མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ས་ནས་བོད་མི་བརྒྱ་ཆ་ ༧༥ དེབ་སྐྱེལ་བྱས་ཟིན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༦ གི་ཕྱི་དྲོ་ཆར་ཞོད་ཧ་ཅང་ཆེ་ནའང་། ང་ལས་གྲོགས་གཉིས་དང་མཉམ་དུ་ངྷ་ས་མེག་གྷན་བདེ་དོན་ཚོགས་ཁང་དུ། སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་འདེམས་ཆེན་མོའི་ཆ་ཤས་ལེན་རྒྱུར་དེབ་སྐྱེལ་བྱེད་དུ་བསྐྱོད། ངེད་ཚོ་ལས་ཁུངས་ལ་འབྱོར་དུས་ཕྱི་དྲོའི་དུས་ཚོད་ ༢ པ་ཟིན་ཙམ་རེད་ལ། དེར་དེབ་སྐྱེལ་བྱེད་དུ་ཡོང་མཁན་གྱི་མི་འགས་དེབ་སྐྱེལ་བྱེད་རྒྱུར་བསྒུག་འདུག

ཕྱི་དྲོའི་དུས་ཚོད་ ༢ དང་སྐར་ ༡༠ ཡོལ་ཙམ་ལས་མགོ་བརྩམས་པ་དང་ང་ཚོས་ཀྱང་དེབ་སྐྱེལ་བྱེད་མགོ་བརྩམས་པ་ཡིན་ལ། ཉིན་དེར་བདེ་དོན་གྱི་ཚོགས་ཁང་ཆུང་ཆུང་དེའི་ནང་དེབ་སྐྱེལ་བྱེད་དུ་ཡོང་བའི་མིའི་འཁྲུག་ཆ་ཧ་ཅང་དོད། ངའི་ལས་གྲོགས་ཤིག་གི་རང་བཙན་ལག་དེབ་ཀྱི་དུས་ཡུན་རྫོགས་འདུག་པས། དུས་ཡུན་འཕར་འགྱང་དང་དངུལ་ཆད་ཕུལ་བ་བཅས་བྱས་ཏེ། དེབ་སྐྱེལ་ཟིན་དུས་ཆུ་ཚོད་ ༣ དང་སྐར་མ་ ༣༠ ལ་སླེབས་འདུག་ལ། སྐབས་དེ་དག་ཏུ་བོད་མི་སུམ་ཅུ་ཙམ་གྱིས་འཚང་ཁ་ཤིག་ཤིག་གིས་དེབ་སྐྱེལ་བྱས་སྟབས། མི་གཉིས་ཀྱིས་འཆར་ཅན་ལྟར་དེབ་སྐྱེལ་ཐོ་འགོད་བྱས་པའི་སྟེང་། ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས་ལགས་ཀྱང་དེབ་སྐྱེལ་བྱེད་སར་ཕེབས་ནས་ལས་གནས་དངོས་ལ་ཞུགས། དེ་ལྟར། ཉིན་དེའི་ཆར་ཤོད་ཆེ་མིན་ལ་མ་ལྟོས་པར་དེབ་སྐྱེལ་བྱེད་མཁན་མང་བོ་འདུག་ལ། དེབ་སྐྱེལ་བྱེད་མཁན་གྱི་ལས་བྱེད་རྣམས་ཀྱང་ལས་བྲེལ་གྱིས་ཁེངས་འདུག

ཡིན་ནའང་། ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་དེ་རིང་མི་མང་པོ་དེབ་སྐྱེལ་བྱེད་དུ་ཡོང་འདུག་པའི་རྒྱུ་མཚན་ནི། ཕྱི་ཚེས་ ༢༡ དང་ ༢༢། ༢༣ བཅས་ལ་ས་གནས་འོས་བསྡུའི་ཚོགས་མི་འོས་འདེམས་སྐབས། མི་མང་པོས་འོས་བསྡུའི་དེབ་སྐྱེལ་བྱས་མེད་པར་བརྟེན། ང་ཚོས་དེབ་སྐྱེལ་བྱེད་དུ་ཤོག་ལབ་པས་རེད་ཅེས་གསུངས།

ད་ལྟ་ཟླ་གཉིས་རིང་གི་འོས་བསྡུའི་དེབ་སྐྱེལ་བྱ་རྒྱུར་ཉིན་ ༢༣ ལས་ལྷག་མེད་ཅིང་། ངས་ངྷ་ས་བདེ་དོན་ཁོང་ལ་དེབ་སྐྱེལ་མགོ་བརྩམས་པ་ནས་ད་ལྟའི་བར་ཆ་སྙོམས་ཀྱིས་ཉིན་རེར་མི་ཅི་ཙམ་གྱིས་དེབ་སྐྱེལ་བྱེད་ཀྱིན་ཡོད་མེད་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་དེབ་སྐྱེལ་ཟིན་པའི་མིའི་གྲངས་འབོར་འདི་རེད་ཅེས་ཏག་ཏག་ཅིག་རྩིས་རྒྱག་རྒྱུ་ཁག་པོ་རེད། ཡིན་ནའང་། འོས་འདེམས་སྐབས་སྔོན་མར་རོབ་རྩིས་བྱས་པ་ལྟར་ན་ངྷ་སར་མི་བདུན་སྟོང་ཡས་མས་ཤིག་ཡོད་རབས་འདུག་ལ། དེའི་རྗེས་ཕྱི་རྒྱལ་དུ་ཕྱིན་པ་དང་ཡང་བོད་ནས་ཡོང་བ་དང་ས་གནས་གཞན་ནས་ཡོང་བ་སོགས། གང་ལྟར་ད་ལྟའི་ཆར་ངྷ་སར་མི་ཆིག་ཁྲི་ཙམ་ཡོད་པས། དེའི་ནང་ནས་བརྒྱ་ཆ་བདུན་ཅུ་དོན་ལྔ་ལྷག་གིས་འོས་བསྡུའི་དེབ་སྐྱེལ་ཟིན་ཡོད་ཅེས་གསུངས།

ཁོང་གིས་ད་དུང་། ངྷ་སྟེང་བོད་ཁྱིམ་དང་ཤེས་རབ་དགའ་ཚལ་སློབ་གླིང་། གྷོ་པལ་པུར། ནོར་གླིང་། སྒྲོལ་མ་གླིང་། སྙིང་སྟོབས་གླིང་། ཚད་མའི་དགའ་ཚལ་གླིང་བཅས་ཀྱི་ས་གནས་ཁག་ཅིག་མ་གཏོགས་ས་གནས་གཞན་ཚང་མར་དེབ་སྐྱེལ་བྱས་ཟིན་པས། མི་རིང་བར་གོང་གསལ་ས་གནས་ཁག་ཏུ་དེབ་སྐྱེལ་བྱ་རྒྱུ་ཡིན་ཞེས་གསུངས།

གསར་འགོད་པས་ཉིན་དེར་དེབ་སྐྱེལ་བྱེད་དུ་ཕེབས་པའི་མི་མང་ཁག་ཅིག་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོར། ཁོང་ཚོ་རང་ཉིད་ལ་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པས། གངས་སྐྱིད་ཁུལ་དུ་གནས་སྡོད་ལྷ་བྲིས་པ་སྦྱིན་པ་རྒྱ་མཚོས་བརྗོད་དོན། སྤྱིར་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་གཉིས་ཀ་བོད་མི་མང་སྤྱི་ལ་ཤ་ཚ་མཁན་ཞིག་དང་ལྷག་བསམ་ཅན་རེ་འདེམས་རྒྱུའི་བསམ་བློ་ཡོད་ནའང་། ཕར་སྤྱི་ཚོགས་ལ་ལྟ་སྐབས་མི་སུ་དང་སུ་ལ་འོས་བླུགས་ན་གང་འདྲ་ཡོད་པ་དང་། ཡང་ན་མི་སུས་སྤྱི་ཚོགས་ལ་ཁ་ཞེ་གཉིས་མེད་ཀྱིས་ལས་ཀ་བྱེད་ཐུབ་ཀི་རེད་དམ་ཟེར་ན། རང་ཉིད་ལའང་གདེང་ཚོད་ཆེན་པོ་མི་འདུག ཡིན་ནའང་། མི་གཞན་ལ་སྐད་ཆ་འདྲི་བ་དང་རང་ཉིད་ཀྱིས་དེའི་སྐོར་ལ་མུ་མཐུད་བསམ་བློ་གཏོང་བཞིན་པ་ཡིན་སྟབས། བོད་མི་མང་དང་སྤྱི་ཚོགས་ལ་ཕན་ཐོགས་མཁན་ཞིག་འོས་ལྡུག་རྒྱུར་གྲ་སྒྲིག་ཡོད་ཅེས་ཟེར།

ཡང་མེག་གྷན་དུ་གནས་སྡོད་བསྟན་འཛིན་ཆོས་དར་གྱིས་བརྗོད་དོན། སྤྱིར་ང་རང་ཉིད་འོས་བསྡུའི་ཁྲོད་ཐེངས་པོར་ཞུགས་ཀྱིན་ཡོད་ནའང་། རང་ཉིད་སྒེར་ངོས་ནས་འོས་ལྡུག་རྒྱུར་གྲ་སྒྲིག་བྱས་ནས་བསྡད་ཡོད་ཅེས་དང། ཁོས་བཀའ་སྤྱི་གཉིས་མི་གང་འདྲ་ཞིག་དགོས་མིན་སྐོར་བརྗོད་དོན། ངས་བསམ་ན་བཀའ་སྤྱི་གཉིས་ཀའི་སུ་ཡིན་རུང་དུས་རབས་འདིར་འཚར་ལོངས་བྱུང་བ་དང་དེང་དུས་ཤེས་ཡོན་ལྡན་པ་ཞིག་བྱུང་ན། གཅིག་ནས་༧གོང་ས་མཆོག་གི་ཐུགས་དགོངས་ལྟར་འགྲུབ་པ་དང་། གཉིས་ནས་གཞོན་སྐྱེས་ཤིག་བསླེབ་ན་ཡག་པོ་འདུག་ཟེར།

མེག་གྷན་དུ་གནས་སྡོད་ཉི་མ་བསྟན་འཛིན་གྱིས་བརྗོད་དོན། ངའི་ངོས་ནས་བལྟས་ན་ཐེངས་འདི་ནི་བོད་མི་རིགས་ཀྱི་གནད་འགག་གི་དུས་ཚོད་ཅིག་ལ་སླེབས་བསྡད་པར་ངོས་འཛིན་བྱེད་ཀྱིན་ཡོད་ལ། རང་ཉིད་ཀྱི་ངོས་ནས་ལུང་ཚན་བྱེ་བྲག་པའི་དབྱེ་འབྱེད་མེད་པར་བཀའ་སྤྱི་གཉིས་ཀའི་གང་ཡིན་རུང་མི་ཚད་ལྡན་དང་སྤུས་དག་ཅིག་ལ་འོས་ལྡུག་རྒྱུར་གྲ་སྒྲིག་ཟིན་པ་ཡིན་ཞེས་ཟེར།
གཙུག་ལག་ཁང་ཉེ་འགྲམ་དུ་གནས་སྡོད་ནོར་རྒྱལ་ལགས་ཀྱིས། ངས་བོད་མི་མང་ལ་ཕན་ཐོགས་མཁན་ཞིག་ལ་བསམ་བློ་གཏོང་གིན་ཡོད་ནའང་། ད་ལྟའི་ཆར་མི་སུ་ལ་འོས་ལྡུག་དགོས་པ་དང་སུ་ཡག་པོ་ཡོད་མེད་ཤེས་ཀྱི་མེད། ཡིན་ནའང་། མི་རིང་བར་གྲ་སྒྲིག་བྱ་གི་ཡིན་ཟེར།

ནོར་གླིང་ནས་ཡོང་བའི་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས། ངས་བོད་མི་མང་སྤྱི་འཐུས་ལ་མི་གསུམ་གྲ་སྒྲིག་བྱས་ཡོད་ལ། བཀའ་བློན་ཁྲི་པའི་འོས་མིའི་ནང་དུའང་མི་གསུམ་གྲ་སྒྲིག་བྱས་ཡོད་ཅེས་དང་། ཁོ་མོས་བཀའ་སྤྱི་གཉིས་ལ་ཚང་དགོས་པའི་ཁྱད་ཆོས་སྐོར་ནས་བརྗོད་དོན། སྤྱིར་བཀའ་སྤྱི་སུ་ཡིན་རུང་སློབ་སྦྱོང་དང་ཡོན་ཏན་དགོས་པ་གལ་ཆེན་པོ་ཡིན་ཡིན་པ་རེད། དེའི་སྟེང་དུ་སྐད་ཡིག་མང་བོ་མཁྱེན་མཁན་དང་ཉམས་མྱོང་ཆེན་པོ་དགོས་པ་གལ་ཆེན་པོ་རེད་ཅེས་ཟེར།

ཕྱི་ཚེས་ ༢༦ ཉིན་གྱི་དེབ་སྐྱེལ་ཁང་གི་དེབ་སྐྱེལ་བྱེད་མཁན་གྱི་མིའི་འདུ་འཛི་དང་། ངྷ་ས་བདེ་དོན་གྱིས་ངྷ་ས་ནས་མི་མང་བརྒྱ་ཆ་ ༧༥ ལྷག་གིས་དེབ་སྐྱེལ་ཟིན་སྐོར་གསུངས་པ། གོང་གསལ་གྱི་མི་འདི་ཚོའི་བཤད་སྟངས་བཅས་ལ་བལྟས་ན། སྐབས་སྔོན་མའི་འོས་འདེམས་ཆེན་མོ་ལས་ཐེངས་འདིའི་འོས་འདེམས་སྐབས་མང་ཚོགས་ཀྱིས་འོས་བསྡུའི་ཆ་ཤས་ཤུགས་ཆེར་ལེན་རྒྱུ་ཡིན་པའི་གདེང་ཚོད་ཅིག་རྙེད་ཡོང་ལ། ཁོང་ཚོས་གྲ་སྒྲིག་ཀྱང་བྱེད་བཞིན་པའི་སྒང་རེད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

སྐར་མ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

༢༠༢༦/༠༣/༢༥
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤

མཆན། 1

  1. བསེ་རུ། says:
    ལོ་ 16 སྔོན།

    གསར་འགོད་པ་ཨ་རིག་འགྱུར་མེད་ལགས།
    སྐུ་ཉིད་དག་ཆའི་ཐད་དམིགས་བསལ་ཐུགས་སྣང་ཡོད་མཁན་ཞིག་ཡིན་སྟབས།
    དམིགས་བསལ་ཡི་རངས་ཡོད། དེ་དང་ཆབས་ཅིག གསར་འགྱུར་འདིའི་ནང་། ཁོ་བོས་ཀློག་ཞོར་དུ་མཐོང་བ་ལྟར་ན།
    “ཆར་ཤོད་”ཅེས་བྲིས་འདུག་ཅིང་། དེ་རྗེས་”ལས་གནས་དངོས་ལ་ཤུགས།”ཞེས་དང་། དེའི་གཤམ་དུ་”ཚལ་མའི་དགའ་ཚལ་གླིང་”ཞེས་ཡིག་ནོར་གསུམ་འདུག་བསམ་བྱུང་བས།
    དེ་གསུམ་རིམ་པར་མ་དག་པ་དང་དག་པ་ལྷན་དུ་བཀོད་ན།
    མ་དག་པ། དག་པ།
    ཆར་ཤོད། ཆར་ཞོད།
    ལས་གནས་དངོས་ལ་ཤུགས། ལས་གནས་དངོས་ལ་ཞུགས།
    ཚལ་མའི་དགའ་ཚལ་གླིང་། འཆི་མེད་དགའ་ཚལ་གླིང་།

    དེ་དོན་ཡིན་མིན་དཔྱད་ཞིབ་དང་། ཕྱིས་སུ་ཡང་བོད་ཀྱི་བརྡ་དག་ཐོག་ཐུགས་སྣང་ཆེར་བསྐྱེད་ཡོང་བའི་གཞེན་སྐུལ་བཅས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese