མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་གྱི་དྲ་དེབ་གསར་དུ་སྒོ་ཕྱེ་བ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཁང་གིས་ད་ལོའི་ཕྱི་ཟླ་བདུན་པ་ནས་མགོ་འཛུགས་ཀྱིས་རང་བཙན་གོམ་བགྲོད་བྱ་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ་ཞེས་པའི་དྲ་དེབ་ཞིག་ཀྱང་གསར་དུ་སྒོ་ཕྱེ་འདུག 

རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་ད་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༤ ཉིན་ནས་ཨ་རིའི་ཕེ་ལེ་ཌེ་ཕེ་ཡ་ན་ཡོད་པའི་རང་བཙན་ཁང་ཞེས་པ་ནས་མགོ་འཛུགས་ཀྱིས་རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་བར་དུ་ཉིན་བདུན་གྱི་རིང་རྒྱང་ཐག་མེལ་ལེ་ ༡༥༠ རང་བཙན་གོམ་བགྲོད་བྱ་རྒྱུ་རེད། འདི་ནི་རང་བཙན་གོམ་བགྲོད་ཐེངས་ ༡༥ པ་དེ་ཆགས་ཡོད་ལ། ཐེངས་འདིའི་རང་བཙན་གོམ་བགྲོད་ལས་འགུལ་དང་དུས་བསྟུན་གྱིས་བོད་དབྱིན་ཡིག་རིག་གཉིས་ཀྱི་ཐོག་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ་ཞེས་པའི་དྲ་དེབ་ཞིག་ཀྱང་སྒོ་འབྱེད་བྱས་འདུག  དྲ་དེབ་དེར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་པ་ངོ་སྤྲོད་དང་རང་བཙན་གོམ་བགྲོད་དང་འབྲེལ་བའི་གསར་འཕྲིན་དང་པར་རིས་གཙོས།  སྤྱིར་བོད་རང་བཙན་གྱི་ལས་དོན་དང་འབྲེལ་བའི་གསར་འགྱུར་དང་། བཅར་འདྲི། འབོད་སྒྲ། ལས་འགུལ། རྩོམ་ཡིག་བཅས་རྣམ་གྲངས་ལྔར་དབྱེ་ནས་གནས་ཚུལ་རིགས་བསྡུ་འགོད་བྱས་ཡོད་པར་མ་ཟད། ཚོགས་པ་འདི་ཐོག་མར་གསར་འཛུགས་གནང་མཁན་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་མཆོག་ནས། “བོད་བོད་པ་ལ་བདག་དགོས་ན་ཡིན་གཅིག་མིན་གཉིས་རང་བཙན་དགོས་པ་རེད། བོད་ཀྱི་ས་ཆ་འདི་བོད་པ་ལ་དབང་དགོས་པ་རེད། བོད་ཀྱི་ལས་དོན་བོད་པས་བྱེད་དགོས་པ་རེད།” ཅེས་བཀའ་སློབ་ལམ་སྟོན་གནང་མྱོང་བ་ལྟར། དྲ་དེབ་དེར་ཅིའི་ཕྱིར་བོད་རང་བཙན་དང་། ཅིའི་ཕྱིར་བོད་གལ་ཆེན་པོ་རེད། ངས་ཅི་ཞིག་བྱེད་ཐུབ་ཞེས་པ་གསུམ་གྱི་ཐད་ནས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་དམིགས་ཡུལ་དང་ལངས་ཕྱོགས་སོགས་གསལ་སྟོན་བྱས་ཡོད་པ་རེད། 

དྲ་དེབ་འདི་ནི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་སྒྲིག་གཉེར་བྱེད་བཞིན་ཡོད་ལ། དྲ་གནས་ཁ་བྱང་ནི་ www.bodrangzen.org  དང་། དྲ་ངོས་ཡིག་གཟུགས་ནི་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་བོད་ཡིག་ཧི་མ་ལ་ཡ་རེད། དྲ་དེབ་འདི་གསར་དུ་སྒོ་ཕྱེ་བ་མ་ཐག་ཡིན་པས་དྲ་ངོས་སུ་ད་དུང་གནས་ཚུལ་མང་པོ་འགོད་ཐུབ་མེད་ནའང་། དྲ་ངོས་སྤུས་དག་ལ་སྤྱོད་བདེ་བ་ཞིག་བཟོས་འདུག་པར་མ་ཟད། དྲ་བ་ཀློག་པ་པོ་སྒེར་ངོས་ནས་དྲ་ངོས་དེར་རང་དབང་གི་སྒོ་ནས་ཐོ་འགོད་ཀྱིས་མཆན་བུ་སོགས་རང་ཉིད་ཀྱི་བསམ་ཚུལ་སྤེལ་ཆོག་པ་རེད།  

གསར་འགྱུར་སྤེལ་མཁན། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༩ སྔོན་ལ།
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

ཆུ་ཚོད་ ༩ སྔོན་ལ།
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

མཆན། 9

  1. བསོད་ནམས། says:
    ལོ་ 16 སྔོན།

    རང་བཙན་དགོས་ན་བོད་ལ་ཕེབས་ནས་རྒྱ་མི་ལ་གདོང་གཏུག་དགོས་པ་ལས་ཁ་ནས་བཤད་ཐུབ་ཙམ་གྱིས་རང་བཙན་རག་རྒྱུ་ཁག་པོ་རེད། ང་ལ་རང་བཙན་དགོས། ཡིན་ན་ཡང་ངས་རང་བཙན་དོན་དུ་རང་གི་མཛུབ་མོ་གཅིག་ཀྱང་བློས་བཏང་མི་ཐུབ། དེ་ཡིན་དུས་རང་གི་མཛུབ་མོ་སྐྲངས་མི་དགོས་པར་སྦྲང་རྩི་ཟ་རྒྱུ་ཞིག་ལ་བསྒུགས་ནས་བསྡད་ན་བཟང་། ཁ་བཤད་ཆུ་ཡི་ལྦུ་དང་། ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་དེར་དགོངས་ཤིག

    Reply
  2. ན་གཞོན། says:
    ལོ་ 16 སྔོན།

    དྲ་དེབ་དེ་དངོས་ཡག་པོ་འདུག་་དེ་ཡི་ནང་ལ་དྲ་རྒྱ་གཞན་མང་པོ་ཞིག་འཚོལ་ཐུབ་ཀྱི་འདུག་་་་་་་་་་་་་་་་་་ཐུགས་རྗེ་ཆེ་གནང་་་་་་་་་་་་་་་་་་་་་་་་་་་

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ།
    བཙན་བྱོལ་སྤྱི་ཚོགས་ནང་དུ་ང་ཅོ་རི་དང་བསམ་ཚུལ་མཐུན་པའི་ཤ་ཁྲག་གཅིག་པའི་སྤུན་གྲོགས་ཚོས་ལས་འགུལ་འདི་འདྲ་སྤེལ་པར་ཐུགས་རྗེ་ཆེ་ཞུ།

    བོད་རང་བཙན་གྱི་དྲ་རྒྱའི་ཐོག་ཏུ་ང་ཅོ་རི་དུས་རྟག་ཏུ་ཡོང་ངེས་ཡིན། བསམ་ཚུལ་ཀྱང་ཞུ་ངེས་ཡིན། གོ་སྐབས་དེ་འདྲ་སྤྲད་པར་ཐུགས་རྗེ་ཆེ་ཞུ།

    བོད་མི་རིགས་ལ་དགོས་ནི་རང་བཙན་ཡིན་མ་གཏོགས་་་་་་་་་་་་་་་་་་་་རང་སྲིད་རང་སྐྱོང་མིན།

    བོད་མི་རིགས་ལ་དགོས་པ་ནི་ང་རང་ཚོའི་ས་ཆ་ཡིན་མ་གཏོགས་་་་་་་་་་་ཆོས་བྱེད་ཆོག་ཙམ་མིན།
    བོད་མི་རིགས་ལ་དགོས་ནི་རང་གི་དཔོན་པོ་རང་མི་དགོས་པ་མ་གཏོགས་་་་་རྒྱ་མི་མིན།
    བོད་མི་རིགས་ལ་དགོས་ནི་རང་གི་དཔལ་འབྱོར་རང་བདག་དགོས་པ་མ་གཏོགས་་་་་་ང་ཚོའི་དཔལ་འབྱོར་ལ་བདག་པོ་གཞན་དག་ཅིག་ཡོང་མི་དགོས།

    Reply
  4. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 16 སྔོན།

    རང་བཙན་བོར
    རང་དབང་བརླག
    ང་ལ་དགོས་པ་ཚང་མ་ཚར་སོང
    ཡིན་ནའང་དྲ་དེབ་དེ
    བདག་གི་མིག་ཡིད་རྣ་བའི་ལམ་དུ
    སྐྱོ་རོགས་སུ་ཡོང་བ་མིན་ནམ
    ངོ་མ་དགའ་པོ་བྱུང
    ང་ནམ་ཡང་རང་བཙན་ཚང་ལ་ཡོང་ངེས་ཡིན
    གཏན་ནས་གཏན་དུ

    Reply
  5. མི་ཆུང་། says:
    ལོ་ 16 སྔོན།

    དཔལ་འབྱོར་ཡོད་ན།
    གཞིས་བྱེས་གཉིས་ཀྱི།
    ཉམས་ཐག་སྐྱོང་དང༌།
    རང་བཙན་རྩོད་ཀྱང༌།
    རྨི་ལམ་འགྲུབ་དཀའ།

    Reply
  6. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    འགོར་དྲགས། ཡིན་ན་ཡང། སྟོང་བར་མ་བཞག་ན་བཟང་གི རང་བཙན་ཚོགས་པ་ཚང་མ་མཉམ་འབྲེལ་བྱ་རྒྱུ་གལ་ཆེ། གལ་ཏེ་རྨི་ལམ་ཞིག་ཡི་ན་ཡང། ཕན་ཐོགས་ས་མང།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རང་བཙན་བརླག་ཀྱང་།
    དྲ་དེབ་འདི་ལ
    སེམས་པའི་ཆེད་དུ
    ལྟས་ན་ཆོག་ག

    Reply
  8. ཀུན་དགའ། says:
    ལོ་ 16 སྔོན།

    དྲ་དེབ་གསར་དུ་སྒོ་ཕྱེ་པར་ཐུགས་རྗེ་བཀའ་དྲིན་དང་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    རང་བཙན་བརླག་སོང་།
    དྲ་དེབ་ཐོན་བྱུང་།
    ག་རེ་ཐུབ་མིན།
    ད་དུང་ལྟ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese