ཟླ་འདིའི་ཕྱི་ཚེས་ ༤ ཉིན་ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་དུ་༼ སྐབས་གསུམ་པའི་བོད་རིགས་བུད་མེད་མཐོ་རིམ་སློབ་མའི་ཟབ་སྦྱོང ༽ ཞེས་པ་དེ་ཚོགས་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ལ་མཐུན་འགྱུར་ཞུ་མཁན་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སློབ་གླིང་དང་། ཟབ་སྦྱོང་སྣེ་ཁྲིད་པ་དགེ་རྒན་དཔལ་མོ་ལགས་ཡིན་འདུག ཐེངས་འདིའི་ཟབ་སྦྱོང་སྟེང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཚན་པའི་ཆེད་མཁས་པ་མཁའ་མོ་རྒྱལ་དང་། ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་སྨན་པ་སྐྱིད་འཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དེང་རབས་སློབ་གསོ་གླིང་གི་དགེ་རྒན་སྐལ་བཟང་འཚོ། བོད་སྐད་ཡིག་རིག་གནས་གླིང་གི་དགེ་རྒན་དཔལ་མོ་བཅས་ཀྱིས་དངོས་སྦྱོང་འཆད་ཁྲིད་གནང་ཡོད་འདུག
ཟབ་སྦྱོང་དེའི་ཐོག་སྨན་པ་སྐྱིད་འཚོ་ལགས་ཀྱིས་བུད་མེད་དག་གི་སྐྱེ་འཕེལ་གྱི་ནུས་པ་དང་། ཟླ་མཚན་དང་སྦྲུམ་འགོག་ཤེས་བྱའི་སྐོར་ནས་གཟབ་ཁྲིད་བྱས་ཏེ། བོད་རིགས་བུད་མེད་སློབ་ཆེན་པ་དག་གི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུར་ལམ་སྟོན་བྱས་ཡོད་འདུག ཡང་ལོ་འདི་འགར་སློབ་མའི་སློབ་སྦྱོང་བྱེད་ཐབས་དང་། ལྷག་པར་བོད་ཡིག་གི་ཆུ་ཚད་ཇེ་དམའ་དང་མཐར་ཕྱིན་དཔྱད་རྩོམ་གྱི་སྤུས་ཀ་ཇེ་ཞན་ཡིན་པའི་གནད་དོན་ལ་དམིགས་ཏེ། དགེ་རྒན་སྐལ་བཟང་འཚོ་དང་དཔལ་མོ་ལགས་རྣམ་གཉིས་ཀྱིས་དཔྱད་རྩོམ་འབྲི་བར་ཐོག་མར་དཔེ་ཆ་ཀློག་ཐབས་དང་རྒྱུ་ཆ་འཚོལ་སྟངས། དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཐབས། དེ་བཞིན་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་རིགས་དང་བརྩེ་དུང་སོགས་ཆ་ཡོངས་ནས་དཔེ་སྟོན་ལུང་འདྲེན་གྱིས་མཛུབ་སྟོན་གནང་ཡོད་འདུག དེ་བཞིན། མཁའ་མོ་རྒྱལ་ལགས་ཀྱིས་བོད་རིགས་བུད་མེད་མཐོ་རིམ་སློབ་མ་ཚོ་མ་འོངས་པར་སྤྱི་ཚོགས་ལས་གནས་ལ་ཞུགས་པར་ད་ལྟ་ནས་ཕྱོགས་ཡོངས་ནས་རྨང་གཞི་འདིང་དགོས་པ་དང༌། བོད་རིགས་བུད་མེད་ཅིག་ཡིན་པའི་འདུ་ཤེས་རྨང་རྡོར་ཉར་ཏེ་རིགས་སོ་སོའི་བྱ་བའི་ལས་དོན་འཐུས་ཤོར་དང་རང་འགན་གཏིང་བརྗེད་དུ་འགྲོ་མི་རུང་བའི་བསླབ་བྱ་ནན་གྱིས་བསྐུལ་ཅིང་། རང་ཉིད་ཀྱི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དང་སྦྲགས་ཏེ། སློབ་མ་ཚོར་ཁ་ཏ་སློབ་གསོ་བྱས་ཡོད་འདུག
ཕྱོགས་ཡོངས་ནས་ཡར་རྒྱས་ལ་གཏོང་དགོས་པ་རེད། ཕྱི་ནང་གཉིས་ལ་བོད་ཀྱི་ངོ་བོ་ཡོད་པ་ཞིག་ངེས་པར་དུ་མཁོ། ནང་སེམས་ཀྱི་འགྱུ་བག་དང་ཕྱི་ལུས་ཀྱི་ཆ་བྱད་ཀྱང་་་་་་་་་།
ལས་གཞི་འདིར་བཀྲ་ཤིས་བདེ་ལེགས་ཡོད།
ད་རེ་འདི་འདྲ་ལྷན་འཛོམས་ཞིག་ཚོགས་ཐུབ་པ་བྱུང་བ་ཡག་པོ་རེད་ལ་མའོང་བ་མུ་མཐུད་རྒྱུ་ཡང་རེ་བ་ཡིན།
ཡང་ཚོར་སྣང་ཞིག་ལ་བོད་ཀྱི་བུ་མོ་འདི་དག་གི་ནང་དུ་རང་ཉིད་ཀྱི་གྱོན་ཆོས་དང་བོད་མི་ཞིག་གི་རྣམ་པ་གནང་ཡོད་མཁན་གཅིག་ཅིང་མི་འདུག མའོང་བ་འདི་དག་གིས་ཕྱོགས་སུ་བསམ་བློ་རེ་གཏོང་ཐུབ་ན་བཟང་ལགས།
འདི་ཡང་ནུབ་བྱང་ཚང་གི་གསར་འགྱུ་ཚ་བོ་ཞིག་རེད་ཡ།བཀྲ་ཤིས་བདེ་ལེགས་ཞུ།
དོན་དམ་པའི་མ་འོང་བའི་གསོན་རྩ་རེད
དགའ་འོས་ཞིག་རེད