ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་སི་ཁྲོན་མཛོད་དགེ་རྫོང་མཐའ་མ་སྡེ་བའི་སྡེ་དཔོན་དང་ས་གནས་མི་དམངས་ཀྱི་མགོ་བ་སོགས་གནད་ཡོད་མི་སྣ་ ༧ ཙམ་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཁོང་ཅག་ནི་མཛོད་དགེ་རྫོང་མཐའ་མ་སྡེ་བའི་ཆོས་བྷོ་དང༌། རྐྱང་ཚའི་སྒོས་རུ་བའི་དཀོན་བྷོ། རྐྱང་ཚའི་སྐེད་རྒྱུད་ཀྱི་ཨ་རྟམ། ཆུ་ནག་འབྲོག་རྭའི་ལྷ་ཁོ། གཟའ་རུ་སྟོད་མའི་འཇིགས་བྱེད་སྐྱབས། གཟའ་རུ་སྨད་མའི་བློ་གཅེས། ར་རོང་བ་རྡོ་རྗེ་ཚེ་རིང་བཅས་ཡིན་ཞིང་། བོད་པའི་ཞིང་གྲོང་གི་སྔར་སྲོལ་ལྟར་ཁོང་ཅག་ནི་སྡེ་ཤོག་སོ་སོའི་མི་དམངས་ཀྱིས་བསྐོས་པའི་མགོ་པ་དག་ཡིན་འདུག
ཁོང་རྣམས་འཛིན་བཟུང་བྱས་པའི་རྒྱུ་མཚན་ནི། ལོ་ཤས་སྔོན་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་གཡས་གཡོན་གྱི་གྲོང་པ་རྣམས་ཀྱིས་རང་རང་གི་ཁང་ས་རྒྱ་བསྐྱེད་དེ། གྲོང་བར་གྱི་ལམ་ཁ་ཇེ་དོག་ཏུ་བཏང་ཞིང་། དགོན་པར་མཇལ་སྐོར་དུ་འགྲོ་བའི་རླངས་འཁོར་རིགས་ཤོང་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དགོན་པའི་ལྷ་སྡེ་རྣམས་ཀྱིས་མཛོད་དགེ་རྫོང་ལ་ཞུ་གཏིག་ཡང་ཡང་བྱས་ཀྱང་། རྫོང་གིས་ཐག་གཅོད་གང་ཡང་མེད་པར་སྣང་མེད་བྱས་པར་བརྟེན། ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་དགོན་པའི་ལྷ་སྡེ་རོང་འབྲོག་གི་མི་སྣ་གང་འཚམ་སྟག་ཚང་ལྷ་མོར་འཛོམས་ཏེ། ལམ་ཁ་གཡས་གཡོན་གྱི་གྲོང་པ་དག་ལ་རང་ས་ནས་ཚུར་མི་བརྒལ་བར་ལམ་ཁ་རང་འཇགས་འཇོག་དགོས་པའི་གནས་ལུགས་བཤད་ཀྱང་། རེ་ཟུང་གིས་ཉན་འཇོག་མ་བྱས་སྟབས་ཁོང་ཚོའི་བར་འཁོན་འཛིང་བྱུང་སྟེ། ཁང་པ་རེ་ཟུང་གི་སྒོ་དང་སྒེའུ་ཁུང་བཅག་པའི་དོན་རྐྱེན་བྱུང་མ་ཐག མཛོད་དགེ་རྫོང་གི་ཉེན་རྟོག་མི་སྣ་ཡོང་སྟེ་ཁོང་ཅག་འཛིན་བཟུང་བྱས་ཡོད་འདུག
ད་དུང་གོང་གི་སྡེ་དཔོན་རྣམས་ལ། ཆེད་དུ་མི་མང་འདུ་འཛོམས་བྱེད་དུ་བཅུག་སྟེ་ཟིང་ཆ་སློང་རྒྱུའི་ངན་བྱུས་ཡོད་ཚུལ་དང་། དོན་ཆུང་དོན་ཆེན་དུ་བསྒྱུར་བ་སོགས་ཀྱི་ཉེན་འགེལ་བྱས་ཤིང་། ཀིརྟི་དགོན་གྲོང་གིས་དེ་སྔ་ ༢༠༠༨ ལོ་སོགས་སུ་རྒྱ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པས། ད་རེས་ཀྱི་དོན་རྐྱེན་འདིར་ཡང་ཆབ་སྲིད་དང་འབྲེལ་བ་ཡོད་སྐོར་མ་ཉེས་ཁ་གཡོག་གིས་མགོ་པ་དང་མང་ཚོགས་ཀྱི་ནག་ཉེས་ཚབས་ཆེན་དུ་གཏོང་ཐབས་བྱས་ཏེ། ཀླུ་ཆུ་རྫོང་དང་མཛོད་དགེ་རྫོང་ནས་དམག་མི་མང་པོ་གཏོང་འགྲེམས་བྱས་ཏེ་ས་གནས་སུ་དམ་དྲག་ཤུགས་ཆེན་པོ་བྱེད་མུས་ཡིན་པ་མ་ཟད། གྲོང་སྡེ་རེ་རེ་བཞིན་དུ་སློབ་གསོའི་ཚོགས་འདུ་ཟེར་བ་བསྡུས་ཏེ་ནག་ཉེས་ངོས་ལེན་དགོས་ཚུལ་སོགས་རྗོད་བཞིན་ཡོད་པ་དང༌། ད་དུང་སྡེ་ཤོག་གཞན་དག་གི་མགོ་པ་རྣམས་ཀྱང་འཛིན་བཟུང་བྱེད་ཉེན་ཡོད་པར་མ་ཟད། ཁོང་
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
སྡེ་དཔོན་བདུན་བཟུང་དང་དུས་དཱ། ད་འབྲོག་པ་ཆ་བོ་རང་ང་མི་འདུག་ཁོ་ཐག་ཡིན་ནི་རེད། བོད་གཞུང་གིས་འདིའི་ཕྱོགས་སུ་བསམ་བློ་མ་བཏང་ན་ད་ཐེངས་ད་དོན་རྐྱེན་ཟིག་བཟོ་ངེས་རེད།
གོང་གསལ་མགོ་པ་རྣམས་ཀྱི་ཁག་ཅིག་ས་གནས་ཞང་སྲིད་གཞུང་སོ་སོའི་ལས་བྱེད་ཡིན་པ་ལས་གནས་ནས་ཕྱིར་ཕུད་བྱས་ཡོད་པ་དང༌། ཞེས་པར་ནོར་བཅོས་བྱས་ཏེ་ཁོང་རྣམས་གང་གི་ཁོངས་སུ་གཏོགས་སའི་ཞང་སྲིད་གཞུང་གི་ལས་བྱེད་ཁག་ཅིག་ལས་གནས་ནས་ཕུད་འདུག་ཅེས་བསྐྱར་གཏོང་བྱས་ཡོད་ཀྱང་གཟིགས་མེད་པ་འདྲ་བས། དེ་ལྟར་ནོར་བཅོས་ཡོང་བར་ཞུ། ཁོང་རྣམས་ལས་གནས་ནས་ཕུད་པ་མ་རེད། ཁོ་རང་ཚོའི་ཞང་གི་ལས་བྱེད་ཁག་ཅིག་ལས་གནས་ནས་ཕུད་པ་རེད།