སི་ཁྲོན་ཁམས་སྐད་བརྙན་འཕྲིན་དེ་འདས་པའི་ཟླ་ངོ་བརྒྱད་རིང་གི་ཚོད་ལྟ་བརྒྱུད་དེ། ཕྱི་ཚེས་ ༡༤ ཉིན་དངོས་སུ་ཤར་གཏོང་བྱས་ཡོད་འདུག བརྙན་འཕྲིན་འདིས་ལས་དོན་གཙོ་བོ་༼ ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་གནད་བསྡུས ༽ ཞེས་པའི་ལས་ཚན་གྱི་ནང་དོན་གཙོ་བོ་ཁག་དང་། སི་ཁྲོན་གཙོས་པའི་བོད་ཁུལ་གྱི་ས་གནས་གཞན་དག་གི་གནས་ཚུལ་ཁག་གཏོང་འཆར་ཡོད་འདུག གཞན་ཁམས་སྐད་བརྙན་འཕྲིན་འདིའི་ནང་༼ བོད་རྒྱ་སྐད་གཉིས་ལས་ཚན ༽ ཞེས་པ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། དེའི་ནང་དོན་གཙོ་བོ་བོད་རྒྱ་སྐད་གཉིས་ཀྱི་ཁ་སྐད་སློབ་སྦྱོང་བྱེད་པའི་ཐབས་ལམ་བསྐྲུན་པ་ཞིག་ཡིན་འདུག་ཅིང་། བརྙན་འཕྲིན་འདི་ཤར་གཏོང་གི་བརྒྱུད་ལམ་ཐད། བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་གནས་ཚུལ་ཐོན་པ་ལྟར་ན། གཏོང་ལམ་སྣ་མང་བརྒྱུད་དེ་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་ལྔའི་ཁམས་པའི་ས་ཁུལ་དུ་ཁྱབ་པ་ཡོད་པ་རེད། ཅེས་བཀོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
བརྙན་འཕྲིན་འདི་ནང་འཕྱོག་བཤད་མེད་པ་གསར་འགྱུར་རྣམས་དྲང་པོ་
ཡོང་བའི་རེ་བ་ཡོད་
འཇུག་ཏུ་བཀྲ་ཤིས་བདེ་ལེགས་ཞུབ།
ཁམས་སྐད་བརྙན་འཕྲིན་གསར་གཏོང་བྱས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། དེ་ལམ་ལྷུང་ཡོང་བའི་རེ་བ་ཡོད།
བཀྲ་ཤིས་བདེ་ལེགས་ཞུ།
གཡག་རོག་ལགས།ཁམས་སྐད་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་།བོད་ལྗོངས་བརྙན་འཕྲིན་ཁང་བཏགས་འདུག་པ་ལས།མདོ་སྟོད་མི་ཡི་ཆོལ་ཁའི་བརྙན་འཕྲིན།མདོ་སྨད་རྟ་ཡི་ཆོལ་ཁའི་བརྙན་འཕྲིན།དབུས་གཙང་ཆོས་ཀྱི་ཆོལ་ཁའི་བརྙན་འཕྲིན་སོགས་བཏགས་མི་འདུག་པའི་དེ་ལ་ནོར་བ་ཞིག་ཨེ་ཡོད་བསམས།
གཡག་རོག་ལགས།ཁྱོད་ཀྱིས་ངས་ཆོལ་ཁ་ཞེས་པའི་ཐ་སྙད་འདི་ལ་ཤི་འཐམ་རོ་འཐམ་བྱེད་ཀྱི་འདུག་ཟེར།གྲོགས་པོས་གསུངས་དང།ངས་ག་དུས་ཆོལ་ཁ་ཞེས་པའི་ཐ་སྙད་དེ་དགོས་ཟེར་སོང།ང་ནི་སྔར་ནས་ཐ་སྙད་འདིར་སོག་རྒྱལ་གྱིས་བོད་མི་དབང་སྒྱུར་བྱེད་སླ་བའི་ཐབས་ཤེས་ཀྱི་ཐ་སྙད་སྙན་པོ་རེ་བཏགས་ཁུལ་བྱས་པ་རེད་བསམས་པ་ཙམ་ལས/ཐ་སྙད་འདི་ཡག་པོ་ཞིག་དང་ང་ཚོ་ལ་ཁེ་ཕན་ཞིག་ཡོད་པ་ཀླད་ཆུང་ངས་རྩ་ནས་བསམས་མ་མྱོང།གཅིག་བྱས་ན་ངས་བསམས་ཚུལ་དེ་ནོར་བ་ཡིན་རྒྱུ་རེད།
ངས་བཤད་རྒྱུ་མང་དྲག་པའམ་དེ་མིན་ང་ནི་ཡིག་ནོར་ནང་པོ་བྲིས་མཁནཞིག་ཡིན་པའི་ཁྱོད་ཀྱིས་ཡང་དག་ཅིག་མ་མཁྱེན་པ་ཡིན་སྲིད།དུས་ཚོད་འདྲ་བྱུང་ན་གཤམ་དུ་ཡང་བསྐྱར་ཞིག་གཟིགས་རོགས་བྱོས།
ཁམས་པའི་བརྙན་འཕྲིན་གཏོང་པར་བཀྲ་ཤིས་བདེ་ལེགས་ཞུ།
སེམས་ཅན་ཁ་སངས་ར྄ྒྱས་ཀྱིས་ཀྱང་མི་ཆོད་ཟེར་བའི་དཔེ་ལ྄ྟར།
ས྄ྤྱིར་ཕྱག་ལས་གང་དང་གང་གནང་ཀྱང་། དེར་འདྲ་མིན་ཞིག་ག྄ླེང་བཞིན་
ཡོད་པ་ནི། ང་ཚོར་རང་དབང་དངོས་ཏེ་མེད་ཀྱང་། ཆ་ཤས་ཤིག་ཡིན།
དངོས་གནས་བཟང་པོ་རེད། རོགས་ར྄ྗེས་ཟིན་ན་ཡག་པོ་རེད།
གོང་གི་གསར་འགོད་པ་དང་། ཕྱག་ལས་ལག་ལ྄ྟར་ལས་བྱེད་ར྄ྣམ་པར་ཐུགས་ར྄ྗེ་ཆེ།
བསམ་དོན་འགྲུབ་པར་ཤོག
ཁམས་སྐད་བརྙན་འཕྲིན་ཤར་གཏོང་ཐུབ་པར་དགའ་བསུ་ཡོད། མི་རིང་བར་བཙན་བྱོལ་སྤྱི་ཚོགས་ནང་དེའི་ས་མིག་ཅིག་ད་ལྟ་ང་ཚོས་ལྟ་བཞིན་པའི་ལྷ་ས་དང་མཚོ་སྔོན་གྱི་བརྙན་འཕྲིན་ལྟར་བལྟ་ཉན་ཐུབ་པའི་རེ་བ་ཡོད།
སྤྱིར་སྟངས་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་ན་ཧ་ཅང་བཟང་མོད། དངོས་མིང་དང་བཏགས་མིང་འདོགས་ཚད་ལ་ཕྱོགས་ཞེན་གྱི་དྲི་མས་སྦགས་ཡོད་པ་ནམ་ཡང་ངོས་འཛིན་བྱེད་མི་ཐུབ། ཁམས་སྐད་ལ་ཁམས་སྐད་ཅེས་དང༌། དབུས་སྐད་ལ་དབུས་སྐད་ཅེས་རང་མིང་གིས་གདག་དགོས་པ་དཔེ་མཚོན་ཙམ་ཞུ་རྒྱུ་ཡིན་ད་དུང་དེའི་རིགས་མཚུངས་གཞན་ལ་འཁྱེར་དགོས་པ་མང་དུ་ཡོད་སྙམ།
ཧོར་བུ་ཡེ་ཤེས་ལགས། ཁྱེད་ཀྱིས་གསུངས་པ་ལྟར་ཆོལ་ཁ་སོ་སོའི་མིང་འདི་རྒྱ་ནག་གིས་ཆེད་དུ་བོད་མི་རིགས་ཁ་འཐོར་དུ་གཏོང་བའི་ཐབས་ལམ་ཞིག་ལ་བེད་སྤྱོད་བྱེད་བཞིན་ཡོད་པ་ཤེས་བཞིན་དུ་ད་དུང་ཐ་སྙད་འདི་ལ་ཤི་འཐམ་རོ་འཐམ་བྱེད་དོན་ཅི་ཡིན་ནམ། ཁྱོད་ལྟར་ན་ཁམས་སྐད་བརྙན་འཕྲིན་དང་ཨམ་སྐད་བརྙན་འཕྲིན། དབུས་སྐད་བརྙན་འཕྲིན་སོགས་སུ་འདོགས་རིགས་སམ། དོན་ངོ་མར་ཁྱེད་ཀྱིས་ཅི་ཞིག་ཤོད་ཀྱིན་ཡོད་པའང་གསལ་བོ་ཞིག་མི་ཤེས་གི གོ་ནོར་ཐེབས་ཡོད་ན་སེམས་བསམ་པའི་གཏིང་ནས་དགོངས་དག་ཞུ།
གྲོགས་ཚེ་དབང་ལགས།ཁྱོད་ཀྱིས་གསུངས་པ་བདེན་དུ་ཟེར་ཆོག།
གྲོགས་པོ་གཡག་རོག་ལགས།ཆོལ་ཁའི་མིང་མདོགས་སྟངས་དེ་ང་ཚོའི་བཙན་བྱོལ་བའི་བྱས་ལས་ཤིག་རེད།དེ་ལྟར་འདོགས་ན་བོད་མི་གཅིག་གྱུར་ཡོང་མི་ཐུབ་པ་རྒྱ་ནག་གཞུང་གིས་ཤེས་ཙང་དེ་ལྟར་བཏགས་པ་ཡིན་རྒྱུ་རེད།ཁོང་ཚོ་ལ་དབང་སྒྱུར་བྱེད་སྟངས་ལ་ཡང་ཕན་ཐོག་ཆེན་པོ་ཡོད་པ་རེད།
ད་དུང་ཅིག་ཞུས་ན་འབྲི་ཆུ་མར་ཕྱོགས་ཡོད་པའི་ཁམས་མི་ལ་ཁམས་པ་ཟེར་བའི་མིང་བཏགས་ཡོད་ལ་མཐའ་ན་མོ་ཀྲ་ཡིན་ཡང་ཁམས་པ་ཞེས་རྒྱ་བོད་ཡིག་གཟུགས་གཉིས་ཀྱི་བྲིས་ཡོད།རང་སྐྱོང་ལྗོངས་ཁུངས་སུ་ཡོད་པའི་ཁམས་པའི་མོ་ཀྲ་ལ་བོད་ལྗོངས་ཞེས་་བྲིས་ཡོད་པ་མ་ཚོད།ཆབ་མདོ་ཕྱོགས་སུ་ན་གཞོན་ཀླད་མེད་དེ་འདྲ་་ཡར་བསྡུས་ནས་དབང་ཆ་ཆུང་ཙིག་རེའི་སྤྲད།སྨད་ཕྱོགས་ཀྱི་ཁམས་མའི་མགོ་ཡི་ཐོ་བ་བཟོས་ཡོད།དཔེར་ན།སྨད་ཕྱོགས་ནས་ཁམས་མི་མོ་ཀྲོ་ཅག་ལ་དབོར་མཁན་ཞིག་ཁོང་ཚོའི་ས་ཁུལ་དུ་རླེབས་སོང་ན།ཁོང་ཚོས་བཀག་ནས་རྙོག་དྲ་མང་པོ་བཤད་་ཀྱིན་ཡོད་རེད།གལ་སྲིད་མོ་ཀྲས་ཁ་ལོག་བ་ཅུང་ཙམ་ངར་སོང་ན།ཁོང་ཚོས་ང་ཚོ་གཞུང་གི་དམིགས་གསལ་གྱི་ཁྱོད་ཚོ་ཁམས་པ་ཚོར་བཟོ་ལྟ་སྤྲོད་མཁན་བཞག་ཡོད་པ་རེད་ཟེར་ནས་རྒྱ་གཞུང་རྒྱབ་དུ་ཁྱེར་བ་དང་སོ་སོ་ཁམས་མི་ཞིག་ཡིན་པ་ཤེས་ཀྱིན་མེད་མཁན་མང་པོ་ཡོད་པ་རེད།
།བསམ་བློ་ཡག་པོ་ཞིག་བཏང་ན་ཁོང་ཚོ་ལ་ཁ་ག་བ་ཡོད་རེད།རྒྱ་གཞུང་གི་སེམས་པ་བསྒྱུར་ཚར་བ་རེད།བཙན་བྱོལ་ནང་གི་ཁམས་མི་ཚོ་ལ་གཟིགས་དང་སོ་སོའི་ཁེ་ཕན་གྱི་ཆད་དུ་ཁམས་མི་གཅིག་གྱུར་ཆགས་ཀྱི་མེད་པ་རེད།
བོད་མི་ནང་ལོག་ན་སྔར་ནས་ད་བར་རྒྱ་ནག་གཞུང་དང་བོད་མི་མ་རབས་དེ་ཚོས་གཅིག་གྱུར་གྱི་བརྡུངས་རེ་བྱས་ཆུགས་ཡོད་ལ་ད་ལྟའང་ཕྱིར་དགྲ་དང་ནང་གཉེན་སོགས་ཀྱི་ཅི་ཐུབ་གང་ཐུབ་ཀྱིས་ལག་ལེན་ལྟར་བཞིན་པ་རེད།
སྐུ་ཞབས་ལྷ་ཆབ་པས་འདི་ལྟར་ལྷུག་གཏམ་བརྗོད་པར་དོན་དམ་པའི་དགའ་བོ་བྱུང་སོང་། དེང་གི་སྤྱི་ཚོགས་འདིའི་ལས་ཀྱི་སྣེ་མོ་བ་ཚོས་སྐད་ཆ་རྫིག་པོ་རེ་བཤད་ནི་རེད་དེ། དོན་རང་སྟེང་ལ་སླེབས་དུས་རང་མཚངས་དམར་རྗེན་དེ་སྟོན་གྱིན་འདུག ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཕྱོགས་ཞེན་མེད་ཁུལ་ཚང་མས་ཤོད་ཀྱིན་ཡོད་ནའང་། ཐ་སྙད་འདི་དག་གི་ཟུར་ཞིག་ཐོན་དུས་མགོ་བོ་ཀྲོག་ཀྲོག་གིས་གཡོ་འགྲོ་བ་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད་པར་འདོད། དེའི་ཕྱིར་ཐ་སྙད་འདི་དག་གཏན་ནས་གཏན་དུ་རྒྱང་ཕུད་དུ་གཏོང་ཐུབ་པའི་ཀུན་སློང་ཞིག་གིས་བཙུར་བྱུང་བས་དེ་ལྟར་བརྗོད་པ་ཡིན།
གོང་གི་གཡག་རོག་གི་སྐད་ཆ་དེ་ཏག་ཏག་བསྡད་མི་འདུག དེར་ཁམས་སྐད་ཀྱི་བརྙན་འཕྲིན་ཟེར་ན་སྐྱོན་གང་ཡང་མེད། འདི་ནི་ང་ཚོའི་བཙན་བྱོལ་ནང་གི་ཚོར་བ་ཞིག་རེད། འདི་ཕྱོགས་ནས་དེ་འདྲའི་རིགས་ལ་དོན་མེད་ཀྱི་ལས་ཀ་བྱེད་རྒྱུ་མང་དྲག་སྟབས། ཁམས་དང་ཨ་མདོ་སོགས་ཡུལ་མིང་ཁ་ལ་འཁྱེར་བ་ཙམ་གྱིས་སེམས་ལ་དོགས་གཞི་ཞིག་སླེབས་འོང་བ་རེད། ཡུལ་གྱི་ཁྱད་ཆོས་དེ་མང་དུ་བཏགས་ཀྱང་སྐྱོན་མི་འདུག་སྙམ།
འདི་འདྲའི་དོགས་མི་བདེ་བ་དེ་བཙན་བྱོལ་དུ་ཕེབས་མཁན་ཐོག་མའི་གྲས་དེ་རིགས་རེད་སྙམ། ཁོང་ཚོར་བསམ་བློ་དང་སློབ་སྦྱོང་གི་གནས་ཚད་སྐྱོ་བོ་ཡིན་པ་གང་ཞིག་ལ། སྤྱི་འཐུས་དང་དྲུང་ཆེ། བཀའ་བློན་ཚུན་ཆད་དུ་བསྐོས་པས་སྟབས་ཀྱིས། རང་རང་ལ་དེའི་རྐུབ་སྟེགས་དེ་བརྟན་པོ་བྱེད་རྒྱུའི་གདེང་ཚོད་མེད་པར་གྱུར་བས། རང་གི་ཉེ་རིང་འཁོར་དང་བཅས་པ། ལྷག་པར་ཡུལ་ལུང་གཅིག་པའི་དཔུང་ཡ་དབུ་འོག་ཏུ་འཇུག་རེས་བྱས་པ་རེད། དེ་འདྲའི་གནས་ཚུལ་གཅིག་བྱུང་གཉིས་བྱུང་གིས་ད་ལྟའི་གནས་སྟངས་འདི་ཆགས་པ། ད་ནི་བཙན་བྱོལ་ཁྲོད་ཀྱི་མི་རབས་གསར་བ་ཚོར་དེའི་ཞེན་ཁོག་དེ་ཇེ་ཆུང་དུ་འགྲོ་བཞིན་པ་མངོན་གསལ་དོད་པོ་རེད་ལ། རང་རེའི་མི་དྲག་གི་ཁྲོད་དུ་རྦད་དེ་དེའི་ཞེན་པ་དོར་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ལ་འབད་པ་མང་བོ་མཐོང་གི་འདུག ད་དེ་འདྲའི་ཐོག་ནས་ང་ཚོར་དོགས་མི་བདེ་བ་ཡོང་དོན་མེད་པས། ང་ཚོའི་སུས་ཀྱང་དེར་སྣང་དོགས་བྱེད་དགོས་དོན་མི་འདུག་སྙམ།
ཁམས་སྐད་ཀྱི་TVཅིག་ཡོད་ལེ་རེད་ཟེར་ནས་གསར་འགྱུར་ཐེངས་གསུམ་བཞི་ཙམ་ཞིག་ཐོན་སོང་། འོན་ཀྱང་དབུས་དང་ཨ་མདོ་ནང་བཞིན་མཐོང་ཡ་ནི་མི་འདུག ང་ཚོ་ཁམས་དེ་ཟིང་ཆ་ཚ་བོ་རེད་མ་གཏོགས་བོད་ཕྱི་ནང་གང་ལ་མཚོན་ནའང་རྗེས་ལུས་རེད། དངོས་གནས་རེད་བདའ།
སྤྱིར་བཤད་ན་དགའ་འོས་པའི་དོན་བཟང་ཞིག་ཡིན་སྲིད་ཀྱང་། མིང་འདོགས་སྟངས་ཐད་ནས་ད་དུང་ཆོལ་ཁའི་ཕྱོགས་ཞེན་གྱི་དྲི་མས་སྦགས་པའི་ཐ་སྙད་རྫོབ་པོ་འདི་རིགས་ལས་མེད་སོང་བ་ཡིན་ནམ། ཆོལ་ཁའི་མིང་ཐོག་ནས་བཏགས་དགོས་དོན་མེད་པར་སྙམ།