་འཛུགས་བྱས་ཡོད་པ་རེད།

གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༤ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཁྱོད་ལ་སུས་ལབ་བྱུང་། ཁོས་ལབ་བྱུང་། མོས་ལ་བྱུང་། ཁོང་གིས་གསུངས་བྱུང་།
    ཁྱོད་སུ་ཡིན། ང་ཡིན།
    སུ་རེད། ཁོ་རེད། མོ་རེད། ཁོང་རེད།
    སུའི་རེད། ངའི་རེད། ཁོའི་རེད། མོའི་རེད། ཁོང་གི་རེད།
    ཁྱོད་ཀྱིས་སུ་ལ་ལབ་པ། ཁོ་ལ་ལབ་པ་ཡིན། མོ་ལ་ལབ་ཡིན། ཁོང་ལ་ལབ་ཡིན། ང་རང་རང་ལ་ལབ་པ་ཡིན།
    སུ་ལ་ལབ་བགྱིད་ཡོད། ཁོ་ལ་ལབ་བགྱིད་ཡོད། མོ་ལ་ལབ་བགྱིད་ཡོད། ཁོང་ལ་ལབ་བགྱིད་ཡོད། ང་རང་རང་ལ་ལབ་བགྱིད་ཡོད།
    སུ་ལ་ལབ་བགྱི་ཡིན་པེ། ཁོ་ལ་ལབ་བགྱི་ཡིན། མོ་ལ་ལབ་བགྱི་ཡིན། ཁོང་ལ་ལབ་བགྱི་ཡིན།

    Reply
  2. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    ཀརྨ་བསམ་གྲུབ་ཀྱིས་རང་གི་སྡུག་བསྔལ་བཤད་པ།
    འོད་ཟེར་གྱིས་བྲིས། ནགས་ཤོད་རིག་རལ་གྱིས་བསྒྱུར།
    ཁ་ས་ཁྲིམས་རྭ་འཚོགས་སར་ཀརྨ་མཐོང་དུས་སྒྲོལ་དཀར་མཚོ་ཧ་ལས་ཧང་སངས་བར་གྱུར། “ཁོང་གི་སྐད་ངོ་མ་ཆོད་ན་ངས་ཁོང་རང་རྩ་བ་ནས་ངོ་ཤེས་ས་མ་རེད་”ཅེས་སྐྱོ་གདུང་གིས་གཟེར་བའི་བཟའ་ཟླ་སྒྲོལ་དཀར་མཚོས་མགྲིན་པ་རྣང་བཞིན་དུ་བརྗོད་བྱུང་།
    ཀརྨས་ཇི་ལྟར་ཁོང་ལ་མནར་གཅོད་ཚ་འདྲི་བཏང་ཚུལ་དེ་དག་རེ་རེ་བཞིན་དྲངས་ནས་ཡོང་དུས་མི་ཆོས་ལས་འདས་པའི་གདུག་རྩུབ་དེ་དག་སྐྱེ་བོའི་བློ་ཡིད་དུ་ཤོང་དཀའ་བར་འདུག ལོ་ཕྱེད་ལྷག་གི་རིང་དུ་ཁོང་རང་ཤིན་ཅང་པྭ་ཀྲིག་ཟེར་བའི་ས་དེར་བཀག་ཉར་བྱས་ལ། མཛོད་དགེ་ནས་ཁུར་ལེ་དང་། དེ་ནས་ད་ལྟའི་ས་དེར་བསྐྱལ་བ་རེད། ཁོང་ལ་ཉིན་ལྟར་ཆུ་ཚོད་བཅུ་གྲངས་འགའ་ཤས་འདྲི་རྩད་བྱས་པ་དང་ཁྱོན་བསྡོམས་འདྲི་རྩད་ཐེངས་མ་90ལྷག་བྱས་འདུག དེའི་རིང་དུ་རྐུབ་སྟེགས་ཐོག་ཏུ་ཐེངས་མ་གསུམ་རང་བསྡད་བཅུག་པ་ཕུད། དེ་མིན་ཚང་མ་ཉེན་རྟོག་པས་ཁོ་པ་གནམ་ཐག་རྒྱག་པ་དང་ལག་པ་རྒྱབ་བཙིར་སློག་པ་སོགས་པའི་མནར་གཅོད་བཏང་བ་ནི་སྨྲ་བརྗོད་ལས་འདས་པ་ཞིག་རེད། དེའི་རིང་དུ་ད་དུང་བཅར་རྡུང་མཚམས་ཚོད་མེད་པ་བཏང་བས་དྲན་པ་ཡང་ཐེངས་མང་པོ་འཐོར་མྱོང་འདུག ཐ་ན་ཁོང་གི་སྣ་རུ་སྨན་རྫས་ཤིག་བཙན་གྱིས་བླུགས་པས་ཀླད་པར་ཟིལ་ཁ་སྟེར་བ་མ་ཚད། མགོ་ལས་ཁྲོག་ཁྲོག་གི་སྒྲ་སྒྲོགས་པ་དང་། མིག་དང་རྣ་བ་དག་ལས་ཀྱང་ཁྲག་དམར་འཛགས་མྱོང་འདུག སྐབས་དེར་ཉེན་རྟོག་པ་དེ་ཚོས་ད་དུང་། “འདི་སྤྱོད་ཆོག་པ་སྤྱི་བདེ་ལས་ཁུངས་ནས་ཆོག་མཆན་ཡོད་པས་ཁྲིམས་དང་མཐུན་པ་ཞིག་རེད། ཁྱོད་ཤི་གི་མ་རེད”ཅེས་ཟེར།
    འདྲི་རྩད་ཚར་ནས་བཙོན་ཁང་ནང་ཕར་བསློགས་ཀྱང་ད་དུང་ངལ་གསོ་བའི་སྐབས་མེད་པར། འབྲེལ་ཡོད་སྡེ་ཚན་གྱིས་བཏང་བའི་“བཙོན་པ་”ཟེར་བ་དེ་ཚོས་ཡང་དབང་ཡོད་དང་ཉེས་རྡུང་ཚད་མེད་བཏང་བ་མ་ཚད། མཚན་གང་གཉིད་ཉལ་མ་བཅུག་པ་དང་སྐར་མ་རེ་འགའི་ཚོད་ལ་གཉིད་ཐེངས་རེ་དཀྲོགས་པ་རེད། ད་དུང་ཁོང་ལ་དོན་ཆེ་ཆུང་ཚང་མར་བུན་ཐོ་བྲི་འཇུག་པ་དང་། གསང་སྤྱོད་དུ་འགྲོ་བར་ཡང་བུན་ཐོ་བཞག་དགོས་པས། ད་བར་དུ་བུ་ལོན་ཁྱོན་བསྡོམས་སྒོར་ཁྲི་66ཟུག་ཡོད། མི་དེ་ཚོས་རྗེས་མར་བུན་འཛིན་འཁྱེར་ནས་ཀརྨར་བུ་ལོན་འདེད་དུ་ཡོང་རྒྱུ་དང་། ཁོང་ཕྱི་ལ་མ་ཐར་ན་ཁོང་གི་ཁྱིམ་མིའི་ས་ནས་བུ་ལོན་གཙང་ལེན་བྱེད་ཀྱི་ཡིན་ཟེར་བ་དང་། ད་དུང་ང་ཚོས་ཁྱོད་ཀྱི་ཁྱིམ་རྙེད་ཐུབ། ཁྱོད་ཀྱི་བཟའ་མི་བུ་ཕྲུག་རྙེད་ཐུབ་ཅེས་འཇིགས་སྐུལ་ཡང་བྱས་འདུག ཀརྨའི་ཟ་མ་ནི་རྫབ་ལུད་དང་འདྲ་བ་ཡིན་ལ། དེ་ལྟར་ཡིན་ཡང་མི་དེ་ཚོས་ད་དུང་མོག་མོག་ས་ལ་བསྐྱུར་ནས་རྡོག་པས་བརྫི་བ་དང་། བརྫིས་ནས་ལེབ་ལེབ་ཆགས་པའི་ས་རྡུལ་འདྲེས་པའི་མོག་མོག་བཙོག་པ་དེ་དག་ཁོང་གི་ཁ་ནང་དུ་བརྒྱངས་ཀྱི་ཡོད། མི་དེ་ཚོས། “ཁྱོད་ཀྱིས་ཨེ་ཤེས། ང་ཚོས་ཁྱོད་ཀྱི་ལུས་ཐོག་ལ་གློག་ཆུ་བཤོས་ན་ཡང་འགྲིག་གི་རེད། ཁྱོད་སྐད་ཅིག་ཉིད་དུ་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པ་བཟོ་ཐུབ་”ཅེས་ཟེར།
    ཀརྨ་བསམ་གྲུབ་ཀྱིས། “ཁོང་ཚོས་བློ་ལ་ཤར་ཐུབ་ཚད་ཀྱི་མནར་གཅོད་སྡུག་སྦྱོང་གཏོང་སྟངས་དེ་དག་ངའི་ལུས་སེམས་གཉིས་ལ་བེད་སྤྱོད་བཏང་བྱུང་། རྒྱུ་མཚན་དེ་དག་གིས་ང་རང་ཡང་གསོན་པ་ལ་རེ་བ་ཆད་མྱོང་ཡོད། ངའི་སེམས་སུ་འཇིག་རྟེན་ནི་འདི་ལྟར་སྙིང་རྗེ་མེད་པ་དང་། མི་སེམས་ནི་འདི་ལྟར་ངམ་ནག་ཡིན་པ་མ་ཚད། ལོ་རྒྱུས་ཡང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་གི་ནང་དུ་ལོག་འདུག་བསམ་བྱུང་”ཟེར། ཁོང་གིས་ཀྱང་རང་ཉིད་གསོན་དཀའ་བར་བསམས་ནས་ཁྱིམ་མི་རྣམས་ལ་ཁ་ཆེམས་ཤིག་འབྲི་འདོད་པ་དང་། ཁོང་རང་ལྔ་ལམ་དུ་ཕྱིན་རྗེས་ཁྱིམ་མི་རྣམས་ཀྱིས་གང་བྱེད་དགོས་པའི་སྐོར་ལ་མངག་ཆ་ཡང་བྱེད་འདོད་སྐྱེས། ཕྱིས་སུ་ཁོང་གིས་ཁ་ཆེམས་དེ་དངོས་སུ་བྲིས་ཡོད་ལ། ཡིད་སེམས་ནས་རེ་ཐག་ཡང་ཡོངས་སུ་ཆད་པ་རེད། འོན་ཀྱང་ཁོང་གི་ཁ་ཆེམས་དེ་ཉེན་རྟོག་པས་ཁོང་གི་ཁྱིམ་མིར་སྤྲད་མི་འདུག
    ཀརྨས་མི་ཆོས་ལས་འདས་པའི་སྡུག་བསྔལ་མྱངས་ཚུལ་དེ་དག་གླེང་དུས་ཁོང་ཉིད་དེ་ལྟར་ལྷིང་ཞིང་བརྟན་ལ། བཟོད་དཀའ་བའི་སྡུག་བསྔལ་དེ་དག་ནི་ཁོང་རང་གི་ལུས་ཐོག་ཏུ་མྱངས་པ་མ་ཡིན་པར་འདས་ཟིན་པའི་རྒྱང་རིང་གི་འཇིགས་སྐྲག་དོན་རྐྱེན་ཞིག་གླེང་བ་དང་ཤིན་ཏུ་མཚུངས། ཕར་བལྟས་ཚོད་ལ་ཁོང་རང་གིས་འཆི་གསོན་ཙམ་གྱི་སེམས་རྒྱུ་ནི་སྔ་ས་ནས་རྒྱང་དུ་གཡུགས་ཚར་འདུག འོན་ཀྱང་ཁྲིམས་སར་ཡོད་པའི་ཁོང་གི་གཉེན་ཉེ་ཚོའི་ངོས་ནས་བཤད་ན། དམྱལ་ཁམས་ལན་གཅིག་འགྲིམས་པ་དང་ཁྱད་པར་ཅི་ཡོད། གཟུགས་སྟོབས་ཆེ་བའི་ཁམས་པའི་ཕོ་རྒོད་དེ་ཚོའི་མིག་ནས་ཀྱང་མཆི་མ་ལྷུང་བར་བྱེད་ན། ཁོང་གི་སྐུ་ཟླ་སྒྲོལ་དཀར་མཚོ་ལ་དེ་བས་བརྗོད་ག་ལ་དགོས། ལོ་ཕྱེད་རིང་དུ་ཤིན་ཅང་གི་ས་མཐའ་འདི་རུ་ཐེངས་ལྔ་འོངས་བ་དང་། སྙིང་ཁ་གྲི་ཡིས་བཙབས་ལ་ལུས་ཟུངས་ཡོངས་སུ་ཟད་རུང་། ཤ་ལས་འཆད་པའི་བུ་མོ་གཉིས་ཀྱི་མདུན་དུ་ད་དུང་དགོད་འཚེར་འཚེར་དང་སྣང་བ་སྐྱིད་མདོག་བྱེད་དགོས་པ་རེད། དོན་དངོས་ཐོག་སྒྲོལ་དཀར་མཚོ་ཡང་ལུས་ཟུངས་ཟད་ནས་དྲན་པ་ཐེངས་འགའ་ཤས་འཐོར་མྱོང་ཡོད། ཁོ་མོ་ནི་ད་ལྟ་སྙིང་ཁ་གས་པ་ཙམ་མ་ཚད་མཆི་མས་ཡོངས་སུ་བཏུམ་པར་གྱུར་འདུག དགུང་ལོ་ལྔ་བཅུ་ཡོལ་བའི་སྐད་སྒྱུར་བ་དེ་གཉིས་ཀྱང་ཉན་བཟོད་མེད་པར་མིག་རྩ་དམར་པོར་གྱུར་འདུག་ལ། ཁྲིམས་རྩོད་པ་གཉིས་ཀྱང་བཟོད་བསྲན་མ་ཐུབ་པར་མཆི་མ་དབང་མེད་དུ་ཤོར་སོང་།
    རྒྱ་ནག་གི་ཁྲིམས་ལུགས། མ་རེད། འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཡོད་ཚད་ཀྱི་ཁྲིམས་ལུགས་ནང་དུ། སྡུག་སྦྱོང་ཚ་འདྲི་བྱེད་མི་ཆོག་པའི་གཏན་འབེབས་གསལ་པོ་ཡོད་པ་རེད། འོན་ཀྱང་། དོན་དངོས་ཐོག་གང་འདྲ་ཞིག་ཡིན་འདུག
    འདི་དག་ནི་བྱུང་ཟིན་པའི་གནས་ཚུལ་ཡི་གེར་ཕབ་པ་ཡིན་པས་བློ་ཡི་སྦུགས་སུ་འཛིན་པར་འོས།
    ཀརྨ་བསམ་གྲུབ་ནི་2010ལོའི་ཟླ་1ཚེས་3ཉིན་འཇུས་པ་དང་། ཟླ་6ཚེས་1ཉིན་ཁྲིམས་རྭ་འཚོགས་རྒྱུ་གཏན་ལ་འཁེལ་ཀྱང་ནར་འགྱངས་བྱས། ཟླ་6ཚེས་22ཉིན་ཁྲིམས་རྭ་དངོས་སུ་ཚུགས། ཟླ་6ཚེས་23ཉིན་ད་ལྟ་མུ་མཐུད་ཁྲིམས་བཤེར་བྱེད་བཞིན་ཡོད། གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག དེས་ན་ཁ་ས་ཀརྨ་མི་ངོ་མས་ཁྲིམས་སར་བཤད་ལ། ཞིབ་ཅིང་རྒྱས་པ་ཞིག་མེད་ཀྱང་ཤེས་པའི་གནས་ཚུལ་དེ་དག་ཐོ་ལ་ཕབ་ནས་འཇིག་རྟེན་སྐྱེ་བོའི་སྤྱན་ལམ་དུ་བཤམས་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ང་ལ་ཚད་ལས་བརྒལ་བའི་མནར་གཅོད་བཏང་སོང་། གསུངས་པ་ལས།
    ང་ལ་ཚད་ལས་བརྒལ་བའི་མནར་གཅོད་བཏང་བྱུང་། ཟེར་ན་དག་པ་ཡོད་རེད།

    Reply
  4. ངག་དབང་རབ་རྒྱས། says:
    ལོ་ 16 སྔོན།

    གྲགས་ཅན་གྱི་ཚོང་དཔོན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་གོ་འཇོ་ཀརྨ་བསམ་འགྲུབ་གཙོས་པའི་བུ་སྤུན་གསུམ་གྱི་ཆག་སྒོ་འདི་ལྟར་ཡོང་བ་དེ་ང་ཚོའི་བོད་མི་རིགས་ཀྱི་གོད་ཆག་ཅིག་རེད་ཟེར་ན་མི་ཆོག་པ་གང་ཡང་མེད། གང་ཡིན་ཟེར་ན་ཁོང་གིས་བོད་ཀྱི་རིག་དངོས་རྙིང་པ་ཉར་ཚགས་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་བཙོན་འཇུག་བྱས་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་གྲགས་ཅན་མི་སྣ་མང་པོ་རྩ་མེད་བཟོ་རྒྱུའི་ཇུས་ངན་ཞིག་ཡོད་པ་དེ་ཀརྨ་བསམ་འགྲུབ་དང་ཁོང་སྤུན་གསུམ་ཡང་མིང་ཐོ་དེའི་ནང་ཚུད་ཡོད་པ་སྣང༌། སྤྱིར་ཞིང་པའི་བུ་ཕྲུག་སློབ་གྲྭ་སོགས་གང་ཡང་འགྲོ་མྱོང་མེད་ཅིང༌། བོད་མི་བཀྱུས་མ་ཞིག་གིས་རང་ཉིད་ཀྱིས་འབད་བརྩོན་དང་ཆོད་བསམ་ལ་བརྟེན་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གསར་འཛུགས་དང་འབྲེལ་དེ་མུ་མཐུད་གནས་ཐུབ་པའི་འགྲོ་གྲོན་ནར་གཏོང་བྱས་པ་དང༌། ལྷག་པར་བོད་ཀྱི་རིག་དངོས་རྙིང་པ་ཁག་རྩ་སྟོངས་འགྲོ་ལ་ཉེ་བའི་དུས་སྐབས་འདིར་རིག་དངོས་རྙིང་པ་གང་མང་བསྡུ་རུབ་ཀྱིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཉར་ཚགས་ལས་དོན་ལ་འགན་ཁུར་བ་འདི་ཆེས་རླབས་ཆེ་བའི་ཕུགས་རྒྱང་རིང་བའི་ཁོང་གི་ལས་དོན་དང་བསམ་བློའི་འཆར་གཞི་ལ་མངོན་པར་བསྟོད་འོས་པའི་དོན་དངོས་གྱི་དཔའ་བོ་ཞིག་བརྗོད་མ་དགོས་པ་རེད། ང་ཚོའི་བཙན་བྱོལ་གཞུང་དང་སྤྱི་ཚོགས་ནང་ཁོང་ཚོའི་སྐོར་ལ་དེ་ཙམ་གྱི་མཐོང་ཆེན་བྱེད་ཀྱི་མེད་ནའང། ཁོང་བུ་སྤུན་གསུམ་གྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་སོང༌བས། དཔེར་ན་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་གསར་འགྱུར་ལམ་མང་པོས་དོ་སྣང་དང་སྐབས་ཐོག་གནས་ཚུལ་སྤེལ་བ་དང་ཁ་གསལ་གྱི་གསར་འགྱུར་མང་པོ་ཐོན་ཡོད་པ་དེས་ཁོང་བུ་སྤུན་གསུམ་གྱི་ལས་དབང་ལ་འགྱུར་ལྡོག་རེ་གཏོང་ཐུབ་ན་བསམ་པའི་རེ་སྨོན་འདྲ་བྱས་པ་ལས་གཞན་བྱེད་ཐབས་བྲལ།

    Reply
  5. ཇ་མ་ says:
    ལོ་ 16 སྔོན།

    འཛམ་བུ་གླིང་གི་ས་ལྒང་འདི་ལ་གཅེས་སེམས་ཡོད་པའི་མི་བུ་དག་གིས་འཁོར་ཡུག་སྲུང་སྐྱོབས་པ་ཀརྨ་བསམ་འགྲུབ་སྐྱོབས་རོགས་གནང་།
    ཁོ་བོའི་བདེན་དོན་དང་ལྷགས་བསམ་གྱིས་ས་ལྒང་འདི་ལ་བླ་ན་མེད་པའི་གཅེས་སེམས་བཟུང་ཡོད།

    Reply
  6. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ཁ་བའི་ཕོ་རྒོད་རྐརྨ་བསམ་འགྲུབ་ཁྱོད་ཚེ་རིང་། ད་དུང་དཀའ་བའི་ལ་མོ་མང་པོར་འགྲིམས་དགོས་ཆགས་སྲིད་ལ། སྤོབས་པ་མ་ཞུམས་ཤིག། བདེ་བའི་སྤང་ལའང་སླེབས་སྲིད་ཀྱི་རེད། ཕྲན་དགེ་འདུན་པའི་གྲལ་མཐའ་བ་ཞིག་གིས་དུས་ནས་དུས་སུ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡིན། གཙོ་བོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་བྱ། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགར་བྱས་ཅི་ཕན། །ཞེས་གསུངས་པ་ལྟར་བློ་རྒྱ་བསྐྱེད་ཅིག སྙིང་རུས་བསྐྱེད་ཅིག རེམས་དང་རེམས་དང་། ཕ་བཟང་བུ། ང་ཚོ་སྤུན་ཟླ་ཚོས་བལྟས་ནས་ཡོད་ལ། འཕགས་མཆོག་འཇིག་རྟེན་མགོན་པོས་གཟིགས་ནས་འདུག འཛམ་གླིང་གི་ཉམས་ཞིབ་པས་ཀྱང་ཅེར་ནས་འདུག་པས། མགྱོགས་པོ་ནམས་ལངས་ཀྱི་རེད། ཁྱོད་ཚེ་རིང་། ཁྱོད་ལོ་བརྒྱ། ཁྱོད་བཀྲ་ཤིས། ཁྱོད་དོན་འགྲུབ། བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese