མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་འཛིན་སྒྲོལ་མའི་ཡུམ་སྐད་སྦྱོང་བརྡར་འཛིན་གྲྭའི་སྐོར།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp
གཞས་མ་རིག་འཛིན་སྒྲོལ་མའི་ཡུམ་སྐད་སྦྱོང་བརྡར་འཛིན་གྲྭ་བཙུགས་པའི་དམིགས་ཡུལ་དང་ཕུགས་བསམ།
རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་བསྒྱུར།

དྲ་གྲོགས་རྣམ་པ་དང་རྒྱ་ཆེ་བའི་གཞས་གྲོགས་རྣམ་པ་ཁྱེད་ཚོ་ཚང་མའི་སྐུ་ཁམས་བཟང་། སྐད་ཆ་འདི་མ་བཤད་པའི་སྔོན་དུ་བདག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གྲོགས་པོ་ཧ་ཅང་མང་བོ་ཞིག་གིས་བདག་གི་དྲ་ཚིགས་སུ་ཡི་གེ་བྲིས་འདུག་པ་མཐོང་བྱུང་། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལོ་ནི་བདག་གིས་བརྡ་འཕྲིན་གྱི་ལམ་དུ་གྲོགས་པོ་ཚོ་དང་མཉམ་དུ་བསམ་བློ་སྤེལ་རེས་བྱས་པ་ཆེས་ཉུང་བའི་ལོ་ཞིག་ཡིན། རྒྱུ་མཚན་ནི་བདག་ལ་ཕུགས་བསམ་ཞིག་དང་འཆར་གཞི་ཞིག་ཡོད་པས་སོ།། དེ་བས་ཟླ་ངོ་གཉིས་ཀྱི་རིང་ལ་འཆར་གཞི་དེ་དག་འགོ་བཙུགས་ཏེ་ཧ་ཅང་བྲེལ་བྲེལའཚུབ་འཚུབ་ཀྱི་ངང་དུ་དུས་ཚོད་སྐྱེལ་དགོས་བྱུང་སོང་། ད་ནི་འཆར་གཞི་ཕལ་ཆེ་བ་ཞིག་ལེགས་འགྲུབ་འབྱུང་ལ་ཉེ་བས་ཚང་མར་མངོན་བསྒྲགས་བྱ་རྒྱུ་ཡིན་ལ། འཆར་གཞི་འགྲེམ་སྤེལ་བྱས་པ་འདི་ནི་གྲོགས་པོ་ཚང་མས་རང་ཉིད་ཀྱི་བགོ་སྐལ་ཞིག་ཏུ་བསམས་ནས་བདག་གི་དྲ་ངོས་སུ་དེ་ལས་མང་བའི་བསམ་ཚུལ་སྤེལ་ཅིག བདག་ལ་རྒྱབ་སྐྱོར་དང་ལམ་སྟོན་མཛོད་ཅིག

བདག་གི་ཕ་ས་དཔའ་རིས་ནི་ཧ་ཅང་མཛེས་སྡུག་ལྡན་པའི་ཡུལ་གྲུ་ཞིག་ཡིན་ཏེ། ནོར་ལུག་ལ་ཤ་ཤེད་རྒྱས་ས། རི་གཙང་ཆུ་མོ་དྭངས་པ། གནམ་སྔོ་སྤྲིན་པ་དཀར་བ་བཅས་ཡུལ་ལ་དགེ་མཚན་དུ་མས་ཕྱུག་པས་མི་ཚང་མས་རེ་བས་སྙེག་པའི་གནས་ཤིག་ཡིན། བདག་ཕ་ཡུལ་དང་གྱེས་ནས་ཡོད་པའི་ལོ་འདི་ཚོར་ཕ་ཡུལ་དུ་ཐེངས་གཅིག་ལོག་ཐེངས་རེར་སེམས་དང་བསམ་པ་སྤྲོ་བས་བཟི་འགྲོ།ཕ་ཡུལ་དུ་བསྡད་པའི་ཉི་མ་དེ་དག་ནི་ཆེས་སྤྲོ་སྐྱིད་ལྡན་པ་ཞིག་རེད་ཨང་། བདག་གི་ཕ་ཡུལ་ནི་སྒང་གཤོངས་གང་དུ་གནས་ཤིང་། དུས་ཚོད་ཇི་འདྲ་ཞིག་ཡིན་ནའང་སྔར་བཞིན་ཞི་བདེ་བག་ཕེབས་ཀྱི་ངང་དུ་གནས་ཡོད་ལ། ཡུལ་མི་ཀུན་ཀྱང་སྔར་བཞིན་དྭངས་གཙང་དང་གཤིས་འཇམ་གྱི་ངང་དུ་འཚོ་བཞིན་ཡོད་པས་ང་རང་ཉིད་ཀྱི་ཕ་ཡུལ་ལ་ཧ་ཅང་དགའ། ང་ཕ་ཡུལ་ན་ཡོད་དུས་ངས་ཉིན་རེ་བཞིན་ཕ་ཡུལ་རྩྭ་ཐང་གི་བསུང་ཞིམ་དང་དྭངས་གཙང་གི་མཁའ་དབུགས་ཡོད་ཚད་ཧམ་སེམས་ཀྱིས་རྔུབ་ཀྱིན་ཡོད་ལ། ཡུལ་མི་ཀུན་གོས་ལྗང་ལྟ་བུའི་སྤང་ཐང་དུ་བསྡད་ནས་གླེང་མོལ་བྱེད་པ་དེས་བདག་གི་དང་བ་ཅིག་ཆར་དུ་འདྲེན་གྱིན་ཡོད། དེ་ལྟ་ནའང་།  ངས་མང་བོ་ཞིག་རྟོགས་སོང་བ་ནི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་ཕ་སྐད་ཡེ་ནས་བཤད་མི་ཤེས་པ་དེའོ།། ཡིན་ནའང་ང་ཁོ་ཚོའི་ཉེ་སར་བཅར་ནས་བསམ་ཚུལ་མང་བོ་ཞིག་སྤེལ་རེས་བྱེད་སྐབས་ཁོ་ཚོ་རང་གི་མེས་པོ་ཚོ་ནང་བཞིན། རང་གི་ཡབ་མེས་དམ་པ་ནས་བརྒྱུད་འོང་བའི་རང་ཉིད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་ཤིན་ཏུ་ནས་དགའ་བ་རྟོགས་ཤིང་། མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་མི་ཤེས་པ་ལ་བརྟེན་ནས་རང་ཉིད་ཀྱི་རིག་གཞུང་གི་ཟབས་ཚད་རྟོགས་ཀྱིན་མེད་པའང་ཚོར་བྱུང་ངོ་། བདག་གིས་རྟོགས་སོང་ལགས། བདག་གི་ཕ་ཡུལ་གྱི་སྤུན་ཟླ་རྣམ་པ། ལོ་རྒྱུས་དང་ཁོར་ཡུག་གིས་འུ་ཅག་བོད་སྐད་བཤད་མི་ཤེས་པ་ཞིག་ཏུ་བསྒྱུར་ཚར་འདུག་པ་གཞི་ནས་རྟོགས་སོང་ངོ་།།

ལོ་མང་བོའི་ཡར་སྔོན་ནས་ངའི་ཕ་ཡུལ་ལ་བོད་ཡིག་གི་སློབ་གྲྭ་གཅིག་ཀྱང་ཡོད་མྱོང་མེད་པས། བོད་ཡིག་སློབ་པའི་ཁོར་ཡུག་གཏན་ནས་མ་རེག་པ་རེད། བདག་ལ་ཆུང་དུས་སུ་ཡབ་ཡུམ་ཟུང་གིས་བོད་ཀྱི་སྐད་ཡིག་བསླབས་མྱོང་། དེ་ལྟ་ནའང་། རང་ལོ་བརྒྱད་ལ་སོན་དུས་གཞི་ནས་སློབ་གྲྭར་བསྐྱོད་དགོས་བྱུང་སོང་། ཕ་ཡུལ་ན་བོད་ཡིག་སློབ་གྲྭ་མེད་རྐྱེན་ང་ཚོས་ཀྱང་རྒྱ་ཡིག་འབའ་ཞིག་སྦྱང་བ་ཡིན། བོད་སྐད་བཤད་ཤེས་པའི་ཆུང་དུས་ཀྱི་དུས་ཚོད་ནས་གློ་རྡེག་ཏུ་རྒྱ་ཡིག་སློབ་གྲྭར་མངགས་བྱུང་ཡང་རྒྱ་སྐད་གཏན་ནས་བཤད་ཤེས་ཀྱིན་མེད་པས། རྒྱ་ཡིག་གི་ནང་དོན་ཡོད་ཚད་ཀྱང་ཧ་ཅང་རྟོགས་དཀའ་བའི་གསང་བ་ཞིག་ཏུ་གྱུར་སོང་། རྒྱུ་རྐྱེན་དེ་ལ་བརྟེན་ནས་རྒྱ་རིགས་སློབ་བུ་དག་གི་ཤེས་ཚད་ཀྱི་རྗེས་ཡེ་ནས་ཟིན་གྱི་མི་འདུག སློབ་མའི་ཁྱིམ་བདག་མང་བོ་ཞིག་གིས་རང་གི་བུ་ཕྲུག་གི་རྒྱུགས་འབྲས་ཇེ་ལེགས་སུ་གཏོང་སླད་དུ་རང་ཁྱིམ་དུའང་རྒྱ་སྐད་བཤད་པ་ལས་བོད་སྐད་བེད་སྤྱོད་པ་ཉུང་དུ་བཏང་། དེ་བས་རྗེས་ཕྱོགས་སུ་དལ་གྱིས་རྒྱའི་སྐད་ཡིག་གི་གོམས་གཤིས་རང་འཇགས་སུ་སོང་བ་རེད། དོན་དངོས་སུ་སློབ་མའི་ཁྱིམབདག་རྣམས་ནི་བོད་སྐད་ཁྱོན་ནས་མི་ཤེས་པ་དེ་འདྲ་མ་རེད། རྒྱུ་མཚན་ནི་ཁོ་ཚོའི་ཕ་མ་དག་གིས་ཁོ་ཚོར་ཆུང་དུས་ནས་བོད་སྐད་བསླབས་མྱོང་བས་སོ།།

ད་ལྟ་ཁོ་ཚོས་བོད་སྐད་གོ་ཐུབ་ཀྱང་བཤད་མི་སྲིད་ལ། ཡང་ན། དུས་རྒྱུན་དུ་བོད་སྐད་མི་བཤད་པའོ།།

དེང་སྐབས་ཕ་ཡུལ་གྱི་གྲོང་སྡེ་རུ་ལོ་ན་བཅུ་བཞིའི་གོང་གི་ཡུལ་མི་མང་ཆེ་བས་བོད་ཡིག་གི་དོན་དངོས་རྟོགས་ཐུབ་ཡོད་ལ། དམངས་ཁྲོད་སྒྱུ་སྩལ་བ་ཧ་ཅང་མང་བོ་ཡོད། ལོ་འདི་འགར་ཕ་ཡུལ་དང་གྱེས་རྗེས་རང་ཉིད་ཀྱི་གླུ་གཞས་ ལས་རིགས་ལ་བརྟུན་པ་བསྐྱེད་ཅིང་། གྲོང་ཁྱེར་བ་ཞིག་གི་འཚོ་བའི་ངོ་བོ་དང་མཐུན་ཐབས་ལ་གང་ཅིའི་ཆ་ནས་ཤུགས་ཕུད་པ་ཡིན། རང་ཉིད་ཀྱི་ཆེད་དུ་ཕྱོགས་སོ་སོ་ནས་མདུན་དུ་བསྐྱོད་པར་ད་ལྟ་ཕྱིར་དྲན་བྱས་ན་ཕྱི་རོལ་ཡུལ་དུ་བདག་ལ་སིམ་གདུང་བར་མ་ཅི་རིགས་བྱུང་བ་ནི་འདི་ལྟ་སྟེ་གཅིག་ཐོབ་གཉིས་ཤོར་དང་། ངུ་རེས་དགོད་རེས། རྒྱལ་རེས་ཕམ་རེས་ཀྱི་བྱུང་བ་ཤིན་ཏུ་ནས་མང་ངོ་།།

ཡིན་ནའང་། བདག་གིས་རང་ཉིད་ཀྱི་ལྟ་ཚུལ་དག་རྒྱུན་བསྲིངས་ཤིང་།  ལས་དོན་གང་ཞིག་བསྒྲུབ་ན་བསམ་པའམ་ཅི་ཞིག་ཐོབ་ན་བསམས་པའི་སྐབས་སུའང་རང་ཉིད་ཀྱི་སེམས་ཐག་གཙང་བཅད་ཡིན་མིན་དང་། རྒྱུན་སྲིང་བརྩོན་སེམས་ཀྱི་བསམ་བློ་ཡོད་མེད་ལ་ནན་ཏུར་གྱིས་བལྟས་པ་ཡིན། ལས་དོན་གང་ཞིག་གཟབ་ནན་དང་ཞིབ་ཚགས་ཀྱིས་བགྱིས་ཚེ་དེ་ལ་འབྲས་བུ་ལེགས་པོ་འབྱུང་བ་ང་ལ་ཡིད་ཆེས་ཡོད།  ཉེ་བའི་ལོ་འདི་འགར་ང་ལ་ཁོམ་ལོང་ཅུང་ཙམ་ཡོད་ཚེ་ཕ་ཡུལ་དུ་ལོག་པ་དང་།  ཕ་ཡུལ་གྲོང་གསེབ་ཀྱི་དམངས་གླུ་ཁ་ཤས་དང་། ས་གནས་དེ་གའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་དག་འཚོལ་སྡུད་དང་། རྩད་ཞིབ་བྱས་པ་ཡིན། གྲོང་སྡེ་ཞིག་གམ་བོད་རིགས་དམངས་ཁྲོད་སྒྱུ་སྩལ་བ་ཞིག་གི་གནས་སུ་འབྱོར་ཐེངས་རེེར་ཁོ་ཚོས་མ་གྲོས་གཅིག་མཐུན་གྱིས་བདག་ལ་རྒྱབ་སྐྱོར་བྱེད་པའི་འདུན་པ་སྟོན་ཞིང་། ཁོ་ཚོས་དམངས་ཁྲོད་རིག་གནས་ཁྲོད་ཀྱི་མཆོད་ཚིག་དང་། གཞས་ཚིགརིགས་མི་འདྲ་བའི་གཞས་རྟ་མང་བོ། ད་དུང་ཆོས་ཀྱི་དབྱངས་རྟ་དང་གར་འཆམ་གྱི་རིགས་འདྲ་མིན་དུ་མ་བྱང་ཆུད་པར་ཤེས། དེ་བས་ཁོ་ཚོས་དེ་དག་རང་ཉིད་ཀྱི་བུ་མོ་དག་ལ་བསླབས་ཏེ་དེ་དག་གིས་རིམ་བཞིན་མི་རབས་ཕྱི་མ་རྣམས་བརྒྱུད་སྤྲོད་བྱ་ངེས་རེད།   དེ་ལྟ་ནའང་ད་ལྟའི་གཞོན་རབས་པ་ཕལ་ཆེ་བས་བོད་སྐད་མི་ཤེས་པས། གཏིང་ཟབ་པ་མ་ཟད་གཏན་ཚིགས་རང་བཞིན་ཅན་གྱི་དམངས་ཁྲོད་རིག་གནས་ལ་རྒྱུས་ལོན་བྱེད་པའི་ནུས་པ་ཧ་ཅང་ཕྲ། དེ་བས་དམངས་ཁྲོད་རིག་གནས་དེ་དག་རང་གི་བུ་རབས་ཚ་བརྒྱུད་ལ་བརྒྱུད་སྤྲོད་བྱེད་པའི་ཐབས་ཤེས་ཧ་ལམ་ཉམས་ཚར་འདུག

ཁོ་ཚོས་བདག་ལ་འདི་ལྟར་བསྙད། འབྱུང་འགྱུར་ང་ཚོའི་མི་རབས་རྒན་པ་རྣམས་སྟོངས་སོང་བའི་རྗེས་སུ་འུ་ཅག་གི་དམངས་ཁྲོད་རིག་གནས་ཀྱང་ཉམས་དམས་སུ་སོང་བ་རེད། ང་ཚོའི་མི་རབས་འདི་ནས་འགོ་བཙུགས་ཏེ་མི་རབས་ཕྱི་མ་རྣམས་ནི་ཅི་ཡང་མེད་པ་དང་གང་ཡང་ཧ་མི་གོ་བ་ཞིག་ཏུ་འགྱུར་རྒྱུ་རེད་སྙམ་ནས་ སེམས་ཁྲལ་རི་བོ་ལས་ལྕི་བ་འདུག་ཅེས་སོ།། ཁོ་ཚོས་བདག་ལ་གསུང་གི་སྐུལ་མ་ནན་ཏན་དུ་བྱས་པ་དང་། བོང་བ་གསེར་གཟིགས་ཀྱི་ཚུལ་གྱིས་ལོ་ཆུང་རྣམས་ལ་བོད་ཡིག་སྦྱོང་བརྡར་འཛིན་གྲྭ་ཞིག་བསྒྲུབ་ཐུབ་མིན་དང་། སྐད་ཡིག་གི་ངོ་བོ་མི་རིགས་ཀྱི་བླ་སྲོག་ཡིན་ཚུལ་གསུངས་བྱུང་།  དོན་དངོས་ཐོག་རང་གི་ཡབ་མེས་གོང་མ་ནས་བུ་རབས་ཚ་བརྒྱུད་ལ་སྤེལ་ནས་ཡོང་བའི་ཕུན་ཚོགས་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་ཉིང་བཅུད་འདི་རང་ཉིད་ཀྱི་དུས་རབས་སུ་ཉམས་ཆག་ཏུ་འགྲོར་འཇུག་པའི་འདུན་པ་སུ་ལ་ཡོད་དེ། གཏན་ནས་ཡོད་པ་མ་རེད།
 
སེམས་གཏིང་གི་སྐད་ཆ་བཤད་ན། དོན་ངོ་མར་རང་ཉིད་ལ་མཐུན་རྐྱེན་གྱ་ནོམ་པ་ཞིག་འཛོམས་པའི་ཆ་རྐྱེན་འོག་ཕ་ཡུལ་གྱི་བྱིས་པ་དག་ལ་བོད་དབྱིན་སྐད་ཡིག་གི་སྦྱོང་བརྡར་འཛིན་གྲྭ་ཞིག་གཟུག་དགོས་སྙམ་པའི་བསམ་བློ་སྔོན་མ་སྔོན་མ་ནས་སྐྱེས་མྱོང་། དེ་ལྟ་ནའང་རང་ཉིད་ཀྱིས་བསགས་ཚར་བའི་ཉམས་མྱོང་དང་། དཔལ་འབྱོར་གྱི་འཁོས་ཀ་སོགས་གང་ཅིའི་ཆ་ནས་ཆ་རྐྱེན་འཛོམས་པོ་ཞིག་བྱུང་མ་སོང་། བསམ་གཞིགས་མང་དུ་བྱས་མཐར་ད་ལོ་ཆེས་མཐའ་མའི་ཐག་གཅོད་བྱས་པ་ཡིན་པས། དཀའ་ལས་གླིང་ལ་མ་གྲགས་པ་ཞིག་བརྒྱབ་དགོས་བྱུང་ནའང་འདི་ལྟར་བསྒྲུབ་པའི་སེམས་ཐག་གཙང་བཅད་ཡིན། དཔལ་འབྱོར་གྱི་འཁོས་ཀ་ལ་འཕེལ་འགྲིབ་ཅི་ཡང་མེད་པར་སྔོན་ལྟར་ཡིན་པས། ལས་དོན་འདི་གལ་ཏེ་བདག་ཕྱུག་པོར་འགྱུར་མིན་གྱི་རྗེས་སུ་འགྲོ་ལྡོག་བྱས་ཏེ་ཕྱུག་པོར་གྱུར་ཚེ་གཞི་ནས་བསྒྲུབ་པའི་དབང་དུ་བཏང་ན། བདག་གི་མི་ཚེ་གང་བོར་ཡང་བསྒྲུབ་མི་ཐུབ་པ་གསལ་བོར་ཤེས་སོ།། དེ་བས་འདི་ལོའི་དབྱར་ཁའི་གུང་གསེང་གི་དུས་ཚོད་དང་བབ་བསྟུན་གྱིས་ཟླ་ བ་གཅིག་གི་རིང་བོད་དབྱིན་སྦྱོང་བརྡར་འཛིན་གྲྭ་ཞིག་བསྒྲུབ་རྒྱུ་གཏན་འཁེལ་བྱས་པ་ཡིན། ཟླ་གཉིས་ཀྱི་སྔོན་དུ་བདག་དངོས་སུ་གྲོང་སྡེར་བསྐྱོད་ནས་ས་གནས་དེ་གའི་དེང་དུས་ཀྱི་གནས་ཚུལ་གང་ག་ལ་ཟབ་ཞུགས་བྱས་པ་ཡིན། སྡེ་མི་ཚོས་བཤད་རྒྱུར།  ལོ་འདི་འགར་གྲོང་སྡེའི་བྱིས་པ་བརྒྱ་ཆའི་བརྒྱ་སློབ་ཞུགས་བྱེད་ཐུབ་ཡོད། ཡིན་ནའང་སློབ་ཆེན་འགྲིམས་མཁན་ཤིན་ཏུ་ཉུང་། བརྒྱ་ཆའི་གོ་དགུ་དམའ་འབྲིང་སློབ་མཐར་ཕྱིན་རྗེས་བཟོ་ལས་འཚོལ་དུ་ས་ཕྱོགས་གང་སར་བུད་འགྲོ། ས་གནས་དེ་གའི་དེ་ཐུང་ཆུ་བོའི་འགྲམ་དུ་ཆུ་གློག་ས་ཚིགས་མང་དུ་ཡོད་ཅིང་། ཆུ་གློག་ས་ཚིགས་ཀྱི་ལས་མིའི་ཁྲོད་དུ་དཔའ་རིས་པ་གཅིག་ཀྱང་མེད། བཟོ་ལས་ཀྱི་སྐབས་སུ་ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་བཅས་ལའང་དཀའ་ངལ་གང་མང་ཞིག་ལ་འཕྲད་ཀྱིན་འདུག

ཁོ་ཚོ་བཟོ་ལས་འཚོལ་དུ་འགྲོ་ས་ནི་ལྷ་ས་དང་། ཡུལ་ཤུལ། མགོ་ལོག  རྨ་ལྷོ་སོགས་བོད་རིགས་འདུས་སྡོད་ཀྱི་ས་ཆ་ཡིན་ཞིང་། ཚང་མ་བོད་རིགས་སྤུན་མཆེད་གཅིག་པ་རེད། ཡིན་ནའང་ས་གནས་དེ་གའི་བོད་རིགས་རྣམས་ཀྱིས་བཟོ་ལས་འཚོལ་དུ་ཡོང་བའི་དཔའ་རིས་པ་དག་གིས་བོད་སྐད་མི་ཤེས་པ་རྟོགས་ཚེ་མཐོང་ཆུང་དང་། བོད་རིགས་ཡིན་པར་ཁས་མི་ལེན་པ་དེ་རེད། འཕྲད་བཞིན་པའི་དཀའ་ངལ་འདིའི་ཁྲོད་དུ་ཁོ་ཚོས་རང་ཉིད་བོད་ཅིག་ཡིན་པའི་ངོ་སོ་ཅི་ཡང་མེད་པ་ཚོར་ཞིང་། རང་གནོང་གི་འདུ་ཤེས་ཤིག་ཀྱང་བཅོས་མིན་དུ་བསླེབས།  ཐེངས་འདིར་བདག་གིས་ཟབ་ཞུགས་ བྱས་པ་བརྒྱུད་ཡུལ་མི་མང་བོ་ཞིག་བོད་དབྱིན་སྦྱོང་བརྡར་འཛིན་གྲྭ་འདིར་ཞུགས་ ཏེ་བོད་དབྱིན་གྱི་སྐད་ཡིག་སློབ་འདོད་ཀྱི་མོས་པ་ཤིན་ཏུ་ནས་ཟབ་པོ།། གང་ལྟར་སྐད་ཡིག་གཅིག་མང་དུ་གྱུར་ན་ལམ་ཀ་གཅིག་མང་དུ་གྱུར་པ་མ་ཡིན་ནམ།

བདག་གི་བོད་དབྱིན་སྦྱོང་བརྡར་འཛིན་གྲྭའི་ལས་འཆར་གྱི་སྒྲོམ་གཞི་གཤམ་དུ་དགོད་རྒྱུ་ལགས་ན། སེམས་ནས་བརྩེ་བའི་ལས་རིགས་ཁག་གི་སྤུན་ཟླ་རྣམས་ཀྱི་རོགས་རམ་དང་རྒྱབ་སྐྱོར་ཐོབ་པའི་རེ་བ་བྱེད་བཞིན་ཡོད་ལ། ལས་དོན་འདིར་མཉམ་ཞུགས་བྱེད་པའི་དགའ་བསུ་བྱེད་ཀྱིན་ཡོད། ད་དུང་ཚང་མས་རོགས་རམ་དང་རྒྱབ་སྐྱོར་བྱས་པ་བརྒྱུད་རིག་འཛིན་སྒྲོལ་མའི་དམིགས་ཡུལ་མངོན་གྱུར་ཡོང་བའི་རེ་སྨོན་སྙིང་ལ་བཅངས་ནས་ཡོད། བཀྲ་ཤིས་བདེ་ལེགས།
 
སྒྱུར་བ་བོའི་གསལ་བཤད། གཞས་མ་རིག་འཛིན་སྒྲོལ་མའི་ཡུམ་སྐད་སྦྱོང་བརྡར་འཛིན་གྲྭའི་དོན་དངོས་སྐོར་མུ་མཐུད་ནས་སྒྱུར་འགོད་བྱ་རྒྱུ་ཡིན་པས་དེ་ལུགས་དགོངས་འཇགས་ཞུ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 14

  1. འཇིག་རྟེན་ says:
    ལོ་ 15 སྔོན།

    བོད་གངས་ཅན་གྱི་གཞས་མ་སྐད་གྲགས་ཅན་རིག་འཛིན་སྒྲོལ་མ་ལ་མཚོན་ན་མོ་ནི་གཞས་མ་ཙམ་མ་ཡིན་པར་མོ་རང་གིས་ལྷག་བསམ་དང་སྙིང་སྟོབས་ཀྱིས་ང་ཚོ་ཚང་མ་ལ་སེམས་འགུལ་དང་ཡི་ཆེས་ཀྱི་རེ་བ་ཞིག་གཏེར་སོང་།

    Reply
  2. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    རྨེ་བ་འཇམ་དཔལ་ནོར་བུ་ལགས། ང་ཁྱེད་ལ་གཞུང་ལུགས་ཤིག་བཤད་རྒྱུའི་དུས་ཚོད་མི་འདུག དེ་ཡིན་པ་མ་རེད། མིན་པ་རེད། ཧཧཧ།

    Reply
  3. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    གངས་བུ་ལྷག་བསམ་ཅན་ལ་བོད་སྐད་ཀྱི་སྨན་ཐུན་འགའ་མ་སྤྲད་ན་གྲོངས་རྒྱུ་རེད།
    སྨན་ཐུན་གཅིག ཁྱེད་ཀྱིས་ཐུགས་རྗེ་ཆེ་ཞུ་ཡ་དང་ཞེས་པའི་ཞུ་ཡ་ཞེས་པ་དེ་བོད་ཀྱི་བརྡ་དག་གི་གཞུང་གང་ཞིག་ལ་གཏུགས་ཡོད།
    སྨན་ཐུན་གཉིས། བྱང་ཆུབ་པ་ཞིག་མ་ཡིན་པ་ངའི་ཤེས་སོང་ཞེས་པའི་འབྲེལ་སྒྲ་དེས་འཆམ་འཆམ་འདྲ་བྱེད་ཀྱིན་ཡོད་ན་མ་གཏོགས་ལས་ཀ་ཅི་ཡང་བྱེད་ཀྱིན་མེད་པས། ཁྱེད་རང་གིས་ལས་ཀ་ཞིག་སྤྲོད་རྒྱུ་མིན་ན། འབྲེལ་སྒྲ་དེ་ལས་མེད་ཆགས་འདུག
    སྨན་ཐུན་གསུམ། དངོས་ཉིད་རྟ་ནག་ཚང་གིས་ཞེས་པའི་དངོས་ཉིད་ཅེས་པ་དེ་བོད་སྐད་ཅིག་ཡིན་ན་འགྲེལ་ཞིག་གནང་རོགས། ཚིག་གི་མགོ་རྔར་དཔྱད་ན་ངས་ཁྱེད་ཀྱིས་ཅི་ཞིོག་བཤད་འདོད་ཡོད་པ་ཕལ་ཆེར་རྟོགས་ཀྱིན་འདུག ཡིན་ནའང་ཅི་ཞིག་བྲིས་ཡོད་པ་ཤེས་ཀྱིན་མི་འདུག
    འདི་ཉིན་གཅིག་ལ་མཆོད་རྒྱུའི་སྨན་ཐུན་གསུམ་ཡིན། དེ་དག་འཐུང་སྟངས་ནི་ཞོགས་པ་གཅིག ཉིན་གུང་གཅིག དགོང་མོ་གཅིག་བཅས་ཡིན། སྨན་པས་གསུང་བ་བཞིན་དག་དག་འཐུང་མ་གཏོགས་ཕལ་ཆེར་དཀའ་རྒྱུ་རེད། ཧཧཧ། ཀུ་རེ་ཡིན་ལ་དོན་གཏམ་ཡང་ཡིན།

    Reply
  4. སྐྱ་ཀ says:
    ལོ་ 15 སྔོན།

    ཁྱོད་ཉིད་ཀྱི་གླུ་སྐད་རེ་ལ།
    ལྷག་བསམ་གྱི་ཟེར་མ་ཁྲི་ཕྲག
    ཁྱོད་ཉིད་ཀྱི་དམིགས་འདུན་རེ་ལ།
    མི་རིགས་ཀྱི་དུང་བ་ཟབ་མོ།
    དུས་ནམ་དུ་ཡང་ཁྱོད་རང་གི་ཕུག་བསམ་
    གྱི་མེ་ཏོག་དཀར་པོ་དེ་རྟག་བརྟན་འགྱུར་མེད་ངང་གནས་
    ཐུབ་པ་ཤོག་ཅིག་ཞེས་བརྗོད་རྒྱུ་བྱུང་།

    Reply
  5. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    ཡུལ་གྱར་ལ་ཕྱིན་པའི་བོད་ཀྱི་བུ་མེད་སྨན་ཚོང་མ་དག་དང་མི་འདྲ་བ་མོ་རང་ཁ་བའི་ལས་དབང་དུས་ཀུན་གླེང་མཁན་ཞིག་ཡིན་ས་རེད་ཐེང་འདིས་ལས་དོན་ལ་ཡང་གེགས་མེད་བདེ་ལེགས་འགྲུབ་པའི་སྨོན་འདུན།

    Reply
  6. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    གངས་ཅན་བོད་ཀྱི་གླུ་མ་རིག་འཛིན་སྒྲོལ་མ་ལགས་ལ་ཐུགས་རྗེ་ཆེ་ཞུ་ཡ་དང་། རིན་ཆེན་རིལ་བུས་ཡུམ་སྐད་དང་འདི་ཟླ་ཟེར་བ་དེ་ཚོ་རྒྱ་སྐད་དང་དབྱིན་སྐད་རེད་གསུང་འདུག་དེ་ལ་ཞིབ་ན་ཁྱེད་རང་ཡང་བོད་ཡིག་དང་བོད་སྐད་ལ་བྱང་ཆུབ་པ་ཞིག་མ་ཡིན་པ་ངའི་ཤེས་སོང་དངོས་ཉིད་རྟ་ནག་ཚང་གིས་ཡག་པོ་བསྒྱུར་འདུག མོས་དང་ཐོག་རྒྱ་ཡིག་ནང་བྲིས་ཡོད་པ་རེད་དམ། ཡོད་ན་མོས་བྲིས་པ་དེ་ངའི གློག་འཕྲིན་ཁ་བྱང་ཐོག་སྐུར་རོགས་m_sanggye@yahoo.com ཡིན། རིག་འཛིན་སྒྲོལ་མ་དང་ཁོང་ལ་རོགས་པ་གནང་མཁན་ཚང་མ་ལ་ངས་མགོ་ནག་བོད་པ་ཚང་གི་ཚབ་ཞུས་ནས་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་ཡ་ཡིན། ད་དུང་ཁོང་གི་གླུ་སྐད་སྙན་མོ་དེ་སྒུག་ནས་སྡད་ཡོད། འགྱོག་པར་ང་ཚོ་མཇལ་བར་ཤོག ཁ་བྲོ་ཚེ་རིང་།

    Reply
  7. བརྩེ་ཀུན་ཁྱབ། says:
    ལོ་ 15 སྔོན།

    རི་བོ་གངས་དཀར་གྱི་པང་ན་ཕ་གཞིས་ལ་དུང་བ་ཟབ་པའི་གཞས་མ་རིག་འཛིན་སྒྲོལ་མས་སྔ་གཞུགས་སུ་སྤེལ་བའི་སྒྲ་ཐག་དང་ཟེར་སྡེར་སོགས་ཀྱི་སྙམ་འཇེབ་ཀྱི་འགྱུ་ཁུག་ན་ཕ་གཞིས་དུང་བའི་ལྷག་བསམ་དང་དུང་བ་མངོན་ཡོད། ཉེ་ཆར་ཡང་དྲྭ་ཚིགས་སུ་སྤེལ་བའི་ཡུམ་སྐད་ལ་དུང་བའི་གཏམ་བཤད་སོགས་འཆར་གཞི་ལྡན་པའི་གླུ་མ་འདི་ནི་བོད་ཕྱི་ནང་གཉིས་ཀྱི་དེང་རབས་ཀྱི་ན་གཞོན་ཚོ་དང་ད་དུང་གཞས་པ་གཞས་མ་ཚོས་དེ་ལས་ཀྱང་མིག་དཔེར་འོས་པའི་མཛངས་མ་དངོས་གནས་ཞིག་རེད། ཁོང་གི་ལས་དོན་ལ་རྒྱབ་སྐྱོར་བྱེད་ན་དེ་ནི་གངས་ཅན་པའི་ལས་དབང་ལ་རྒྱབ་སྐྱོར་ཅིག་ཡིན་པའི་ཡིད་ཆས་ཡོད།།

    Reply
  8. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 15 སྔོན།

    གླུ་མ་རིག་འཛིན་སྒྲོལ་མའི་ཡུམ་སྐད་སྦྱོང་བརྡར་འཛིན་གྲྭ་བཙུགས་པར་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ།
    སྔོན་ཆད་སྐད་ཡིག་བགྲོ་གླེང་ཞིག་གི་སྟེང་ནས་རིག་འཛིན་སྒྲོལ་མས་བཤད་པའི་སྐད་ཆ་ཁ་ཤས་ཟིན་བྲིས་ཞིག་གི་ནང་བཀོད་འདུག
    དེ་དེས་བུ་མོ་ལ་རྒྱ་ཅན་ཞིག་རེད་བསམ་ཡོད

    Reply
  9. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    རིན་ཆེན་རིལ་བུ་ལགས།ཡུམ་སྐད་ཞུ་བ་དེ་མཐའ་གཅིག་ཏུ་རྒྱ་སྐད་ལ་གོ་དགོས་ནི་མ་རེད།ཡུམ་སྐད་གཙང་མ་ཞེས་པ་དེ་ནི་བོད་རང་གི་ཐ་སྙད་དངོས་གནས་ཤིག་ཡིན་པ་རེད།

    Reply
  10. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ངའི་སེམས་གཏིང་གི་གཞས་མའི་ལས་དོན་མཐའ་དག་གེགས་མེད་ལྷུན་གྲུབ་ཡོང་བར་སྨོན། ཁ་སང་གི་གཏམ་བརྒྱུད་་་་ལ་ཉན་ཐཻངས་རེར་་་་་ ངའི་སེམས་པ་འདི་སྙིང་ཁོ་ན་མིན་ནམ་སྙམ་པ་ཞིག་རེད། བྲང་ཁོག་ནས་ཕྱི་ལ་བུད་ལ་ཁད་བྱེད་་་་་་
    བཀྲ་ཤིས་བདེ་ལེགས་ཀྱིས་སྨོན་འདུན་ཞུ།

    Reply
  11. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    ཨ་རོགས་ལོ་ཙྰ་པ་ལགས། ཡུམ་སྐད་ཅེས་པ་རྒྱ་སྐད་རེད། བོད་སྐད་ལ་ཕ་སྐད་ཟེར་ནི་རེད། རྗེས་གྲུབ་ཀྱི་མིང་རེའི་རྒྱབ་ལྗོངས་སུ་བསྐུངས་པའི་ལོ་རྒྱུས་ལ་བརྕི་བཀུར་བྱེད་དགོས་ལ། བོད་སྐད་ཀྱི་སྐད་ཆའི་ལུགས་སྲོལ་ལའང་བརྩི་བཀུར་བྱེད་དགོས་ནི་རེད། དཔེར་ན་རླུང་འཕྲིན་ཁང་དག་ཏུ་འདི་ཟླ་ཞེས་བོད་སྐད་ཀྱི་ནང་དུ་དབྱིན་སྐད་བཤད་བཞིན་པ་ལྟ་བུ་རེད། བོད་སྐད་ཀྱི་སྐད་ཆའི་ལུགས་སྲོལ་ལྟར་ན་ཟླ་འདིའི་ནང་ངམ་ཟླ་འདིར་ཟེར་དགོས་པ་ནང་བཞིན་རིགས་འགྲོས་ཀྱིས་ཤེས་པར་བྱའོ།

    Reply
  12. འཇམ་གྲགས says:
    ལོ་ 15 སྔོན།

    སྔོན་རིག་འཛིན་སྒྲོལ་མའི་གླུ་གཞས་དེ་ཚོ་རྣ་བ་ལ་སྙན་པ་ཙམ་ཡིན། ད་ཆ་མོའི་གཞས་དེ་ཚོ་ཉན་དུས་སེམས་གི་རྟིང་ནས་སྙན་མོ་ཞིག་ཚོར་གི་འདུག

    Reply
  13. ཨ་མྱེ says:
    ལོ་ 15 སྔོན།

    བདེ་ལེགས་ཞུ། ངོ་མ་རིག་འཛིན་སྒྲོན་མ་ལྟ་བུའི་གཞས་མང་པོ་ཡོད་ན་མི་རིགས་འདིའི་རྒྱུན་གནས་ཐུབ་ཧ་ཧ་ངོ་ཡིན།

    Reply
  14. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    གངས་རིའི་གཞས་མ་རིག་འཛིན་སྒྲོལ་མའི་ཡུམ་སྐད་སྦྱོང་བརྡར་འཛིན་གྲྭ་ལེགས་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་དང། ངེས་དོན་གྱི་དོན་བཟང་འདི་ལ་རྗེས་སུ་ཡི་རིང་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese