མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཨམ་སྐད་སྐྱོན་པ་རེད་དམ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་བཀའ་སློབ་རྣམས་ཨ་མདོ་བ་བྱིངས་ཀྱིས་གོ་ཐུབ་པ་ཞིག་དང་། ལྷག་པར་དུ་ཡིག་རྨོངས་པ་དག་གིས་གོ་ཐུབ་པ་ཞིག་ལ་འབད་བརྩོན་བྱེད་ཀྱིན་ཡོད། ཨམ་སྐད་ཀྱི་ཚད་འཛིན་ས་ག་འདྲ་ཡོད་ཟེར་ན། ཡི་གེ་གཅིག་ཀྱང་མི་ཤེས་པའི་རྒད་པོ་རྒན་མོ་ལོ་བརྒྱད་ཅུ་ཅན་དག་གིས་གོ་ཐུབ་པ་ཞིག་ལ་བསམ་བློ་བཏང་ཡོད། དེ་འདྲ་ཞིག་བྱུང་བ་ཡིན་ན་ཨ་མདོའི་མི་དམངས་བརྒྱ་ཆ་དགུ་བཅུས་གོ་ཐུབ་གི་རེད་དྲན་ཡོད་ཟེར།

ངྷ་ས་རིགས་ལམ་སློབ་གཉེར་ཁང་གི་རོགས་རམ་དང་མཐུན་འགྱུར་འོག སྦྲ་ནག་བརྩོན་འགྲུས་ལགས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ཁག་ཨ་མདོའི་སྐད་ནང་ཕབ་སྒྱུར་བྱས་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་ངྷ་ས་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་མཆོག་འདི་གའི་གསར་ཁང་ལ་བཅར་ཏེ། ལས་གཞི་དེའི་སྐོར་ངོ་སྤྲོད་དང་འབྲེལ་དུས་བབ་དྲ་ཚིགས་བརྒྱུད་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་དགོངས་འཆར་ལ་བསྡུ་ལེན་བྱ་རྒྱུའི་རེ་བ་བཏོན་བྱུང་། སྐབས་དེར་དགེ་བཤེས་མཆོག་གིས་གསུངས་དོན། ང་ཚོའི་རིགས་ལམ་སློབ་གཉེར་ཁང་གི་ཁྱབ་ཁོངས་ས་རཱ་མཐོ་སླབ་ཏུ་སྒྲ་ཕབ་དང་བརྙན་འཕྲིན་གྱི་སྡེ་ཚན་ཞིག་ཡོད། སྡེ་ཚན་དེས་དབྱིན་སྐད་ནང་ཡོད་པའི་ཚན་རིག་དང་སློབ་ཁྲིད་གལ་ཆེན་ཁག་བོད་སྐད་ནང་ཕབ་སྒྱུར་བྱེད་ཀྱིན་ཡོད། ད་བར་བོད་སྐད་ནང་ཕབ་སྒྱུར་ཟིན་པ་རྒྱུ་སྐར་བརྒྱད་དང་། མིའི་གཟུགས་པོའི་ཆགས་སྟངས། དངོས་ཁམས་ཚན་རིག་སོགས་ཡོད། ལས་གཞི་འདི་ཅུང་རྒྱ་ཆེ་རུ་གཏོང་རྒྱུ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་ཆེད་དུ་ལོ་ཁ་ཤས་གོང་ནས་ཨ་རིར་བཅའ་བཞུགས་ང་རང་གི་གྲོགས་པོ་སྦྲ་ནག་བརྩོན་འགྲུས་ལགས་དང་བཀའ་མོལ་བྱུང་སྐབས་ཁོང་གིས། ༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་ཁག་ཨ་མདོའི་སྐད་ནང་བསྒྱུར་བ་ཡིན་ན། ཨ་མདོའི་མི་དམངས་ལ་ཕན་ཐོགས་ཆེན་པོ་ཡོང་སྐོར་གསུངས་སོང་། ཁོས་འདིའི་སྐོར་སྐུ་སྒེར་ཡིག་ཚང་ལའང་སྔོན་མ་ནས་འབྲེལ་བ་ཞིག་གནང་འདུག ཅེས་དང་།

 

གཞིས་བཞུགས་ཨ་མདོའི་མི་དམངས་ཚོ་༧གོང་ས་མཆོག་ལ་དད་གུས་ཤུགས་དྲག་ཡོད་ཀྱང་། ༧གོང་ས་མཆོག་གི་གསུང་སྐད་གོ་ཐུབ་ཀྱི་ཡོད་པ་མ་རེད། ཨ་མདོའི་མི་དམངས་ལ་ཕན་ཐོགས་པའི་བྱ་བ་ཞིག་ཡིན་ན། དེ་ལ་ང་ཚོས་ཞབས་ཞུ་དང་རོགས་འདེགས་གང་ཞིག་ཐུབ་ཀྱང་དགའ་བཞིན་སྤྲོ་བཞིན་སྒྲུབ་དགོས་པ་འོས་འགན་རེད་སྙམ་སྟེ་ཁས་ལེན་བྱས་པ་ཡིན། ཉེ་ཆར་བརྩོན་འགྲུས་ལགས་ངྷ་རམ་ས་ལར་ཕེབས་པའི་གོ་སྐབས་དང་བསྟུན་ཏེ། ༢༠༠༦ ལོར་༧གོང་ས་མཆོག་གིས་བོད་ཕྲུག་ཁྱིམ་སྡེར་ནང་ཆོས་ངོ་སྤྲོད་གནང་བའི་དུམ་ཚན་གཅིག་ཚོད་ལྟའི་ཚུལ་གྱིས་ཨམ་སྐད་ཐོག་བསྒྱུར་བ་ཡིན། བརྙན་འཁོར་འདི་ཐོག་མར་སྐུ་སྒེར་ཡིག་ཚང་ལ་སྤྱན་འབུལ་ཞུས་པ་ཡིན། སྐབས་དེར་སྐུ་སྒེར་དྲུང་ཆེ་མཆོག་གིས་ལས་གཞི་འདི་ཧ་ཅང་ཡག་པོ་འདུག མ་འོངས་པར་མཐུན་སྒྱུར་རོགས་རམ་གང་དགོས་ང་ཚོས་ཞུས་ཆོག་གི་རེད་གསུངས་སོང་། འོན་ཀྱང་ལས་གཞི་གསར་གཏོད་ལྟ་བུ་ཞིག་ཡིན་སྟབས། ༧གོང་ས་མཆོག་རང་གིས་གཟིགས་རྒྱུ་ཞིག་བྱུང་ན་ང་ཚོའི་སེམས་བདེ་ས་རེད་ཅེས་ཞུས་པ་ཡིན། ཉེ་ཆར་ཕྱི་ཚེས་ ༡ ཉིན་༧གོང་ས་མཆོག་ལ་མཇལ་ཁ་རག་སོང་། སྐབས་དེར་༧གོང་ས་མཆོག་གིས་དཔེ་མི་སྲིད་པའི་ཡག་པོ་འདུག ང་རང་གིས་ཨམ་སྐད་བཤད་ཤེས་ཀྱི་ཡོད་པ་མ་རེད། ཁྱོད་ཚོས་ཨམ་སྐད་ཐོག་བསྒྱུར་ཐུབ་པ་དེ་ཧ་ཅང་ཡག་པོ་འདུག ག་ཚོད་ཐུབ་ཐུབ་ཀྱིས་བསྒྱུར་ཏེ་བོད་ནང་ལ་འགྲེམ་སྤེལ་བྱ་ཐུབ་ན་ཡག་པོ་འདུག ལས་གཞི་འདི་རྒྱ་ཇེ་ཆེ་རུ་ཐོངས་ཤོག ཅེས་གསུངས་སོང་། ད་ང་ཚོ་བློ་བདེ་བོ་བྱུང་སོང་། ཕན་ཐོགས་པོ་ཞིག་ཡོང་ས་རེད་སྙམ་སྟེ། དུས་བབ་དྲ་རྒྱའི་སྟེང་ཁྱབ་བསྒྲགས་ཤིག་བྱ་ཐུབ་ན་བསམ་སྟེ་ཡོང་བ་ཡིན། ཞེས་གསུངས་སོང་།

“>embed>

ཡང་ཁོང་ལ་ཁྱེད་ཅག་ལ་མ་འོངས་པར་ལས་ཀ་འདིའི་ཐད་འཆར་གཞི་འདྲ་ཡོད་མེད་སྐོར་དྲིས་པའི་ལན་དུ་ཁོང་གིས། ཐེངས་འདིར་བོད་ཀྱི་དུས་བབ་དྲ་ཚིགས་སྟེང་ལ་ཁྱབ་བསྒྲགས་བྱས་པ་ཡིན་ན། ཕན་ཐོགས་ཡོང་མིན་དང་མི་དམངས་ལ་དགོངས་འཆར་ག་འདྲ་ཡོད་མེད་ཤེས་ཡོང་གི་རེད། འདི་གཞི་རྩར་བཟུང་སྟེ་མ་འོངས་པར་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། ག་ཚོད་ཐུབ་ཐུབ་ཀྱིས་༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ། དེ་བཞིན་ཆབ་སྲིད་དང་ཚན་རིག ཤེས་ཡོན། མི་དམངས་བཅས་ལ་བཀའ་སློབ་གནང་བ་ཁག་རིམ་པས་ཨམ་སྐད་ནང་བསྒྱུར་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། སྦྲ་ནག་བརྩོན་འགྲུས་ཁོ་རང་ལ་མཚོན་ན། ཤེས་ཡོན་དང་བརྩོན་འགྲུས། ལྷག་བསམ་གང་ཐད་ནས་འདང་བསྡད་ཡོད་པ་ཞིག་རེད། ༧གོང་ས་མཆོག་གི་གསུང་སྐད་བསྒྱུར་རྒྱུ་དེ་ལས་སླ་བོ་ཞིག་ཁྱོན་ནས་མ་རེད། ང་ཚོར་དཔལ་ལྡན་ཞུ་བའི་སྒྲ་འཇུག་མཁན་ཞིག་ཡོད། ཁོང་དང་མཉམ་དུ་དཀའ་ལས་ཞེ་དྲག་སྐྱོན་པ་རེད། ༧གོང་ས་མཆོག་གི་སྐུའི་རྣམ་འགྱུར་སྟོན་སྟངས་དང་། གསུང་སྐད་མཐོ་དམན་དང་འདེགས་འཇོག བཞད་མོ་བཞད་པའི་སྐབས་ཀྱི་གསུང་སྐད་སོགས་ཡང་ནས་བསྐྱར་དུ་སྒྲ་འཇུག་བྱས་ཏེ་དུས་ཚོད་ཀྱང་མང་པོ་གཏོང་དགོས་ཀྱི་འདུག ངེད་གཉིས་སྔོན་མ་ནས་གྲོགས་པོ་ཡིན། ཁོང་ཐོག་མ་བོད་ནས་ཕེབས་ཏེ་ང་ཚོའི་དགེ་རྒན་འོས་སྦྱོང་སྐབས་དང་པོར་ཞུགས་ཏེ་སློབ་མཐར་ཕྱིན་པ་རེད། དེའི་རྗེས་གཏན་འཇགས་སློབ་གྲྭར་དགེ་རྒན་གནང་བ་རེད། ད་ཆར་ཨ་རིར་བཞུགས་ཡོད། ཁོ་རང་གིས་གསུངས་པ་ལྟར་ན། ཨམ་མདོའི་འབྲོག་སྐད་ནང་བསྒྱུར་བ་ཡིན་ན། ཨ་མདོའི་མི་དམངས་བརྒྱ་ཆའི་བརྒྱད་ཅུ་ལྷག་གིས་གོ་ཐུབ་གི་རེད་གསུངས་སོང་། ཅེས་ངོ་སྤྲོད་གནང་བྱུང་།

 

འདི་གའི་གསར་འགོད་པས་ཕྱི་ཚེས་ ༥ ཉིན་ཁ་པར་བརྒྱུད་༧གོང་ས་མཆོག་གི་བཀའ་སློབ་ཨམ་སྐད་ནང་སྒྱུར་མཁན་སྦྲ་ནག་བརྩོན་འགྲུས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ང་རང་གིས་༧གོང་ས་མཆོག་གི་བཀའ་སློབ་ཨམ་སྐད་ནང་བསྒྱུར་དགོས་པར་རྒྱུ་མཚན་གཉིས་མཐོང་གི་ཡོད། དང་པོ། ང་ཚོ་རྒྱ་གར་ལ་ཡོང་སྟེ་མི་ལོ་ལྔ་བཅུ་ལྷག་རིང་། ༧གོང་ས་མཆོག་གིས་ཆོས་དང་རིག་གནས། ཆབ་སྲིད་བཅས་ཀྱི་ཐོག་བཀའ་སློབ་ལམ་སྟོན་རྩ་ཆེན་པོ་ཧ་ཅང་མང་པོ་གནང་ཡོད་པ་རེད། འོན་ཀྱང་། བཀའ་སློབ་དེ་དག་དབུས་སྐད་ཐོག་གསུངས་ཡོད་སྟབས། ཨ་མདོའི་མི་དམངས་ཚོས་གོ་ཐུབ་ཀྱི་ཡོད་པ་མ་རེད། ཨ་མདོའི་ཕྱོགས་ནས་རྒྱ་གར་ལ་གནས་སྐོར་དུ་ཡོང་མཁན་ཚོ་ཕྱིར་ལོག་སྐབས། མི་གཞན་གྱིས་༧རྒྱལ་བ་རིན་པོ་ཆེ་ཡིས་ག་རེ་གསུངས་སོང་ཞེས་དྲིས་ན། “བཀྲ་ཤིས་བདེ་ལེགས” གསུངས་སོང་། གཞན་གོ་མ་སོང་ཟེར་གྱི་ཡོད། གཉིས་པ་བོད་ནང་ལ་མཚོན་ན། ཤེས་ལྡན་མི་སྣ་དང་ཡིག་རྨོངས་གཉིས་ལས་ཡིག་རྨོངས་པ་མང་བ་ཡོད། ཁོང་ཚོས་དེབ་དང་ཚགས་པར་ཀློག་ཐུབ་ཀྱི་ཡོད་པ་མ་རེད། བརྙན་འཕྲིན་དང་རླུང་འཕྲིན། སྒྲ་ཐག་སོགས་ལ་ཉན་ཡང་སྒྲ་ཙམ་ལས་དོན་དག་ཐད་ཀར་གོ་ཐུབ་ཀྱི་ཡོད་པ་མ་རེད། ༧གོང་ས་མཆོག་གི་བཀའ་སློབ་ཨམ་སྐད་ནང་བསྒྱུར་བ་ཡིན་ན། ཡིག་རྨོངས་པ་ཚོས་༧གོང་ས་མཆོག་གི་བཀའ་སློབ་གོ་མི་ཐུབ་པའི་དཀའ་ངལ་དེ་སེལ་འགྲོ་བ་རེད་སྙམ་སྟེ། འདིའི་སྐོར་སྔོན་མ་སྐུ་སྒེར་ཡིག་ཚང་ལ་ཞུས་སྐབས་བཀའ་འཁྲོལ་ཡང་ཐོབ་སོང་། ཞེས་བརྗོད་བྱུང་། 

 

ཡང་ཁོང་ལ་༧གོང་ས་མཆོག་གི་གསུང་སྐད་སྒྱུར་སྟངས་དང་། ཨ་མདོའི་ལུང་པ་རེ་ཟུང་གི་སྐད་ཅུང་མ་འདྲ་བ་ཡོད་སྟབས་ཚད་འཛིན་གང་འདྲ་བྱེད་ཀྱིན་ཡོད་སྐོར་དྲིས་སྐབས། ད་ཆར་བོད་པའི་རྩ་དོན་དེ་གལ་ཆེ་ཤོས་ཆགས་ཡོད། ༧གོང་ས་མཆོག་གིས་བོད་རྒྱའི་གནད་དོན་སྐོར་ལ་བཀའ་སློབ་གནང་བ་ཁག་དང་། མི་རིགས་དང་ཆོས་ལུགས་མཐུན་ལམ་སྐོར་ལ་བཀའ་གནང་བ་ཁག་སྔོན་ལ་བསྒྱུར་ཏེ། རིམ་པས་བཀའ་སློབ་གཞན་དག་བསྒྱུར་ཨེ་ཐུབ་བལྟ་རྒྱུ་ཡིན། སྐད་སྒྱུར་ཐད་དཀའ་ངལ་ཆེན་པོ་མི་འདུག ༧གོང་ས་མཆོག་གི་བཀའ་སློབ་ཁག་བོད་སྐད་རེད། ད་ཆར་ཚོད་ལྟ་ཙམ་ཡིན་སྟབས་སྦྱོང་བརྡར་དེ་འདྲ་ཡང་མེད། ནམ་རྒྱུན་༧གོང་ས་མཆོག་གི་བཀའ་སློབ་ཁག་ལ་དོ་སྣང་སྤྲོད་དགོས་ཀྱི་འདུག ༧གོང་ས་མཆོག་གི་བཀའ་སློབ་ཁག་རྩ་ཆེན་པོ་ཡིན་སྟབས། ཏག་ཏག་ཅིག་བསྒྱུར་མ་ཐུབ་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། དཀའ་ངལ་ཆེ་ཤོས་ཤིག་ལ། ༧གོང་ས་མཆོག་གི་གསུང་སྐད་ནང་དབུས་སྐད་ཀྱི་ཚིག་ལྷག་འགའ་རེ་སླེབས་སྐབས། དེ་དག་ཇི་བཞིན་ཨམ་སྐད་ནང་སྒྱུར་སྐབས། དབུས་སྐད་ཀྱི་ཚིག་ལྷག་དེའི་ཚབ་དུ་ཨམ་སྐད་ཀྱི་ཚིག་ལྷག་ཏག་ཏག་མ་རག་པ་དང་། སྦྱོར་མ་བདེ་བ་སོགས་ཡོང་གིན་འདུག གང་ལྟར། ༧གོང་ས་མཆོག་གི་བཀའ་སློབ་ཨ་མདོ་བྱིངས་ཀྱིས་གོ་ཐུབ་པ་ཞིག་དང་། ལྷག་པར་དུ་ཡིག་རྨོངས་པ་དག་གིས་གོ་ཐུབ་པ་ཞིག་ལ་འབད་བརྩོན་བྱེད་ཀྱིན་ཡོད། ཨམ་སྐད་ཀྱི་ཚད་འཛིན་ས་ག་འདྲ་ཡོད་ཟེར་ན། ཡི་གེ་གཅིག་ཀྱང་མི་ཤེས་པའི་རྒད་པོ་རྒན་མོ་ལོ་བརྒྱད་ཅུ་ཅན་དག་གིས་གོ་ཐུབ་པ་ཞིག་ལ་བསམ་བློ་བཏང་ཡོད། དེ་འདྲ་ཞིག་བྱུང་བ་ཡིན་ན་ཨ་མདོའི་མི་དམངས་བརྒྱ་ཆ་དགུ་བཅུས་གོ་ཐུབ་གི་རེད་དྲན་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

སྐར་མ ༢༧ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

༢༠༢༥/༡༡/༠༤

མཆན། 40

  1. penba says:
    ལོ་ 15 སྔོན།

    ལས་རིགས་དེ་འདྲ་ལ་བརྒྱབa་བསྐྱོར་དང་ཞོགས་འདེགས་ཞུ་དགོས།དེ་འདྲ་བྱུང་ན་གང་ན་དཀའ་ཚེགས་ཡོད་རུང་བོད་པའི་ཤེས་ཡོན་ཅན་གྱི་འཇོན་སྟོན་ཐུབ་ལ་ཡར་རྒྱས་ཀྱང་གཏོང་ཐུབ།མུ་མཐུད་འབད་བརྩོན་གནང་རོག

    Reply
  2. ཇ་མ་ says:
    ལོ་ 15 སྔོན།

    སྦྲ་ནག་བརྩོན་འགྲུས་ལགས་ལ་བྱ་བར་ལམ་ལྷོངས་ཡོང་བའི་མཚམས་འདྲི་བཀྲིས་བདེ་ལེགས་ཞུ། ཡང་བསྐྱར་བསམ་བློ་ཞིག་བཏང་ན། ཅུང་ཙམ་འགྲིག་གི་མི་འདུག སྐྱབས་མགོན་རིན་པོ་ཆེའི་བཀའ་ཆོས་སོགས་ཀྱི་གསུང་བསྒྱུར་གནང་མི་ཉན་གི སྐྱབས་མགོན་རིན་པོ་ཆེའི་གསུང་སྐད་ཧ་ཅང་སྙན་མོ་འདུག ཨ་མདོ་བ་ཚོས་གསུང་སྐད་སྙན་མོ་དེ་ཉན་རྒྱུ་དགའ་བ་ལས་སྦྲ་བརྩོན་གྱི་སྐད་ལ་ཉན་འདོད་མེ་ཁི་བསམ། གཞན་སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་དང་བགྲོ་གླེང་སོགས་གང་མང་མང་ཨམ་སྐད་དུ་བསྒྱུར་ན་དགའ་བསུ་ཡོད། གསུང་ཆོས་ཨམ་སྐད་ལ་མ་བསྒྱུར་ན་ཧྲ་གི་བསམ།

    Reply
  3. GYAMTSO says:
    ལོ་ 15 སྔོན།

    ཕྱག་ལས་ཧ་ཅང་གི་ཡག་པོ་གནང་འདུག ཐུགས་རྗེ་ཆེ། མུ་མཐུད་དུ་གོང་ས་མཆོག་གི་གསུང་ཆོས་ཁག་ལས་ད་ལྟའི་དུས་སུ་བོད་ལ་ཉེ་པར་མཁོ་བའི་རིགས་ཁ་ཤས་ཕབ་བསྒྱར་གནང་ན་མདོ་སྨད་མི་མང་ལ་ཕན་ཐོག་ཆེན་པོ་འདུག ཡང་བསྐྱར་རྣམས་པ་ཚོ་བཀའ་དྲིན་ཆེ་ཞུ།

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    ངོ་མ་གསུང་བསྒྱུར་བྱས་བ་ཡག་གི་འདི་འདྲ་བྱས་གསུང་བསྒྱུརབྱེད་པར་མོས་
    མཐུན་མཐའ་གཅིག་ཏུ་ཡོད།
    ད་དུང་དགའ་བསུ་ཆེན་པོ་ཡོད་ཨ་ཨ།
    ངོ་མ་ཐུགས་རྗེ་ཆེ།

    Reply
  5. ཨ་མྱེ says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གི་གསུང་འདི་འདྲ་བསྒྱུར་ན་དགེ་མཚན་ཆེན་པོ་འདུག་ཧ་ཅང་ཡག་པོ་རེད་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. མྱི་ལྟིག says:
    ལོ་ 15 སྔོན།

    ལས་གཞི་འདི་ཡོངས་སུ་ལེགས་འགྲུབ་ཡོང་བའི་
    ་སྨོན་འདུན་གྲངས་མེད་དང་བཅས་ཏེ་མདོ་སྨད་ཀྱི་གཞིས་ལུས་དག་གིས་མགྱོགས་མྱུར་ངང་གོ་ཐུབ་པར་སྨོན།

    Reply
  7. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    རི་ཆེན་རིལ་བུས་བཤད་ནོ་བདེན་གི་ཡ། གསུང་གཅིག་པུ་བསྒྱུར་ཤེས་ན་སྐུམ་གསུང་ཐུགས་རྟེན་བསྒྱུར་དགོས་ནི་མ་རེད།

    Reply
  8. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ལས་གཞི་འདི་རྩ་བའི་ཆ་ནས་གནས་སྐབས་ཕན་ཐོགས་ཡོད་པ་ཞིག་ཡིན་ན་ཡང་།
    སྐུ་མདུན་གྱི་གསུང་ཚངས་པའི་དབྱངས་ཀྱི་ཡན་ལག་དང་ལྡན་པ་དེ་ཉིད་ལ་ནན་ཏན་གྱིས་ཉན་རྒྱུའི་གོ་སྐབས་ཉུང་རུ་འགྲོ་བ་དང་།
    གལ་ཏེ་ཁ་སྐད་ཀྱི་ཐོག་ལ་བསྒྱུར་རྒྱུ་མང་ན་འབྲུག་པའི་རྫོང་ཁ་ལྟ་བུ་ཞིག་ཏུ་གྱུར་ནས་ཆོལ་ཁའི་བར་གྱི་སྐད་ཡིག་གི་བར་ཐག་རིང་དུ་འགྲོ་བའི་ཤཱུགས་རྐྱེན་བྱེད་ངེས་རེད།
    གལ་ཏེ་ཅིས་ཀྱང་མ་བསྒྱུར་ཐབས་མེད་ཀྱི་དབང་དུ་བཏང་ཡང་འཆར་ངོས་སུ་སྐུ་མདུན་དུ་ན་ཉིན་འཇིག་བྲལ་གློག་བརྙན་གྱི་ཨམ་སྐད་ཡིག་ཐོག་ཏུ་བསྒྱུར་བ་ནང་བཞིན་ཡི་གེ་འཆར་རྒྱུ་ཡོད་པ་ཙམ་ཀྱིས་སྐད་སྐུ་མདུན་གྱི་གསུང་རང་འཇགས་དང་།
    དེ་ཡང་མ་བྱུང་ན་ཡང་སྐད་དང་མཉམ་ཏུ་ཡིག་ཐོག་ཏུ་ཡང་ཨམ་སྐད་ཀྱི་ཕལ་སྐད་སོར་བཞག་འབྲི་བ་ཡིན་ཟེར་ན་དེ་ནི་བོད་ཀྱི་རིག་གཞུང་གི་ཁ་བྲལ་རང་ལུགས་པ་སྡུག་ཤོས་སུ་ངོས་འཛིན་བྱེད་རྒྱུ་ཡིན། དེ་ལྟར་གཏན་ནས་མིན་པར་སྨོན།

    Reply
  9. ཚེ་རིང། says:
    ལོ་ 15 སྔོན།

    གྲོགས་པོ་ཚོ། ཨམ་སྐད་ལུང་ཚན་གྱི་སྐད་རེད། དབུས་སྐད་བོད་སྤྱིའི་སྐད་རེད་ཟེར་གྱི་ཡོད་པ་མ་རེད། བོད་མི་ཚང་མས་གོ་ཐུབ་པའི་ཡིག་སྐད་ཅིག་ཡོད་པ་དེ་བེད་སྤྱོད་དགོས་གལ་ཆེན་པོ་རེད། ལས་འཆར་འདིའི་ལུང་ཚན་གྱི་སྐད་ཀྱི་ནང་དུ་ཡི་གེ་འབྲི་རྒྱུར་ཤུགས་རྐྱེན་ཆགས་ན་ཡག་པོ་མ་རེད་བསམ་གྱི་འདུག དེང་སྐབས་ལུང་ཚན་གྱི་སྐད་ཀྱི་ནང་དུ་ཡི་གེ་འབྲི་མཁན་མང་དུ་འགྲོ་ཡི་འདུག དེ་ཉེན་ཁ་ཞིག་མ་རེད་དམ།
    གལ་སྲིད་ཡིན་གཅིག་མིན་གཉིས་ལུང་ཚན་གྱི་སྐད་གདེངས་ཐོག་༧གོང་ས་མཆོག་གི་གསུང་བསྒྱུར་དགོས་ན། ཨམ་སྐད་སྒྲ་གདེངས་གཞིར་བཞག་གིས་ཡིག་སྐད་གོ་བདེ་བོའི་ཐོག་ནས་བཤད་ན་མི་མང་དཀྱུས་མས་ཀྱང་གོ་ཐུབ།
    དཔེར་ན་མཚོ་སྔོན་རླུང་འཕྲིན་ནང་གི་གེ་སར་གྱི་སྒྲུང་ལྟ་བུར་ཞིང་འབྲོག་གི་ཡིག་རྨོངས་པ་ཚང་མ་ཉན་རྒྱུར་དགའ་ལ། གོ་ཡང་ཐུབ། དེ་བཞིན་མི་ལའི་གསུང་མགུར་དང། ཚངས་དབྱངས་རྒྱ་མཚོའི་གསུང་མགུར་སོགས་ཡི་གེ་ཤེས་མཁན་ཞིག་གིས་སོ་སོའི་ལུང་ཚན་གྱི་སྐད་གདེངས་ཐོག་ཀློག་ན། ཚང་མས་གོ་ཐུབ།
    དེང་སྐབས་སྒྲུང་རྩོམ། དཔལ་དོན་འགྲུབ་རྒྱལ་གྱི་སད་ཀྱི་བཅོམ་པའི་མེ་ཏོག དབུས་གཙང་ངོས་ཕྱོགས་ཀྱི་བྲིས་ཟུར་ཚང་གི་གསེང་བའི་གཏམ་རྒྱུད་ཀྱིས་མཚོན་རྩོམ་རིག་དེ་དག་ཡང་གོ་བ་མ་ལོན་པའི་དཀའ་ངལ་མེད་དོ། དེ་བཞིན་ཡིག་སྐད་དང་མཐུན་པའི་གཞས་ཚིག་ཁག་ལ་འབྲེལ་བཤད་བྱེད་མཁན་མེད་མོད། མི་མང་གིས་གོ་བ་ཆ་ཚང་ལེན་ཐུབ་ཀྱི་ཡོད། ད་ཐེངས་དེ་ཙམ་ཡིན། བོད་མི་རིགས་བར་དུ་ཁ་ཐག་རིང་དུ་འགྲོ་བྱེད་ཚིག་གཅིག་ཡོད་ནའང། སེམས་ཀྱིས་མ་བཟོད་པར་ཁ་བརྡར་བ་ཙམ་ལས། ལས་ཀྱི་སྣེ་བོ་བ་རྣམ་པས་ཐེག་གཅོད་གནང་གི་རེད།

    Reply
  10. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    གླེན་བཤད་པ་དག་དང་ཡིག་རྨོངས་བ་དག་གིས་ཉོན་ཨ།
    མང་པོ་ཞིག་གིས་གླེན་བཤད་བྱེད་ཀྱིན་འདུག སྤྱི་སྐད་དགོས་པས་ཨམ་སྐད་སོགས་ལུང་ཚན་སྐད་ལ་བསྒྱུར་ན་ཡག་པོ་མི་འདུག་ཟེར། འོ་ན་དབུས་སྐད་ལུང་ཚན་སྐད་མ་ཡིན་ནམ། བོད་ལ་གཅིག་གྱུར་ཏུ་ཡོད་པའི་བརྡ་སྤྲོད་པའི་གཞུང་ལུགས་ཀྱིས་སྤྱི་སྐད་གཏན་འབེབ་བྱེད་དགོས་པ་ལས་དབུས་སྐད་སྤྱི་སྐད་དུ་འཛིན་པ་དེ་ནི་ཡིག་རྨོངས་པ་དག་གི་བཤད་སྟངས་རེད། དེ་གཅིག་ཡིན། གཞན་ཨམ་སྐད་དུ་བསྒྱུར་བ་དེ་ཧ་ཅང་ཡག་པོ་རེད། ཡིན་ནའང་འདི་ལ་སྐད་སྒྱུར་དང་ཡིག་སྒྱུར་གཉིས་ཡོད་ལ། དེ་ལའང་དངོས་ཡོད་མི་སྣའི་གཏམ་གླེང་གི་སྐད་སྒྱུར་དང་ཡིག་སྒྱུར། སྒྱུ་རྩལ་རྩོམ་རིགས་ཀྱི་ཡིག་སྒྱུར་དང་འཁྲབ་གཞུང་གི་སྐད་སྒྱུར་གཉིས་ཡོད། ༧གོང་ས་མཆོག་གི་གསུང་བཤད་དག་དངོས་ཡོད་མི་སྣའི་གཏམ་གླིང་གི་སྐད་སྒྱུར་གྱི་ཁུངས་སུ་གཏོགས་པ་ལས། གློག་བརྙན་འཁྲབ་གཞུང་གི་སྐད་སྒྱུར་གྱི་ཁོངས་སུ་གཏོགས་ཀྱིན་ཡོད་པ་མ་རེད། དེ་བས་གོང་ས་མཆོག་གི་གསུང་བཤད་དག་ཨམ་སྐད་དུ་བསྒྱུར་རྒྱུ་དེ་ལས་གཞི་ཤིན་ཏུ་ཡག་པོ་ཞིག་རེད། ཡིན་ནའང་སྐད་སྒྱུར་གྱིས་སྐད་སྒྱུར་རང་ལ་ཡོད་པའི་རང་བྱུང་གི་སྐད་ཀྱི་གདངས་གཤིས་དེས་སྟེང་ནས་གོང་ས་མཆོག་གི་གསུང་དོན་མ་ནོར་བར་ཨམ་སྐད་ཀྱིས་སྟེང་ནས་བཤད་པ་ཡིན་ན་དེ་ནི་དངོས་ཡོད་མི་སྣའི་གཏམ་གླེང་སྐད་སྒྱུར་བྱས་པ་རེད་མ་གཏོགས། རང་གི་སྐད་གདངས༧གོང་ས་མཆོག་གི་སྐད་གདངས་ལ་རྫུན་མར་བཅོས། དེ་ནས་༧གོང་ས་མཆོག་གི་གསུང་སྐད་ཀྱི་ལད་མོ་འདྲ་མིན་བྱེད་ཁུལ་བྱས་པ་དེ་ནི་གློག་བརྙན་འཁྲབ་གཞུང་གི་སྐད་སྒྱུར་ཏུ་སོང་བ་མ་ཟད། དངོས་ཡོད་མི་སྣ་དེར་ཁྱད་གསོད་ལྟ་བུ་ཞིག་ཏུའང་གྱུར་བ་རེད། བསམ་བློ་ཞིག་ཐོངས་དང་འཛམ་གླིང་གི་དངོས་ཡོད་མི་སྣ་གྲགས་ཅན་དང་ཆོས་དཔོན། སྲིད་འཛིན་དང་དམངས་གཙོ་དོན་གཉེར་བ་སོགས་ཀྱི་གཏམ་བཤད་དང་ཆོས་བཤད་གང་ཞིག་གློག་བརྙན་གྱི་འཁྲབ་གཞུང་ལྟར་བསྒྱུར་ཡོད་དམ། འདི་ནི་དད་པ་དང་དག་སྣང་ཞིག་གི་གནད་དོན་མ་རེད། འདི་ནི་ང་ཚོའི་མི་རིགས་འདིར་ཆེད་ལས་མི་སྣའི་མུ་གེ་བྱུང་ཡོད་པའི་རྟགས་རེད་ལ། ལྷག་པར་ཏུ་སྐད་སྒྱུར་ལ་ཆེད་ལས་ཞེས་བསྦྱང་བྱ་ཞིག་ཡོད་པ་ངེས་ཟིན་གྱིན་མེད་པའི་ལས་ལས་བྱུང་བའི་འབྲས་བུ་དང་ལྟོས་ངན་རེད། སྦྲ་ནག་བརྩོན་འགྲུས་ཟེར་བ་དང་ཁོ་དང་མཉམ་འབྲེལ་བྱེད་མཁན་དག་ལ་ཞུ་རྒྱུ་ཞིག་ལ། གོང་ས་མཆོག་གིས་གློག་བརྙན་འཁྲབ་ཀྱིན་ཡོད་པ་མ་རེད། གོང་ས་མཆོག་ནི་དངོས་ཡོད་མི་སྣ་ཞིག་ཡིན་ལ་ཁོང་གིས་གསུང་ཆོས་དང་བཀའ་སློབ་སྩོལ་བཞིན་ཡོད་པས། ཁྱེད་ཅག་གིས་ཁོང་གི་གསུང་ཆོས་དང་བཀའ་སློབ་བསྒྱུར་རྒྱུར་རྒྱབ་སྐྱོར་ཡོད་པ་ལས། ༧གོང་ས་མཆོག་གི་སྐད་གདངས་དང་ཉམས་འགྱུར་ལ་ལད་མོ་བྱེད་རྒྱུ་མཚམས་འཇོག་བྱེད་རོགས་ཞུས་པ་ཡིན།

    Reply
  11. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་སྐད་བསྒྱུར་གྱི་ལས་ཀ་དེ་དངོས་གནས་ཡག་པོ་རེད། དེ་དང་འབྲེལ་བའི་བསམ་ཚུལ་ཅུང་ཞུས་ན། ༧་གོང་ས་མཆོག་གི་གསུངས་གི་ཁྱད་ཆོས་ལ། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་དང་། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་ལྟ་བ་སོགས་མདོར་ན་འཆད་བྱ་དེ་དང་དེ་གསུངས་ཡོང་དུས་ཚོར་བ་མ་འདྲ་རེ་དང་འདྲེས་ནས་ཆོས་ཉན་པ་བོའི་སེམས་ལ་ཁ་ཐུག་ལ
    འང་ངལ་གསོ་ཐུབ་པའི་བདེ་བ་ཞིག་སྟེར་རྒྱུ་ཡོད། དེའི་ཐོག་ལ་དོ་སྣང་གནང་དགོས་ས་རེད། མཚོ་སྔོན་གློག་བརྙན་བསྒྱུར་སྐྲུན་ཁང་གིས་གློག་བརྙན་བསྒྱུར་སྟངས་བྱས་ན་གསུང་གི་ཁྱད་ཆོས་ཡོངས་སུ་ཉམས་ཏེ་༧གོང་ས་མཆོག་གསུང་ཆོས་གསུངས་པ་ལ་ཐབས་མི་མཁས་པ་འདྲ་ཞིག་མི་བཟོ་བའི་ངེས་པ་མེད་པས་དེའི་ཕྱོགས་ལ་གཟབ་གཟབ་བྱེད་དགོས་ས་རེད་དྲན་སོང་།

    Reply
  12. རི་བོང། says:
    ལོ་ 15 སྔོན།

    ལས་གཞི་འདི་རིགས་ཀྱིས་གནས་སྐབས་ལ་ཁེ་ཕན་ཡོད་ཐག་ཆོད་རེད། སྐད་གདངས་ཀྱི་ཐད་ནས་ངོ་མ་ཡ་མཚན་ཞིག་རེད། ཡིན་ནའང་༸གོང་ས་མཆོག་གི་བཀའ་སློབཀྱི་ཚབ་ཆ་ཚང་བ་ཞིག་དུས་ནམ་ཡང་བྱེད་ཐུབ་ཀི་མ་རེད། ཁོང་གི་བཀའ་སློབ་ལ་སྐད་ཚིག་གཅིག་མི་གོ་བའི་དད་ལྡན་གྱི་རྒྱ་རིགས་མི་དམངས་ཀྱིས་གསུངས་གི་གདངས་ཙམ་ལ་ཉན་ནའང་སེམས་ལ་བརྗོད་མི་ཤེས་པའི་ཞི་བདེ་སྤྲད་ཀྱིན་ཡོད་པ་རེད། དོ་སྣང་ཅུང་ཟད་བྱས་ན་གོ་ཐུབ་པའི་ལས་ཀ་འདི་རིགས་སྣང་མེད་དུ་འཇོག་པ་ནི་ཨ་མདོ་བ་ཚོས་ཞན་ཆ་ཞིག་རེད། དེའི་ཕྱིར་རང་གི་གསུང་གི་བདུད་རྩི་དངོས་ལ་ལོངས་སྤྱོད་རྒྱུ་ཡོང་ཐབས་ལ་ངེས་པར་དུ་འབད་དགོས་པ་གལ་ཆེན་པོ་རེད།

    Reply
  13. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་བཀའ་སློབ་ཨམ་སྐད་དུ་བསྒྱུར་བ་བོད་པའི་སྤྱི་སྐད་ལ་གནོད་ཀྱིན་འདུག་ཟེར་བ་འདི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཞིག་ལས་མཐོང་མ་སོང་། ནམ་ཞིག་བོད་པ་ཡོངས་རྫོགས་ཡིག་རྨོངས་ཀྱི་རྒྱ་ལས་གྲོལ་ན་ལས་གཞི་འདི་ངེས་བར་དུ་མུ་མཐུད་དགོས་དོན་ཡོད་པ་མ་རེད། ཁ་བརྡའི་ནང་དུ་མཆན་འགོད་པ་ཞིག་གིས་ཡིག་སྐད་གཙོ་བོར་བཟུང་ནས་བསྒྱུར་ན་ལེགས་ཟེར། འོན་ཀྱང་ལས་གཞི་འདི་ཡིག་རྨོངས་བའི་དགོས་མཁོ་གཞིར་བཞག་གིས་བསྐྲུན་བ་ཡིན་སྟབས་ཁ་སྐད་ལྟར་སོར་བཞག་བྱས་ན་ལེགས་པོ་འདུག ཕྱི་རྒྱལ་ཁག་ཏུ་༧གོང་ས་མཆོག་གིས་གསུངས་ཆོས་གནང་སྐབས་ལྐུག་པ་རྣམས་ཀྱིས་གོ་ཐུབ་ཆེད་ལྐུག་པའི་སྐད་བསྒྱུར་ཀྱང་ཆེད་འཛུགས་གནང་གི་ཡོད་པ་རེད། འོ་ད་འགྲོ་རན་ཐལ།

    Reply
  14. ཕུན་ཚོགས ། says:
    ལོ་ 15 སྔོན།

    ལས་ཀ་འདི་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།མི་ཁ་ཤས་ཀྱིས་སྐད་བསྒྱུར་འདི་རང་ཆོལ་ཁའི་དཀྲུག་ཤིང་དུའཁྱེར་བར་དོགས་པ་བྱེད་ཀྱིན་པ་ནི་བློ་ཕུགས་དོག་ཅིང་སྐྱོན་དུ་མཐོང་གི
    སྤྱིར་མདོ་སྨད་དང་མདོ་སྟོད་སོགས་ལ་ཁ་སྐད་ཀྱི་བར་ཁྱད་ཆེན་པོ་ཡོད་པ་དང་།བར་ཁྱད་དེ་དག་གིས་ཕན་ཚུན་གོ་བརྡ་འཕྲོད་ཀྱིན་མེད་པ་ནི་ངོམ་སུམ་ཡིན་པས་འདི་ལ་ཆོལ་ཁའི་འཐེན་འཁྱེར་གྱི་སྐད་དུ་འཁྱེར་བར་དོགས་པ་ནི་ཅང་འབྲེལ་མེད་དོན་གཞན་ཞིག་གོ

    Reply
  15. ཚེ་རིང། says:
    ལོ་ 15 སྔོན།

    ལས་གཞི་འདི་སྤྱིར་བཏང་ཡག་པོ་རེད་མོད། འདིས་ཤུགས་རྐྱེན་གྱིས་ལུང་ཚན་སོ་སོའི་ནང་ཡི་གེ་འབྲི་རྒྱུར་ཚོར་ཤུགས་སླེབས་ནས། བོད་མི་ཡོངས་ཀྱིས་ཡིག་ཐོག་ཏུ་གོ་བ་ལེན་ཐུབ་པའི་ཚིག་དེ་དག་བརླགས་ནས། ལུང་ཚན་རེ་ལ་ཡི་གེ་འབྲི་སྟངས་རེ་བྱུང་ན། ༧གོང་ས་མཆོག་གི་བཀའ་སློབ་ཉན་ཐུབ་པ་ཁེ་ཕན་ལས་གནོད་ཆེ་བ་ཡོང་མི་སྲིད་པ་མ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་ནས་བོད་ཀྱི་མཁས་པ་མང་པོ་ཞིག་ལ་ལུང་ཚན་གྱི་སྐད་ཀྱི་ནང་བོད་པ་ཚང་འགྲོ་བར་ཉེན་ཁ་ཡོད་སྐོར་སྔོན་ནས་གླེང་ཡོད།

    དེ་ལྟར་ཆགས་ན་ད་ལྟའི་འབྲུག་པ་ཡི་སྐད་དང་ཡི་གེ་འབྲི་སྟངས་ལྟ་བུ་རེད། སྐད་གདེངས་བསྒྱུར་དགོས་བྱུང་ནའང། ཡིག་ཐོག་ཏུ་དེ་ལྟར་མི་ཕབ་པར་རེ་བ་ཡོད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང། ༧གོང་ས་མཆོག་སོགས་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་དགོངས་པ་བཞེས་མཁན་རྣམ་པས། ལུང་ཚན་གྱི་སྐད་ཡིག་ཐོག་ཏུ་ཕབ་པ་ལ་ཡང་ནས་ཡང་དུ་དགག་པ་གནང་ཡོད།
    ༧གོང་ས་མཆོག་གི་བཀའ་ལ་བརྩི་ན། དེ་ཡང་ཉན་འཇོག་དགོས་ས་གལ་ཆེན་པོ་ཞིག་རེད།
    ༢༠༠༦ ལོར་༧གོང་ས་མཆོག་གི་དུས་འཁོར་དབང་ཆེན་གསུང་སྐབས། ཨ་སྐད་དུ་བརྒྱུར་བ་ཐོག་མ་དེ་རེད། དེའི་སྐབས་བོད་ནང་ནས་ཡོང་མཁན་ཨ་མདོ་བ་རེ་ཟུང་ལ་སྐད་ཆ་བཤད་རྒྱུ་བྱུང། ཁོང་ཚོས། ༧གོང་སུ་མཆོག་གི་གསུང་སྐད་དངོས་སུ་གོ་མི་ཐུབ་པ་དེ་ཡང་སྐྱོན་དུ་བརྩི་ཡི་འདུག དེ་ཅིག་བྱས་ན། དད་ཞེན་ཙམ་ཡིན་གྱི་རེད་མོད། ཡང་ཁ་ཤས་ཀྱིས་ཨམ་སྐད་དུ་བསྒྱུར་བ་ཡག་པོ་མ་རེད། མདོ་དབུས་གཉིས་ཀྱི་སྐད་དང་ཡི་གེ་ལོག་ཀ་ཡིན་པའི་སློབ་གསོ་ཞིག་ཡོང་གི་འདུག་ལ། བསྒྱུར་མཁན་དེས་ཞེ་ས་མ་སྦྱར་བ་དེ་ཡང་སྐྱོན་རེད། ཨ་མདོ་བར་བླ་ཆེན་དཔོན་ཆེན་ལ་ཞེ་ས་སྦྱར་གྱི་མེད་པ་ཡང་མ་རེད་ཅེས་བཤད་མཁན་འདུག ང་ཐུག་རེ་ཟུང་ཡིན་མོད། ཁོང་ཚོས་གསུང་པ་ལ་ཡང་ཉན་འཇོག་དགོས་པར་སྣང།
    ༧གོང་ས་མཆོག་གི་གསུང་དེ་ཡིག་ཐོག་ཏུ་ཕབ་སྐབས། ཡིག་སྐད་ཏག་ཏག་ནང་ཕབ་ཐུབ་ན་ཡག་པོ་འདུག ༧གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་དུ་ཡང་དབུས་སྐད་ཅུང་མང་བས། ང་ལ་ཡང་ཚིག་ཁ་ཤས་གོ་བ་ལེན་མ་ཐུབ་པའི་དཀའ་ངལ་འཕྲད་མྱོང། ཡི་གེ་འབྲི་མཁན་དང། གསུང་བསྒྱུར་གནང་མཁན་ཚོས་ཐུགས་བསམ་བཞེས་ཏེ། ཐག་གཅོད་གནང་རོགས་མཁྱེན་མཁྱེན།

    Reply
  16. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    100 ་ངོ་མ་ཕན་ཐོགས་ཐག་ཆོད་རེད་འདུག
    བཀའ་དྲིན་ཆེ།
    སྐོག་ཀླད་ནས་སྐད་གདེངས་ལ་ཅུང་འགྱུར་བ་བཏང་ན་མི་ལེགས་སམ
    སྙན་འཁོར་འདིའི་གཟུགས་བརྙན་ཕྱིར་ལོག་འདུག་པ་ཅི་རེད

    Reply
  17. དབྱངས་བུ། says:
    ལོ་ 15 སྔོན།

    ལས་གཞི་ཡག་པོ་འདུག ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུའོ།།

    Reply
  18. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཀློག་པ་པོ་ཡོངས་ལ་སྙིང་ཐག་པ་ནས་དགོངས་སེལ་ཞུ་རྒྱུ་དང་ཆབས་གཅིག ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤ ནས་བཟུང་གོང་གི་གསར་འགྱུར་དེ་དང་མཉམ་དུ་བརྙན་ཐུང་འཇོག་ཐབས་ལ་ཚོད་ལྟ་བྱས་པ་ཡིན། འོན་ཀྱང་བརྙན་འཁོར་དེ་ཐོག་མར་ཕབ་ལེན་བྱེད་སྟངས་དང་། ང་ཚོར་བརྙན་འཕྲིན་གཅོད་གཏུབ་ཀྱི་མཉེན་ཆས་མ་ལག་མ་རག་པ། ཡུའུ་ཁྲུའུ་བྷེ་ youtube ཡི་སྤྱི་སྤྱོད་ཨང་རྟགས་དང་དུས་བབ་དྲ་བའི་བརྙན་མཛོད་ལྟེ་བ་གཉིས་ཀྱི་སྒྲིག་སྦྱོར་ཚད་མཐུན་མ་ཡོང་བ་བཅས་ཀྱི་དབང་གིས་ཚོད་ལྟ་ལེགས་འགྲུབ་མ་བྱུང་བར་ད་ནངས་ཞོགས་པའི་བར་ལྷག་སོང་བ་རེད།
    ད་ཆར་བརྙན་ཐུང་དེ་བསྐྱར་སྒྲིག་ལེགས་འགྲུབ་བྱུང་ཡོད་སྟབས། དྲ་གྲོགས་ཡོངས་ཀྱིས་བསྐྱར་དུ་མིག་གི་ལོངས་སྤྱོད་དུ་བསུས་ཏེ། ལེགས་ཉེས་དང་དགེ་སྐྱོན་དང་དགོངས་འཆར་ལྷུག་པར་བརྗོད་པའི་རེ་འདུན་ཞུ།

    Reply
  19. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    ཨོ་ད་ཉན་གི་ཉན་གི་ཤེར་མདོའི་ནང་གི དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་ར་ཏྭ་ཏིའི་བུས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་པ་དེ་ཡང་སེམས་ལ་འཆར་ཡོང་གི་འདུག་གོ།

    Reply
  20. དོན་གོ says:
    ལོ་ 15 སྔོན།

    བརྙན་འཕྲིན་འདི་སྐད་བསྒྱུར་གནང་མཁན་སྤྲ་ནག་བརྩོན་འགྲུས་ལགས་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་མ་ཟད། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
    འདི་ལྟར། ༸གོང་ས་མཆོག་བཀའ་སློབ་དང་གསུང་ཆོས་མང་པོ་ཞིག་ཨམ་སྐད་ཐོག་གཞིས་ལུས་མདོ་སྨད་པ་རྣམས་ལ་མཁོ་སྤྲོད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་ཀྱི་རེད་བསམ། མ་འོངས་པར་ཨམ་སྐད་ཁོ་ནར་མིན་པར་ཁམས་སྐད་ཐོག་བསྒྱུར་མཁན་གྱི་མི་སྣ་མཆིས་ཚེ་གཞིས་བཞུགས་ཁམས་ཕྱོགས་མི་མང་ལའང་ཕན་ཐོག་ཆེན་པོ་ཡོད་ཀྱི་རེད།

    ངས་བརྙན་ཐུང་འདིར་སྔ་ཕྱི་ཐེངས་གསུམ་ལ་ཞིབ་བལྟ་བྱས་པ་ཡིན། ང་རང་གི་མཐོང་བའི་སྐྱོན་ཆའི་ཆ་ནི། འདིའི་ནང་ཨམ་སྐད་གཙང་མ་མིན་པའི་རིགས་མང་པོ་ཞིག་ཡོད་པར་མ་ཟད། དབྱིན་ཡིག་གི་ཐ་སྙད་ཁག་ཅིག་བསྒྱུར་མེད་པར་དབྱིན་སྐད་ཐོག་རང་སོར་བཞག་ཡོད་སྟབས། དེའི་རིགས་མ་འོངས་སྐད་བསྒྱུར་ཁྲོད་བཅོས་བསྒྱུར་གནང་རྒྱུ་དང་བཅས་ཐུགས་རྗེ་ཆེ་ཞུ་བ་ཡིན།
    བཀྲ་ཤིས་བདེ་ལེགས།།

    Reply
  21. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    སྐད་བསྒྱུར་གནང་བ་ལ་སྙིང་ནས་མོས་གུས་ཡོད། ལྷག་པར་སྐད་གདངས་ཐད་ནས་རྫིག་ཉམས་ཀྱིས་འདང་ཡོད་པ་ལྟ་བུ་ཞིག་རེད། ལས་གཞི་འདི་ལ་གུས་བརྩི་ཡོད།
    ཡིན་ནའང་། བརྙན་འཕྲིན་ཐུང་ཐུང་དེ་ཕྱིར་སློག་ནས་བཞག་ཡོད་པ་དེ་བརྗེ་བསྒྱུར་གནང་ཐུབ་ན་ཡག་པོ་འདུག ང་ལ་རིག་པ་འདོན་དབང་མེད་པ་ཅི་རེད།

    Reply
  22. རྟ་མགྲིན་ཚེ་རིང་། says:
    ལོ་ 15 སྔོན།

    སྐད་གདངས་ཡག་པོ་ཞིག་འདུག་མོད། ཨམ་སྐད་རང་མིན་པ་འདྲ། ལོ་ལོན་རྒན་པ་ཚོ་ཕར་ཞོག་ངས་ཀྱང་ཡག་པོ་གོ་ཡི་མི་འདུག གང་ལྟར་ལས་གཞི་འདིར་བསྔགས་བརྗོད་དང་མཐར་འཁྱོལ་ཡོང་བའི་རེ་བ་ཡོད།

    Reply
  23. གཞི་དྲང་པོ་ says:
    ལོ་ 15 སྔོན།

    སྦྲ་ནག་བརྩོན་འགྲུས་ལགས་ལ་བྱ་བར་ལམ་ལྷོངས་ཡོང་བའི་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་། བྱེད་སྒོ་འདིར་ཧ་ཅང་གལ་གནད་ཆེ་བའི་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཤིན་ཏུ་ཆེ་ལ་ངོས་པའི་མི་འཐུད་འཇུག་སྐྱོང་གནང་རོགས་གནང་།

    Reply
  24. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    སྐད་བསྒྱུར་གནང་བ་ལ་སྙིང་ནས་མོས་གུས་ཡོད། ལྷག་པར་སྐད་གདངས་ཐད་ནས་རྫིག་ཉམས་ཀྱིས་འདང་ཡོད་པ་ལྟ་བུ་ཞིག་རེད། ལས་གཞི་འདི་ལ་གུས་བརྩི་ཡོད།

    ཡིན་ནའང་། བརྙན་འཕྲིན་ཐུང་ཐུང་དེ་ཕྱིར་སློག་ནས་བཞག་ཡོད་པ་དེ་བརྗེ་བསྒྱུར་གནང་ཐུབ་ན་ཡག་པོ་འདུག ལྷག་པར་འགོ་བརྩམས་པ་ཙམ་ཞིག་བྱས་ནས་མི་འཇོག་པར་མཐིལ་ཕྱིནན་པ་ཞིག་ཕོན་ཆེན་པོ་ཞིག་བསྒྱུར་རོགས་ཞེས་འབོད་སྐུལ་ཞིག་ཀྱང་ཞུ་འདོད་བྱུང་སོང་།

    Reply
  25. ལི་སྐལ་བཟང says:
    ལོ་ 15 སྔོན།

    ཧ་ཅང་ཡག་པོ་བསྒྱུར་འདུག་ཐུགས་རྗེ་ཆེ།

    Reply
  26. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་སྙན་པར་དེ་སྒྲིགས་གཏང་ཡག་པོ་མ་བྱུང་བའི་བཟོ་འདྲ་འདུག་གང་ཡིན་ཞེ་ན་ནམ་རྒྱུན་༧གོང་ས་མཆོག་གིས་ཕྱག་ལག་གཡས་པའི་ཐོག་ནས་ར་སྤྲོད་བྱེད་ཀྱི་ཡོད་ཀྱང་ཐེང་འདི་དེ་ལས་ལྡོག་སྟེ་གཡོན་དེས་ར་སྤྲོད་བྱེད་ཀྱི་འདུག། སྤྱི་གཏང་སངས་རྒྱས་ཀྱི་མཛད་པ་ལ་ང་ལྟ་བུ་དག་གིས་ཚད་ག་ལ་ནུས་ཀྱང་ཐ་མ་པའི་སྣང་ངོ་ལ་དེ་ལྟར་ཞིག་འཆར་བཞིན་འདུག་པས་དེ་བཞིན་བརྗོད་པ་ཡིན་ནོ།

    Reply
  27. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    སྐད་སྒྱུར་བའི་སྒྲ་གདངས་རྫིག་པོ་འདུག གོང་ས་མཆོག་གི་བརྙན་གཟུགས་དེ་འཇོག་སྟངས་ནོར་འདུག དེ་ནི་གྲྭ་ཆས་གྱོན་སྟངས་ལ་ཆ་རྒྱུས་ཡོད་མཁན་ཞིག་ན་ལམ་སེང་ཤེས་ཀི་རེད། འདི་མགྱོགས་པོར་བརྗེས་ན་མ་གཏོགས་མི་འགྲིགས་ད།

    Reply
  28. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    ལས་གཞི་འདི་ཡག་པོ་འདུག་ཐུགས་རྗེ་ཆེ་སྐུ་མདུན་གྱིས་གཟན་མནབ་སྟངས་འདི་བཟོ་མཁན་གྱིས་ཕྱིན་ཅི་ལོག་ཏུ་བཟོ་བ་མིན་ནམ། ཡིན་ན་གཟབ་གཟབ་ཞིག་བྱས་ན་མི་ཆོག་གམ།

    Reply
  29. རས་པ། says:
    ལོ་ 15 སྔོན།

    ངོ་མཚར་སྟོང་ལྡན་གྱི་ལས་གཞི་འདི་ལ་སེམས་སྟེང་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།

    Reply
  30. ཨརྱ། says:
    ལོ་ 15 སྔོན།

    བརྙན་འཕྲིན་ཕྱིར་ལོག་བྱེད་དོན་ཅི་ཡིན། གཞན་ཨམ་སྐད་ལ་བསྒྱུར་བ་དགོས་ངེས་ཡིན་པས་དགའ་བསུ་ཞུ། འོན་ཀྱང་སྐད་གདང་གི་དངོས་ནས་བྱམས་བརྩེ་མཚོན་ཐབས་ཤིག་ངེས་པར་དགོས་པ་འདྲ་བས་ཡིད་འཇགས་ཞུ། དེ་མིན་ཁམས་པ་གཞིས་ལུས་རྒྱ་ཆེའི་མི་མང་ལའང་ཨ་མདོ་བ་ཅི་བཞིན་༧གོང་ས་མཆོག་གི་བཀའ་སློབ་ལ་ཉན་འདོད་ཡོད་ངེས་པས་སྐུ་སྒེར་ཡིག་ཚང་དང་ངྷ་ས་རིགས་ལམ་སློབ་གཉེར་ཁང་གིས་དགོངས་པ་རྒྱ་ཆེ་གནང་གལ།

    Reply
  31. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    སྦྲ་ནག་བརྩོན་འགྲུས་ལགས། ཁྱེད་ཀྱིས་གནང་སྟངས་འདི་ཧ་ཅང་ལེགས། མུ་མཐུད་ནས་ཕྱག་ལས་གནང་རོགས།
    འོན་ཀྱང་འདིར་པར་གཡས་གཡོན་ནོར་ཡོད་པ་འདི་ཅི་ཡིན། ནོར་འཁྲུལ་ཚབ་ཆེན་ཞིག་མིན་ནམ། ཡང་ན་ཅི།

    Reply
  32. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    གོང་གི་༧གོང་ས་མཆོག་གི་གསུང་བཤད་ཨམ་སྐད་དུ་སྒྱུར་བ་དེ་ཡག་པོ་ཞིག་འདུག་ཀྱང་སྐུར་པར་གྱི་སྤྱིན་ཤོག་ཕྱི་ནང་ལོག་ཏེ་སྐུ་ཟན་གཡོན་ནས་གཡས་ལ་རྣམ་པ་ལྟ་བུར་ཐུགས་སྣང་མ་བྱུང་བ་འདི་སྐྱོན་ཆེན་པོ་ཞིག་ཤོར་འདུག དེ་ལ་འབྲེལ་ཡོད་ནས་ཐུགས་སྣང་དང་འབྲེལ་བཟོ་བཅོས་ངེས་པར་གནང་རོགས།

    Reply
  33. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    གོང་གི་ལས་གཞི་འདི་གནས་སྐབས་ཨ་མདོ་བ་རྣམས་ལ་༧གོང་ས་མཆོག་གི་བཀའ་སློབ་ཀྱི་ནང་དོན་ཤེས་པ་སོགས་དགེ་མཚན་ཆེ་ཡང་། ཕུགས་རྒྱང་རིང་པོའི་བསམ་པ་ཡོད་ན་ཕན་ལས་གནོད་ཆེ་བ་མེད་དམ་བསམ། གང་ལ་ཞེད་ན་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ཀྱི་ནང་གི་བསམ་པའི་འདུ་ཤེས་རྒྱང་ཇེ་རིང་ནས་ཇེ་རིང་དུ་མི་གྱུར་བའི་ངེས་པ་མེད། དེ་བས་ད་ལྟ་བཙན་བྱོལ་ནང་གི་གསར་འགྱུར་རྒྱང་བསྲིང་གནང་མཁན་ཆོལ་གསུམ་གྱི་སྐད་ལ་གདངས་རིང་ཐུང་གི་ཁྱད་པར་ཙམ་ལས་ཚང་མས་གང་མཚམས་གོ་ཐུབ་ཀྱི་ཡོད་པ་ལྟར་དེ་ལ་ཡར་རྒྱས་ཀྱི་ཐབས་ལམ་བཙལ་བ་ཡིན་ན་མ་འོངས་པར་ཆོལ་གསུམ་སྤུན་ཟླ་ཕན་ཚུན་སྐད་ཀྱི་གོ་བརྡ་སྤྲོད་ཕྱོགས་འཐད་སྒྱུར་བ་རླབས་ཆེན་ཞིག་ཕྱིན་ནས་བསམ་པ་མཐུན་པ་དང་བློ་ཐག་ཉེ་བ་སོགས་ཀྱི་དགེ་མཚན་ཤིན་ཏུ་ཆེ་བ་ཡོངས་རྒྱུ་འདོན་མི་ཟ། འོན་ཀྱང་བྱེ་བྲག་ཡུལ་ལུང་ཁུག་སྐྱོག་གི་འབྲོག་སྐད་ལྟར་བུར་ཞེན་པ་བྱས་ནས་སྡད་ན་མངོན་མཐོན་ཞེས་པ་མིང་གི་ལྷག་མ་རང་རེད་སྙམས། སྤྱིར་ཡུལ་ལུང་སོ་སོར་ཡུལ་སྐད་མི་འདྲ་བ་རེ་ཡོད་ཀྱང་དེ་རང་ལ་ཞེན་པ་མ་བྱས་པ་ཆོལ་གསུམ་བོད་ཀྱི་སྤྱི་སྐད་གཅིག་མེད་ཀྱང་བོད་མི་ཡོང་ནས་སྤྱི་ཡོངས་ཀྱི་སྐད་ལ་ཐུགས་གནང་གནང་ནས་བོད་མི་གཉིས་ཀྱི་བར་ལ་སྐད་ཡིག་གཞན་གྱི་ཐོག་ནས་བགྲོ་གླེང་བྱ་དགོས་པ་དང་བོད་མི་དང་བོད་མིའི་བར་སྐད་སྒྱུར་བརྟེན་ཡས་འདི་ནི་ཧ་ཅང་ཐ་ཆད་ཞིག་ཡིན་པས་དེའི་ཐོག་ཤེས་ཡོན་ཅན་པ་རྣམས་ནས་དགོངས་པ་རྒྱ་ཆེ་ས་ཞིག་ནས་ལམ་སྟོན་གྱི་སྒྲོན་མེ་ཆུང་ཆུང་ཞིག་སྩལ་ཐུབ་ན་དགེ་ཕན་ཤིན་ཐུ་ཆེ།

    Reply
  34. ཆོས་འཕེལ། says:
    ལོ་ 15 སྔོན།

    གནས་སྐབས་གོ་བདེའི་ཁེ་ཕན་ཆུང་ཚག་གི་ཆེད་དུ། སྒྲ་འཛིན་འཁོར་ཐག་ནང་བསྒྱུར་ཕབ་བྱས་ན་གྲོང་སྲིབ་པ་རྣམས་ལ་ཕན་ངེས་རེད། འོན་ཀྱང་བོད་རིགས་ཡོང་ལ་སྐད་ཡིག་གཅིག་གྱུར་བྱེད་པར་འདོད་ན། ལུང་ཚན་གྱི་ཁ་སྐད་ཐོག་ཏུ་ཤ་ཞེན་གྱིས་བསྒྱུར་ཕབ་བྱེད་པ་འདིས་ཕན་པ་ལས་ཀྱང་གནོད་པ་ཆེ་ཡི་འདུག

    Reply
  35. ཇ་མ་ says:
    ལོ་ 15 སྔོན།

    དམག་ལོགས་ནས།
    སྐྱབས་མགོན་རིན་པོ་ཆེའི་གསུང་ཨམ་སྐད་དུ་ཕབ་ཐུབ་ན་ཧ་ཅང་ཡག་པོ་རེད། དགའ་བསུ་དང་རྗེས་སུ་ཡི་རིང་ཡིན། འོན་ཀྱང་། གོང་གི་སྐྱབས་མགོན་རིན་པོ་ཆེའི་མནབ་བཟའ་གྱོན་སྟངས་དེ་ཡ་མཚན་པ་ཞིག་འདུག

    Reply
  36. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    གསུང་བསྒྱུར་ཡག་པོ་བྱུང་ཡོད་ས་རེད་དེ། སྐུ་བརྙན་དེ་ཡང་གཡས་གཡོན་བསྒྱུར་བཞག་པ་དེ་ག་རེ་ཡིན་ནམ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་པ་དེ་ཡང་དེ་ལྟར་གནང་བཞག་ཡོད་པ་རེད་དམ། ཡང་ན་དུས་བབ་ཚང་གིས་ནོར་བ་རེད། མདོར་ན་སྐུ་བརྙན་དེ་བསྒྱུར་བཞག་པ་དེ་འགྲིག་མི་འདུག

    Reply
  37. གཡག་ལྡོམ། says:
    ལོ་ 15 སྔོན།

    འདི་ནི་ང་ཚོ་ཨམ་སྐད་མ་གཏོགས་མི་ཤེས་པའི་གཞིས་བཞུགས་སྤུན་ཟླ་དག་ལ་ཕན་པ་རྒྱ་ཆེར་འབྱུང་བ་གདོད་མི་ཟ། གཡག་ལྡོམ་ངས་གཞིས་བཞུགས་ཨམ་མདོ་བ་རྣམས་ཀྱི་ཚབ་བྱས་ཏེ་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། འོན་ཀྱང་གོང་གི་བརྙན་འཕྲིན་གྱི་ངོས་སུ་འཆར་བའི་༧གོང་ས་མཆོག་གི་གཟུགས་བརྙན་དེ་ཁ་ཕྱིར་ལྡོག་བྱས་འདུག

    Reply
  38. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    ལས་གཞི་འདི་ཧ་ཅང་ཡག་པོ་འདུག་པས་རྗེས་སུ་ཡི་རངས་ཞུ། འོན་ཀྱང་གོང་བརྙན་པར་འདི་རྒྱབ་མདུན་རྗེས་ཡོད་པ་འདྲ།

    Reply
  39. བསྟན་འཛིན་འབྱུང་གནས། says:
    ལོ་ 15 སྔོན།

    ངས་མོས་མཐུནགཏན་ནས་མེད།ཕྱོགས་གཅིག་ནས་ཆོལ་གསུམ་སྤྱི་སྐད་གཏན་འབེབས་དགོས་པའི་སྐད་རྒྱག་གིན་ཕྱོགས་གཞན་ཞིག་ནས་ཡུལ་ལུང་སོ་སོའི་སྐད་ཐོག་བསྒྱུར་ན་འགལ་བ་ལྟག་སྤྲོད་མ་ཡིན་ནམ།
    འོ་་་་ད་དེ་རིང་ཨམ་སྐད་དུ་བསྒྱུར་ སང་ཉིན་མགོ་ལོག་དང་མཚོ་སྔོན་གྱི་སྐད་་་་་་་་་་་་་་་་་

    Reply
  40. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ལས་གཞི་དོན་སྙིང་ཅན་ཞིག་རེད་སྙམ།
    ཡིན་ཡང་ལས་གཞི་འདི་ལ་དགེ་སྐྱོན་གཉིས་ག་ལྡན་པའི་ཚོར་བ་ཞིག་ཀྱང་ཡོད་དེ།
    དགེ་བའི་ཆ་ནི་ཨ་མདོ་བ་དག་གིས་གོང་ས་མཆོག་གི་ཅི་གསུང་ཧ་གོ་བ་དེ་རེད།
    གནས་སྐབས་ཙམ་ལ་བསམ་བློ་བཏང་ན་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད་བསམ།
    སྐྱོན་ཟེར་བ་མིན་མོད། བོད་མི་རིགས་ཀྱི་སྐད་བརྡ་གཅིག་གྱུར་དང་ཆོལ་གསུམ་སྤྱི་སྐད་ཞིག་ལ་བསམ་བློ་བཏང་ན་དགེ་བ་རྐྱང་རྐྱང་ཞིག་མིན་པ་འདྲ།
    ང་ནི་ཨ་མདོ་བ་ཞིག་ཡིན་པས། གོང་ས་མཆོག་གི་གསུང་ཚིག་བརྒྱ་ཆའི་བརྒྱ་བོ་གོ་དཀའ་མོད། དྲ་རྒྱ་སོགས་སུ་གོང་ས་མཆོག་གི་གསུང་བཤད་ལ་ཐེངས་མང་པོར་ཉན་མྱོངས་པས། ད་ལྟ་གང་ལ་གང་མཚམས་ཞིག་གོ་གིན་འདུག
    ངས་བསམ་ན་རང་གི་རྩ་བའི་བླ་མའི་གསུང་བཤད་ཀྱང་གོ་ཐུབ་པར་འབད་བརྩོན་མི་བྱེད་པ་ནི་དད་ལྡན་མི་རིགས་ཞིག་གིས་དད་པ་བྱེད་སྟངས་ཅིག་མ་རེད་བསམ།

    གང་ལྟར་གོང་གི་སྒྲ་བསྒྱུར་བ་ཡག་པོ་འདུག
    གལ་ཏེ་མུ་མཐུད་དུ་ལས་གཞི་འདི་མཇུག་སྐྱོང་རྒྱུ་ཡིན་ན་སྐད་བསྒྱུར་བ་མི་གཅིག་གིས་འགན་འཁུར་ན་ལེགས་བསམ།
    བསམ་ཚུལ་ཙམ་གྱི་ཚུལ་དུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese