མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོར་བཅོས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༢༥ ཉིན་སྤེལ་བའི་དབུས་གཙང་གི་བཀའ་སྤྱི་འོས་མི་ཕྱིར་བསྒྲགས་ཞེས་པའི་གསར་འགྱུར་ནང་། ཆ་རྐྱེན་གཉིས་ནི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་། རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་ཞེས་པ་གསར་འགོད་པས་འགོད་ནོར་ཤོར་འདུག་པས། བཙན་བྱོལ་བོད་གཞུང་གིས་གཏན་འབེབས་སྲིད་ཇུས་གཉིས་སྨན་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཤར་བསྐྱོད་ཀྱིས། ༧གོང་ས་མཆོག་གིས་དགོངས་གཞི་ལམ་སྟོན་ཅི་ཕེབས་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུ་བསྒྲུབ་ཐུབ་པ། ཞེས་པར་ནོར་བཅོས་ཡོང་བ་ཞུ།

བོད་ཀྱི་དུས་བབ་གསར་ཁང་གིས།
༢༠༡༠ ལོ་ཟླ་ ༦ པའི་ཚེས་ ༣༠ ཉིན།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༩ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 25

  1. དཀོན་མཆོག་དོན་འགྲུབ། says:
    ལོ་ 15 སྔོན།

    དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཙམ་གྱི་རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་མིན་དགོས་ན། འོ་ན་རང་བཙན་ཐོབ་ན་ཡག་པོ་ཡོད་ས་རེད་ཟེར་བ་ཙམ་གྱི་རང་བཙན་ལ་རྒྱབ་སྐྱོར་བྱས་པ་འཇོག་ཐུབ་ཀྱི་རེད་དམ།

    Reply
  2. སེང་ཆུང་། says:
    ལོ་ 15 སྔོན།

    འཇམ་གྲཊ་ལཊ། ང་ཚོས་རྩོད་ཀྱིུན་པའི་དབུ་མའི་ལམ་དེའི་མཐའ་གཉིས་པོ་དེ་གང་ཡིན་ཁྱེད་ཀྱིས་མཁྱེན་ཀྱི་མེད་པ་འདྲ།
    གཅིག་གིས་གཉིས་བྱེད་མི་ནུས་ཏེ། དབང་པོའི་ཡུལ་སོཊ་ངེས་པར་གྱིས།

    Reply
  3. ཕྱོགས་གླང། says:
    ལོ་ 15 སྔོན།

    ད་ལྟའི་ཆར་བོད་པར་བདག་པའི་བོད་ས་ལག་མཐིལ་ཙམ་ཡང་མེད་པར་དགོས་མེད་ཆོལ་ཁའི་སྐད་ཆ་འདི་བོད་སྲོག་བོད་པས་གཅོད་བྱེད་ཀྱི་དུག་རྫས་ནུས་ལྡན་ཞིག་དང་མཚུངས་པས་དུག་རྫས་འདི་དག་མཐའ་ཡི་རྒྱ་མཚོའི་ནང་དུ་འདོར་ཏེ་གོ་རྒྱུ་ཚོར་རྒྱུ་མེད་པ་བཟོས་པའི་ཐོག་ནས་བོད་རིགས་རྩམ་ཟན་པ་ཡོངས་རྫོགས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྐྱིད་སྡུག་མཉམ་མྱོངས་བྱེད་རྒྱུ་ནི་བོད་དོན་འཐབ་རྩོད་ཀྱི་སྲོག་རྩ་ཡིན། དེ་བཞིན་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་གུས་བརྩི་དང་ཡིད་འཆེས་བློས་འགེལ་གཙང་མ་ཡོད་པའི་བོད་མིའི་དབུ་འཁྲིད་༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཁམས་བཟང་ཞིང་སྐུ་ཚེ་འཚོ་བཞུགས་ཡོད་སྐབས་འདིར་ང་ཚོའི་གཞོན་སྐྱེས་སྙིང་སྟོབས་དང་ཤེས་ཡོན་ལྡན་པ་ཚོར་ཉམས་མྱོང་གསོག་རྒྱུའི་གོ་སྐབས་མ་བསྐྲུན་པར་ཀླད་རྙིང་མཁྲེགས་བཟུང་བྱས་ན་སྤྱི་དོན་ལ་གསབ་ཏུ་མེད་པའི་གྱོང་གུན་ཆེན་པོ་རག་སྲིད་པ་གསལ་བཤད་མི་དགོས་པར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རོབ་ཙམ་ཀློག་ན་འགྲིགས་ས་རེད།

    Reply
  4. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    སྤྱིར་ཡིན་ན་བཀའ་སྤྱི་རྣམ་པ་ཚོར་བཅའ་ཁྲིམས་ནང་ལ་འོས་ཆོས་དང་འགན་ཁུར་གཏན་འབེབས་བྱས་ཡོད་ན། དེའི་ཐོག་ལ་བསམ་ཚུལ་དང་རེ་བ་འདྲ་བཏོན་ན་འོས་པ་ལས་ཐག་གཅོད་བྱས་ན་བཟང་ངན་གང་དུ་འགྱུར་མིན་ཚོད་ཐིག་དཀའ།
    ཡིན་ཡང་འདིར”བཙན་བྱོལ་བོད་གཞུང་གིས་གཏན་འབེབས་སྲིད་ཇུས་གཉིས་སྨན་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཤར་བསྐྱོད་ཀྱིས། ༧གོང་ས་མཆོག་གིས་དགོངས་གཞི་ལམ་སྟོན་ཅི་ཕེབས་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུ་བསྒྲུབ་ཐུབ་པ།”་ཞེས་པའི་ཆ་རྐྱེན་ཞིག་བཏོན་པ་འདི་གལ་ཆེན་པོ་ཞིག་རེད་འདོད་དོ།།

    Reply
  5. བཤད་སྒྲུབ says:
    ལོ་ 15 སྔོན།

    ༼ནོར་བཅོས་༽ཟེར་བ་དེ་དུས་བབ་གསར་འགོད་པས་ཚིག་ཙམ་ནོར་བ་ལས་དོན་ནོར་རེད་མི་འདུག། དེ་ཡང་གསལ་པོ་མཁྱིན་དགོས་པ་གཅིག་ལ་སྐབས་དེར་གསར་འགོད་པའི་དྲི་བ་ཅིག་ལ་དབུས་གཙང་རྒྱུས་ལས་ནས་ལན་འདེབས་གནང་བ་ཅིག་གཤམ་ཏུ་ཡོད་པས་དེར་གཟིགས་རོགས།

    གསར་འགོད་པས།
    གལ་སྲིད་སྤྱི་འཐུས་ཆགས་རྗེས། རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་དང་གསུང་
    མཁན་བྱུང་ན་དབུས་གཙང་རྒྱུན་ལས་ཀྱི་ ངོས་ནས་ག་འདྲ་གནང་དགོས་མིན་སྐོར་དྲིས་པར། ཁོང་གིས། “ཆོལ་ཁའི་སྒྲིག་འཛུགས་ཀྱིས་ངོས་ནས་དང་པོ་ཆ་རྐྱེན་འདོན་སྐབས། མོས་མཐུན་གནང་ཡོད་པ་རེད། ད་ལྟ་གསུང་འགྲོས་འགྱུར་བ་ལྟ་བུ་འདུག་པས། དེ་ག་འདྲ་རེད་ཅེས་བཀའ་འདྲི་ཞུ་རྒྱུ་ཡོང་གི་རེད་”ཅེས་འགྲེལ་བརྗོད་གནང་སོང་།

    Reply
  6. བཤད་སྒྲུབ says:
    ལོ་ 15 སྔོན།

    དངོས་གནས་གསར་འགོད་པས་ནོར་བ་ཡིན་རྒྱུ་མ་རེད། གལ་སྲིད་དེ་འདྲ་ནོར་བ་ཡིན་ན་ཡག་པོ་རེད། གནས་ཚུལ་འདི་ཆུང་ཆུང་གཅིག་གི་ཐོག་ཐག་བཅོད་ཆོག་པ་ཅིག་རེད། རྩ་བས་དབུས་གཙང་རྒྱུན་ལས་ཀྱི་ག་དུས་ཡིན་ན་རང་བཙན་ལ་རེ་བ་མེད་པ་ཧ་ལམ་རང་བཙན་ལབ་ན་༧རྒྱལ་བའི་དཀའ་ལ་འགལ་བ་ཅིག་ལ་ངོས་འཛིན་བྱེད་བཞིན་པ་གསལ་པོ་རེད་། དེས་ན་དེ་རིང་བོད་ཀྱི་བབ་གསར་འགོད་པས་་ཚིག་ཙམ་ནོར་བ་ཡིན་ན་ཡང་དོན་ནོར་མེད་པ་གསལ་པོ་རེད་འདུག་པས་གོང་ཏུ་དྲ་གྲོགས་རེ་གཉིས་ཀྱི་བཤད་པ་ལྟར་དགོངས་དག་ཞུ་དགོས་དོན་མེད་འདུག།

    Reply
  7. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་འདི་ཚོས་དེ་ག་ཙམ་འུར་རྒྱག་གི་འདུག
    ཁ་ཤས་ཀྱིས་ནོར་བཅོས་དགོས་པ་མ་ཟད། དགོངས་དག་ཞུ་དགོས་ཟེར། དགོངས་དག་ག་རེ་ཞུ་དགོས་ཀྱི་འདུག འདི་ནོར་འཕྲུལ་ཆེན་པོ་ཞིག་གང་ཡང་རེད་མི་འདུག
    འདི་ལ་ཚིག་གི་ཁྱད་པར་ཙམ་ཞིག་མ་གཏོགས་དོན་གྱི་ཁྱད་པར་གང་ཡང་མི་འདུག ནམ་རྒྱུན་དབུས་གཙང་རྒྱུན་ལས་དང་དེ་དག་གི་རྗེས་འབྲངས་ཚོས་རང་བཙན་རྩོད་མཁན་ཟེར་དུས། ཕལ་ཆེར་༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གི་དགྲ་པོ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད། དེ་གཅིག་རེད། གཉིས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་བྱེད་རྒྱུའི་ས་ཡིག་རྒྱག་དགོས་ཀྱི་ཡོད་དུས། རང་བཙན་གྱི་ལྟ་བ་འཁྱེར་ཆོག་གི་མེད་པ་གསལ་པོ་རེད།
    དེར་བརྟེན་ཚིག་གི་ཁྱད་པར་ཏོག་ཙམ་མ་གཏོགས་དོན་ལ་ཁྱད་པར་མི་འདུག དེར་བརྟེན་དུས་བབ་གསར་ཁང་གིས་ཚིག་ནོར་བའི་ནོར་བཅོས་བྱས་ན་འགྲིག་གི་འདུག དེ་མིན་ནོར་བཅོས་དང་དགོངས་དག་ཞུ་དགོས་པའི་གནད་འགག་ཅིག་མ་མཐོང་།

    Reply
  8. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    གལ་ཏེ་གསར་འགོད་པའི་ནོར་འཁྲུལ་ཡིན་ཚེ་ངེས་པར་དུ་དགོངས་སེལ་ཞུས་ན་མ་གཏོག་སྤྱི་ཚོགས་ནང་དུ་རྙོག་གླིང་གང་མང་ཞིག་བཟོས་ཟིན་པས་ནོར་བཅོས་བྱས་པ་ཙམ་གྱིས་འགྲིག་ཐབས་མི་འདུག།

    Reply
  9. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    གལ་སྲིད་དབུས་གཙང་ཆོལ་གའི་དེ་ལྟར་བསྒྲགས་པ་ཡིན་ན། ས་ཡིག་བསྡུ་རུབ་བྱེད་དགོས་མ་མཐོང༌། གང་ཡིན་ཟེར་ན་བཙན་བྱལ་བོད་མའི་རྒྱ་ཆ་99་གོང་ས་མཆོག་དང་ཁོང་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་ལ་རྒྱབ་སྐྱོར་དང་ཤར་བསྐྱོད་བྱེད་ཀྱི་ཡོད་པ་ང་ཚོའི་ཡང་ཡང་རྒྱ་ནག་ལ་བཤད་ཡོད་པ་ཡོངས་གྲགས་རེ་བ། དེ་ལྟར་རྒྱབ་སྐྱོར་དང་ཤར་བསྐྱོད་བྱེད་བསྡོད་ཀྱི་ཡོད་ནའང་ད་དུང་ཁས་ལེན་དམ་བཅའ་དང་ས་ཡིག་འགོད་དགོས་དོན་མེད་པ་འདྲ་པོ་རེད།

    Reply
  10. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    གསར་འགོད་པ་དེ་ཡང་གཞོན་ནུ་ཞིག་ཡིན་པ་འདྲ། ཡང་ན་ཉམས་མྱོང་མེད་པ་འདྲ། ། གལ་ཏེ་བྱས་ཉེས་འདི་གསར་འགོད་པས་ཆེད་དུ་བཟོས་པ་རེད་ཅེས་སྐྱོན་མ་བཙུགས་པ་ཡག་པོ་རེད། དམངས་གཙོའི་ནང་ལ་འདི་འདྲ་ཆོག་ན་མ་གཏོགས་གཞན་དུ་ཚར་བ་རེད། མི་རབས་གསར་པས་བྱ་བ་སྒྲུབ་དུས་ལས་ཀ་གང་ཡིན་ཡང་ཞིབ་ཚགས་དང་ནན་ཏན་བྱེད་དགོས།

    Reply
  11. མདའ་ཚན་ཐུབ་བསྟན་རྒྱ་མཚོ says:
    ལོ་ 15 སྔོན།

    འདི་ལ་ནོར་བཅོས་ཙམ་གྱིས་ག་ལ་འགྲིག་དགོངས་དག་ཞུ་བར་འོས།

    Reply
  12. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། བཙན་པོའི་སྙིང་ཁྲག་ས་རུ་གཏོར་བ་ནས་བཟུང་བོད་པ་ཚང་གི་སྙིང་ཁམས་ཡང་ས་རུ་འཐོར་སོང་བ་འདྲ། ཀྱག་ཀྱོག་གི་སྲིད་ལམ་དེ་དག་ལ་ཞིབ་ལྟ་བྱོས་ད། ངོ་མ་ང་ཚོ་ང་ཚོ་ལ་མེད་པར་བཏང་འདུག་ག ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཐོ་སྒང་བཙན་པོའི་རྒྱལ་ཁབ་དེ། ཡོད་པ་ནས་འཐོར་བ། འཐོར་བ་ནས་ཤོར་བ། ཤོར་བ་ནས་ད་ནི་མིང་ཙམ་ཡང་གོ་མེད་ཚོར་མེད་དུ་གྱུར་སོང་ནོ་འདི་ཅི་འདྲ་ཡིད་འཕང་པ་ཞིག་རེད་ཨང། བཙན་པོའི་སྙིང་ཁྲག་ས་རུ་འཐཽར་ཡང་། བཙན་པོའི་སྙིང་སྟོབས་ལ་ནམ་ཡང་ཉམས་པ་མི་སྲིད་སྙམ་ཡང་། དེ་རིང་ཁ་སང་བོད་པ་ཚང་གི་ལངས་ཕྱོགས་ལ་གཞིགས་ན་ངོ་མ་བཙན་པོའི་སྙིང་སྟོབས་ཀྱང་སའི་སུལ་ཏུ་དུམ་སོང་བ་འདྲ། རང་བཙན་མི་དགོས་པར་འདོད་པ་དག་ལ་དམིགས་བསལ་རེ་དོགས་ཅི་མེད་ཀྱང། བོད་པ་ཚང་གི་ཤ་ཁྲག་ལས་གྲུབ་པ་ཚང་མ་ཁྱེད་ཚོའི་ལངས་ཕྱོགས་སུ་ཡོངས་དགོས་པར་འདོད་པ་ནི་འགྲོ་བ་མི་ཡི་རང་དབང་ལ་དོ་ཕོག་བཏང་བ་རང་རེད། ཕྱོགས་གང་ཐད་ནས་བསམས་ཀྱང་༸་གོང་ས་མཆོག་ལས་ལྷག་པའི་འུ་ཚོའི་ཁྲོད་ན་མེད་ཀྱང་། མི་རིགས་ཤིག་སྲིད་དོན་གྱི་ཆ་ནས་གླེང་ན་ལངས་ཕྱོགས་མ་འདྲ་བཟུང་ལོས་ཆོག རང་བཙན་མི་འདོད་པའི་དུ་མ་ཞིག་གིས་རང་བཙན་ལ་དགའ་བའི་བོད་པ་ཚོ་ནི་ཕལ་ཆེར་༸་གོང་ས་མཆོག་གི་ལངས་ཕྱོགས་ཁ་གཏད་བཅག་མཁན་གྱི་ནག་ཉེས་ཅན་ཞིག་ཏུ་བགྲང་གི་ཡོད་ཚོད་འདུག་ཀྱང་། ལྟ་ཚུལ་དེ་ལ་ང་རང་གཏན་ནསར་མི་འཐད། གང་ལྟར་བག་ཡང་དུ་སྡོད་ཡོད་ཚེ་ལས་ཀ་ཚང་མ་མི་གཅིག་གི་ཐོག་ཏུ་བསྐལ་ནས་བསྡད་ན་ལུས་སོས་དལ་རྒྱུ་རེད། དེ་མིན་ན་་་སོ་སོའི་ངོས་ནས་ཀྱང་་ལྟ་གྲུབ་བཟུང་ནས་འབད་ལྷོད་མེད་བྱ་རྒྱུ་ནི་གལ་ཆེ་བར་མཐོང་ངོ།།

    Reply
  13. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གསལ་འགོད་པའི་འགོད་ནོར་ཤོར་འདུག་་་་འདིའི་དོན་གོ་མ་སོང་།འགོད་རྒྱུའི་གསར་འགྱུར་གཉིས་ཡོད་པ་རེད་དམ
    གཞན་གསར་
    གོད་པའི་དོན་ཆེན་འདི་འདྲ་ཞིག་ནོར་འདུག་ཟེར་ན་ཡིད་མ་ཆེས་པ་ཞིག་རེད

    Reply
  14. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    གསལ་བཤད་བྱས་ཀྱང་གོ་བརྡ་འཕྲོད་འདོད་མེད་པ་ལ་གསལ་བཤད་བྱ་འདོད་མེད་པས་ཅི་བཤད་ཀྱང་བཤད་ཆུག

    Reply
  15. འཇམ་གྲགས says:
    ལོ་ 15 སྔོན།

    དབུ་མའི་ལམ་ལ་ཕྱིན་པ་ཡིན་ན་རང་བཙན་གྱི་ལྟ་བ་དོར་དགོས་པ་མཐོང་གི་མེད། དཔེར་ན། མི་ཚང་མར་ཤི་འདོད་གྱི་ལྟ་བ་མེད་བཞིན་ཤི་དགོས་པ་མ་ཡིན་ནམ།

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ནོར་འཇོལ་འདི་ཚིག་ནོར་ལས་དོན་ནོར་མ་རེད་ཟེར་མཁན་དག་ལ་སྨྲས་པ།
    དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཙམ་གྱི་རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པའི་སྒྲུབ་བྱེད་དུ་རྩ་བ་ཉིད་ནས་མི་འགྲོ་ཏེ། བཙན་བྱོལ་མི་མང་བརྒྱ་ཆ་དགུ་བཅུ་ལྷག་གི་དབུ་མའི་ལམ་ལ་རྒྱབ་སྐྱོར་གཙང་མ་ཡོད་ཀྱང་དེ་དག་ཚང་མ་རང་བཙན་གྱི་ལྟ་བ་མི་ཁྱེར་མཁན་མིན་པའི་ཕྱིར་རོ། ཞེས་བཅོས་རོགས།

    Reply
  17. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ནོར་འཇོལ་འདི་ཚིག་ནོར་ལས་དོན་ནོར་མ་རེད་ཟེར་མཁན་དག་ལ་སྨྲས་པ།
    དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཙམ་གྱི་རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པའི་སྒྲུབ་བྱེད་དུ་རྩ་བ་ཉིད་ནས་མི་འགྲོ་ཏེ། བཙན་བྱོལ་མི་མང་བརྒྱ་ཆ་དགུ་བཅུ་ལྷག་གི་དབུ་མའི་ལམ་ལ་རྒྱབ་སྐྱོར་གཙང་མ་ཡོད་ཀྱང་དེ་དག་ཚང་མ་རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པའི་ཕྱིར་རོ།

    ཚིག་ནོར་ལས་དོན་ནོར་མ་རེད་ཟེར་མཁན་རྣམས་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་ཏེ། དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བ་ཡིན་ན་རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དོན་ལ་འདོད་པའི་ཕྱིར།

    དེ་བས་གྲོས་ཚོགས་ཀྱི་ཚོགས་མི་ཞིག་གིས་《གསར་འགོད་པ་ལགས། ནོར་བ་དེ་དོན་རེད་མི་འདུག ཚིག་ནོར་རེད་འདུག ད་དུང་གསལ་ཆ་དགོས་གལ་མཐོང་།》སྐད་ཆ་དེར་དཔྱད་ཞིབ་ཞིག་གནང་དང་དེ་ནི་དཀྲུགས་ཤིང་གི་སྐད་ཆ་ཞིག་ཏུ་མཐོང་། དོན་ལ་སྤྱི་འཐུས་ཁོང་ནས་ཁོང་རང་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་པའི་རྣམ་པ་ཞིག་བསྟན་པ་ཡིན་ནམ། ཡང་ན་ཁོང་གི་ཁོང་རང་རང་བཙན་ལྟ་བ་ཁྱེར་མཁན་མིན་ཞིག་གསལ་སྟོན་བྱ་བཞིན་ཡོད་གང་ལྟར་ཀྱང་གྲོས་ཚོགས་ཀྱི་ཚོགས་མའི་ཞིག་ཡིན་པའི་ཆ་ནས་དབུ་མའི་ལམ་དང་རང་བཙན་གྱི་ལྟ་བ་འགལ་བ་རྟག་ཕྲོད་དུ་འདོད་མཁན་ཞིག་ཡིན་པ་གསལ་པོ་བཤད་པ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད་སྙམ།

    Reply
  18. འཇམ་གྲགས says:
    ལོ་ 15 སྔོན།

    གསར་འགོད་པས་ནོར་ཟེར་བ་ང་ཡིད་ཆེས་མ་སོང་། ཡང་ན་གསར་འགོད་པས་ཁུང་ལྡན་མིན་པའི་སྐད་ཆ་ཉན་ནས་འགོད་ཡིན་པ་འདྲ། གང་ལྟར་སུས་ནོར་བ་ཡིན་ནའང་འདྲ་ཞབས་འདྲེན་ཞུས་སོང་།

    Reply
  19. རྨེ་རུ། says:
    ལོ་ 15 སྔོན།

    སྤྱིར་མི་ལ་ནོར་འཁྲུལ་མེད་པ་ཡོང་མི་སྲིད་ཀྱང་གསར་འགྱུར་གྱི་རིགས་ལ་གསར་འགོད་པ་ཚོས་གཟབ་གཟབ་དགོས་གལ་ཆེ་བས་ཡིད་འཇགས་ཡོད་པ་ཞུ།

    Reply
  20. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    གང་ལྟར་སྐུ་དྲག་ལམ་ལུགས་ཀྱི་གད་སྙིགས་དེ་གཙང་ཕྱག་བྱེད་ཅིང་དུས་རབས་ཉེར་གཅིག་གི་འཐབ་རྩོད་ཁྲོད་དུམི་བུ་གོ་ཆོད་ཅིག་ལ་གསོལ་བ་འདེབས། ཤུ་རེ་གོ བཙན་བྱོལ་བོད་པའི་གཞོན་སྐྱེས་ཚོའི་རྩེ་ཕུད་བློ་བཟང་སེང་གེ་ལྟ་བུ ཡ་ཡ ཀླད་རྙིང་བ་གྲངས་ཀ་མང་དྲག་པས་ཡང་ཕམ་ཁ་ཆེན་པོ་ཞིག་ཉོ་ཐག་ཆོད་རེད། ད་ཡིན་ན་བོད་པ་ཚང་བོད་པས་མེད་པ་བཟོས་སོང་།

    Reply
  21. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ནོར་བ་དེ་དོན་རེད་མི་འདུག ཚིག་ནོར་རེད་འདུག ད་དུང་གསལ་ཆ་དགོས་གལ་མཐོང་།

    Reply
  22. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    ནོར་བཅོས་བྱས་པ་ཤིན་ཏུ་བཟང་གི ཡིན་ནའང་དོན་ལ་ཁྱད་པར་ཆེན་པོ་ཞིག་མཐོང་གི་མི་འདུག གང་ལྟར་རང་བཙན་ཞེས་པའི་ཐ་སྙད་འདི་དངོས་སུ་ཡོད་མེད་ཀྱི་ཁྱད་པར་ཙམ་ཞིག་རེད། ཧཧཧ

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནོར་བཅོས་ཤོར་བ་ཡག་པོ་མ་རེད། ཡིན་ནའང་བཅོས་པ་དེ་ཡང་ནོར་བ་དེ་དང་ཚིག་གི་ཁྱད་པ་ཙམ་མ་གཏོགས་དོན་དག་གཅིག་པ་འདྲ་པོ་འདུག
    ཚིག་སྙན་ཙམ་དང་༧གོང་ས་མཆོག་གི་མཚན་དྲངས་ནས་བསླེབས་འདུག་པས་བཙན་བྱོལ་བོད་མི་དམངས་ཁ་བཀག་ཙམ་ཐུབ་ས་རེད།

    Reply
  24. གནམ་ལྕགས། says:
    ལོ་ 15 སྔོན།

    ཡ་ཡ་ངས་རང་གི་སེམས་ཁོང་ནས་བཅོས་ཟིན།

    Reply
  25. རི་བོང། says:
    ལོ་ 15 སྔོན།

    འདི་ལ་བརྟེན་ནས་ཁོང་ཚོར་ཁ་རྡུང་ག་ཚོད་རེག་སོང་། ནོར་ན་ཡང་འདི་འདྲའི་གལ་ཆེན་རིགས་ནོར་ན་མི་བཟང་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese