མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ལ་སེམས་ཁྲལ་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ཁས་ལེན་བྱེད་ཀྱིན་ཡོད་ནའང་ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་སེམས་ཁྲལ་བྱེད་ཀྱིན་ཡོད་ཅེས་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་གསུངས།

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  དེ་རིང་ཕྱི་ཚེས་ ༡༤ ཉིན་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཧི་གྷི་  Hague  མཆོག་པེ་ཅིན་དུ་ཕེབས་ཏེ་རྒྱའི་ཕྱི་སྲིད་བློན་ཆེན་ཡང་ཅེ་ཁྲི་དང་ཐུག་འཕྲད་ཀྱིས་དབྱིན་ཇིས་བོད་ཐོག་ཏུ་འཛིན་པའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད། དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བརྗོད་དོན། དབྱིན་ཇིའི་ངོས་ནས་བོད་ལ་དུས་ཡུན་རིང་པོར་བརྟན་ལྷིང་ཡོང་ཐབས་དང་ལྷག་པར་དུ་ས་གནས་མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་སྐྱོང་ཚད་ལྡན་ཞིག་ཡོང་རེ་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད་ལ། ཡང་ཁོང་གིས་དབྱིན་ཇིའི་སྲིད་གཞུང་གསར་པས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ནའང་། ང་ཚོས་སྔར་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་ཁྲལ་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད།  ཁོང་གི་པེ་ཅིན་གྱི་གཟིགས་སྐོར་སྐབས་སྲིད་བློན་ཝུན་ཅ་པའོ་དང་དེ་ལས་གཞན་པའི་དཔོན་རིགས་འགའ་ལའང་ཐུག་འཕྲད་གནང་སྟེ། ཡུལ་གཉིས་ཀྱི་འཐབ་ཇུས་སྐོར་ལ་གྲོས་བསྡུར་གནང་རྒྱུ་ཡིན་འདུག ཕྱི་སྲིད་བློན་ཆེན་ཡང་ཅེ་ཁྲི་ཡིས་རྒྱ་ནག་གི་ངོས་ནས་དབྱིན་ཇིའི་སྲིད་གཞུང་དང་མཉམ་ལས་བྱ་རྒྱུ་དེ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ། རྒྱ་ཕྱོགས་ནས་འཕྲུལ་རིགས་ཀྱི་མ་ལག་སྐོར་ལ་གྲོས་བསྡུར་གྱིས་ཕྱོགས་གཉིས་བར་ཆབ་སྲིད་ཀྱི་ཡིད་ཆེས་བསྐྲུན་རྒྱུར་འདོད་པ་ཡོད་ལུགས་བརྗོད་ཡོད། ཕྱི་ཚེས་ ༡༥ ཉིན་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་མཆོག་ཉི་ཧོང་དུ་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

མཆན། 7

  1. penba says:
    ལོ་ 12 སྔོན།

    དུས་བབ་འདི་བརྒྱུད་ཚང་མར་དཀའ་འདྲི་ཞིག་ཞུ་རྒྱུར།
    རྒྱ་ནག་ནི་འཛམ་གླིང་ནང་དཔའ་འབྱོར་གྱི་ཡར་མཐོན་ཨང་གཉིས་པ་དེ་ཡིན་པ་དང་།རྒྱལ་ནང་ཐོན་སྐྱེད་ཡར་རྒྱས་རྒྱལ་སྤྱིའི་ནང་རྒྱ་ཆ་༩དང་ཚེག་༡ཟིན་གྱི་ཡོད་ལ་ཁོ་ཚོའི་ཉམས་ཐག་གི་ཚད་གཞི་ཡང་རྒྱ་ཆ་༢དང་ཚེག་བརྒྱད་བར་ཆག་ཡོད།
    ཕྱོགས་གཞན་ཞིག་ནས་ལྟ་ན།རྒྱ་གར་གི་དཔལ་འབྱོར་ཡར་རྒྱས་རྒྱལ་སྤྱིའི་ནང་ཨང་༡༡པ་ཡིན་ལ་ཁོང་ཚོའི་རྒྱལ་ནང་ཐོན་སྐྱེད་ཡར་རྒྱས་རྒྱལ་སྤྱིའི་ནང་རྒྱ་ཆ་༧དང་ཚེག་༤ལས་ཟིན་གྱི་མེད་པ་དང་ཁོ་ཚོའི་ཉམས་ཐག་གི་ཚད་གཞི་ཡང་རྒྱ་ཆ་༤༠ཡིན།དེར་བརྟེན།ངའི་འདྲི་བ་ནི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་མྱུར་ཚད་འགྱོགས་པས་རྐྱེན་དེས་བོད་མི་རིགས་ཀྱི་འཐབ་རྩོད་ལ་དགེ་སྐྱོན་གང་དང་རྒྱ་མི་རིགས་རང་དབང་འཐབ་རྩོད་པར་བརྒྱུར་ཐོག་གང་ཡོང་གི་ཡོད་དམ།དགེ་རྐྱོན་དེ་དག་གིས་བཙན་བྱོལ་གྱི་གནས་བཏང་ལ་ཤུགས་རྐྱེན་གང་ཡོང་དང་ང་ཚོས་གྲ་བསྒྲིག་གང་བྱེད་དགོས་པ་དང་ང་ཚོར་མི་བསྡང་པའི་ཆ་གང་རས།ཕྱིས་བྱུང་ཚོས་ཕྱོགས་གང་ཞིག་ལ་ནུས་ཤུགས་ཆེ་རུ་གཏོང་དགོས་སམ།ཐུགས་རྗེ་ཆེ།

    Reply
  2. རྨོག་ཨ་ངག says:
    ལོ་ 12 སྔོན།

    སྲིད་བློན་མཆོག་གིས་བོད་དོན་བཤད་པ་ཞེ་དྲག་ཡག་པོ་རེད་ཡིན་ན་ཡང་དབྱིན་གཞུང་གིས་ནམ་ཡང་བོད་རྒྱ་ནག་གི་ཆ་ཤས་ཡིན་བྱས་སྐད་སང་ཐོན་བས་བསྒྲོགས་ནས་ཡོད་དེ་ལ་ཅུང་ནང་འགལ་བའི་བཟོད་མེད་དམ་།

    Reply
  3. ཁ་ལྡོམ། says:
    ལོ་ 13 སྔོན།

    དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་སྤྱིར་བཏང་བོད་མི་ལ་རྒྱབ་བསྐྱོར་ཡོད་ལུགས་ཀྱི་གཏམ་བཤད་གནང་བ་ཡག་པོ་ཞེ་དྲག་རེད། འོན་ཏེ་བོད་རྒྱ་མིའི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་པར་བློ་ཕམ་ཤུགས་ཆེན་ཡོད།

    Reply
  4. ངག་དབང་། says:
    ལོ་ 13 སྔོན།

    ༄༅ ། ། རང་དོན་རང་གིས་མ་བསྒྲུབ་ན། གཞན་ཞིག་གིས་ང་ཚོའི་ཆེད་དམག་རྒྱབ་པ་
    རང་ཉིད་ཀྱི་ཡང་ཁེ་གྱོང་ལ་མི་བལྟ་བར་ལས་དོན་ཆེན་པོ་ཞིག་བསྒྲུབ་ཀྱི་རེད་སྙམ་པ་ནི་བོད་རེ་བས་འཕུང་ཟེར་བ་རང་རེད།

    Reply
  5. ཡོན་ཏན་བཟང་། says:
    ལོ་ 13 སྔོན།

    དབྱིན་ཇིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་ཀྱི་རང་སྲིད་དང་རང་དབང་སྐོར་ལ་ཐུགས་བསམ་བཏངས་བ་ལ་བཀའ་དྲིན་ཆེ་ཞུ།

    Reply
  6. ཞག་སྒྲོན། says:
    ལོ་ 13 སྔོན།

    ཡག་པོ་འདུག

    Reply
  7. བློ་དཔལ། says:
    ལོ་ 13 སྔོན།

    ཡག་པོ་ཞེ་དྲག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist