མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱིམ་རྒྱུད་གཅིག་ནས་མི་དྲུག་པ་དེ་འཇུས་སོང་།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༩ ཉིན་ནགས་ཤོད་རིག་རལ་གྱིས་འོད་ཟེར་དྲ་ཚིགས་ནས་སྒྲོལ་དཀར་མཚོ་མོས་བྲིས་པ་ཞིག་ཁ་བརྡ་དྲ་ཚིགས་སྟེང་སྒྱུར་འགོད་བྱས་པ་ལྟར་ན། ཕྱི་ཚེས་ ༥ ཉིན་གྱི་མཚན་མོར་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་རང་ལོ་ ༣༠ ཡིན་པའི་བོད་ཡིག་དགེ་རྒན་བཀྲ་ཤིས་སྟོབས་རྒྱལ་ལགས་འཇུས་འདུག་ལ། ད་ལྟའི་ཆར་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཟེར། ཁོང་འཇུས་ཉིན་ནི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་སྔ་ཉིན་ཏུ་འཁེལ་འདུག

སྒྲོལ་དཀར་མཚོ་མོས་ཟིན་བྲིས་སུ་བཀོད་དོན། བཀྲ་ཤིས་སྟོབས་རྒྱལ་གྱི་གཅུང་མོ་མིག་ཆུས་གདོང་པ་བརླན་བཞིན་དུ་ང་འཚོལ་བར་སླེབས་བྱུང་། ད་ནངས་ཞོགས་པ་ལྷ་ས་ན་ཡོད་པའི་ནུ་བོས་མོ་ལ་གློ་བུར་དུ་ཁ་པར་བཏང་བ་དང་། ལྷིང་ལ་གཞུང་དྲང་བའི་ཁོང་ཚོའི་ཕུ་བོ་བཀྲ་ཤིས་སྟོབས་རྒྱལ་འབོད་པའི་བོད་ཡིག་དགེ་རྒན་དེ་ཉིད་ཁ་ནུབ་མཚན་མོར་ཉེན་རྟོག་པ་བཅུ་གྲངས་འགའ་རེས་འཁྲིད་སོང་ཟེར། ད་ལྟ་ཁོང་རང་གང་དུ་ཡོད་དམ། སུ་ཞིག་གིས་ཀྱང་ཧ་གོ་མཁན་མེད། འཛིན་བཟུང་ལག་ཁྱེར་ཡོད་དམ། སྔར་རྒྱུན་བཞིན་ག་ལ་ཡོད། ང་རང་ཧང་ཅུང་ཟད་སངས་བྱུང་ལ་འཚབ་ཤ་ཡང་ལངས་བྱུང་། འདི་ནི་མི་དྲུག་པ་ལ་བབས་པ་རེད། ཅེས་དང་།

ཡང་ཟིན་བྲིས་དེའི་ནང་མུ་མཐུད་དེ་གསལ་དོན།  བཀྲ་ཤིས་སྟོབས་རྒྱལ་ནི་རིན་ཆེན་རྡོ་རྗེའི་ཕ་གཅིག་པའི་ནུ་བོ་རེད། ཁོང་ནི་གར་སོང་ཆ་མེད་དུ་གྱུར་པའི་ཕུ་བོ་རིན་ཆེན་རྡོ་རྗེ་འཚོལ་བཞིན་པའི་སྒང་ཡིན་མོད། ད་ལྟ་ཁོང་རང་ཡང་འདི་ལྟར་བོར་བ་རེད། སྐྱི་གཡའ་དགོས་པའི་གྲིབ་ནག་འདི་ལྟར་མཆེད་བཞིན་ཡོང་ན། འདི་ལ་མཐའ་དང་མུ་ཞིག་ཡོད་སྲིད་དམ། ཁོང་གི་ནུ་བོས་ཟེར་ན། བཀྲ་ཤིས་སྟོབས་རྒྱལ་ནི་ཁ་ནུབ་མཚན་མོ་མི་མང་པོ་ཞིག་གིས་འཁྲིད་ཕྱིན་པ་དང་། མི་དེ་དག་ནང་དུ་སླེབས་དུས་གཅིག་གིས་ཅ་དངོས་གང་ཞིག་ཉལ་ཁྲིའི་འོག་ཏུ་སྦས་སྐབས་ཏག་ཏག་ཁོང་གི་བཟའ་ཟླས་མཐོང་བ་མ་ཚད། དེ་ང་ཚོའི་ནང་གི་མ་རེད། ཁྱོད་ཚོས་ག་རེ་ཁྱེར་ཡོད་ཀྱང་ང་ཚོའི་ནང་ལ་ཁ་དཀྲིས་འདོགས་ས་མ་འཇོག་ཅེས་བཤད་འདུག མི་བཅུ་གྲངས་དེ་དག་གིས་མུ་མཐུད་ཁང་པའི་ནང་དུ་ཕར་སྔོག་ཚུར་སྔོག་བྱས་པ་དང་། མཐའ་མར་གང་ཡང་མ་རྙེད་པར་ལག་སྟོང་འབྲས་མེད་དུ་གྱུར་མོད།  བཀྲ་ཤིས་སྟོབས་རྒྱལ་ཟེར་བའི་མི་འདི་འཁྲིད་འགྲོ་བ་ལ་ཐེ་ཚོམ་སྤུ་ཙམ་མི་འདུག ཁོང་གང་དུ་འཁྲིད་ཕྱིན་ཡོད་དམ། རྒྱུ་མཚན་གང་གིས་འཁྲིད་ཕྱིན་པ་ཡིན་ནམ། སྔར་བཞིན་མ་ཉེས་ཁག་གཡོགས་ཀྱི་ཉེས་པ་ཞིག་གི་འོག་ཏུ་སྡུག་སྦྱོང་མནར་གཅོད་གཟེད་དགོས་པ་ཡིན་ནམ།


ཁྱིམ་རྒྱུད་འདིའི་མནའ་མ་ཞིག་གི་ངོས་ནས་བཤད་ན། ངས་གདོང་གིས་བསུ་དགོས་པ་ནི་ཁྱིམ་ཚང་འདིའི་ནང་གི་གྲངས་མང་བའི་རྒན་འཁོགས་དང་བྱིས་པ་རེད། ངོ་མ་ངས་འབྲས་སྐྲན་གྱི་ནད་འབུ་ལྟར་ཉིན་བཞིན་མཆེད་ཡོང་བའི་འཇིགས་སྐུལ་དང་སྐྲག་སྣང་འདི་དག་གིས་ང་ཚོ་ལ་གང་ཞིག་ཁྱེར་འོང་བ་ཤེས་ཀྱི་མི་འདུག་ལ། འཇིག་རྟེན་འདི་རུ་སྒྲུང་གང་འདྲ་ཞིག་བསྐྲུན་སྲིད་པ་ཡང་ད་ལྟ་ཚོད་དཔག་ཐུབ་ཀྱི་མི་འདུག

བུ་མོས་ང་ལ། ཨ་མ། ངའི་སྐྱེས་སྐར་ཟིན་གྲབས་འདུག ཨ་ཕས་ང་ལ་ལག་རྟགས་ཉོས་ནས་སྐྱེས་སྐར་མཉམ་དུ་རོལ་བའི་ཁ་ཆད་བྱས་ཡོད་པས། ཁྱེད་ཀྱིས་ཡིན་གཅིག་ཁོང་རང་ལོག་ཤོག་ལབ་ཨ་ཟེར།


འོ་ཡ། ཨ་མས། ང་ཚོས་འཇིག་རྟེན་འདི་ལ་འདི་ལྟར་བརྗོད་པར་བྱེད། ཨ་ཕ་དང་ཨ་ཁུ། ཨ་ཞང་ཚོ་ངེས་པར་དུ་སྔ་ཙམ་ནང་དུ་ལོག་གཏོང་རོགས། ཞེས་ཟིན་བྲིས་སུ་སྤེལ་འདུག

ཀརྨ་བསམ་གྲུབ་ཚང་ནས་འཛིན་བཟུང་བྱས་པའི་མི་བུ་དྲུག་ནི། རང་ལོ་ ༤༥ ཡིན་པའི་རིན་ཆེན་བསམ་གྲུབ། ཀརྨའི་གཅེན་པོ། ཁོར་ཡུག་སྲུང་སྐྱོབ་པ། ཁོང་གིས་དྲ་ཚིགས་ངོས་སུ་༸གོང་ས་མཆོག་དང་འབྲེལ་བ་ཡོད་པའི་རྩོམ་ཞིག་བརྒྱུད་འགོད་བྱས་པའི་དབང་གིས། ༢༠༠༩ ལོའི་ཟླ་ ༨ པར་འཇུས་པ་དང་ད་ཆ་བཙོན་ཆད་ལོ་ ༥ བཅད་ཡོད། རང་ལོ་ ༤༢ ཡིན་པའི་ཀརྨ་བསམ་གྲུབ། རིག་དངོས་གཅེས་ཉར་པ་དང་ཁོར་ཡུག་སྲུང་སྐྱོབ་པ། གནའ་དུར་ལྐོག་སྔོག་གི་ཉེས་པ་ཟེར་བ་མ་ཉེས་ཁ་གཡོགས་འོག་ ༢༠༡༠ ལོའི་ཟླ་དང་པོར་འཇུས་པ་དང་ད་ཆ་བཙོན་ཆད་ལོ་ ༡༥ བཅད་ཡོད། རང་ལོ་ ༤༠ ཡིན་པའི་འཆི་མེད་རྣམ་རྒྱལ། ཀརྨའི་གཅུང་པོ། ཞིང་པ་དང་ཁོར་ཡུག་སྲུང་སྐྱོབ་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ནག་ཉེས་ལ་ཁག་དཀྲིས་ནས་ ༢༠༠༩ ལོའི་ཟླ་ ༨ པར་འཇུས་པ་དང་ངལ་རྩོལ་བསྒྱུར་བཅོས་ལོ་ ༡ དང་ཟླ་བ་ ༩  བྱེད་པའི་ཁྲིམས་ཐག་བཅད་ཡོད། རིན་ཆེན་རྡོ་རྗེ། ཀརྨའི་སྲུ་མོའི་བུ། ཀརྨ་དང་ན་ཟླའི་ཚོད་རེད། དགེ་འདུན་པ། ཀརྨ་ཤིན་ཅང་དུ་འགྲོ་དུས་སྐད་སྒྱུར་བྱེད་མྱོང་ཡོད། ༢༠༡༠ ལོའི་ཟླ་ ༣ པར་འཇུས་པ་དང་མིག་སྔར་འཆི་གསོན་གོ་རྒྱུ་མེད་ལ་གར་སོང་ཆ་མེད་རེད། རང་ལོ་ ༦༠ ཙམ་ཡིན་པའི་བསོད་ནམས་ཆོས་འཕེལ། ཀརྨའི་ཨ་ཁུའི་བུ། ཞིང་པ། གོང་གཏུག་སྒྲིག་འཛུགས་བྱས་པའི་དབང་གིས་ ༢༠༡༠ ལོའི་ཟླ་ ༣  པར་འཇུས་པ་དང་ངལ་རྩོལ་བསྒྱུར་བཀོད་ལོ་ ༡ དང་ཕྱེད་ཀ་བྱེད་པའི་ཁྲིམས་ཐག་བཅད་ཡོད། རང་ལོ་ ༣༠ ཡིན་པའི་བཀྲ་ཤིས་སྟོབས་རྒྱལ། ཀརྨའི་སྲུ་མོའི་ཟླ་བོའི་བུ། རིན་ཆེན་རྡོ་རྗེ་དང་ཕ་གཅིག་བུ་སྤུན་ཡིན་འདུག

བཀྲ་ཤིས་སྟོབས་རྒྱལ་ནི་རྩི་རོང་སྡེ་བར་དེང་རབས་ཀྱི་སློབ་གསོ་འཕྲོད་མྱོང་བར་མ་ཟད། ཁྱིམ་རྒྱུད་དེའི་དགེ་རྒན་ཆགས་པའི་གཞོན་སྐྱེས་གཅིག་པུ་དེ་ཡིན་པ་དང་། ཁོང་རང་གཞུང་དྲང་ལ་ལྷག་བསམ་དཀར་བ་དང་། ས་དེ་གའི་སློབ་གསོ་ལེགས་སུ་གཏོང་བར་ནུས་པ་མི་དམན་པ་ཕུལ་ཡོད།
 
བསྐྱར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    ཨོ་སྙིང་རྗེ།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    སྙིང་རྗེ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར།

    Reply
  3. ངག་བློ། says:
    ལོ་ 16 སྔོན།

    དཀོན་མཆོག་གི་མཁྱེན། རྐུན་ཇག་སོགས་ངན་འབྲེལ་གང་ཡང་མེད་པའི་དྲང་བདེན་གྱི་མི་ལ་མནར་གཅོད་གཏོང་བ་ནི་ཀླ་ཀློ་རྣམས་འུ་ཐུག་ཐབས་ཟད་པ་རེད།
    སྙིང་རྗེ་ཁོང་གིས་མི་རིགས་དང་རྒྱལ་ཁབ་ལ་ཞེན་པའི་མངོན་རྟགས་ཞིག་ཀླ་ཀློས་ཤེས་པ་མིན་འགྲོ་གང་ལྟར་མནར་གཅོད་མྱོང་དགོས་རྒྱུ་སྨྲོས་མེད་རེད། འོན་ཀྱང་བཙན་བྱོལ་བ་རྣམས་དགའ་སྐྱིད་རྒྱུ་ནོར་ལ་ཆགས་ཏེ་གཞིས་ལུས་བོད་མིའི་དཀའ་སྡུག་ལ་བསམ་བཞེས་མེད་ཐག་ཆོད་རེད། ངོ་མ་ངེད་བོད་པ་ཚང་གི་བསླུ་མེད་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་གཅིག་ཉིད་མེད་ན་ཚར་སོང་། ཡོད་ཚད་ཚར་སོང་། མི་རིགས་དང་རིག་གཞུང་ཟེར་བ་བརླག་སོང་། བོད་པ་ཟེར་བ་གླིང་ནས་བུད་སོང་། བོད་པ་ཟེར་བ་ནམ་མཁའི་འཇལ་ཚོན་ལྟར་ཡལ་སོང་། སྐྱབས་བཅོལ་བ་ཚོ། ད་ཚོར་བ་རྣོ་ཙམ་བྱེད་རྒྱུའི་དུས་ལ་བབ་སོང་། དགའ་སྐྱིད་རྒྱུ་ནོར་དྲན་པ་བརྗེད་རོགས།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ངོ་མ་མི་གཅིག་གི་མིའི་ཚེའི་ནང་ལོ་བཅོ་ལྔ་དང་། ལོ་ལྔ་སོགས་བཙོན་ཆད་བཅད་མྱོང་དགོས་པ་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། ལྷག་པར་དུ་ནང་མི་ཉེ་འབྲེལ་རྣམས་ལ་སེམས་སྡུག་གིས་མྱོས་བཞིན་ཡོད་པ་ཐག་གི་ཆོད།
    ང་ཚོ་བོད་མིའི་དཀའ་སྡུག་ལ་ཚད་དང་མཐའ་ཨེ་ཡོད།

    Reply
  5. བྱམས་རྒྱལ། says:
    ལོ་ 16 སྔོན།

    རི་ཁ་བ་ཅན་གྱི་འཇིག་རྟེན་ན།
    བོད་མགོ་ནག་ཚེར་མགོའི་བྱེའུ་ཆུང་རེད།
    སྡིག་ཀླ་ཀློ་རྒྱ་ཁྲ་དར་མ་རེད།
    བྱེའུ་ཚེར་མགོའི་ནམ་ཁྱེར་ཆ་མེད་རེད།

    རི་ཁ་བ་ཅན་གྱི་འཇིག་རྟེན་ན།
    བོད་མགོ་ནག་སྤང་ཁའི་ལུག་ཁྱུ་རེད།
    སྡིག་ཀླ་ཀློ་རི་སྤྱང་སྔོན་མོ་རེད།
    སྤང་ལུག་ཁྱུ་ནམ་གསོད་ཆ་མེད་རེད།

    རི་ཁ་བ་ཅན་གྱི་འཇིག་རྟེན་ན།
    བོད་མགོ་ནག་ལ་ཁའི་དར་ལྕོག་རེད།
    སྡིག་ཀླ་ཀློ་འཐོར་རླུང་དྲག་པོ་རེད།
    ལས་དར་ལྕོག་གར་སྐྱོད་ཆ་མེད་རེད།

    རི་ཁ་བ་ཅན་གྱི་འཇིག་རྟེན་ན།
    བོད་མགོ་ནག་ཉམ་ཆུང་སེམས་ཅན་རེད།
    སྡིག་ཀླ་ཀློ་ལག་དམར་ཤན་པ་རེད
    མ་སེམས་ཅན་ནམ་གསོད་ཆ་མེད་རེད།
    http://www.youtube.com/watch?v=B2Hh-_t-_ug&feature=related

    གཞས་ཉན་བཞིན་་་་་ཉན་བཞིན།
    གཞས་ཚིག་ལ་གོ་བ་ལན་བཞིན་་་་་་་ལན་བཞིན།
    བོད་ཀྱི་ལས་དབང་ལ་མནོ་བསམ་འཁོར་བཞིན་་་་་་་འཁོར་བཞིན།
    སེམས་སྐྱོ་བཞིན་་་་་་་་སྐྱོ་བཞིན།
    མིག་ཆུ་ལྷུང་བཞིན་་་་་ལྷུང་བཞིན།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ལོ་གཉིས་ཀྱི་གོང་ལ་རོང་རྒྱས་ཨ་གྲག་ཚང་ལ་ཡང་འདི་ལྟ་བུའི་གནས་ཚུལ་བྱུང་བ་རེད། ཁྱིམ་ཚང་དེའི་མི་གཅིག་བཟུང་། ཁྱིམ་ཚང་དེའི་མི་གཉིས་བཟུང་། མི་གསུམ་བཟུང་་་་་བཞི་བཟུང་་་་་ དེ་ལྟར་ཁྱིམ་ཚང་དེར་རྡུང་རྡེག་དང་གནའ་གནོན་བསམ་ཡུལ་ལས་འདས་པ་རེ་སྟེར་གི་རེད། ཤུལ་དུ་ལྷག་པའི་བུད་མེད་ཚོ་དང་བྱིས་པ་ཚོས་ཉི་མ་རྟག་པར་ཕྱི་ལ་ཐོན་ཏེ་ཐག་རིང་ལ་རྒྱང་ལྟ་བྱས། མ་གིའི་སྡེ་འདབ་ནས་སྐྱ་མི་རེ་རིག་ན་སེམས་ལ་བྲེལ་བ་ལངས། རྐང་ཐང་ཞིག་རིག་ན་སེམས་ལ་འཚུབ་ཆ་ལངས། དེ་ལྟར་ཉིན་མཚན་མཐུད། ལོ་ཟླ་སྦྲེལ་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese