མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་པ་གཅིག་གྱུར་ཡིན་མཁན་ཚོར་དམིགས་བསལ་འགན་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

བསྟན་པ་ལ་ཆེད་དུ་གཉེར་ནས་སྟངས་འཛིན་བྱེད་རྒྱུ་ཞིག་ཆགས་པའི་སྐབས་འདིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་གཙོས་བསྟན་པ་གཅིག་གྱུར་ཡིན་མཁན་ཚོར་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བདག་ཉར་བྱ་རྒྱུར་དམིགས་བསལ་གྱི་འགན་ཡོད་ཅེས་༸གོང་ས་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༢༢ ཉིན་༸གོང་ས་མཆོག་ལ་དྭགས་ནུབ་རྭ་ཁུལ་ཏུ་ཡོད་པའི་ལྡུམ་ར་བསམ་དགོན་བྱམས་བརྩེ་ཐོས་བསམ་གླིང་དུ་ཆིབས་བསྒྱུར་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་དང་བརྟན་བཞུགས་འདེགས་འབུལ་ཞུས་རྗེས། ༸གོང་ས་མཆོག་གིས་དེར་ཡོད་དགེ་འདུན་པ་དང་སེེར་སྐྱ་མི་མང་ལ་བཀའ་སློབ་གནང་དོན།  ནང་པ་སངས་རྒྱས་པའི་བསྟན་པ་འདི་སྤྱིར་འཛམ་གླིང་འདིའི་སྟེང་གི་གཅེས་ནོར་ཞིག་དང་ལྷག་པར་ལ་དྭགས་དང་ཧི་མ་ལ་ཡའི་རི་རྒྱུད་སྤྱིའི་མཚོན་བྱེད་ཞིག་ཆགས་ཡོད་སྟབས་རབ་བྱུང་ཕོ་མོ་ཙམ་མ་ཡིན་པར་སྐྱ་སེར་ཚང་མར་འགན་ཡོད། འདས་པའི་མི་ལོ་ ༦༠ རིང་བོད་གངས་ཅན་ལྗོངས་སུ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། ད་ལྟའི་ཆར་ཡང་དཀའ་ངལ་འཕྲད་དང་འཕྲད་བཞིན་ཡོད་པ་རེད། འཛམ་གླིང་སྤྱིའི་འགྱུར་བ་དང་ཡང་སྒོས་སུ་རྒྱ་ནག་ནང་གི་འགྱུར་བ་ལ་བརྟེན་ནས་རིམ་པས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་ཡོད་སྟབས། བསྟན་པ་ལ་ཆེད་དུ་གཉེར་ནས་སྟངས་འཛིན་བྱེད་རྒྱུ་ཞིག་ཆགས་པའི་སྐབས་འདིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོར་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བདག་ཉར་བྱ་རྒྱུ་དང་། ཁྱེད་རང་ཚོ་བསྟན་པ་གཅིག་གྱུར་ཡིན་མཁན་ཚོར་དམིགས་བསལ་འགན་ཡོད་ཅེས་བཀའ་སློབ་གནང་ཡོད་པ་རེད།
 
ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་ནུབ་རྭ་བསམ་གཏན་གླིང་གི་སློབ་གཉེར་བ་ཚོས་གོ་སྒྲིག་གནང་བའི་དམ་ཆོས་ཁྱབ་སྤེལ་དང་འབྲེལ་བའི་བགྲོ་གླེང་སྟེང་མཉམ་ཞུགས་གནང་སྟེ། ཁོང་ཉིད་དང་དགའ་ལྡན་ཁྲི་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་བརྗོད་གཞི་དཔལ་ན་ལེཎྜའི་ཆོས་བརྒྱུད་ཟབ་མོ་འདི་ཉིད་མི་ཉམས་ཡུན་གནས་ཡོང་ཐབས་སུ་ཧི་མ་ལ་ཡའི་ལྗོངས་ཀྱི་མི་མང་རྣམས་ཀྱིས་ཐུགས་འགན་བཞེས་ཕྱོགས་སྐོར་གྱི་འགྲེལ་བཤད་དང་། རང་རེ་ནང་པ་སངས་རྒྱས་པ་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་ཚད་ལྡན་ཞིག་བྱེད་དགོས་ཚུལ་སྐོར་ནས་བགྲོ་གླེང་གནང་ཡོད་པར་མ་ཟད། མང་ཚོགས་ཀྱི་ཁྲོད་ནས་བརྗོད་གཞི་འདིའི་ཐད་དོགས་འདྲི་གནང་ཡོད་པ་དང་། དེ་བཞིན།  འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་རི་རྫོང་སྲས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པའི་མཛད་འཕྲིན་དང་འབྲེལ་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་རྒྱུད་འཛིན་གནང་རྒྱུ་དེ་དགེ་བཙུན་གཅིག་པུ་མ་ཡིན་པར་སྐྱ་བོ་ཕོ་མོ་ཚོར་ཡང་འགན་ཡོད་པའི་སྐོར་གྱི་བཀའ་སློབ་གནང་བ་དང་འབྲེལ། ༡༩༩༨ ལོར་གསར་འཛུགས་གནང་བ་ནས་ད་ལྟའི་བར་གྱི་དགོན་པའི་སློབ་གཉེར་བ་ཡོངས་ཀྱི་ཤེས་ཡོན་གྱི་ཆུ་ཚད་དང་སློབ་སྦྱོང་གི་མཐུན་རྐྱེན། མ་འོངས་པར་གདན་ས་ཁག་ལ་སློབ་གཉེར་བྱེད་པར་ཆེད་དུ་གཏོང་འཆར་ཡོད་པའི་སྐོར་སོགས་༸གོང་ས་མཆོག་ལ་སྙན་སེང་ཞུས་ཡོད་པ་རེད། 

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ཛ་དྲ་ག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
གསར་འགྱུར།

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་ནས་མི་མང་ལ་མཇལ་ཁ་བསྩལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་དབུ་འཛུགས་མཛད།

ཆུ་ཚོད་ ༤ སྔོན་ལ།
འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༥/༡༢/༡༥
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

༢༠༢༥/༡༢/༡༥
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

༢༠༢༥/༡༢/༡༥
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

༢༠༢༥/༡༢/༡༥

མཆན། 3

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཨོ་ལགས་སོ
    ་ད་ཡིན་ན་ང་ཚོ་ལ་རེ་ཐག་ཆད་ནས་ཧི་མ་ལ་ཡིས་རི་རྒྱུད་ཚོ་སྐྱབས་བཅོལ་གིན་ཡོད་པས་ཚོལ་སྣང་ཞིག་ངང་གིས་ཡོང་གིན་འདུག
    ང་ནོར་ཡོད་པར་ཤོག་

    Reply
  2. དྲང་སྲོང་། says:
    ལོ་ 15 སྔོན།

    བོད་གངས་རིའི་ལྗོངས་དང་། དེ་མིན་རྒྱལ་ཁབ་གཞན་ན་དར་བའི་ནང་པ་ཡོངས་ཀྱིས་ཐུགས་མཐུན་པ་དང་། ཁྲིམས་གཙང་བའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་གོང་ནས་གོང་དུ་དར་ཞིང་རྒྱས་པར་གྱུར་ཅིག
    ལྷག་པར་དུ་བོད་པ་ཚོའི་དམ་ཆོས་འདི་ཚེ་འདིའི་འཚོ་སྟེན་སྒྲུབ་བྱེད་དང་། ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་མི་བྱེད་པར། ཐར་པ་ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་ལམ་ཡང་དག་ཞིག་གི་སྒོ་ནས་ཚུལ་བཞིན་ཉམས་སུ་ལེན་པར་སྨོན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བསྟན་པ་གཅིག་འགྱུར་ཡིན་མཁན་མི་རྣམས་ཀྱི། །
    གཅིག་འགྱུར་བསྟན་པ་ཕྱོགས་ཀུན་དར་རྒྱས་ཤོག །
    བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །
    ཀུན་གྱི་གཙུག་རྒྱན་༧བླ་མ་རྟག་བརྟན་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese