མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟ་ཐོག་སྤོ་ལོ་འགྲན་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྟོན་ཟླ་མགོ་མའི་ཚེས་ཤར་དང་ཕྱི་ཟླ་བདུན་པའི་ཟླ་མགོར་མདོ་སྨད་རྨ་ཆུའི་རྩྭ་ཐང་དུ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་། རིག་གནས་ཀྱི་དོན་སྙིང་ལྡན་པའི་༼ རྟ་ཐོག་སྤོ་ལོའི་རྩེད་འགྲན ༽ ཟེར་བའི་རྩེད་མོ་ཞིག་རྩེས་ཡོད་འདུག གནས་ཚུལ་ནང་བཀོད་པ་ལྟར་ན། ཉེ་ཆར་རྨ་ཆུ་རྫོང་རྨ་ཁུགས་ཀྱི་རྟ་ར་ནས་མདོ་སྨད་རྟའི་ཆོལ་ཀའི་རིགས་བཟང་རྒྱུད་གཙང་གི་རྟའི་རིག་གནས་གོང་སྤེལ་གཏོང་བ་དང་། གནའ་བོའི་ལུས་རྩལ་དེ་བོད་ཡུལ་ནས་ཉམས་པ་སླར་གསོ་བྱ་ཆེད། ནང་སོག་ནས་ཆེད་ལས་མཁས་པ་གདན་དྲངས་ཏེ། རྨ་ཆུ་ས་ཁུལ་གྱི་རྟ་རྩལ་ལ་བྱངས་པའི་གཞོན་ནུ་ལོ་ཆུང་ཚོར་རྟ་རྩེད་སྤོ་ལོའི་སྐོར་སློབ་སྟོན་བྱས་ཏེ། རྟ་ཐོག་སྤོ་ལོའི་རུ་ཁག་ ༨ རྩ་འཛུགས་ཀྱིས་འགྲན་བསྡུར་བྱས་ཡོད་པ་མ་ཟད། འབྱུང་འགྱུར་ཡང་འགྲན་སྡུར་གྱི་བྱེད་སྒོ་སྣ་ཚོགས་རབས་དང་རིམ་པར་སྤེལ་ཏེ། ལུས་རྩལ་དེའི་ས་བོན་དམངས་ཁྲོད་དུ་གདབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་བསྐྲུན། ཞེས་བཀོད་འདུག

 

གནས་ཚུལ་ནང་མུ་མཐུད་བཀོད་དོན། རྟ་ཐོག་སྤོ་ལོ་ནི་ལོ་རྒྱུས་རིང་བའི་གནའ་བོའི་ལུས་རྩལ་རིགས་ཤིག་ཡིན་ལ། རྗེས་སུ་ནུབ་ཕྱོགས་སུ་དར་ཏེ་ད་ལྟ་ཨ་རི་དང་དབྱིན་ཇི། ཕྱི་སོག རྒྱ་གར། ཨར་ཇེན་ཊི་ན། ཨེ་ཤ་ཡ་དཀྱིལ་མ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་རྟའི་རིག་གནས་ཀྱི་མཚོན་བྱེད་ལུས་རྩལ་གཙོ་བོ་ཞིག་ཏུ་གྱུར་ཡོད། རང་རེའི་བོད་ལ་མཚོན་ན། བོད་བཙན་པོའི་སྐབས་ནས་བཟུང་རྟ་ཐོག་སྤོ་ལོ་རྩེ་བའི་སྲོལ་ཡོད་པ་ ༼ ཐང་ཡིག་གསར་མ ༽ སོགས་སུ་བཀོད་ཡོད་ལ། རྟ་ཐོག་སྤོ་ལོའི་ཆེས་ཐོག་མའི་མཆེད་ཁུངས་ཀྱང་རང་རེའི་བོད་ཡུལ་ཡིན་པར་འདོད་མཁན་ཡོད་ཀྱང། དེང་གི་དུས་འདིར་བོད་ཡུལ་ན་གདོད་མའི་ལུས་རྩལ་འདིར་གསལ་ཆ་ཡོད་མཁན་ཉིན་མོའི་སྐར་མ་ལྟ་བུར་གྱུར་ཡོད། ཅེས་དང་། རྨ་ཆུ་རྫོང་རྨ་ཁུགས་རྟ་རས་ལོ་ངོ་ལྔ་བཅུ་ལྷག་རིང་རྟ་གསོ་སྐྱོང་གི་ལས་ཀའི་རྒྱུན་བསྐྱངས་སྟབས། དེ་ནས་ཐོན་པའི་རྟ་ནི་ཀྲུང་གོའི་རྟ་རིགས་བཟང་བོ་གསུམ་གྱི་ཁོངས་སུ་གཏོགས་པ་དང་། རིགས་བཟང་ཞིང་། རྒྱུད་གཙང་བ། མགྱོགས་ཤིང་སྐྱེན་པ། རྫ་དུག་ཐུབ་པ། རི་ངོར་འཛེགས་ཐུབ་པ་སོགས་ཀྱི་ཡོན་ཏན་དང་ལྡན་པས་མདོ་སྨད་ཀྱི་འབྲོག་ཁུལ་མང་པོའི་གཅེས་ནོར་དུ་གྱུར་ཡོད་པ་མ་ཟད། འབྲུག་ཡུལ་དང་ཨུ་རུ་སུ་སོགས་སུའང་ཁྱབ་སྟེ། སྔོན་གྱི་འབྲུག་རྒྱལ་བོའི་ཆིབས་པར་ཡང་གྱུར་མྱོང་ཡོད་ཅེས་རྨ་ཁུགས་ཀྱི་རྟ་ལ་བསྟོད་བསྔགས་ཀྱང་བྱས་འདུག 

 

གནས་ཚུལ་དེའི་ནང་རྟ་རྩལ་སྤོ་ལོ་ལས་གཞན་པའི་རྟ་རྩལ་འགའ་ཡང་ངོ་སྤྲོད་གནང་དོན། ཐེངས་འདིར་རྟ་ཐོག་སྤོ་ལོའི་ལུས་རྩལ་དར་སྤེལ་གཏོང་བ་ལས་གཞན། སྒྲོག་སྦྱིན་དང་ཁ་བཏགས་གོང་ལེན། ཚང་རག་ལ་རྒྱུགས་པ་སོགས་སྔོན་ནས་ཡོད་པའི་རྟའི་ལུས་རྩལ་གོང་སྤེལ་གཏོང་བ་དང་།  རྨ་ཆུའི་རྨ་ཁུགས་རྟ་རའི་རྟའི་རིག་གནས་ཀྱི་འགྲེམས་སྟོན་ཁང་དང་། རྟའི་རིག་གནས་ཀྱི་གནས་སྐོར་ལྟེ་བ་འཛུགས་པའི་དྲ་སྒྲིག་ཡིན་སྟབས། ལས་ཀའི་བྲེལ་ཚེགས་དང་གྲོང་ཁྱེར་གྱི་ཟང་ཟིང་གིས་ཡིད་ཀུན་ནས་སུན་པའི་ཕྱོགས་བཞིའི་མགྲོན་པོ་དག་གིས་གནས་དེ་ནས་རང་བྱུང་ཁམས་ཆེན་པོའི་མཛེས་པ་དང་། མ་བཅོས་མ་བསླད་མ་བརྫུས་པའི་འབྲོག་པའི་རིག་གནས་ཀྱིས་སྐུ་ཉིད་ཀྱི་སེམས་ངལ་སོས་པའི་ལོངས་སྤྱོད་དུ་རྙེད་པར་གདོན་མི་ཟའོ།། ཞེས་བཀོད་འདུག ཡང་རྟ་རྩེད་སྤོ་ལོའི་སྐོར་དུང་དཀར་ཚིག་མཛོད་ནང་བཀོད་པ་ལྟར་ན། “རྟ་རྩེད་སྤོ་ལོ་ནི་ཉེ་བའི་དུས་རབས་སུ་རྟ་རྩེད་པོ་ལོ་རྒྱག་པ་མཐོང་རྒྱུ་མེད་ཀྱང་། གནའ་དུས་བོད་ལ་དར་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན། གནའ་དུས་ཐང་བོད་བར་མཛའ་མཐུན་རྩེད་འགྲན་ཡང་བྱས་མྱོང” ཞེས་ཐང་དེབ་རྙིང་པའི་ནང་དོན་ལུང་འདྲེན་བྱས་འདུག  ༼ གོང་གི་གནས་ཚུལ་དང་པར་མཆོད་མེ་རྩོམ་རིག་དྲ་བ་ལས་བསྡུ་སྒྲིག་བྱས ༽

 བསྡུ་སྒྲིག་བྱེད་མཁན། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༢ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༧ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

མཆན། 11

  1. kunsal says:
    ལོ་ 16 སྔོན།

    བོད་ཀྱི་གདོད་མའི་རྩེ་མོ་རྟ་ཐོག་སྤོ་ལོ་སླར་གསོ་གནང་བར་དགའ་བསུ་ཞུ། རྩེ་མོ་འདི་ལ་ཐང་རྒྱལ་པོ་ཧང་སང་ཡོད་འདུག བློན་པོ་མགར་སོགས་རྒྱ་བཟའ་སློང་དུ་ཕེབས་སྐབས་ཀྱི་ལྟད་མོ་སྲོང་བཙན་སྒམ་པོ་ཞུ་བ་ནས་རྟ་ཐོག་སྤོ་ལོའི་སྐོར་ཟུར་འདོན་བྱས་པ་གཤམ་འཁོད་འབྲེལ་ཐག་བརྒྱུད་གཟིགས་རོགས།
    http://www.youtube.com/watch?v=TGS0UvUOx6c

    Reply
  2. གྱི་ན་བ says:
    ལོ་ 16 སྔོན།

    ལོ་རྒྱུས་ལྡན་པའི་རྟ་རྩེ་སྤོ་ལོ་ལེགས་གྲུབ་བྱུང་བ་བཀྲ་ཤིས་བདེ་ལེགས་གྲང་མེད་ཞུ།

    Reply
  3. རླུང་བུ། says:
    ལོ་ 16 སྔོན།

    རྟ་རྩེད་སྤོ་ལོའི་རྩེད་འགྲན་དངོས་སུ་ཚུགས་པར་རྟེན་འབྲེལ་ཞུ།
    པར་འདི་ཚོར་བལྟས་ན་པ་ཀི་སི་ཐན་ནང་གི་བོད་སྐད་ལ་བྲུ་ཤའི་ཡུལ་དུ་གྲགས་པ་དེང་གི་གིལ་གིཏ་(Gilgit)ཞེས་པའི་ཡུལ་གྱི་རྟ་རྩེད་སྤོ་ལོ་རྩེ་བཞིན་པའི་བརྙན་པར་ཞིག་མཐོང་བ་དང་འདྲ་བོ་འདུག་སྙམ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་ཀྱི་ནང་ཆོས་ལ་ཡོད་པའི་ལས་གྱི་ཀརྨ་ནི་རྒྱ་གར་སྐད་རེད། བོད་ཀྱི་ཏྰ་ལའི་བླ་མ་ཞེས་པ་ནི་སོག་སྐད་རེད། ད་པོ་ལོ་དེ་སྤོ་ལོ་བསྒྱུར་ནས་གཞན་སྐད་དུ་འགྲོ་ཉེན་འདུག་གོ། །

    Reply
  5. མི་རྐང་གླིང་བུ། says:
    ལོ་ 16 སྔོན།

    བོད་ཀྱི་གདོད་མའི་རྩེད་རིགས་འདི་སླར་གསོ་བྱུང་བར་བཀྲ་ཤིས་བདེ་ལེགས། གཞིས་ལུས་ཀྱི་བུ་རྒོད་ཚོ། ཐུགས་རྗེ་ཆེ། རྟ་ཐོག་རྩེད་མོ་འདི་དང་འབྲེལ་བའི་རྩོམ་དུམ་ཞིག་འདི་ན་ཡོད་པས་གཟིགས་ཞིབ་གནང་རོགས།
    http://ragshul.blogspot.com/2010/06/blog-post_30.html

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཨ་ལལལལལལ།་་འབྲོག་པ་ཚོ་ནོར་ལུག་མཚོ་བ་ལས་གཞན་ཅི་ཡང་མི་ཤེས་བའི་གླེན་པ་ཞིག་དུ་འདོད་
    ད་ཡིན་ན་ཁོ་བ་ཚོ་སྔོན་ཐོན་པ་རང་རེད་འདུག་གཱ

    Reply
  7. བློ་བཟང་མཐུ་སྟོབས། says:
    ལོ་ 16 སྔོན།

    ཆོལ་ཁ་དབྱེར་མེད་ཀྱི་བཀའ་བློན་ཁྲི་བའི་འོས་གཞི་
    བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    མཁས་དབང་བློ་བཟང་སེང་གེ།
    བཀའ་བློན་ཐུབ་བསྟན་ལུང་རིགས།
    བཀའ་ཟུར་བློ་བཟང་སྙན་གྲགས།
    སྐུ་སྒེས་དྲུང་ཆེ་རྔ་བ་ཚེ་རྒྱམ།
    རྒྱ་རི་བློ་གྲོས་རྒྱ་མཚན་
    བཅས་རེང།།

    Reply
  8. བློ་བཟང་མཐུ་སྟོབས། says:
    ལོ་ 16 སྔོན།

    རྟ་ཐོག་སྤོ་ལོའི་རྩེད་མོ་ལེགས་གྲུབ་བྱུང་བ་བཀྲ་ཤིས་བདེ་ལེགསགྲངས་མེད་ཞུ།

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཨེ་ཤ་ཡའི་རྩྭ་ཐང་དང་པོ། རྨ་ཆུའི་རྨ་ཁུགས་ཀྱི་འབྲོག་ཐང་འདི་ནས་རིན་ཐང་ཅན་གྱི་རིག་གནས་བྱ་འགུལ་མི་ཉུང་བ་ཞིག་སྤེལ་སོང་།
    ༡ ༽ ཕྱི་ལོ་ ༢༠༠༥ ལོར་རྨ་ཁུགས་དང་པོའི་ལྷན་འཛོམས་ཀྱི་སྤྲོ་ཚོགས་ཆེན་མོ་བསྡུས་ཏེ། ( འབྲོང་རའི་སྒྲ་སྙན ) སྔོག་འདོན་དང་སླར་གསོ་བྱས།
    ༢ ༽ ད་ལོའི་ཟླ་ ༡ ནང་( མགར་ཚང་གི་ཁྱིམ་བརྒྱུད )ལོ་རྒྱུས་གླེང་བ་ཞེས་པའི་ཚོགས་འདུ་བསྡུས་ཏེ། བོད་ཀྱི་མཛངས་བློན་མགར་དམ་པའི་རུས་རྒྱུད་ཀྱི་བྱ་བཞག་ལ་གདེང་འཇོག་བྱས།
    ༣ ༽ ཐེངས་འདིར་བོད་ཀྱི་གནའ་བོའི་རྩེད་རིགས་༼ རྟ་རྩེད་སྤོ་ལོ ༽ རྒྱུན་འཛིན་གྱི་ལས་གཞི་བརྩམས།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འོ་རྟ་རྩེད་པོ་ལོ་ Polo ཟེར་ན་འདི་ལ་ཟེར།

    Reply
  11. བསེ་རུ། says:
    ལོ་ 16 སྔོན།

    རྟ་ཐོག་སྤོ་ལོའི་རྩེད་མོ་དེ་ཆེས་ཐོག་མར་བོད་ནས་བྱུང་ཞིང་། དེ་རིམ་པར་འཛམ་གླིང་དུ་དར་ཁྱབ་སོང་བ་ཞིག་ཡིན་ནམ།

    ཡང་ན་རྟ་ཐོག་སྤོ་ལོ་དེ་ཕྱི་ཡུལ་ནས་རང་ཡུལ་དུ་རིམ་པར་དར་བ་ཞིག་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese