མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོལ་ཁ་དབྱེར་མེད་ཀྱི་འོས་མི་ ༣༠།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པས་མ་འོངས་བཀའ་ཁྲིའི་འོས་གཞི་གསུམ་དང་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་སུམ་ཅུའི་མིང་གཞུང་གསལ་བསྒྲགས་གནང་ཡོད་པ་རེད།

བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་ཚོགས་པ་འདིས་ྋགོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་གི་རྩ་བའི་ལངས་ཕྱོགས་ལ་ཤར་བསྐྱོད་བྱེད་མཁན་དང༌། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕེལ་ཕྱོགས་དང་བོད་རྒྱའི་དཀའ་རྙོག་གི་གནས་བབ། གཞིས་བྱེས་བོད་མིའི་མངོན་འདོད་བཅས་དམིགས་སུ་བཟུང་སྟེ་ཤེས་མྱོང་ལྷག་བསམ་ལྡན་རིགས་གཙོ་འདེམས་བྱས་ཏེ། སླེབས་ལ་ཉེ་བའི་བཀའ་ཤག་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་འོས་གཞི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བོད་མི་མང་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང། རྒྱལ་སྤྱིའི་ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་བཅས་གསུམ་སྐབས་བཅུ་གསུམ་པའི་བཀའ་ཁྲིའི་འོས་གཞིར་བདམས་ཡོད་འདུག

དེ་བཞིན་སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མིར།  བོད་མི་མང་སྤྱི་འཐུས་ལས་ཐོགས་སྒྲོལ་མ་ཚེ་རིང་དང་ཟླ་བ་ཚེ་རིང་། ཟླ་བ་ཕུན་སྐྱིད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན།  སྤྱི་འཐུས་ལས་ཐོགས་ཀརྨ་ཡེ་ཤེས། སྤྱི་འཐུས་ལས་ཐོགས་ཨཅརྱ་ཡེ་ཤེས་ཕུན་ཚོགས། བུད་མེད་ཚོགས་གཙོ་ཟུར་པ་བུ་མོ་ཚེ་རིང༌། སྤྱི་འཐུས་ལས་ཐོགས་པདྨ་འབྱུང་གནས།    སྤྱི་འཐུས་ལས་ཐོགས་ཚེ་རིང་སྒྲོལ་མ། དབུས་གཙང་རྒྱུན་ལས་ཟུར་པ་འཕན་པོ་རྒྱལ་མཚན་བཅས་ཀྱི་བདམས་ཡོད་ཡོད་པ་རེད།

མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མིའི་ཁྲོད། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ།  སྤྱི་འཐུས་ལས་ཐོགས་ཆོས་སྐྱོང་དབང་ཕྱུགས། སྤྱི་འཐུས་ལས་ཐོགས་དབུ་དཀར་གཡུ་སྒྲོན། བཀའ་ཟུར་རིན་ཆེན་མཁའ་འགྲོ  དབུས་རྒྱུན་ཚོགས་གཙོ་སིམ་ལ་བསྟན་འཛིན། དབུས་རྒྱུན་ལས་ཐོགས་རྟ་ཆེན་མགོན་པོ། དབུས་རྒྱུན་ལས་ཐོགས་སྐལ་བཟང་ཆོས་སྐྱིད། དབུས་རྒྱུན་ལས་ཐོགས་བསོད་ནམས་ཆོས་སྒྲོན། དབུས་རྒྱུན་དྲུང་གཞོན་བཟང་མཁན་མཁས་གྲུབ། དབུས་རྒྱུན་ལས་ཐོགས་ཚེ་རིང་བདེ་སྐྱིད་བཅས་འོས་མི་བཅུ་འདེམས་ཡོད་འདུག

མདོ་སྨད་ཆོལ་ཁུངས་ཀྱི་ཇོ་ནང་མཁན་ཟུར་ཆོས་སྣང་རིན་པོ་ཆེ། སྤྱི་འཐུས་ལས་ཐོགས་ཀིརྟི་སྒྲོལ་དཀར་ལྷ་མོ་དང་རྒྱ་རོང་ཟླ་བ་ཚེ་རིང་། སྒྲོལ་མ་མཚོ་མོ། ཡེ་ཤེས་སྒྲོལ་མ། ནོར་གླིང་མཐོ་སློབ་ཀྱི་འགན་འཛིན་སྒྲོལ་དཀར་སྐྱབས། སཱ་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན། བྷན་རྡི་ར་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཀརྨ་དགེ་ལེགས། དབུས་རྒྱུན་དྲུང་ཆེ་རྒྱ་རིགས་ཐར། དཔེ་མཛོད་ཁང་གི་ལོ་རྒྱུས་རྩོམ་སྒྲི་འགན་འཛིན་དམ་ཆོས་དཔལ་བཟང་བཅས་བསྡོམས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་གཞི་ ༣༠ མིང་གཞུང་གསལ་བསྒྲགས་གནང་ཡོད་པ་རེད།

 

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 19

  1. གངས་ཕྲུག says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པས་མ་འོངས་བཀའ་ཁྲིའི་འོས་གཞི་གསུམ་དང་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་སུམ་ཅུའི་མིང་གཞུང་གསལ་བསྒྲགས་གནང་བ་དེ། བཙན་བྱོལ་ནང་མི་རྫོགས་པ་འདྲ།
    དངོས་གནས་མི་སྡུག་རི་ངན་ཚད་ཚང་མ་བདམས་པ་འདྲ། དགྲ་དགའ་གཉེན་སྡུག་གི་ལས་ཀ་རང་རེད།

    Reply
  2. བཤད་སྒྲུབ says:
    ལོ་ 15 སྔོན།

    སྨར་ཁམས་བུ་ལགས། དམིགས་ཡུལ་ངན་པ་བཅངས་པའི་ཚོགས་པ་འདིའི་བྱུང་རིམ་ཁ་གསལ་གསུངས་པར་བཀའ་དྲན་ཆེ་ཞུ་འདོད་བྱུང་། ད་དུང་བྱུང་ན་འཇམས་དབྱངས་དང་ཚེ་རིང་བློ་བསལ་ཟེར་བའི་མི་ངན་འདི་གཉིས་ཀྱི་འདྲ་པར་འཁོད་པའི་ལོ་རྒྱུས་ཞིབ་ཁྲ་སྐོད་རོགས་ཞུ། དུས་རྒྱུན་དུ་བོད་རིགས་སྤུན་ཟླ་རྣམས་ནས་མི་ངན་འདིའི་རིགས་ལ་དོ་སྣང་དགོས་རྒྱུ་ཧ་ཅང་གལ་ཆེ་པོ་རེད། ང་རང་ཚོ་སང་ཉིད་བོད་ལ་ལོག་མཁན་ཡིན་ན་མ་རྟོགས་བཙན་བྱོལ་བོད་པའི་སྒྲིག་འཛུག་སྲ་བརྟན་དགོས་པ་རེད་ དེ་ཡང་བོད་རིགས་མི་མང་ལ་ཅིག་སྒྲིགས་བཟོ་རྒྱུ་ཨང་དང་པོ་རེད། འདི་རྒྱ་ནག་གི་ཤེས་ཀྱི་ཡོད་ལ་འདིའི་ཐད་འགྲོ་སོང་ག་ཚོད་འགྲོ་ནའང་ཕང་སེམས་མེད་པ་བཏང་ཀྱི་རེད།

    Reply
  3. ་འབྲི་མཚོ says:
    ལོ་ 15 སྔོན།

    འོས་ཤོག་འདོན་སྟངས་དང་སྔར་མེད་ཀྱི་ཚོགས་པའི་མིང་དང་ཡང་ཚོགས་པ་མེད་པའི་དབུས་རྒྱུས་མང་པོ་ཡོད་པ་དེ་ལ་མཚོན་ན་ཚོགས་མི་འདི་བོད་མིའི་ཁྲིམས་ལ་གསུངས་མི་དགོས་བོད་མི་དེ་རྣམས་ཡིན་པ་འདུག་

    Reply
  4. ཤེས་རབ་འབྱུང་གནས། says:
    ལོ་ 15 སྔོན།

    སྤྱིར་བཏང་འོས་མི་ཁ་ཤས་ལེགས་འདེམས་བྱས་ཏེ་ཁྱབ་བསྒྲགས་བྱས་པར་སྐྱོན་ཆེན་པོ་མཐོང་གི་མི་འདུག  ཡིན་ན་ཡང་བོད་སྐད་ཁྱར་ཁྱོར་ཞིག་དང་།   ནང་འགལ་དང་།  དོན་སྐྱོན།  ཚིག་སྐྱོན།  ཡིག་སྐྱོན་འབའ་ཞིག་གིས་སྦགས་པའི་རྩོམ་ཡིག་ཐར་ཐོར་འབྲི་རྒྱུ་ཙམ་ལས་སྐད་རིགས་གཞན་པ་གཅིག་ཀྱང་མི་ཤེས་པ་མ་ཟད།   ལྷག་ཤེས་ཁབ་རྩེ་ཙམ་ཡང་མེད་པའི་མི་རྒན་དེ་ཚོ་བོད་མིའི་སྤྱི་འཐུས་སུ་འདམས་ན་ངོ་ཚ་རེད།   དཔེར་ན་ན་ནིང་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་དགོས་བྱུང་བ་ཡང་དེ་དང་འབྲེལ་བ་ཆགས་ཡོད་པ་རེད།   
    དེ་མིན་གྲྭ་བ་ཡིན་མིན་གྱི་ཁྱད་པར་དེ་ཙམ་མི་འདུག་སྙམ།
    འོན་ཀྱང་ཚོགས་པ་འདིས་ཇི་ཞིག་གི་ཆེད་དུ་འདི་ལྟར་བྱས་པ་དང་།   སུ་ཞིག་གི་ཆེད་དུ་འདི་ལྟར་འབད་ཀྱིན་ཡོད་པ།    ད་དུང་ཚོགས་པ་འདི་ནམ་ཞིག་ལ་བཙུགས་པ་དང་།   ལས་ཀ་ག་རེ་བྱེད་ཀྱིན་ཡོད་པ་ད་དུང་ཤེས་མ་སོང་།

    Reply
  5. kungatsering17 says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་དུ་ཆབ་སྲིད་བཙོན་ཟུར་ཚོགས་པ་ཞིག་ཡོད་པ་ནི་བོད་ཀྱི་དགུ་བཅུ་གསུམ་ཚོགས་པ་རེད། དེ་ལས་ལྷག་ཆབ་སྲིད་བཙོན་ཟུར་ཚོགས་པ་ཟེར་བ་ད་བར་གོ་མ་མྱོང་དངོས་ནས་དཀྲུགས་གཤིང་རྒྱག་ཁན་རང་རེད།

    Reply
  6. kungatsering17 says:
    ལོ་ 15 སྔོན།

    ཆབ་སྲིད་བཙོན་ཟུར་ཚོགས་པ་ལ་ཁོ་རང་ཚོའི་ཕྱི་རྒྱལ་འགྲོ་བའི་ཐོབ་ཐང་དེར་འཕྲོག་མཁན་ཞིག་དགོས་ཀྱི་ཡོད་པ་འདྲ།
    མ་རེད་དམ། རྡ་ས་རི་བོའི་སྟེང་དུ་ཆབ་སྲིད་བཙོན་ཟུར་ཡིན་མདོག་བྱས་ནས་བསྡད་ཡོད་མཁན་ཚོ། ཁྱེད་རང་ཁྱེད་རང་ཚོའི་ཐོབ་ཐང་རྩོད་ཐུབ་པ་བྱེད་རོགས།

    Reply
  7. སྨར་ཁམས་བུ། says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པ་ཟེར་བ་དོན་ངོ་མ་དགུ་བཅུ་གསུམ་ལ་ཁ་གཏད་བཅོག་ཆེ་བཙུགས་པའི་ཚོགས་པ་ཞིག་རེད། རྗེས་སུ་ཕྱི་རྒྱལ་བ་རྡོ་རྗེ་བླ་མ་ཟེར་བས་སྦྱིན་བདག་བྱས་ཏེ་མཆོད་རྟེན་བཞེངས་ཆེད་སྤྲོད་པའི་དངུལ་སྒོར་འབུམ་ཕྲག་མང་པོ་སྐབས་དེ་ཡི་ཚོགས་གཞོན་སྣེ་ལེན་ཁང་གི་འཇམ་དབྱངས་དང་རྒྱུན་ལས་ཁྱུང་པོ་ཚེ་རིང་བློ་གསལ་གཉིས་ཀྱི་ཟོས་པ་རེད། རྒྱུན་ལས་ནང་ཁུལ་རྙོག་དྲ་བཤད་རེས་བྱས་ཀྱང་འཇམས་དབྱངས་དང་ཚེ་རིང་བློ་བསལ་གཉིས་རླག་མ་ཁེལ་བ་རེད། རྐུ་མ་ཁ་མཐུན་དང་ངན་པ་དཔུང་སྒྲིགས་ཀྱིས་ད་ལྟ་ཆར་ཁྱུང་པོ་ཚེ་རིང་བློ་གསལ་ཚོགས་གཙོ་བཀོས་ཡོད་པ་རེད། ཚེ་རིང་བློ་གསལ་ཁྱོད་ཀྱིས་བོད་གཞུང་ལ་མཐོང་ཆུང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྙས་བཅོས་བྱེད་མཁན་མི་ངན་ཟླ་བ་ཚེ་རིང་གཙོས་པའི་མི་ཀླད་མེད་བྱབ་ཆུང་དེ་དག་སྤྱི་འཐུས་ཀྱི་འོས་གཞི་སྟོན་པ་ནི་བཙན་འབྱོལ་བོད་མི་བཅའ་ཁྲིམས་ལ་རྡོག་རོལ་གཏང་བ་ཞིག་ཡིན་པ་ནི་མི་མང་གིས་གསལ་པོ་ཧ་གོ་དགོས།།།

    Reply
  8. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    ཚོགས་པ་འདིས་དཀྲུགས་གཏམ་ལ་བོད་སྤྱི་དང་ལྷག་པར་ཆོལ་ཁ་སོ་སོའི་མི་དམངས་ནས་ངོས་ལེན་གཏན་ནས་གནང་མི་སྲིད། འདི་དང་འདི་ཞེས་བྱ་བའི་ཚོགས་པའི་མིང་འཁྱེར་མཁན་རྣམས་ལ་ངེས་པར་དོགས་ཟོན་གནང་རྒྱུར་གལ་ཆེའོ།

    Reply
  9. ཐོས་པ་དགའ། says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པའི་དབུས་རྒྱུན་ལས་ཟེར་བའི་མིང་ཁྱེར་མཁན་ཞིག་གིས་བཀའ་ཁྲིའི་འོས་གཞི་གསུམ་དང་། སྤྱི་མཐུས་འོས་གཞི་སུམ་བཅུ་བཅས་བཏོན་ཡོད་པས། དེ་ནི་བོད་བཙན་བྱོལ་གཞུང་གཏོར་ཤིག་གཏོང་མཁན་ཞིག་དང་རྒྱ་མིའི་སོ་བ་ཡིན་པ་ཐེ་ཚོམས་མེད། མདོ་སྟོད་ཆུ་སྒང་གསར་རྙིང་ཟེར་བ་དེ་སྔོན་བཀའ་ཁྲིས་གཉིས་ཀ་སྒོ་རྒྱག་གཅུག་ནས་མདོ་སྟོད་མི་མང་ལ་མང་མོས་འོས་བསྡུས་བྱས་ནས་ད་ལྟ་གཞུང་གི་ངོས་ལེན་ཡོད་པའི་ལྡི་ལིའི་ཆུ་སྒང་ཟེར་བ་དེ་ཡིན། ང་ཚོ་མདོ་སྟོད་ཆུ་བཞི་སྒང་དྲུག་གཅིག་མ་གཏོགས་གཉིས་མེད། འདིར་ངས་གོ་ཐོས་ཞིག་ལ། འདི་ལོ་ཆུ་སྒང་དབུས་རྒྱུན་ལས་རྗེ་བོ་རྒྱབས་སྐབས་ལྷོ་གཞིས་ཁག་ལྔ་ནས་ཤུགས་རྒྱབས་ནས་༸གོང་ས་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་མཐུན་པའི་རྩ་དོན་སྒྲུབ་མཁན་ཞིག་ངེས་པར་དུ་བླུག་རྒྱུ་ཡིན་ཟེར། ངས་བསམ་པ་ལ་འདི་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན་རྒྱུན་དུ་མདོ་སྟོད་མི་དམངས་མང་ཆེ་བས་དབུས་རྒྱུན་ལས་འོས་གཞི་ལ་སྣང་མེད་བྱེད་བཞིན་རྗེས་སུ་ཆུ་བཞི་སྒང་དྲུག་གི་ཡག་པོ་བྱེད་ཀྱིན་མི་འདུག་ཟེར་ནས་རྒྱབ་བཤད་མང་པོ་རྒྱག་གི་ཡོད་པ་དེ་དམངས་གཙོའི་འགྲོ་སྟངས་དང་་ཡོངས་སུ་མི་མཐུན་པ་ཞིག་རེད། སོ་སོས་འོས་བླུགས་པའི་ཐོབ་ཐང་་ཙམ་ཡང་མ་བླངས་པར་མི་གཞན་གྱིས་བསྐོས་གཞགས་བྱས་པའི་རྒྱུན་ལས་ཀྱིས་ལས་ཀ་ཡག་པོ་བྱེད་གི་མི་འདུག་ཟེར་ན་མི་འོས་པ་ཞིག་རེད། ཡིན་ནའང་ད་ལོ་དེ་འདྲ་མ་ཡིན་པར་མི་མང་ཚང་མས་མི་ཚད་ལྡན་རེ་བླུགས་རྒྱུའི་ཆོད་སེམས་འདུག་ན་ངས་ཀྱང་ལག་གཉིས་ཐལ་མོ་སྦྱར་ནས་གོང་གི་ཆ་རྐྱེན་གཉིས་དང་ལྡན་མཁན་ཞིག་ངེས་པར་དུ་ཤུགས་རྒྱབས་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཆབ་སྲིད་བཙོན་ཟུར་ཚོགས་པ་ལ་ཁོ་རང་ཚོའི་ཕྱི་རྒྱལ་འགྲོ་བའི་ཐོབ་ཐང་དེར་འཕྲོག་མཁན་ཞིག་དགོས་ཀྱི་ཡོད་པ་འདྲ།
    མ་རེད་དམ། རྡ་ས་རི་བོའི་སྟེང་དུ་ཆབ་སྲིད་བཙོན་ཟུར་ཡིན་མདོག་བྱས་ནས་བསྡད་ཡོད་མཁན་ཚོ། ཁྱེད་རང་ཁྱེད་རང་ཚོའི་ཐོབ་ཐང་རྩོད་ཐུབ་པ་བྱེད་རོགས།

    དཀའ་ལས་རང་གི་རྒྱག་འབྲས་བུ་གཞན་གྱིས་ཁྱེར་དུས་ཁྱེད་རྣམ་པ་ལ་བསམ་བློ་འདྲ་འཁོར་ཡ་མི་འདུག་གམ།

    Reply
  11. ལི་སྐལ་བཟང says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་དུ་ཆབ་སྲིད་བཙོན་ཟུར་ཚོགས་པ་ཞིག་ཡོད་པ་ནི་བོད་ཀྱི་དགུ་བཅུ་གསུམ་ཚོགས་པ་རེད། དེ་ལས་ལྷག་ཆབ་སྲིད་བཙོན་ཟུར་ཚོགས་པ་ཟེར་བ་ད་བར་གོ་མ་མྱོང་དངོས་ནས་དཀྲུགས་གཤིང་རྒྱག་ཁན་རང་རེད།

    Reply
  12. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    དབུས་མདོ་གཉིས་ཀྱི་སྤྱི་འཐུས་འོས་དམིགས་རྣམས་ཆ་ཐམས་ཅད་ནས་ལེགས་པ་རང་མི་འདུག་མོད། སྤྱི་ཡོངས་ནས་གང་ཡག་ཡག་འདྲ་ཞིག་མིག་བཏོན་བྱས་འདུག་སྙམ། འོན་ཀྱང་མདོ་ཁམས་སྟོད་ཀྱི་འོས་དམིགས་འདོན་སྟངས་ལ་དེ་མུར་བསམ་བློ་ཞིག་འཁོར་འོང་བ་ནི། ཉེ་སྔོན་གྲོས་ཚོགས་སྐབས་བརྒྱད་པའི་སྐབས་གྲོས་ཚོགས་ར྄་བ་ནས་ཕྱིར་ཐོན་ཕྱིན་པའི་མདོ་སྟོད་སྤྱི་འཐུས་གཅིག་ཀྱང་རྒྱལ་ཡོངས་ཆབ་སྲིད་བཙན་ཟུར་ཚོགས་པའི་མིག་འོག་ཏུ་མ་འཆུད་པ་ནི་ཡ་མཚན་ཆེ་བ་ཞིག་རེད་སྙམ།

    ཁྱེད་ཅག་གིས་རྐང་བཙུགས་ནས་རྦས་བསྐུང་བྱས་པའི་མདོ་སྟོད་སྤྱི་འཐུས་ལས་ཐོག་ཁྲོད་ནས་ཤེས་འཇོན་ལྷག་བསམ་ཅན་རེ་གཉིས་ཤིག་འོས་དམིགས་སུ་མ་བཏོན་པ་དེ་བས་ཀྱང་ཡ་མཚན་ཆེ་བ་ཞིག་ཅི་ལ་མིན། དེ་ལས་ལྡོག་སྟེ་ཁྱེད་ཅག་གིས་བཏོན་པའི་འོས་དམིག་ཕལ་ཆེར་བ་རྡ་སའི་ཆུ་སྒང་གི་ཕྱོགས་གཏོགས་རྐྱང་རྐྱང་རེད་ཅེས་ལབ་ན་མི་འགྲིག་ཨེ་ཡོད། གསལ་བསྒྲགས་ནང་དབུས་རྒྱུན་དབུས་རྒྱུན་ཟེར་ནས་གསལ་ཁ་བཏོན་མེད་པ་དེ་ཚོ་ཡང་རྡ་སའི་ཆུ་སྒང་གི་དབུས་རྒྱུན་ལ་གོ་དགོས་པ་མ་རེད་དམ།

    འོ་རེད། དཱ་ཡིན་ན། རྡ་ས་ཆུ་སྒང་གིས་རང་གི་དབུས་རྒྱུན་མི་དྲུག་སྤྱི་འཐུས་འོས་དམིགས་ནང་བཅུགས་ཏེ་སྐད་གསེང་མཐོན་པོས་རྒྱང་སྒྲོག་བྱས།
    དབུས་ཆུ་སྒང་ངམ་ལྡི་ལི་ཆུ་སྒང་ནས་དེ་མཚུངས་དབུས་རྒྱུན་ཚོགས་གཅོ་༡ ཚོགས་གཞོན་ ༢ དྲུང་ཡིག ༢ རྒྱུན་ལས་ ༣ བཅས་བསྡོམས་དབུས་རྒྱུན་དགུ་ཙམ་འོས་དམིགས་བཏོན་ཏེ་རྒྱ་བསྒྲགས་བོད་བསྒྲགས་ཀྱིས་ཁྱབ་བསྒྲགས་བྱས་པ་འདི་དག་བལྟས་ན་ངོ་མ་ལྟད་མོ་ཆེ་གེ་ཡཱ། ངས་ཀྱང་སང་གནངས་ནས་ངའི་ནང་མི་ཕ་རྒན་ཞ་ར་དང་མ་རྒན་རྐང་རྐྱོག་གཙོས་པའི་ནང་མི་བཅུ་པོ་ཡང་འོས་གཞི་རུ་གསལ་བསྒྲགས་སྤེལ་ཐག་ཆོད་ཡིན། མི་དམངས་ཀྱིས་རྒྱབ་སྐྱོར་གནང་རོགས།

    Reply
  13. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    ཚོགས་པ་འདིས་དབུས་རྒྱུན་ལས་པ་ཟེར་བ་མང་པོ་ཞིག་མདོ་སྟོད་སྤྱི་འཐུས་འོས་མི་རུ་བཏོན་འདུག་འོན་ཀྱང་ཚོགས་པ་གང་གི་དབུས་རྒྱུན་ཡིན་ནམ།
    བོད་གཞུང་དང་མདོ་སྟོད་མི་མང་གིས་ངོས་ལེན་ཡོད་མིན་ལ་མ་ལྟོས་པར་ཨུ་ཚུགས་མཐར་སྐྱེལ་ཅན་ཚོར་དེ་རིང་མདོ་སྟོད་མི་མང་གི་ངོ་ཚབ་མཚོན་པའི་མགོ་ཁྲིད་ཀྱི་རྐུ་སྟེགས་སྟེང་བཞག་པ་དག་དྲང་པོ་ཡིན་ནམ།
    གོང་གསལ་དབུས་རྒྱུན་ཟེར་བ་དེ་དག་ཁྲོད་མི་སུ་གཅིག་ཀྱང་སྤྱི་འཐུས་འོས་ཐོབ་མི་སྲིད། ངའི་སྐད་ཆ་དག་དངོས་བདེན་ཡིན་མིན་རྗེས་མར་སྤྱི་འཐུས་དངོས་གཞི་ཡི་འོས་གྲངས་གཤེར་གྲུབ་ཀྱི་གསལ་འགྱུར་ལ་ཉོན།
    གང་ལྟར་མི་མང་གིས་ངོས་ལེན་ཡོད་མེད་རྗེས་མར་སྤྱི་འཐུས་འཐོབ་མིན་ལ་ལྟ་དགོས།

    Reply
  14. ཚེ་རིང། says:
    ལོ་ 15 སྔོན།

    ད་དུང་ཚིག་ཁ་ཤས་བཤད་འདོད་ཡོད་མོད། མཛུབ་མོ་ནོར་ནས་ཡར་འཇུག་ཤོར་སོང། མུ་མཐུད་བཤད་རྒྱུ་ཡིན། གྲོས་ཚོགས་ནང་ཕྱོགས་ཁག་གཉིས་ཡོད་པའི་ནང་ནས། ཤོག་ཁག་གཅིག་གི་མི་རྐྱང་རྐྱང་བདམས་འདུག དེ་ཡང་ཡ་མཚན། ཚོགས་པ་དེ་གྲོས་ཚོགས་ནང་གི་ཕྱོགས་ཁག་སུའི་རྒྱབ་རྩར་ཡོད་པ་ཡང་གསལ་པོ་རེད།
    ཆབ་སྲིད་ལྟ་གྲུབ་ཀྱི་ལངས་ཕྱོགས་ཤིག་ཡིན་ན། སོ་སོའི་ལངས་ཕྱོགས་དང་མཐུན་པའི་མི་བདམས་ན་འགྲིག་མོད། ཆབ་སྲིད་ལྟ་གྲུབ་ཀྱི་ལངས་ཕྱོགས་ཤིག་མིན་པར། དགྲ་དགའ་གཉེན་སྡུག་གི་ལངས་ཕྱོགས་ཤིག་ཡིན་པས། བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པ་དེ་ག་འདྲ་ཞིག་ཡིན་ན་བསམ་དགོས་པ་ཞིག
    ཚོགས་པ་དེ་སྔོན་མ་དགུ་བཅུ་གསུམ་ཚོགས་པའི་ནང་མ་འགྲིག་པར། ཟུར་དུ་བཙུགས་པ་ཞིག་རེད། བཤད་ཚུལ་ལྟར་ན། དགུ་བཅུ་གསུམ་ཚོགས་པའི་ནང་དབང་ཆ་ཇི་ཡང་མ་ཐོབ་པ་དང། ནུས་ཤུགས་འདོན་མ་ཐུབ་པས། མི་ཁག་ཅིག་ཟུར་འདོན་བྱས་པ་ཡིན་སྐོར་འདུག གང་ལྟར་ཚོགས་པ་དེ་འདྲ་ཞིག་བཙུགས་ཀྱི་ཡོད་པ་༧གོང་ས་མཆོག་ལ་ཡང་ཞུས་འདུག རྗེས་སུ་ཕྱི་རྒྱལ་རོགས་རམ་བྱེད་མཁན་ཞིག་གིས་མཆོད་རྟེན་ཞིག་བཞེངས་རྒྱུར་དངུལ་སྤྲད་པ་རེད། དེའི་དངུལ་རྩིས་ཀྱི་དོན་དུ་ཡང་སྐབས་དེའི་ཚོགས་གཙོ་དང་རྒྱུན་ལས་ནང་ཁུལ་དུ་རྙོག་གྲ་ལངས་ཡོད་འདུག གང་ལྟར་དེའི་སྐབས་ཀྱི་ཚོགས་གཙོ་ལ་བདེན་པ་ཆེན་པོ་མེད་ཚུལ་འདུག་ཀྱང། རྒྱལ་ཁ་ཚོགས་གཙོར་ཐོབ་ཡོད་འདུག ཡ་ཡཡ༌༌༌༌དེ་ཚོ་བཤད་ན་དཀའ་ལས་འདུག དྷ་སའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་འཁྲུག་ཆ་དོད་པོ་ཡོད་པ་རེད།

    Reply
  15. ཚེ་རིང། says:
    ལོ་ 15 སྔོན།

    མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མིའི་ནང་དབུས་རྒྱུན་ཟེར་བ་ཁག་ཅིག་ཡོད་པ་དེས་ང་ཡང་མགོ་འཐོབ་སོང། སུ་ཞིག་གི་དབུས་རྒྱུན་ཡིན། སྤྱི་འཐུས་ནི་བོད་མི་མང་གི་སྤྱི་འཐུས་ཡིན་པས། སྤྱི་མི་སྣ་འཛོམས་ཤིག་དགོས་པ་ལས། ཚོགས་པ་དེར་རྒྱབ་སྐྱོར་བྱེད་མཁན་དང། རྣམ་ཀུན་ཁོང་ཚོ་དང་ལངས་ཕྱོགས་གཅིག་པ་ཡིན་མཁན་རྐྱང་རྐྱང་བདབས་ན་ག་ལ་འགྲིག།

    Reply
  16. ཚེ་དབང་། says:
    ལོ་ 15 སྔོན།

    ཚོགས་པ་འདིས་འོས་མི་འདྲ་ཆགས་པོ་ཞིག་བཏོན་འདུག་པས་ཚོགས་པ་སུ་ཡིན་མ་ལྟོས་པར་རྒྱབ་སྐྱོར་ཡོད། དེར་མ་ཟད་ཕལ་ཆེར་འདེམས་ཐོན་ལ་རེ་བ་དང་ཚོད་དཔག་ཐུབ་མཁན་ཤ་སྟག་རེད་འདུག མི་དགའ་མཁན་དང་རང་གིས་མི་འཇོན་མཁན་གཞན་གྱི་ཡག་ཉེས་གང་ཞིག་བྱས་རུང་སྐྱོན་ལས་དགེ་མི་མཐོང་མཁན་དེ་རིགས་ནས་སྐྱོན་བརྗོད་ཡོང་བ་ཆོས་ཉིད་ཡིན། མདོ་དོན་ཁྱེད་ཚོ་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང།

    Reply
  17. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བོད་རྒྱ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པ་ཟེར་བས་རང་གི་ཁུག་མ་རྒྱང་མཁན་གྱི་ཚོགས་པ་དེས་འོས་མེད་ཀྱི་བྱོས་རྟོག་ཞིག་གནང་འདུག
    ངས་སྙིང་དབུས་ནས་རེ་སྐུལ་ཞུ་རྒྱུ་ཞིག་ལ་ཁྱེད་ཚོ་ཁ་ཞེ་གཉིས་མེད་ཀྱི་བོད་མི་རིགས་ལ་
    སེམས་ཤུགས་དང་སྤོབས་པ་ཡོད་ན་དངུལ་ལོའི་རྗེེས་སུ་མ་འབྲང་ནས་སྤྱི་ཚོགས་ནང་དུ་
    སྨིན་པའི་ཞབས་ཕྱིར་རྣལ་མ་ཞིག་ཞུ་རོགས།
    རྩོད་གཞི་དང་དཀྲུགས་གཤིས་ཀྱི་དབུ་འཁྲིད་མི་དགོས་ལ་མི་ངན་ཁག་ཅིག་ལ་རྐུན་མ་ལ་
    དཔའ་དར་འབུལ་རྒྱུའི་ལས་གཞི་དེའི་ཀྱང་བརྩམས་མི་དགོས་སོ།

    Reply
  18. སྟོད་ཕྲུག་སྐྱ་རིལ། says:
    ལོ་ 15 སྔོན།

    བསྐྱར་དུ་འགོད་རྒྱུར། ཚོགས་པ་དེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཀའ་ཁྲིའི་འོས་གཞིར་བཞག་པ་དེ་ཡང་ན་ནིང་ཁོང་གིས་ཟློས་གར་ཚོགས་ཁང་ནང་ང་ལ་བཀའ་ཁྲི་བྱེད་འདོད་རྨི་ལམ་ཙམ་ཡང་བཏང་མ་མྱོང་བས་ངས་བཀའ་ཁྲི་བྱས་ན་ལས་དོན་ག་འདྲ་བྱེད་ཀྱི་ཡིན་མིན་གྱི་འབྲེལ་བ་ཆགས་ཀྱི་མི་འདུག་ཅེས་པ་ལས་རྒྱུ་མཚན་ངོ་མར་ཨ་མདོའི་བུ་མོ་དེར་ལན་བཏབ་མེད་པ་དེ་ཚོགས་པ་དེས་ཚོགས་མི་ཚོས་གོ་མ་མྱོང་བ་འདྲ། ད་དུང་ཚོགས་གཞོན་རྒྱ་རི་སྒྲོན་མས་ཁ་སང་དེ་རིང་བློ་བཟང་སེང་གེ་ཁོས་བཀའ་ཁྲི་བྱེད་ཐུབ་ན་ངས་མི་ཐུབ་རྒྱུ་གང་ཡང་མི་འདུག་ཟེར་ནས་བཀའ་ཁྲི་ལོང་འཆར་ཡོད་སྐད་འདུག་པ་དེ་ཚོགས་པ་དེས་ཚོགས་མི་ཚོས་མ་ཤེས་པ་ཡིན་པ་འདྲ། མདོར་ན་ཚོགས་པ་དེས་འོས་ཤོག་འདོན་སྟངས་དེ་ས་གནས་ཁག་ནས་བསྡུས་པ་ཡིན་ནམ། མི་རེ་གཉིས་ཤིག་ནས་བཟོས་པ་ཡིན་མིན་ཤེས་ཀྱི་མི་འདུག

    Reply
  19. སྟོད་ཕྲུག་སྐྱ་རིལ། says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པ་ཟེར་བ་ད་བར་གོ་མ་མྱོང་། ཚོགས་པ་གསར་པ་ཞིག་རེད་དམ། སྔོན་མ་བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ་ཞེས་དགུ་བཅུ་གསུམ་ལ་ཁ་གཏད་གཅོག་མཁན་གྱི་ཚོགས་པ་ཞིག་ཡོད་སྐད་འདུག དེ་ནི་ཡིན་རྒྱུ་མ་རེད། ད་ལྟའི་བཙོན་ཟུར་ཚོགས་པ་དེའི་རྒྱུན་ལས་སམ་འགོ་གཙོ་དེ་ཚོ་སུ་དང་སུ་རེད། ད་དུང་ཁོ་ཚོས་བཏོན་པའི་སྤྱི་འཐུས་ཀྱི་འོས་མི་ནང་དབུས་རྒྱུན་ཚོགས་གཙོ་དང་དབུས་རྒྱུན་ལས་ཐོག་ཟེར་བ་སོགས་མང་པོ་ཞིག་བཀོད་འདུག་པས་བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པའི་དབུས་རྒྱུན་རེད་དམ། སུའི་དབུས་རྒྱུན་རེད། ཚོགས་པ་དེའི་དབུས་རྒྱུན་ཡིན་ཚེ་ཁོ་ཚོའི་དབུས་རྒྱུན་ནང་དབུས་གཙང་དང་མདོ་སྨད་ཀྱི་མི་མེད་པ་འདྲ། དེ་མིན་གྱི་དབུས་རྒྱུན་ཞིག་ལ་བརྗོད་ཀྱི་ཡོད་ཚེ་དབུས་གཙང་དང་མདོ་སྨད་ཀྱི་དབུས་རྒྱུན་མང་པོ་འདུག་པ་དེ་ཚོ་ལ་དབུས་རྒྱུན་ཞེས་བྲིས་མི་འདུག་པས་དོན་ངོ་མ་ཆོལ་ཁ་དབྱེར་མེད་ཡིན་མིན་ཐེ་ཚོམ་འདུག རྩོམ་སྒྲིག་པ་དང་གསར་འགོད་པ། ཡང་ན་འབྲེལ་ཡོད་སུས་ཤེས་ཀྱི་ཡོད་ཚེ་གོང་གི་དོན་གནད་རེ་རེ་བཞིན་ལ་ལན་འདེབས་ཚུལ་མཐུན་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese