མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འཚོ་བའི་ལམ་ལུགས་རྨེག་མེད་ལ་གཏོང་གི་འདུག་གམ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

ཌ་མིན་ གྷུ་རམ་མ་ཊི་ཁ་སུ་ ཡིས་སྤེལ། བྷི་བྷི་སི་གསར་འགྱུར། ལྷ་ས།

 

རྒྱ་ནག་གིས་བོད་ནང་དུ་འཛུགས་སྐྲུན་ཁྱེར་ཡོང་བ་རེད། འགྱུར་བ་གཏོང་གི་ཡོད་པ་རེད། དེང་རབས་ཅན་དུ་བསྒྱུར་རོགས་བྱེད་ཀྱིན་ཡོད། ཡིན་ཡང་། བོད་མི་སྐོར་ཞིག་གིས་ཁོང་ཚོའི་མངའ་ཁུལ་དེའི་ཐུན་མོང་མ་ཡིན་པའི་ངོ་རྟགས་དེ་བརླག་གིན་པའི་སེམས་ཁྲལ་བྱེད་ཀྱིན་འདུག

ང་ཚོའི་འགྲུལ་སྐྱོད་འདི་དམིགས་བསལ་ཞིག་ཏུ་གྱུར། རྒྱ་ནག་གཞུང་གིས་ང་ཚོའི་འགྲུལ་སྐྱོད་ལ་ཡོངས་སུ་སྟངས་འཛིན་བྱས་སོང་།

ང་ཚོའི་ལས་རིམ་དང་འགྲོ་སྐྱོད་སོགས་ནི་རྦད་དེ་རྒྱ་ནག་གཞུང་གི་ལས་བྱེད་ཚོས་སྟངས་འཛིན་བྱས་ཤིང་། ཁོང་ཚོས་ང་ཚོ་མིག་གི་མཐོང་ས་ནས་གློད་གི་མི་འདུག

ང་ཚོས་སྐད་ཆ་བཤད་ཚད་ཀྱི་བོད་མི་ཕལ་ཆེ་བ་ནི་ཁོ་ཚོས་བདམས་ནས་ཡོང་ཞིང་། རྒྱ་ནག་གིས་བོད་ལ་འཛིན་པའི་ལྟ་ཚུལ་དག་ང་ཚོར་བསྟན་བྱུང་།

གླ་ཕོགས་ཡག་པོ།

བོད་ནང་ལ་འགྱུར་བ་འགྲོ་བཞིན་པའི་དཔང་རྟགས་གཅིག་ནི་ལྷ་ས་ནས་དུས་ཚོད་བཞི་ཕྱིན་པའི་སར་ཡོད་པའི་མཚོ་ངོས་ནས་མི་ཊར་ ༥༡༠༠ སར་ཡོད་པའི་གཏེར་ཆུའི་༡བཟོ་གྲྭ་དེ་རེད།

གཏེར་ཆུའི་འགྱིག་དམ་རྣམས་ནི་ཅ་དངོས་གཞན་རྣམས་དང་མཉམ་དུ་འཇར་མན་ནས་ནང་འདྲེན་བྱས་པ་རེད།

ཐོན་དངོས་ཀྱི་མིང་ནི་བཟོ་གྲྭ་དེའི་ཆུ་ཡོང་ས་འཁྱགས་རོམ་གྱི་མཚོ་འཕགས་༢ ༥༡༠༠ ནས་ཡོང་གི་ཡོད་པ་རེད།

ཆུ་དེ་དག་ནི་རྒྱ་ནག་གི་ཐག་རིང་གི་གྲོང་ཁྱེར་དག་ལ་བཙོང་གིན་ཡོད་ལ། བཟོ་གྲྭ་དེས་མངའ་ཁུལ་སྐྱོ་བོ་འདི་ལ་ལས་ཀ་དང་སྒོར་མོ་གཉིས་ཀ་ཁྱེར་ཡོང་བ་རེད།

བོད་མི་ ༡༥༠ ལྷག་གིས་འདིར་ལས་ཀ་བྱེད་ཀྱིན་ཡོད་ལ། དེའི་གྲས་ཀྱི་གཅིག་ནི་ཕུར་པུ་བཀྲ་ཤིས་རེད།

ཁོང་གིས་བཤད་ན་ལས་ཀ་དེ་ཁག་པོ་མི་འདུག་ལ། ཁོང་གིས་ཟླ་རེར་རྒྱ་སྒོར་ ༥༠༠༠ ལེན་གི་ཡོད་ཟེར། འདི་ནི་བོད་ནང་ལ་མཚོན་ན་གླ་ཆ་སྙིང་བརྗེ་བོ་ཞིག་རེད།

ཡིན་ཡང་། འདི་ནི་སྤྱིར་བཏང་གི་ལས་སླ་བོ་ཞིག་ག་ནས་ཡིན།

བཟོ་གྲྭ་དེ་ནི་ཧོང་ཀོང་དུ་དེབ་སྐྱེལ་བྱས་པའི་སྤྱི་གཉེར་ཁང་༣ཞིག་ཡིན། དེ་བས་ཁེ་བཟང་དང་། ཆུ་དེ་དག་ནི་དངོས་གནས་བོད་ཀྱི་ཕྱི་ལོགས་ལ་བཞུར་གིན་ཡོད།

བཟོ་གྲྭ་དེའི་བདག་པོས་བཤད་ན། འཁྱགས་རོམ་ཞུ་བའི་བཞུར་ཆུ་བླངས་པ་དེས་ཁོར་ཡུག་ལ་ཤུགས་རྐྱེན་མེད་ཚུལ་བཤད་ན་ཡང་། ཆུ་དེ་དག་ནི་ཕྱུགས་རྫི་ཚོས་ནོར་གནག་འཚོ་སའི་ལུང་གཤོངས་དེ་དག་ལ་བཞུར་གྱིན་ཡོད།

གནའ་བོའི་ལམ་ལུགས།

ལྷ་སར་མཚོན་ན་ཡང་། འགྱུར་བ་ག་ས་གང་དུ་མངོན་འདུག

གྲོང་ཁྱེར་དེའི་མཐོ་སར་འཕགས་པའི་ཕོ་བྲང་པོ་ཏ་ལ་ནི་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་མ་ཕེབས་གོང་ལ་ཁོང་གི་བཞུགས་ཤག་རེད།

དེ་ནི་དུས་རབས་མང་པོ་ཞིག་ལ་བོད་ཀྱིས་ཕྱིའི་བཙན་ཤུགས་ལ་འགོག་རྒོལ་བྱས་པའི་མཚོན་དོན་ཞིག་ཡིན།

ད་ནི་པོ་ཏ་ལའི་འཁྱམས་ར་དག་ནི་རྒྱ་ནག་གི་ལྟ་སྐོར་བས་ཁེངས་འདུག ཁོང་ཚོས་བོད་པའི་ཕྱུགས་རྫི་དག་གི་ཞྭ་མོ་གོན་ནས་པར་བླངས། ཡུལ་སྐོར་སྤྲོ་འཆམ་ནི་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་བྱེད་ཕྱོགས་ཀྱི་འཆར་གཞི་གཞན་ཞིག་ཡིན།

ཕོ་བྲང་པོ་ཏ་ལའི་འགན་འཛིན་བྱམས་པ་སྐལ་བཟང་གིས་བཤད་ན། ལོ་བཞིའི་ཡར་སྔོན་ལ་ལོ་རེར་ལྟ་སྐོར་བ་ ༣༧༠༠༠༠ ཕོ་བྲང་པོ་ཏ་ལའི་ནང་ལྟ་སྐོར་ལ་ཡོང་འཇུག་གིན་ཡོད། ད་ནི་གྲངས་འབོར་དེ་ ༦༠༠༠༠༠ ལ་འཕར་ཡོད་ལ། འདི་ནི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པ་དང་དེ་དང་མཉམ་དུ་བོད་པ་རྣམས་ཀྱང་ཕྱུག་པོར་འགྱུར་བཞིན་པའི་རྟགས་མཚན་ཞིག་ཡིན་པར་བཤད།

ཡིན་ཡང་། གྲངས་འབོར་འདི་ལྟ་བུ་ཞིག་འཕར་བཞིན་པ་དེས་བོད་མིའི་གནའ་བོའི་ལམ་ལུགས་དེར་ཤུགས་རྐྱེན་ཐེབས་གི་རེད་དམ་ཅེས་དྲིས་སྐབས་ཁོང་ལ་ཡང་ལན་རྒྱག་རྒྱུ་མི་འདུག

སྐྱིད་པོ་འདུག་གམ།

རྒྱ་ནག་ཧན་མི་རིགས་བོད་ནང་དུ་ལྟ་སྐོར་བ་དང་ཡུལ་མི་གནས་སྤོར་གྱི་ལམ་ནས་ཡོང་བཞིན་པ་དེས་བོད་ལ་འགྱུར་བ་གཏོང་གིན་ཡོད།

དེ་བཞིན་དུ་བོད་ཀྱི་འབྲོག་པ་དང་ཞིང་བ་རྣམས་ཁང་ཁྱིམ་གསར་པའི་ནང་སྤོར་དགོས་པའི་རྒྱ་ནག་གཞུང་གི་སྲིད་བྱུས་དེས་ཀྱང་བསྒྱུར་གྱིན་འདུག ང་ཚོ་ལྷ་སའི་ཕྱི་ན་ཡོད་པའི་དཔེ་སྟོན་ལས་འཆར་ཞིག་ལ་ལྟ་སྐོར་དུ་ཁྲིད་སོང་།

སོ་ཕག་གིས་གྲལ་ལེགས་པོར་སྒྲིག་པའི་ཁང་བ་རྣམས་སྟར་ལ་སྒྲིག་པ་དང་། དེ་དག་གི་སྟེང་ན་བོད་པའི་དར་ལྕོགས་རྣམས་རླུང་གིས་སྐྱོད་ཀྱིན་འདུག

རྒྱ་ནག་གིས་བཤད་ན། ཁོང་ཚོས་འདས་པའི་ལོ་བཞིའི་རིང་བོད་པ་ཚོར་༼བདེ་སྐྱིད་ཀྱི་ཁང་ཁྱིམ་༽ ཞེས་པ་ ༢༣༠༠༠༠ གསར་རྒྱག་གིས་བོད་རིགས་ས་ཡ་ ༡་༣ གྱི་སྡོད་གནས་གོ་སྒྲིག་བྱས་པ་ཡིན་ཟེར།

ད་དུང་གཞུང་ངོས་ནས་ཁང་པ་དེ་དག་རྒྱག་པར་རོགས་སྐྱོར་སྒོར་མོ་སྤྲད་པ་ཡིན་ཟེར། ཡིན་ཡང་། བོད་པ་ཚོས་ཀྱང་རང་གི་གསོག་དངུལ་རྣམས་བཏང་ཡོད་ལ། བུན་སྐྱེད་ཀྱང་བླངས་ཡོད་པ་རེད། མཐའ་མ་དེར་བུ་ལོན་གྱི་ནང་དུ་ཟུག་གིན་ཡོད་པ་རེད།

ད་དུང་ང་ཚོར་བཤད་དོན། གྲོང་གསེབ་དེའི་ནང་གི་བོད་པ་མང་པོ་ཞིག་གིས་་སྒོར་མོ་གསོག་ཐབས་སུ་རང་རང་གི་ས་ཞིང་རྒྱ་རིགས་ཚོར་བོགས་མར་བཏང་ཡོད་འདུག

རྒྱ་རིགས་ཚོས་བོད་དུ་སྔོ་ཚོད་འདེབས་ཀྱིན་ཡོད་ལ། བོད་རིགས་ཚོས་ལྷ་ས་གྲོང་ཁྱེར་སོགས་སུ་འཛུགས་སྐྲུན་གྱི་ལས་ཀ་བྱེད་ཀྱིན་ཡོད། དེ་ལྟར་བོད་ཀྱི་མི་འབོར་ཡང་འགྱུར་གྱིན་ཡོད།

རྗེས་ལུས།

ཁང་པ་གཅིག་གི་ནང་དུ་ང་ཚོས་རྡོ་འབུམ་རྒྱལ་རྙེད།

དགུང་ལོ་བདུན་ཅུའི་ཁ་མཚམས་འདིར་ཁོང་གིས་སྨུག་མདོག་གི་རྒྱ་ཞྭ་ལི་མོ་ཞིག་གོན་འདུག

ཁོང་གི་ཁང་པའི་རྩིགས་སྡེབས་སུ་ཡང་། ང་ཚོས་ཁང་ཁྱིམ་འདི་དག་ཕལ་ཆེ་བའི་ནང་མཐོང་བ་ཇི་བཞིན་དུ། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་པར་བཤམས་འདུག མའོ་ཙེ་ཏུང་ནས་ཧུའུ་ཅིན་ཐའོ་བར་དུ་འདུག དེའི་འོག་ཏུ་བརྙན་འཕྲིན་ཆེ་ཐག་ཆོད་ཅིག་བཞག་འདུག

རྡོ་འབུམ་རྒྱལ་ནི་དམར་ཤོག་ཚོགས་པའི་ཚོགས་མི་དང་ཁང་ཁྱིམ་གྱི་ལས་གཞི་འདི་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད།

༼ང་ཚོའི་ཁང་པ་རྙིང་བ་ཚོ་ནི་འདམ་བག་གིས་བརྒྱབ་པ་རེད། འདི་འདྲའི་ཡག་པོ་ཞིག་ཡོད་པ་མ་རེད། ང་རང་ནི་ཞིང་པ་དཀྱུས་མ་ཞིག་ཡིན། ཡིན་ཡང་། གུང་ཁྲན་ཏང་གིས་ང་ཚོ་ཚང་མར་གཟིགས་སྐྱོང་གནང་བ་རེད།༽ཁོང་གིས་འདི་ལྟར་བཤད།

རྒྱ་ནག་གཞུང་གིས་ཁོང་ཚོའི་སྲིད་བྱུས་དེས་བོད་རིགས་རྣམས། ཁོང་ཚོའི་གཞུང་འབྲེལ་གྱི་བཤད་སྟངས་ལྟར། རྗེས་ལུས་ཀྱི་རྣམ་པ་ནས་སྒྱུར་གྱིན་པའི་ཡིད་ཆེས་བྱེད་ཀྱིན་ཡོད།

དེ་ལྟར་ཀྱང་། བོད་པ་སྐོར་ཞིག་ལ་ཁེ་བཟང་རག་གི་ཡོད་རུང་། མང་པོ་ཞིག་ནི་དེར་ཡིད་ཆེས་མེད།

ཁོང་ཚོས་དཔལ་འབྱོར་གྱི་ཁེ་ཕན་ཤུགས་ཆེ་ཤོས་དེ་བོད་ས་ཁུལ་ལ་གནས་སྤོར་བྱས་པའི་རྒྱ་རིགས་ཚོར་རག་གི་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད།

ཁོང་ཚོས་བཤད་ན། ཁོང་ཚོའི་འཚོ་བའི་ལམ་ལུགས་དང་མི་རིགས་ཀྱི་ངོ་རྟགས་དང་བཅས་པ་ཚང་མ་ཉེན་ཁའི་འོག་ལ་ཚུད་ཡོད་པར་བཤད།

ལྕགས་ལམ་གྱི་ཡར་རྒྱས།

རྒྱ་མི་ཚོ་བོད་ནང་ཡོང་བཞིན་པའི་གྲངས་འབོར་དེ་ནི་ཚོར་ཤུགས་རྣོ་བའི་བརྗོད་གཞི་ཞིག་རེད།

ང་ཚོའི་བོད་སྐྱོད་འགྲུལ་བཞུད་མགོ་མ་བཙུགས་པའི་སྔོན་ལ་ངས་པེ་ཅིན་གྱི་ལས་བྱེད་ཚོར་གྲངས་འབོར་དེ་དྲིས་སྐབས། ང་ལ་ཕྱིར་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་བོད་ཀྱི་གནད་དོན་སྐོར་ལ་བདེན་པ་མིན་པའི་གསར་འགྱུར་སྤེལ་གི་ཡོད་ཚུལ་སྐོར་ནས་གཏམ་བཤད་རིང་ཐག་ཆོད་ཅིག་བྱས་སོང་།

དེ་ནས་ང་ལ། གྲངས་འབོར་དེ་ཉར་མེད་ཟེར།

ལྷ་ས་ནས་ང་ཚོ་མེ་འཁོར་འབབ་ཚིགས་གསར་པ་དེར་ཁྲིད་བྱུང་། རྒྱ་ཆེ་ཞིང་། དེང་རབས་ཀྱི་མཁར་ལས་༥ཤིག་རེད། ནང་དུ་བྲག་ཆ་འཁོར་བ་དང་། སྟོང་སེང་ངེར་འདུག དེའི་བཟོ་བཀོད་ནི་ཧ་ཅང་གསལ་བོ་མིན་པའི་ཕོ་བྲང་པོ་ཏ་ལའི་བྲག་ཆ་ལྟ་བུ་ཞིག་རེད།

ལྕགས་ལམ་དེ་ནི་པེ་ཅིན་གྱིས་བོད་ནང་བཙུགས་པའི་མ་རྩ་ཆེ་ཤོས་རེད། ཨ་སྒོར་དུང་ཕྱུར་མང་པོ་བཏང་ལ། མངའ་ཁུལ་འདི་ལྷག་འཕྲོས་ཀྱི་རྒྱ་ནག་ལ་མཐུད་པའི་ཆེད་དུ་བཟོས་པ་རེད།

མེ་འཁོར་ཞིག་ནང་དུ་འཛུལ་ཡོང་ལ། འགྲུལ་བ་དག་གིས་ལས་སྟེགས་༤ཁེངས།

དེའི་ནང་དུ་རྒྱ་ནག་གི་ཡུལ་མི་གནས་སྤོར་བ་དག་ཡོད། ཁོ་ཚོས་སོ་སོའི་ཅ་དངོས་ཡོད་པའི་རྩྭ་རས་ཁུག་མ་རྣམས་མར་བླངས། བོད་པ་ཚོས་ཐག་པས་བསྡམས་པའི་ཅ་དངོས་དག་བཏོན། རྒྱ་ནག་གི་ལྟ་སྐོར་ཚོགས་པའི་མི་ཚང་མས་ཞྭ་མོ་དམར་པོ་རེ་གྱོན་ཡོད་ལ། སྣེ་ཤན་པས་མོ་རང་གི་དར་ཆ་དམར་པོ་དེ་གཡུག དེ་རུ་ཕྱི་རྒྱལ་གྱི་ལྟ་སྐོར་བ་འགའ་རེ་ཡང་ཡོད།

ང་ཚོར་བཤད་དོན། ཉིན་རེར་འགྲུལ་བ་ ༣༠༠༠ རེ་ཡོང་གི་ཡོད་ལ། རོབ་རྩིས་བྱས་ན་ལོ་རེར་འགྲུལ་བ་ས་ཡ་གཅིག་རེ་ཡོང་གི་ཡོད། དེ་དག་གི་གསུམ་ཆའི་གཅིག་ནི་ལྟ་སྐོར་བ་ཡིན།

ཉིན་ལྔའི་རིང་གི་འགྲུལ་བཞུད་རིང་ང་ཚོས་གོ་སྐབས་རེ་བརྐུས་ཏེ་བོད་པ་ཚོའི་མཉམ་དུ་གསང་སྟབས་ཀྱིས་སྐད་ཆ་བཤད་སྐབས། བོད་ནང་ལ་རྒྱ་མི་བླུག་ནས་ཡོང་བཞིན་པ་དེ་དག་ནི་ཁོང་ཁྲོའི་རྒྱུ་རྐྱེན་དུ་འགྱུར་བཞིན་པ་ནི་གསལ་བོ་རེད།

རྒྱ་སྐད་དང་བོད་སྐད་ཀྱི་འགྲན་སྡུར།

ཚོར་ཤུགས་རྣོ་བའི་བརྗོད་གཞི་གཞན་པ་ཞིག་ནི་བོད་སྐད་ནི་སྐད་ཡིག་ཅིག་གི་ངོ་བོར་གནས་ཐུབ་ཀྱི་ཡོད་མེད་དེ་རེད།

ཧྲང་ཧེ་སྲིད་གཞུང་གིས་མ་དངུལ་བཏང་སྟེ་བརྒྱབ་པ་ཡིན་སྟབས་མིང་ཡང་དེ་ལྟར་དུ་བཏགས་པའི་ཧྲང་ཧེ་བོད་ཀྱི་ཚོད་ལྟའི་སློབ་གྲྭར་མཚོན་ན། ཚོན་ཁྲ་དཀར་པོ་དང་དམར་པོ་འདྲེས་པའི་སྒྲིག་ཆས་གྱོན་མཁན་བོད་རིགས་སློབ་ཕྲུག་འཛིན་གྲྭ་གང་ལ་རྒྱ་ཡིག་གི་སློབ་ཚན་ཞིག་ཁྲིད་ཀྱིན་འདུག

ང་ཚོར་བཤད་དོན་ལྟར་ན། སློབ་གྲྭ་འདིར་ཡོད་པའི་སློབ་ཕྲུག་ ༩༠༠ ནི་ཞིང་བ་དང་འབྲོག་པའི་བྱིས་པ་ཚོ་རེད། དེ་དག་གི་མང་པོ་ཞིག་ལ་དབུས་གཞུང་གི་རོགས་དངུལ་བཏང་བ་ལྟར་སློབ་གསོ་འདི་རག་གི་ཡོད་པ་རེད།

འདི་ཡང་འགྲེམ་སྟོན་གྱི་ལས་འཆར་གཞན་ཞིག་རེད།

སློབ་གྲྭ་དེས་བོད་ཡིག་ནི་གལ་འགངས་ཆེ་ཤོས་དེ་ཡིན་ཟེར་ཡང་། ཞིབ་ཏུ་རྩད་གཅོད་བྱེད་དུས། གནད་དོན་ངོ་མ་ནི་དེ་ཡང་མ་རེད།

དགེ་རྒན་ཕྱེད་ཀ་ནི་རྒྱ་མི་རེད། བོད་ཡིག་གི་སློབ་ཚན་ནི་བོད་ཀྱི་སྐད་ཡིག་ཁོ་ན་རེད། སློབ་ཚན་གཞན་པ་ནི་མ་རེད།

བོད་ཀྱི་སྐད་ཡིག་མ་གཏོགས། ཡིག་ཚད་ཚང་མ་རྒྱ་ཡིག་གི་ནང་དུ་འབྲི་དགོས་ཀྱི་ཡོད།

སློབ་གཞི་ཚང་མ་རྒྱ་ཡིག་གི་ནང་དུ་རེད། དེ་ནས་ང་ཚོར་བཤད་པ་ལྟར་ན། བྱིས་པ་ཚོར་ཏཱ་ལའི་བླ་མ་ནི་རྒྱ་ནག་ལ་ཧ་ཅང་ཉེན་ཁ་ཆེ་བའི་མི་ཞིག་ཡིན་པར་བཤད་ཀྱིན་ཡོད་རབས་འདུག

རྒྱ་ནག་གི་འཛུགས་སྐྲུན་དེས་བོད་ལ་འཕོ་འགྱུར་གཏོང་གི་ཡོད་ལ། ཡོང་སྒོ་ཡང་ཇེ་མང་ལ་གཏོང་གི་ཡོད། དེ་བཞིན་དུ་འཚོ་བ་ལ་འགྱུར་བ་གཏོང་གི་ཡོད་པ་བཅས་ནི་གསལ་བོ་རེད།

ཡིན་ན་ཡང་། དེ་དག་ཚང་མར་རྟག་ཏུ་དགའ་བསུ་ཐོབ་གིན་མེད།

རྒྱ་ནག་གིས་ཁོང་ཚོར་ཁྱེར་ཡོང་བར་བཤད་པའི་ཁེ་བཟང་དེ་དག་ཚང་མ་ཡང་། ང་ཚོའི་ལྟ་སྐོར་དེ་གྲུབ་རྗེས་ཀྱི་མཐོང་ཚུལ་ལྟར་ན། པེ་ཅིན་གྱིས་བོད་མི་རིགས་ཀྱི་སེམས་པ་འགུག་ཐབས་སུ་འཐབ་རྩོད་བྱེད་ཀྱིན་པའི་རྟགས་སུ་མངོན།

མི་རབས་གཅིག་གི་དུས་ཡུན་རིང་། ཁོང་ཚོའི་ཕ་ཡུལ་ལ་བསྐྱར་གསོ་བྱ་ཐབས་མེད་པའི་འགྱུར་བ་ཞིག་གཏོང་རྒྱུ་ཡིན་པ་འདྲ།

ལུང་རིགས་རྒྱལ་གྱིས་སྤེལ།

 

གསལ་བཤད། གཤམ་གྱི་ཐ་སྙད་འདི་དག་ནི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་གཞིར་བཟུང་བསྒྱུར་བ་ཡིན།

༡། གཏེར་ཆུ། mineral water

༢། མཚོ་འཕགས། altitude

༣། སྤྱི་གཉེར་ཁང་། company

༤། ལས་སྟེགས། Platform

༥། མཁར་ལས། building

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༥ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 9

  1. སྨར་ཁམས་བུ། says:
    ལོ་ 15 སྔོན།

    རྒྱ་མི་ལས་དོན་ནང་འཛུལ་བཞུགས་གནང་དགོས་གལ་ཆེ། འོན་རང་རིགས་ཀྱི་རིགས་གཞུང་ལ་གཅེས་འཛིན་དགོས།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་མང་པོ་ཞིག་འདིར་ཡོང་སྟེ་བསམ་ཚུལ་བཏོན་པར་དོན་སྙིང་ཤིན་ཏུ་ཆེའོ།

    སྒྲུང་འདི་བསྒྱུར་བ་དང་འདིར་བཀོད་པའི་དམིགས་ཡུལ་གཞན་གཅིག་ནི། རྩོམ་ལུས་ལ་བལྟས་པ་ཡིན། མཚམས་རེར་སྒྲུང་ཞིག་སྒྲུང་གི་རྣམ་པ་ཆ་ཚང་ཞིག་ཏུ་འབྲི་ཁོམ་མེད་དུས། འདི་ལྟར་དོན་གནད་རེ་ཐིག་ཕྲེང་ལ་སྒྲིག་ནས་འབྲི་ཐབས་འདི་ཡང་ཡག་པོ་མེད་འགྲོ་བསམ་པ་ཡིན།

    འདི་ནི་བོད་ཀྱི་དུས་བབ་ཀྱི་ཞོགས་པའི་ཇ་མཚམས་སྐབས་ཀྱི་གསར་འགྱུར་གྱི་རྩོམ་ལུས་སྐོར་གྱི་དཔེ་བརྗོད་ཅིག་ཡིན།

    སྒྲུང་གི་འབྲི་ཐབས་འདི་ཀློག་མཁན་ཚོར་འཚམ་མིན་ཐད་ནས་ཀྱང་དགོངས་འཆར་གནང་རྒྱུ་གལ།

    Reply
  3. སྟག་སྨྱོན། says:
    ལོ་ 15 སྔོན།

    རྒྱ་ནག་གིས་བོད་རྩ་མེད་བཟོ་ཐབས་དེའང་ཆེས་གཏིང་ཟབ་པོ་དང་རྒྱུན་རིང་པོ་ཡིན་པ་དང་། རྒྱ་ནག་མི་འབོར་དང་སྲིད་འབྱོར་དང་དྲག་དམག་གི་ཕྱོགས་ནས་ཀྱང་རྒྱལ་སྤྱིའི་དམིགས་བསལ་གོ་གནས་ཟིན་ཡོད་སྟབས། ཡང་སྙང་ང་ཚོའི་ཁ་གཏད་དེ་འཛམ་གླིང་ལོ་རྒྱས་ཐོག་ལས་སླ་བོ་ཞིག་རྩ་ནས་ཆགས་མེད་སྟབས། ང་ོར་དེ་ལ་ཁ་གཏད་གཅོག་མཁན་གྱི་མི་རིགས་ཉུང་ཉུང་ཞིག་ཡིན་སྟབས། ང་ཚོའང་འཛམ་གླིང་ལོ་རྒྱུས་ཧ་ལས་དགོས་པའི་མི་རིགས་མཁྲེགས་པོ་དང་སྤྱང་གྲུང་ལྡན་པ་ཞིག་ཆགས་དགོས་པ་རེད། ད་བར་འཛམ་གླིང་གི་ལོ་རྒྱུས་བྱུང་མ་མྱོང་བའི་མི་རིགས་ཆེས་མཁེགས་པོ་ཞིག་བྱེད་དགོས་པ་རེད། མ་འོངས་པར་འཛམ་གླིང་གི་ལོ་རྒྱུས་ནང་དྲག་པོ་དང་སྟབས་ཆེན་ལ་ཁགགཏད་གཅོག་སྟངས་ལ་དམིགས་དཔེ་ལེན་དགོས་སའི་མི་རིགས་ཞིག་བྱེད་དགོས་པ་རེད། དེ་མིན་སྤྱི་བཏང་གི་སེམས་ཤུགས་དང་འབད་བརྩོན་ཙམ་གྱིས་ང་ཚོའི་དམིགས་ཀྱི་ཟུར་ཙམ་ལའང་སླེབས་ཐུབ་མེད། ཐ་ན་བོད་མི་རེ་རེའི་ཉི་མ་རེ་རེའི་འཚོ་བ་དང་མི་ཚེ་ལ་ལས་ཀ་དང་སྐད་ཡིག ཆབ་སྲིད་དང་ཚོང་ལས། ལས་ཤེས་ཚང་སོགས་ཡོངས་རྫོགས་ལ་བོད་ཀྱི་རྩ་དོན་དང་འབྲེལ་བའི་དོན་སྙིང་ཟབ་མི་ལྡན་དགོས་པ་མ་ཟད། ཆོལ་ཁ་གསུམ་དང་ཆོས་རྒྱུད་ཁག་ཆིག་སྒྲིལ་འགྱུར་བ་མེད་པ་གཏན་འཛིན་བྱེད་རྒྱུ་དེ་བོད་སྙིང་སྲུང་སྐྱོབས་བྱེད་པ་དང་གཅིག་རེད། དེང་སྐབས་འཛམ་གླིང་ཐོག་སྐད་ཡིག་དང་མི་རིགས། རྒྱལ་ཁབ་དང་དངུལ་སྒོར་སོགས་ཆེས་ཐ་དད་ཡིན་པ་རྣམས་ཀྱང་བློས་བཏང་ནས་དགོས་དབང་གིས་གླིང་གཅིག་གི་མིང་འོག་ཏུ་རྡོག་རྩ་ཆིག་སྒྲིལ་བྱེད་ཀྱི་ཡོད་པ་ EU and EURO ལྟ་བུ་རེད། རིག་གཞུང་ཆབ་སྲིད་སྐད་ཡིག་དང་མི་རིགས། རྒྱལ་ཁབ་དང་སྐྱིད་སྡུག་ཡོངས་གཅིག་པ་ཡིན་པའི་བོད་ཆོལ་ཁ་གསུམ་པོ་ཅི་ཕྱིར་ཆིལ་སྒྲིལ་བཟོ་མ་ཐུབ་པ་དང་སྐྱིད་སྡུག་མཉམ་མྱོང་བྱེད་མི་ཐུབ་པ་ཅི་ཡོད་བསམ་ན་ངའི་བྲང་ཁོག་ངར་རྒྱལ་གྱི་མེ་འབར་བྲོ་བྱེད་ཀྱི་འདུག

    Reply
  4. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    རྒྱ་མིའི་སྲིད་དོན་པ་འདི་ཚོ་ངོ་མ་གཡོ་རྒྱུ་ཆེ་གི་ཡ།

    Reply
  5. རྭ་ལོ། says:
    ལོ་ 15 སྔོན།

    རྒྱ་མི་ཚོས་བོད་ས་ཁུལ་ན་སྔོ་ཚོད་འདེབས་པ་དང་། བོད་པ་ཚོས་ལམ་ལས་སོགས་བྱེད་ཀྱིན་པ་འདི་གཅིག་པུའི་སྟེང་ནས་ད་སྐབས་ཀྱི་བོད་ནང་གི་གནས་སྟངས་དེ་བཤད་འདུག

    སྔོ་ཚོད་འདེབས་མཁན་ཚོས་ག་ལེར་ཞིང་ཁ་ཡང་འདེབས་གི་རེད། བོད་པ་ཚོར་ཨར་ལས་དེ་དག་ཚར་སོང་ན་དེ་ནས་ཚར་བ་རེད།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ད་ལོ་དབྱར་ཁར་རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་གསར་འགོད་པ་སྐོར་ཞིག་བོད་ནང་ལྟ་སྐོར་ལ་ཁྲིད་པ་དེ་དག་གི་ནང་ནས། རོའུ་ཊར་དང་བྷེ་བྷེ་སི། དེ་བཞིན་གསར་འགོད་པ་མང་པོ་ཞིག་གིས་སོ་སོའི་མཐོང་སྣང་དག་བརྒྱུད་ལམ་ཁག་ལ་བཀྲམས་ཡོང་གི་འདུག

    རོའུ་ཊར་གསར་ཁང་གི་གསར་འགྱུར་ཁ་ཉིན་ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་གིས་བསྟན་སོང་།

    འདི་ནི་བྷི་བྷི་སི་གསར་ཁང་གི་གསར་འགྱུར་རེད།

    ད་དུང་གསར་ཁང་གཞན་པ་དག་གིས་ཀྱང་ཐེངས་འདིའི་ལྟ་སྐོར་སྐབས་ཀྱི་མཐོང་ཐོས་གནས་ཚུལ་རྣམས་བཏོན་ཡོང་གི་འདུག

    Reply
  7. བློ་བཟང་མཐུ་སྟོབས། says:
    ལོ་ 15 སྔོན།

    གང་ལྟ་ཡར་རྒྱས་འགྲོ་གི་ཡོད་ན་འགྲིག་པ་རེད།

    Reply
  8. ཕུན་ཚོགས ། says:
    ལོ་ 15 སྔོན།

    ལྗོངས་རྒྱུའི་ཟིན་ཐོ་འདི་བཞིན་འབྲི་མཁན་དང་ཉམས་ཞིབ་འདི་བཞིན་བྱེད་སྟངས་འདིས་བློ་ཁ་ཚིམ་པོ་བྱུང་།དེ་མིན་འུ་ཚོའི་གསར་ལམ་ཁག་ནས་ཀྱང་དྲང་ཚུགས་ཀྱི་གསར་འགྱུར་འགོད་མཁན་ཤིན་ཏུ་དཀོན་ཚོད་ཡིན་ལ།ལྷག་ཏུ་ཉམས་ཞིབ་བྱེད་སྟངས་ཐད་ནས་འདོད་བློ་སྐོང་ཐུབ་མཁན་ཧ་ལམ་ཁག་པོ་ཡིན།

    Reply
  9. འཁྲུངས་སྐར། says:
    ལོ་ 15 སྔོན།

    ད་གང་ཤེས་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese