མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐད་ཀའི་བཀའ་མོལ་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

སྐུའི་འཁྲུངས་སྐར་གྱི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་ཕེ་ལོ་སེ་ཡིས་རྒྱ་ནག་སྲིད་གཞུང་ལ་༧གོང་ས་ཏཱ་ལའི་བླ་མཆོག་དང་ཐད་ཀར་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་འདུག 

ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ཏེ་༧གོང་ས་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་ཕེ་ལོ་སེ་ཡིས་རྒྱ་ནག་སྲིད་གཞུང་གིས་བླ་ན་མ་མཆིས་པའི་ཆོས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པར་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེ་དང་མཁྱེན་དཔྱོད་མངའ་བའི་སྐྱེས་བུ་དམ་པ་ཞིག་རེད་ཅེས་ཆེ་བསྟོད་གུས་བརྩི་གནང་ཡོད་པ་རེད།

ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་སྟབས་བསྟུན་ནན་སེ་ཕེ་ལོ་སེ་མཆོག་གིས་སྤྱི་བསྒྲགས་སྙན་ཐོ་ཞིག་སྤེལ་བའི་ནང་བསྟན་དོན།  ཏཱ་ལའི་བླ་མ་མཆོག་གིས་ཁོང་ཉིད་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ལྷན་དུ་ཐད་ཀར་གྲོས་མོལ་གནང་རྒྱུའི་ཐུགས་རེ་བཅིངས་ཡོད་པ་བསྟན་ཡོད། འོན་ཀྱང་། པེ་ཅིན་སྲིད་གཞུང་གིས་ཏཱ་ལའི་བླ་མ་རྒྱ་ནག་ཏུ་གདན་ཞུས་ཀྱིས་གལ་ཆེའི་གྲོས་མོལ་གནང་རྒྱུར་བརྡ་ལན་ཅི་ཡང་སྤྲད་མེད་པ་རེད། ཅེས་བརྗོད་ཡོད།

རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་ཐད་ལ་ནན་སེ་ཕེ་ལོ་སེ་ཡིས་འདས་པའི་དུས་སུའང་ནན་བཤད་གནང་མྱོང་ཡོད་པ་དང་།  ཁོ་མོས་ད་ལྟ་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆེས་འགག་རྩའི་དུས་སྐབས་ཤིག་ལ་སླེབས་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད། ཁོ་མོས་བརྗོད་རྒྱུར། ཕན་ཚུན་གྲོས་མོལ་གནང་རྗེས་གྲོས་ཆོད་གཞིར་བཞག་ཐོག་བོད་ནང་གི་བདེ་འཇགས་ཁག་ཐེག་ཡོང་བ་བྱས་ན། ད་གཟོད་འཛམ་གླིང་སྤྱི་ཡོངས་ཀྱི་ངོས་ནས་རྒྱ་ནག་ལ་རྣམ་འགྱུར་ལྟ་སྟངས་ཡག་པོ་ཡོང་གི་རེད། ཅེས་དང་། ཏཱ་ལའི་བླ་མ་དགུང་གྲངས་ ༧༥ ལ་ཕེབས་འི་སྐུའི་འཁྲུངས་སྐར་གྱི་སྐབས་འདིར། ངས་ཁོང་ཉིད་ཀྱིས་སྐུ་ཚེ་ཧྲིལ་བོར་འགྲོ་བ་མིའི་རིགས་ཀྱི་དཀའ་རྙོག་མཐའ་དག་ལ་ཐུགས་བརྩེ་ཟབ་མོ་གནང་ཞིང་།  འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་ཞི་བདེ་ཡི་དོན་དུ་སྐུ་ངལ་ཚད་མེད་བཞེས་པར་གུས་བརྩི་ཡི་རངས་ཞུ་གི་ཡིན་ཅེས་བརྗོད་ཡོད།

གཞན་ཡང་། གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་བྱང་ཨ་རི་དང་། ཡུ་རོབ། ཨོ་སི་ཊོ་ལི་ཡ་བཅས་སུ་གནས་སྡོད་བོད་མིའི་ཚོགས་སྡེ་ཁག་ནས་གླུ་ལེན་གར་རྩེད་གྱི་རྣམ་པའི་སྒོ་ནས་༧གོང་ས་མཆོག་གི་འཁྲུངས་སྐར་བསུས་ཡོད་པར་མ་ཟད། དྲ་བའི་བརྒྱུད་ལམ་ཁག་ཏུའང་རྒྱ་རིགས་དང་རྒྱལ་ཁབ་ཕྱི་ནང་གི་དྲ་བ་མཛད་སྤྱོད་པ་མང་པོས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྨོན་ཚིག་ཕུལ་ཡོད་པ་རེད། དྲ་སྟེང་ཚོགས་སྡེ་ Avaaz.org ཟེར་བས་དྲ་ལམ་བརྒྱུད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྨོན་ཚིག་མང་པོ་བསྡུ་རུབ་ཀྱིས་དགོན་པའི་རྩིག་ངོས་སོགས་སུ་སྦྱར་འགྲེམས་ཀྱིས་རྟེན་འབྲེལ་རྩིག་པ་བཟོ་འཆར་ཡོད་འདུག 

༧གོང་ས་མཆོག་གི་སྐུ་སྒེར་དྲུང་ཡིག་ཚེ་རྒྱམ་ལགས་ཀྱིས་འཇར་མན་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས།  “ཉིན་འགའི་སྔོན་ནས་བཟུང་ང་ཚོས་རྒྱ་ནག་ནང་ལོག་ནས་འོང་བའི་མགྲོན་པོ་མང་པོར་སྣེ་ལེན་ཞུས་པ་ཡིན། ཁོ་ཚོ་ནི་རང་ངོས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ཆེད་རྒྱ་གར་དུ་ཕེབས་པ་རེད། ཡིན་ནའང་། ཡོངས་གྲགས་ཀྱིས་འཁྲུངས་སྐར་མཛད་སྒོར་ཞུགས་རྒྱུར་རྒྱ་ནག་སྐམ་ས་ནས་འོང་བའི་སྐུ་མགྲོན་རྣམས་སྟབས་བདེ་མེད་སྟབས། དངོས་སུ་དེ་རིང་གི་མཛད་སྒོའི་སྐུ་མགྲོན་གྱི་སྟེགས་བུར་ཕེབས་མེད” ཅེས་བརྗོད་ཡོད་པ་དང་།

དེ་མིན་ཚེ་རྒྱམ་ལགས་ཀྱིས་༧གོང་ས་མཆོག་ལ་ཐུགས་ཁུར་གནང་མཁན་ཡོངས་ལ་༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ནད་མེད་ཡིན་པའི་ཐད་ལ། “༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཐད་ཟླ་བ་དྲུག་རེའི་ནང་བརྟག་དཔྱད་ཐེངས་རེ་བྱེད་ཀྱིན་ཡོད་པ་དང་། ཉེ་སྔོན་གྱི་སྐུ་གཟུགས་བརྟག་དཔྱད་དེ་ཕྱི་ཟླ་ལྔ་བའི་ནང་ཨ་རིར་བྱས་པ་ཡིན་ལ། སྐུ་གཟུགས་བདེ་ཐང་གི་གནས་སྟངས་ཧ་ཅང་ལེགས་པོ་འདུག” ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།  
གསར་འགྱུར་འབྲི་མཁན། ཚེ་རིང་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist