མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་གཞུང་གི་བག་ཆགས་ཤིག་འཇོག་གིན་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་ལོ་རེར་ནུབ་ཕྱོགས་སུ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་གཞོན་སྐྱེས་འདི་དག་ལ་བོད་སྐད་དང་བོད་ཡིག་གཙོས་བཙན་བྱོལ་བོད་མིའི་གནས་སྟངས་དང་། བོད་ཀྱི་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང། གཞས་དང་ཞབས་བྲོ་སོགས་བོད་རང་གི་རིག་གཞུང་གི་བག་ཆགས་ཤིག་འཇོག་ཐབས་བྱེད་ཀྱིན་ཡོད་ཅེས་བོད་ཁྱིམ་སྤྱི་ཁྱབ་དྲུང་ཆེ་ཐུབ་བསྟན་རྡོ་རྗེས་ལགས་ཀྱི་གསུངས་བྱུང་།  

ངྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ཤེས་ཡོན་སྡེ་ཚན་དང་བོད་གཞུང་ཕྱི་རྒྱལ་དོན་གཅོད་ཁག་མཉམ་འབྲེལ་ཐོག་ལོ་ལྟར་ནུབ་ཕྱོགས་རྒྱལ་ཁབ་ནང་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་གཞོན་སྐྱེས་རང་ལོ་ ༡༠ ཡན་དང་ལོ་ ༡༧ མན་གྱི་སློབ་མ་རྣམས་ལ་དབྱར་དུས་ཀྱི་སྦྱོར་བརྡར་ཞེས་པའི་ལས་གཞི་ཞིག་གོ་སྒྲིག་གནང་སྟེ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ཆོས་དང་རིག་གཞུང། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་སྒྲིག་འཛུགས་ཁག་ངོ་སྤྲོད། བཙན་བྱོལ་བོད་མིའི་གནས་སྟངས་དང་༧གོང་ས་མཆོག་གི་མཛད་འཕྲིན་སོགས་ཀྱི་ཐད་སློབ་སྦྱོང་སྤྲོད་ཀྱིན་ཡོད་པ་ལྟར། འདི་ལོའི་དབྱར་དུས་ཀྱི་སྦྱོར་བརྡར་དེ་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་མགོ་འཛུགས་གནང་ཡོད་ལ། དེའི་སྟེང་བྱང་ཨ་རིི་དང་ཁེ་ན་ཌ་ནས་སློབ་མ་ ༥༦ དང་། ཡུ་རོབ་ཀྱི་འཇར་མན་དང་ཧྤ་རན་སི། སུད་སི། བྷེལ་རྗིན། ཨི་ཊ་ལི། ཨོ་སི་ཁྲོ་རི་ཡ་བཅས་རྒྱལ་ཁབ་ ༨ ལྷག་ནས་བསྡོམས་སློབ་མ་ ༧༩ འབྱོར་ཡོད་འདུག  འདིའི་ཐད་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་གསུངས་དོན། ང་ཚོའི་ངོས་ནས་ལས་གཞི་འདི་མགོ་འཛུགས་བྱས་ཏེ་ལོ་ ༡༠ ལྷག་འགྲོ་བཞིན་ཡོད་པ་རེད། ད་ལྟའི་བར་གྱི་སློབ་མའི་གྲངས་འབོར་འཕར་སྣོན་འབྱུང་བཞིན་པ་དང་། སློབ་མའི་ཕ་མ་དང་འདིར་སླེབས་པའི་སློབ་མའི་བསམ་ཤོག་བསྡུ་རུབ་བྱས་པ། དེ་བཞིན་ལོ་ནས་ལོར་མཐུད་དེ་ཡང་བསྐྱར་འདིར་ཡོང་བཞིན་པའི་སློབ་མའི་གྲངས་འབོར་སོགས་ལ་བལྟས་ཚེ། ལས་གཞི་འདིས་ཕ་མ་དང་གཞོན་སྐྱེས་ཚོར་ཕན་ཐོགས་གང་འཚམ་ཞིག་བྱུང་ཡོད་པའི་ཚོར་སྣང་བྱུང་།  ཕན་མ་ཐོགས་པ་དང་དུས་ཚོད་འཕྲོད་བརླགས་སུ་གཏོང་བཞིན་པ་ཞིག་ཡིན་ན་ཕ་མ་ཚོས་འགྲོ་སོང་ཕོན་ཆེན་གཏོང་བ་དང་སློབ་མའི་གུང་གསེང་གི་དུས་ཚོད་འཕྲོ་བརླགས་སུ་བཏང་སྟེ་འདི་འདྲའི་ས་ཐག་རིང་པོར་གཏོང་གི་མ་རེད་བསམ། གང་ལྟར། ང་ཚོའི་ངོས་ནས་ཁོང་ཚོ་འདིར་སླེབས་རྗེས་གནས་ཚད་མི་འདྲ་བའི་སློབ་མར་དམིགས་བཀར་གྱིས་བོད་སྐད་དང་བོད་ཡིག ཡུལ་སྲོལ་གོམས་གཤིས། ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་གང་འདྲ་ཡིན་མིན། བོད་ཀྱི་རིག་གཞུང་གི་འགྲོ་སྟངས་གང་འདྲ་ཡིན་མིན། དེ་བཞིན་ ༡༩༤༩ ལོའི་ཚུན་གྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས།  ད་ལྟའི་བཙན་བྱོལ་གྱི་གནས་སྟངས་གཙོས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་དང་ཞབས་བྲོ་སོགས་བོད་རང་གི་རིག་གཞུང་གི་བག་ཆགས་ཞིག་འཇགས་ཐབས་བྱེད་ཀྱིན་ཡོད་ལ། མཁས་དབང་གདན་འདྲེན་གྱིས་ནང་ཆོས་དང་ཆབ་སྲིད། དེ་བཞིན་ཁྱིམ་ཚང་རེ་རེར་ཕྲུ་གུ་གསུམ་རེ་བཀྲམས་ཏེ་བོད་སྐད་དང་བོད་ཡིག་གི་ཁོར་ཡུག་བསྐྲུན་བཞིན་ཡོད་པར་མ་ཟད། བོད་ཁྱིམ་གྱི་འཛིན་གྲྭར་བཏང་སྟེ་སློབ་ཁྲིད་བྱེད་བཞིན་ཡོད། དེ་ལས་གཞན་ཉེ་འཁོར་གྱི་དགོན་སྡེ་ཁག་དང་གཞུང་གི་ལས་ཁུངས་ཁག  སློབ་གྲྭ་ཁག་སོགས་ལ་འཁྲིད་དེ་བཙན་བྱོལ་གྱི་གནས་སྟངས་རྒྱུས་ལོན་བྱ་རྒྱུ་སོགས་ཀྱི་ལས་རིམ་ཡང་གོ་སྒྲིག་གནང་ཡོད་ཅེས་གསུངས་བྱུང་། 

འདི་གའི་གསར་འགོད་པས་ཐེངས་འདིར་ནུབ་ཕྱོགས་རྒྱལ་ཁབ་ནས་ཆེད་དུ་ཕེབས་པའི་སློབ་མ་ཁག་ཅིག་ལ་ནམ་རྒྱུན་རང་ཁྱིམ་དང་སློབ་གྲྭའི་ནང་བོད་སྐད་དང་བོད་ཡིག་གི་ཁོར་ཡུག་གང་འདྲ་ཡིན་མིིན་དང་། བོད་པའི་ཡུལ་སྲོལ་གོམས་གཤིས་དང་བོད་པའི་རིག་གཞུང་སོགས་ལ་དགའ་སྣང་གང་འདྲ་ཡོད་མེད་སོགས་ཀྱི་ཐད་བཅར་འདྲི་ཞུས་པར། རང་ལོ་ ༡༥ ཡིན་པའི་ཁེ་ན་ཌ་ཊོ་རོན་ཊོ་ཡི་བསྟན་འཛིན་འོད་འབུམ་གྱིས་བོད་དབྱིན་འདྲེས་མའི་ལམ་ནས་བརྗོད་རྒྱུར། ངའི་ཕ་མ་གཉིས་བོད་པ་ཡིན། ཨ་ཕས་བོད་ཡིག་ཡག་པོ་ཤེས་ཀྱིན་ཡོད། ལོ་གཅིག་རིང་ཕ་མ་གཉིས་ཀྱིས་དགེ་རྒན་ལ་གླ་ཆ་སྤྲད་དེ་རང་ཁྱིམ་ནས་བོད་ཡིག་གི་ཀློག་འདོན་ཏོག་ཙམ་སྦྱངས་པ་ཡིན་ལ། གཟའ་ཉི་མའི་བོད་ཡིག་འཛིན་གྲྭར་ཡང་འགྲོ་མྱོང་ཡོད། ཡིན་ནའང་། ངས་གསལ་བྱེད་སུམ་ཅུ་ཡག་པོ་ཞིག་འབྲི་མི་ཤེས། ང་རང་བོད་ཟས་དང་བོད་གཞས་ལ་དགའ་བོ་ཡོད་ཅེས་བརྗོད་བྱུང་།

ཨ་རིའི་མེ་ཌལ་སོན་གྱི་རང་ལོ་ ༡༧ ཡིན་པའི་བསྟན་འཛིན་བསོད་ནམས་ཀྱིས་བོད་སྐད་ཀྱི་ལམ་ནས་བརྗོད་རྒྱུར། ངས་བོད་སྐད་དང་བོད་ཡིག་གི་འབྲི་ཀློག་དེ་གཟའ་ཉི་མའི་ཉིན་གྱི་སློབ་ཁྲིད་བརྒྱུད་ཏོག་ཙམ་སྦྱངས་པ་ཡིན་ལ། དེ་དང་ཆབས་ཅིག་ལོ་རྒྱུས་ཀྱང་ཏོག་ཙམ་སྦྱོང་བཞིན་ཡོད། ངའི་ཕ་མ་གཉིས་ཀྱིས་ནམ་རྒྱུན་བོད་སྐད་དང་བོད་ཡིག་སྦྱོང་དགོས་པའི་བཀའ་བཀྱོན་བཏང་སྟབས། ངས་རང་ཁྱིམ་ནས་བོད་སྐད་རྐྱང་བེད་སྤྱོད་བྱེད་བཞིན་ཡོད། ཡིན་ནའང་ངས་བོད་ཡིག་འབྲི་སྐབས་དཀའ་ངལ་འཕྲད་ཀྱིན་འདུག་སྟབས་འབྲི་རྩལ་ཡག་པོ་ཞིག་སྦྱོང་འཆར་ཡོད། ང་རང་ཆེས་དགའ་ས་བོད་ཀྱི་ལོ་རྒྱུས་དང་ཞབས་བྲོ་ཡིན། མ་འོངས་པར་ང་ཨེམ་ཆི་བྱ་འཆར་ཡོད་ཅེས་བརྗོད་བྱུང་། 

ཨ་རིའི་བྷོ་སི་ཊོན་གྱི་རང་ལོ་ ༡༩ ཡིན་པའི་བསྟན་འཛིན་ཚེ་དཔལ་གྱིས་བོད་སྐད་ཀྱི་ལམ་ནས་བརྗོད་རྒྱུར། སྔོན་མ་རྒྱ་གར་ནས་ཨ་རིར་འགྲོ་དུས་བོད་ཡིག་ཏོག་ཙམ་ཤེས་ཀྱིན་ཡོད་མོད། ཨ་རིར་ཕྱིན་ཏེ་ལོ་ ༡༠ འགོར་རྗེས་ད་ལྟ་ཡོངས་སུ་བརྗེད་ཚར་སོང་། ད་ལྟ་རང་ཁྱིམ་ནས་བོད་སྐད་ཅུང་ཙམ་བཤད་པ་ལས་བོད་ཡིག་སྦྱོང་བའི་གོ་སྐབས་མི་འདུག  ཡིན་ཡང་། ང་རང་བོད་པ་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་ཀྱིན་འདུག  ངས་མ་སྦྱངས་པ་ཡིན་ན་མ་འོངས་པར་ང་ལ་ཕྲུ་གུ་སྐྱེས་པ་ཡིན་ནའང་དེ་དག་ལ་བོད་ཡིག་འཁྲིད་ཐུབ་ཀྱི་མ་རེད་ཅེས་བརྗོད་བྱུང་།

ཨ་རིའི་བྷོ་སི་ཊོན་གྱི་རང་ལོ་ ༡༡ ཡིན་པའི་བསྟན་འཛིན་སྣང་གསལ་གྱིས་བོད་དབྱིན་འདྲེས་མའི་ལམ་ནས་བརྗོད་རྒྱུར། ང་རང་གཟའ་ཉི་མའི་ཉིན་མ་ཕ་མ་གཉིས་དང་མཉམ་དུ་བོད་ཡིག་འཛིན་གྲྭར་འགྲོ་གིན་ཡོད་ལ། བོད་ཡིག་གི་གསལ་བྱེད་སུམ་ཅུ་ཀློག་ཤེས་ཀྱིན་ཡོད། ང་རང་བོད་ཡིིག་འབྲི་བར་དགའ་བོ་ཡོད། ང་མ་འོངས་པར་བོད་པའི་ཨེམ་ཆི་ཅིག་བྱ་རྒྱུའི་དམིགས་ཡུལ་ཡོད་ཅེས་བརྗོད་བྱུང་།

ཨོ་སི་ཊོ་རི་ཡའི་རང་ལོ་ ༩ ཡིན་པའི་བསོད་ནམས་ཀྱིས་དབྱིན་སྐད་ཀྱི་ལམ་ནས་བརྗོད་རྒྱུར། ངའི་ཕ་མ་གཉིས་ལས་ཨ་མ་བོད་པ་ཡིན། རང་ཁྱིམ་དུ་བོད་སྐད་ཏོག་ཙམ་བཤད་ཀྱིན་ཡོད། ཡིན་ནའང་། ངས་བོད་ཡིག་གི་གསལ་བཤད་སུམ་ཅུ་སོགས་ཅི་ཡང་མི་ཤེས། ང་ཚོའི་ཁྱིམ་གྱི་ཉེ་འཁོར་ན་བོད་ཡིག་སྦྱོང་སའི་སློབ་གྲྭ་གཅིག་ཀྱང་ཡོད་པ་མ་རེད། ང་བོད་ཀྱི་ཟས་རིགས་ཁྲོད་ཀྱི་རྩམ་པ་ལ་དགའ་བོ་ཡོད་ཅེས་བརྗོོད་བྱུང་།

ཧྤ་རན་སི་ནས་ཡིན་ཞིང་རང་ལོ་ ༧ ཡིན་པའི་འོད་ཟེར་དང་རང་ལོ་ ༡༡ ཡིན་པའི་འཇམ་དཔལ་སྤུན་གཉིས་ཀྱིས་དབྱིན་སྐད་ཀྱི་ལམ་ནས་བརྗོད་རྒྱུར། ངེད་གཉིས་ཀྱི་ཨ་མ་བོད་པ་ཡིན། ཡིན་ཡང་། རང་ཁྱིམ་དུ་མང་ཆེ་བ་དབྱིན་སྐད་སྤྱོད་ཀྱིན་ཡོད། བོད་སྐད་ཏོག་ཙམ་མ་གཏོགས་ཤེས་ཀྱི་མེད། བོད་ཡིག་གི་འབྲི་ཀློག་གཅིག་ཀྱང་མི་ཤེས། བོད་པའི་ཁ་ཟས་དང་ལྟད་མོ་དེ་འདྲར་དགའ་བོ་ཡོད་ཅེས་བརྗོད་བྱུང་།

ཨ་རིའི་ཝེ་སི་ཁོན་སིན་གྱི་རང་ལོ་ ༡༢ ཡིན་པའི་བསྟན་འཛིན་ཡེ་ཤེས་ཀྱིས་བོད་སྐད་ཀྱི་ལམ་ནས་བརྗོད་རྒྱུར། ངའི་ཕ་མ་གཉིས་བོད་པ་ཡིན། ཁྱིམ་ཚང་ནང་ནམ་རྒྱུན་བོད་སྐད་བཤད་ཀྱིན་ཡོད་ལ། ནམ་རྒྱུན་ཁྱིམ་ཚང་ན་བོད་ཇ་དང་རྩམ་པ་སོགས་བོད་ཟས་ཟ་གིན་ཡོད། ཡིན་ནའང་། ངས་བོད་ཡིག་ཡག་པོ་ཤེས་ཀྱི་མེད། བོད་པའི་རིག་གཞུང་ནང་ནས་མོག་མོག་ལ་དགའ་བོ་ཡོད་ཟེར། མ་འོངས་པར་ང་རང་བོད་པའི་ཨེམ་ཆི་བྱ་འཆར་ཡོད་ཅེས་བརྗོད་བྱུང་།

ཁེ་ན་ཌའི་ཊོ་རིན་ཊོ་ནས་འོང་བའི་ཡེ་ཤེས་ཀྱིས་བོད་སྐད་ཀྱི་ལམ་ནས་བརྗོད་རྒྱུར། ངའི་ཕ་མ་གཉིས་བོད་པ་ཡིན། ང་ཚོས་ནམ་རྒྱུན་ཁྱིམ་ཚང་ནང་བོད་སྐད་བཤད་ཀྱིན་ཡོད་ལ། ངས་བོད་ཡིག་གི་འབྲི་ཀློག་ཚང་མ་གཟའ་ཉི་མའི་ཉིན་དགེ་རྒན་རང་ཁྱིམ་དུ་སླེབས་ཏེ་ཁྲིད་ཀྱིན་ཡོད། ང་ལ་སྤུན་གསུམ་ཡོད། ཁོ་ཚོ་ཚང་མ་རྒྱ་གར་ནས་ཡོང་བ་ཡིན་སྟབས། བོད་ཡིག་ལ་ཡག་པོ་ཡོད་པ་རེད། ང་རང་བོད་པའི་བོད་གཞས་ཉན་རྒྱུར་དགའ་བོ་ཡོད། ངའི་ཨ་མས་ནམ་རྒྱུན་ང་ལ་ཁྱེད་རང་བོད་པ་རེད་བོད་ཡིག་སྦྱོང་དགོས་པ་རེད་ཅེས་བཤད་ཀྱིན་འདུག  ཡིན་ཡང་། ང་བོད་ཡིག་ལ་ཞེ་དྲག་དགའ་བོ་མི་འདུག་ཅེས་བརྗོད་བྱུང་། 

ཨི་ཊ་ལི་ནས་འོང་བའི་རང་ལོ་ ༡༦ ཡིན་པའི་སྐལ་བཟང་ལིན་ཌ་དང་ཁོ་མོའི་ཨ་མ་གཉིས་ཀྱིས་དབྱིན་སྐད་ཀྱི་ལམ་ནས་བརྗོད་རྒྱུར།  ངའི་ཨ་ཕ་བོད་པ་ཡིན། ནམ་རྒྱུན་ཁྱིམ་ཚང་ནང་བོད་སྐད་བཤད་ཀྱི་མེད།  སྔོན་མ་བོད་ཡིག་གི་གསལ་བཤད་སུམ་ཅུ་སོགས་ཏོག་ཙམ་སྦྱངས་པ་ཡིན་མོད། བོད་ཡིག་གི་སློབ་གྲྭ་སོགས་མེད་སྟབས། ད་ལྟ་ཡོངས་སུ་བརྗེད་ཚར་སོང་། ཡིན་ནའང་། ངས་དབྱིན་ཡིག་དང་ཧྤ་རན་སི། ཨི་ཊ་ལི་སོགས་སྐད་རིགས་མང་པོ་ཞིག་ཤེས་ཀྱིན་ཡོད། ང་རང་བོད་ཀྱི་ཟས་རིགས་ལ་དགའ་བོ་ཡོད་ཅེས་བརྗོད་བྱུང་ལ།  མོའི་ཨ་མས་མ་འོངས་པར་ཁོ་མོར་བོད་ཡིག་ཡག་པོ་ཞིག་སྦྱོང་དུ་འཇུག་རྒྱུ་ཡིན་པའི་སྐོར་དང་གཙོ་བོ་ནང་ཆོས་ཀྱི་སྐོར་ལ་སྦྱོང་བ་བྱ་འཆར་ཡོད་ཅེས་བརྗོད་བྱུང་།

མཐའ་མར་རང་ལོ་ ༡༥ ཡིན་པའི་ཨ་རིའི་བུ་མོ་ཆོས་མཚོ་དང་བསྟན་འཛིན་བདེ་ལྡན་གཉིས་ཀྱིས་བརྗོད་རྒྱུར། ངེད་གཉིས་བོད་ཁྱིམ་སློབ་གྲྭ་ནས་ཨ་རིར་ཕྱིན་པ་ཡིན། བོད་སྐད་དང་བོད་ཡིག་ཏོག་ཙམ་ཤེས་ཀྱིན་ཡོད། ཡིན་ཡང་། ཐེངས་འདིར་ཡང་བསྐྱར་འདིར་ཡོང་སྟེ་སྔར་ལས་ལྷག་པའི་རྨང་གཞི་ཞིག་འཇོག་ཆེད་ཡིན། དེ་ཡང་གཙོ་བོ་བོད་ཡིག་ཡག་པོ་ཞིག་སྦྱངས་ཏེ་ཨ་རིའི་ནང་ཡོད་པའི་སློབ་གྲོགས་ཚོར་བོད་པ་དེ་གང་འདྲ་ཞིག་ཡིན་མིན་དང་བོད་པའི་གནས་སྟངས་དང་ལོ་རྒྱུས་ངོ་སྤྲོད་བྱ་འཆར་ཡིན། ནམ་རྒྱུན་རང་ཁྱིམ་དུ་བོད་ཡིག་གི་ཐོག་སློབ་སྦྱོང་བྱེད་ཀྱིན་ཡོད་ལ། ཁ་ཟས་ཀྱང་མཚམས་རེར་བོད་པའི་ཟ་མ་བཟའ་བཞིན་ཡོད། མ་འོངས་པར་བོད་པའི་ལོ་རྒྱུས་ཀྱི་སྐོར་ལ་སློབ་སྦྱོང་བྱས་ཏེ་མི་མང་པོར་ལོ་རྒྱུས་ངོ་སྤྲོད་བྱ་འཆར་ཡོད་ཅེས་བརྗོད་བྱུང་། 

འདི་ལོའི་ཕྱི་རྒྱལ་དོན་གཅོད་དང་བོད་ཁྱིམ་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བའི་དབྱར་དུས་སློབ་སྦྱོང་གི་ལས་རིམ་ནང་སྔར་ལོའི་སློབ་མ་ ༧༣ ལས་འཕར་སྣོན་བྱུང་སྟེ་  ༨༣ ལྷག་འདིར་འབྱོར་ཡོད་འདུག་ལ། དེའི་ཁྲོད་ཀྱི་སློབ་མ་ ༡༨ ལྷག་སྔར་སླེབས་ཟིན་པའི་སློབ་མ་ཡིན་འདུག  ཐེངས་འདིའི་བདུན་ཕྲག་དྲུག་རིང་གི་དུས་ཡུན་ནང་བོད་ཁྱིམ་གྱིས་སློབ་མ་འདི་དག་ལ་ཆེད་དུ་དགེ་རྒན་གོ་སྒྲིག་གནང་སྟེ། བོད་སྐད་དང་བོད་ཡིག  དེ་བཞིན་བོད་པའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ལས་རིམ་གོ་སྒྲོག་གནང་ཡོད་པར་མ་ཟད། མཁས་དབང་དུ་མ་གདན་ཞུའི་ཐོག་ནང་ཆོས་དང་ཆབ་སྲིད་སོགས་ངོ་སྤྲོད་དང་བཙན་བྱོལ་བོད་མིའི་སློབ་གྲྭ་དང་དགོན་སྡེ་སོགས་སུ་འཁྲིད་དེ་བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཀྱི་ལས་རིམ་སོགས་གོ་སྒྲིག་གནང་རྒྱུ་ཡིན་འདུག

གསར་འགོད་པ་དོན་གོ་དང་དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 17

  1. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 16 སྔོན།

    ཁ་ནས་བཤད་ན་བོད་ཀྱི་ཆོས་དང་རིག་གཞུང་ཟེར་གྱི་འདུག་དངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཕྱི་རྒྱལ་ལ་ཕེབས་དགོས་པའི་གནས་དོན་གང་ཡིན་ནམ་སློབ་གྲྭ་ང་རང་ཚོ་བོད་པ་ཚོ་ལ་སྐྱབས་མགོན་རིན་པོ་ཆེ་བཀའ་དྲིན་གྱིས་སློབ་གྲྭ་ཀ་ཚད་གཙུག་ཡོད་པ་རེད་བསམ་བློ་གཏང་།

    Reply
  2. ཁ་བ་མཚོ། says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་འདུག གསར་འགོད་པ་ལགས། ཐུགས་རྗེ་ཆེ།

    Reply
  3. རིན་ཆེན་རིལ་བུ། says:
    ལོ་ 16 སྔོན།

    ཨ་རིའི་བོད་ཀྱི་བུ་མོ་ཞིག་གིས་རང་གི་ཨ་མར། ཨ་མ། ད་རང་གིས་ང་ལ་བསླབ་བྱ་བརྒྱག་རྒྱུ་མཚམས་འཇོག་བྱོས་མ་གཏོགས། ངས་ད་ལྟའི་བར་ཏུ་ཉེན་རྟོག་པ་ཐེངས་གཅིག་ལའང་སྐད་བཏང་ཡོད་པ་མ་རེད་དྰ། ཟེར། ཧཧཧ། འདི་གནས་ཚུ་ངོ་མ་ཞིག་རེད།

    Reply
  4. དོན་གོ says:
    ལོ་ 16 སྔོན།

    བོད་ཁྱིམ་འགན་འཛིན་ལགས་ཀྱིས་ནོར་ཝེ་རླུང་འཕྲིན་གྱི་གོ་སྒྲིག་ཞུས་པའི་མི་ལོ་ ༥༠ ཤེས་ཡོན་གྱི་གནས་སྟངས་སྤྱི་དང་དེ་ཡར་རྒྱས་ཡོང་ཐབས་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་བའི་ཐོག ང་ཚོས་དེང་རབས་དང་དཔུང་བ་མཉམ་ཞིབ་བྱ་དགོས་པའི་སྐོར་གྱི་གཏམ་བཤད་གནང་ཡོད། གལ་སྲིད། མི་ལོ་ ༥༠ རིང་དེང་རབས་དང་དཔུང་བ་མཉམ་ཞིབ་བྱ་ཐུབ་མཁན་གྱི་མི་སྣ་གསོ་སྐྱོང་བྱས་ཡོད་ཚེ། ད་ལྟ་སྤྱི་ཚོགས་སྟེང་མཐོང་རྒྱུ་མེད་པ་དང་གྲགས་རྒྱུ་མེད་དོན་ཅི་ཡིན། ཁྱེད་རང་རྐུབ་སྟེགས་དེའི་སྒང་ལ་བུད་ཉིན་ནས་དེ་ལྟ་བུའི་མི་སྣ་ག་ཚོད་ཅིག་སྐྱེད་བསྲིངས་བྱས་ཡོད།
    ཁྱེད་རང་ཉིད་ཀྱི་འཛུབ་མོ་དེ་བེད་སྤྱོད་ལན་ཞིག་བྱས་ཏེ་བགྲངས་རོགས། དོན་དམ་པའི་ག་ཚོད་ཅིག་སྐྱོང་འདུག ་་་་་་་་་་་་་་་་་་་་་

    Reply
  5. དོན་གོ says:
    ལོ་ 16 སྔོན།

    ང་ཚོས་ཕྱི་ཕྱོགས་སུ་ཡོད་པའི་བུ་ཕྲུག་འདི་དག་མི་དཔེར་བཟུང་སྟེ། ཕ་མ་རེ་རེའི་རང་ཁྱིམ་ནས་མགོ་བཙུགས་ཏེ། བོད་སྐད་དང་བོད་ཡིག་གི་ཁོར་ཡུག་ཡག་པོ་ཞིག་བཞེངས་བསྐྲུན་བྱ་དགོས་པའི་དུས་ལ་བབ་འདུག དེ་ལྟར་མིན་ཚེ། ང་ཚོའི་བཤད་བཤད་པ་དང་བསྒྲུབས་ཟིན་པ་ཐམས་ཅད་ཆུད་བཟོས་ཁོ་ནས་ལས་མ་འདས་སོ།
    གལ་སྲིད། རྣམ་པ་ཚོའི་ནང་ཁོམ་ལོང་ཡོད་མཁན་རེ་ཡོད་ཚེ། ཁོང་ཚོའི་གམ་དུ་ཆས་ཏེ། ཁ་བརྡ་རེ་བྱོས་དང་ཧ་གོ་ཡོང་གི་རེད། གང་ལྟར། ང་ཚོས་ད་དུང་འཛིན་དགོས་པ་དེ་ཟིན་མེད་པ་བོད་ཁྱིམ་གྱི་སློབ་མ་དང་རྗེས་རབས་པ་འདི་དག་ལས་གསལ་བོར་བསྟན་ཡོང་གི་འདུག བོད་ཁྱིམ་ལ་མཚོན་ནའང་། འདི་མིག་དཔེར་བལྟས་ཏེ་རང་ཉིད་ཀྱི་གམ་དུ་ཡོད་པའི་སློབ་མ་ཚོ་བོད་ཀྱི་སློབ་མ་དངོས་ཤིག་གསོ་སྐྱོང་བྱ་དགོས་བསམ།

    Reply
  6. མི་ཞུན། says:
    ལོ་ 16 སྔོན།

    ཕན་ཐོགས་ཆེན་པོ་ཡོད་ན་འགྲིགས་ཀྱི་ཡོད་པ་རེད།

    Reply
  7. སྟག་སྨྱོན། says:
    ལོ་ 16 སྔོན།

    བོད་ཡིག་སོགས་སློབ་བཞིན་པ་ཡག་པོ་རེད། འོན་ཀྱང་ཕྱི་རྒྱལ་ནས་གུང་གསེང་ས་ཡོང་ཚོ་མཐོང་དུས་གུང་ས་འགྲོ་ས་མེད་པར་བོད་ཁྱིམ་དུ་ཡོད་པའི་བྱིས་པ་ཉམ་ཆུང་ཚོའི་སེམས་ལ་ག་རེ་ཚོ་གི་ཡོད་འགྲོ། ནུབ་ཕྱོགས་སུ་མ་ཐར་ཐབས་མེད་ཡིན་དྲན་གི་མེད་འགྲོ།

    Reply
  8. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    རེད་་རེད་། ད་ངོ་མ་ར་མིན་ལུག་མིན་ཏག་ཏག་འདུག ཨ་རིའི་ནང་གི་བུ་མོ་ལོ་ཆུང་ཚོ་ནག་རིལ་ཚོའི་རྐུབ་ལ་ཤོར་ཚུལ་ལ་བལྟས་ནས་བོད་ཚར་ཚར་འདུག

    འདི་ཚོར་་་་ མཁས་དབང་་་ གོ་སྒྲིག་གིས་བོད་ཀྱི་རིག་གནས་ངོ་སྤྲོད་བྱེད་ཀྱིན་ཡོད་པ་རེད། ས་གནས་ས་ཐོག་གི་བོད་རིགས་བྱིས་པ་ཚོ་ད་དུང་ཡང་གཅར་བརྡུང་གི་འོག་ནས་མགོ་ཚོད་ལ་མ་ཚོད་ཀྱི་དགེ་རྒན་ཁ་ཤས་ཀྱི་མགོ་སྐོར་འོག་ནས་བསྡད་ཡོད་པ་རེད། ཤུགས་རྒྱབ་ན་མིག་མདུན་གྱི་སློབ་མ་གཙོར་བཟུང་གིས་ཤུགས་རྒྱག་ན་ཡག་པོ་ཡོད་རྒྱུ་རེད། ང་ཚོ་བོད་པ་ཟེར་བ་འདི་ངོ་མ་མིག་མདུན་གྱི་ལས་དོན་ལས་རྒྱང་རིང་གི་དེ་རྩ་ཆེར་འཛིན་པ་དང་། གསོན་པོར་འཚོ་བཞུགས་ཡོད་པའི་མི་ལས་འདས་པོ་དག་ལ་བརྩི་མཐོང་བྱེད་སྲོལ་ཞིག་འདུག ངོ་མ་ཁྱད་མཚར་རེད།

    Reply
  9. དུར་བདག says:
    ལོ་ 16 སྔོན།

    མི་རིགས་ཤིག་མི་རིགས་གཞན་གྱི་ནང་དུ་མི་མངོན་པའི་ཟོལ་གྱིས་ཐུམ་གྱིན་ཡོད་པའི་ཚོར་སྣང་སྤྱིར་མོ་ཞིག་བྱིན་ཐལ།

    Reply
  10. འབྲོང་བུ་ཟླ་བ། says:
    ལོ་ 16 སྔོན།

    ཡག་པོ་འདུག རྗེས་སུ་ཡི་རངས་ཡོད།

    Reply
  11. ཕུན་ཚོགས ། says:
    ལོ་ 16 སྔོན།

    གནས་ཚུལ་འདི་གལ་ཆེན་པོ་རེད།གསར་འགོད་པ་གཉིས་ལ་བཀའ་དྲིན་ཆེ་ཞུ།

    Reply
  12. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཡག་པོ་རེད།
    དུས་ཡིན་ཐུང་ཐུང་ཞིག་གི་ནང་རིགས་རྒྱུན་གཅིག་རེད་ཟེར་རྒྱུ་ལས་གཞན་པའི་ལྷག་མ་ཞིག་མི་འདུག་བསམ་པའི་ཚོལ་བ་ཞིག་ངང་གིས་ཡོང་གིན་འདུག

    Reply
  13. བོད་ says:
    ལོ་ 16 སྔོན།

    ཨ་ལ་ལ་པེ་ཡག་པོ་རེད།

    Reply
  14. གཡག་ལྡོམ། says:
    ལོ་ 16 སྔོན།

    རེད་ཡ། ལས་གཞི་འདི་ཡག་པོ་ཡོད་པ་འདྲ་ཞིག་མཐོང་གིན་འདུག ཡིན་ནའང་ང་ཚོ་གནས་གཞིར་ཡོད་པ་དག་གིས་ཀྱང་བོད་སྐད་གཙང་མ་ཇི་འདྲ་ཞིག་བཀྱོན་ཀྱིན་ཡོད་པ་གསལ་བོ་ཡིན། ངོ་མ་རྒྱལ་ཁབ་དེ་དག་ལས་འོང་བའི་བུ་ཕྲུག་དག་ལ་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཡར་རྒྱས་ཆེན་པོ་ཞིག་ཧཧཧཧཧ

    Reply
  15. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    བོད་རིགས་ཡིན་ཡང་བོད་སྐད་མ་ཤེས་ན།།
    བོད་ལ་དུང་བ་མེད་པའི་རྟགས་མཚན་རེད།།
    བོད་ལ་དགའ་ཞིང་བོད་པ་དངོས་ཡིན་ན།།
    བོད་ཀྱི་ཚེ་སྲོག་སྐད་ཡིག་ཤེས་པར་བྱོས།།

    Reply
  16. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    འདི་འདྲ་བའི་ལས་དོན་ཞིག་འགོ་འཛུགས་པ་ནི་རྗེས་སུ་ཡིད་རང་ཡོད་ཕྱི་ཕྱོགས་ལ་ཡོད་པའི་བོད་རིགས་ཕ་མ་དག་གིས་རང་མི་རིགས་ཀྱི་ད་ལྟའི་གནས་བབས་དང་བོད་སྐད་དང་བོད་ཀྱི་ལོ་རྒྱུས་དག་སྦྱོང་ཅུག་དགོས་པ་ནི་ཕ་མ་དང་དགེ་རྒན་དག་གི་འགན་ཞིག་ཡིན་ན་སོ་སོས་ཅི་ལྕོག་སློབ་པ་དེ་གལ་ཆེན་ཡིན། ལས་རིམ་འདི་དང་འདི་འདྲ་བའི་རིགས་དེ་གེགས་མེད་འགྲུབ་པའི་སྨོན་འདུན་ཡོད།

    Reply
  17. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    བོད་ཞེན་མེད་པའི་བོད་མིའི་ཕ་མ་དང་།
    བོད་སྐད་མི་ཤེས་བོད་ཕྲུག་ན་གཞོན་དག
    འཛམ་གླིང་སྟེང་དུ་ཕུང་གསུམ་མི་རིགས་ཞིག
    ཁྱབ་དང་ཁྱབ་བཞིན་བདག་གི་ཡིད་རེ་སྐྱོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese