མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁས་དབང་བློ་བཟང་སེང་གེ་ལ་ཕུལ་བའི་དྲི་བ་གལ་ཆེན་བཅུ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

དྲི་བ། ད་ལྟའི་སྐབས་ཁྱེེད་རང་བཀའ་བློན་ཁྲི་པའི་འོས་གཞིའི་ནང་མིང་འདོན་བྱེད་མཁན་གང་མང་ཞིག་ཡོད་པས། འདིའི་ཐད་ལ་ཚོར་སྣང་ག་རེ་འདུག་གམ།
ལན། ངའི་མིང་བཀའ་ཁྲིའི་འོས་གཞིའི་ནང་ཐོན་པར་གུས་བརྩི་བྱེད་ཀྱི་ཡོད་ལ། ང་ལ་རྒྱབ་སྐྱོར་དང་སྐུལ་ལྕག་གནང་མཁན་བོད་མི་ཚོར་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་། བཀའ་བློན་ཁྲི་པའི་འོས་འཕེན་ནང་རྒྱལ་ཁ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང། ད་ལྟའི་སྐབས་ངས་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་ཀ་བྱེད་བཞིན་པ་ལྟར། མ་འོངས་པར་བོད་མི་དེ་དག་གི་རེ་བ་བཞིན་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་ཀ་གང་ཐུབ་པ་དེ་བྱེད་ཀྱི་ཡིན། འོས་ཤོག་ཐོབ་དང་ཤོར་ཟེར་བ་ནི་གང་ཟག་གཅིག་ཁོ་ན་གལ་ཆེན་དུ་མི་འཛིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་བོད་ཀྱི་མང་གཙོའི་སྒྲོམ་གཞི་ཡར་རྒྱས་འགྲོ་བར་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ངས་མུ་མཐུད་ནས་རང་ཉིད་ཀྱི་ལས་དོན་དེ་ཕྱོགས་གང་ཐད་ནས་བསྒྲུབ་རྒྱུ་ཡིན།

དོན་དངོས་ཐོག་ངའི་རྒྱབ་ལྗོངས་ལ་བལྟས་པ་ཡིན་ན། བཙན་བྱོལ་ནང་གི་གཞིས་ཆགས་སུ་འཚར་ལོངས་བྱས། དེ་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱས་ནས་ཡོང་བའི་བོད་ཕྲུག་གཅིག ད་ལྟའི་སྐབས་བཀའ་ཁྲིའི་འོས་གཞིའི་ནང་ཐོན་པ་འདི་ནི། རང་ཉིད་ཀྱི་མཐོང་ཚུལ་ལྟར་ན་འདས་པའི་བཙན་བྱོལ་ནང་གི་མི་ལོ་ ༥༠ རིང། བོད་པའི་སྤྱི་ཚོགས་དེ་ཡར་རྒྱས་སོང་བའི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  འདི་ཡང་༧གོང་ས་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱི་གཟིགས་རྒྱང་རིང་པོས་བསྒྱུར་བཅོས་གནང་བ་དང། སྤྱི་ཚོགས་སུ་མང་གཙོའི་ལམ་ལུགས་ཕྱག་བསྟར་གནང་བའི་བཀའ་དྲིན་གྱིས་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁ་གསལ་པོའི་ཐོག་ནས་འགྲེལ་བརྗོད་བྱས་ཡོད་པ་ནི། བོད་མི་སུ་འདྲ་ཞིག་རང་ལོ་ ༣༥ བརྒལ་ཡོད་ན། བཙན་བྱོལ་བོད་གཞུང་གི་ཆེས་མཐོ་བའི་བཀའ་ཁྲིའི་ལས་གནས་དེའི་ནང་འཛུལ་ཞུགས་བྱེད་ཆོག་པ་རེད།

༢ དྲི་བ། ཁྱེད་རང་བཀའ་བློན་ཁྲི་པ་གནང་འདོད་ཡོད་པ་འདིས། སྤྱིའི་ཆ་ནས་ཁྱེད་རང་ལ་དོ་སྣང་བྱེད་མཁན་མང་པོ་ཡོང་ཡོད་པ་དང། བོད་མི་མང་པོ་ཞིག་གིས་འདས་པའི་ལོ་ ༡༥ རིང་ཁྱེད་རང་གིས་ཨ་རིའི་ནང་ག་རེ་བྱེད་ཀྱི་ཡོད་མེད་ཤེས་འདོད་ཡོད་རེད།

ལན། ང་ཨ་རིའི་སློབ་ཡོན་འཆར་འགོད་ Fulbright Scholarship འོག་ནས་ ༡༩༩༥ ལོར་ཨ་རིར་འབྱོར་ཡོད་པ་དང། དེ་ནས་ཨ་རིའི་ཧར་ཝར་ཌིའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཞུགས་པ་རེད། དེའི་ནང་སློབ་དཔོན་ Masters གྱི་སློབ་མཐར་ཕྱིན་སྐབས། ཧར་ཝར་གཙུག་ལག་སློབ་གྲྭ་ནས་སློབ་ཡོན་གནང་ནས་འབུམ་རམས་ Ph.D པའི་སློབ་སྦྱོང་བྱས་པ་ཡིན། ༢༠༠༤ ལོར་འབུམ་རམས་པ་སློབ་མཐར་ཕྱིན་སྐབས། ངས་བོད་གཞུང་ཤེས་རིག་ལས་ཁུངས་ལ་སྙན་ཞུ་ཞིག་ཕུལ་ནས། ངས་བྱེད་བཞིན་པའི་རྒྱ་བོད་ཀྱི་ཆེས་མཐོའི་དཔོན་རིགས་ཚོའི་དབར་ཐུག་འཕྲད་སོགས་ལས་ཀའི་སྐོར་ཞུས་པ་དང། དེ་ནས་འབྱུང་འགྱུར་ཇི་ལྟར་བྱེད་དགོས་མིན་ཐད་ལ་ལམ་སྟོན་ཞུས་པ་ཡིན། ༢༠༠༥ ཟླ་ ༦ ཚེས་ ༡༧ ཉིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས། ང་ལ་བྱེད་བཞིན་པའི་རྒྱ་བོད་ཀྱི་ཆེས་མཐོའི་དཔོན་རིགས་ཚོའི་དབར་ཐུག་འཕྲད་སོགས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་དེ། བོད་དོན་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུ་ལ་ངོས་འཛིན་གནང་སྟེ། ལས་གནས་དེའི་ཐོག་མུ་མཐུད་དགོས་པའི་དཀའ་རྒྱ་ཕེབས་སྐབས། ཨ་རིའི་སློབ་ཡོན་ལས་གཞི་ཁང་ Fulbright Program གིས་ངས་བྱེད་བཞིན་པའི་རྒྱ་བོད་ཀྱི་ཆེས་མཐོའི་དཔོན་རིགས་ཚོའི་དབར་བགྲོ་གླེང་སོགས་ལ་ལྷག་བསམ་རྣམ་དག་གི་ཐོག་ནས་རྒྱབ་སྐྱོར་གནང་སྟེ།  ༢༠༠༧ ཟླ་ ༢ ཚེས་ ༡༣ ཉིན་ཨ་རི་གཞུང་གིས་ང་རྒྱ་གར་ནང་ལོག་ནས་སྒྲིག་གཞི་ལྟར་ལས་ཀ་བྱེད་དགོས་པ་དེར་དམིགས་བསལ་གནང་ནས། ངའི་ཐོང་མཆན་ལག་འཁྱེར་ཕྱིར་འགྱངས་གནང་ཡོད་པ་རེད། དེ་ནས་ཨ་རིའི་ཧར་ཝར་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཉམས་ཞིབ་པའི་ལས་ཀ་གནང་བ་དང། ༢༠༠༨ ལོར་ཁྲིམས་ཀྱི་ཉམས་ཞིབ་པ་རྒན་གྲས་ཀྱི་ཁོངས་སུ་བཏང་ཡོད་པ་རེད། ང་རྒྱ་གར་དང་ཡུ་རོབ་སོགས་རྒྱལ་ཁབ་གཞན་དག་ནང་འགྲོ་སྐབས། ད་དུང་ཡང་སྐྱབས་བཅོལ་བའི་ལག་དེབ་སེར་པོའི་ཐོག་འགྲོ་བཞིན་ཡོད།

གཙུག་ལག་སློབ་ཐོན་གྱི་གནས་བབས་འདིའི་འོག་ནས། འདས་པའི་མི་ལོ་ ༡༥ རིང་ཧར་ཝར་ཌིའི་ནང་གི་འཛིན་གྲོགས་ཁྲིམས་རྩོད་པ་མང་ཆེ་བ་དང་གཅིག་མཚུངས་ལྟར། ངས་ཡོང་འབབ་ཆེ་བའི་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་བསྒྲུབས་ཆོག་ཀྱང། དེ་དོན་ཆེན་དུ་མི་བརྩི་བར་བོད་མི་དང་བོད་ཀྱི་རྩ་དོན་ལ་གང་ཕན་ཐོགས་ཆེ་ཤོས་ཡོད་པ་དེའི་ཐོག་སྲ་བརྟན་ངང་བསྡད་པ་ཡིན། དེ་བཞིན་རྒྱ་ནག་གི་ཐོག་ལ་མཁྱེན་རྒྱ་ཡངས་པའི་མཁས་དབང་དང།  རྒྱལ་སྤྱིའི་ཆབ་སྲིད་མི་སྣ། མང་གཙོའི་ཁྲིམས་ཀྱི་ལམ་ལུགས། དཔོན་རིགས། རྩོད་རྙོག་འདུམ་སྒྲིག འགྲོ་བ་མིའི་ཐོབ་ཐང། ནུབ་ཕྱོགས་པའི་བསམ་བློ་སྨྲ་བ་སོགས། གང་ཞིག་གིས་བོད་ཀྱི་གནད་དོན་ལ་ནུས་ཤུགས་རྒྱས་ཐུབ་ན། དེའི་ཕྱོགས་སུ་ལས་དོན་བསྒྲུབས་པ་དང་འབྲེལ་ལམ་འཛིན་གྱི་ཡོད། དུས་ཚོད་ཚང་མ་བོད་ཀྱི་ལས་དོན་ཐོག་ཏུ་གཏོང་གི་ཡོད་ལ། རྒྱུན་ལྡན་ནས་བོད་ཀྱི་གནད་དོན་འདིར་འགྱུར་ལྡོག་འགྲོ་ཆེད་དུ་འཛམ་གླིང་གི་རྒྱལ་ཁབ་གང་སར་འགྲོ་ཡི་ཡོད།

༣ དྲི་བ། ཁྱེད་རང་གི་མི་ཚེའི་ནང་སློབ་སྦྱོང་སོགས་ཀྱི་ཐད་གྲུབ་འབྲས་རླབས་པོ་ཆེ་མང་པོ་ཐོན་ཡོད་པ་དེ། སུ་ཡི་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད་དགོངས་ཀྱི་ཡོད་དམ།

ལན། ངས་དྲན་སོས་པ་ཞིག་ལ་ ༢༠༠༤ ལོར་ང་སློབ་མཐར་ཕྱིན་པའི་སྐབས། ནིའུ་ཡོག་བོད་ཀྱི་དོན་གཅོད་ཁང་དུ་ཕྱག་ལས་གནང་མྱོང་མཁན་ངའི་གྲོགས་པོ་དམ་པ་བསྟན་དར་ལགས་ཀྱིས་དྲི་བ་འདི་འདྲ་བ་ཞིག་དྲིས་བྱུང། དེའི་ལན་དེ་ཁོང་གིས་ཕ་ཡུལ་དྲ་རྒྱའི་ནང་ http://www.phayul.com/news/article.aspx?id=7093&t= བཀོད་འདུག སྐབས་དེར་ངས་དོན་ཚན་གསུམ་བགྲང་པ་ཡིན། དེ་ཡང་དང་པོ། གཞལ་ཐབས་མེད་པའི་༧གོང་ས་མཆོག་གི་བཀའ་དྲིན་དང་། གཉིས་པ། ངས་མཐོ་སློབ་ནང་སློབ་སྦྱོང་བྱས་པ་ལས། གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་མང་བ་བྱས་པ་དེའི་གནད་དོན་རྩ་བ་ནས་མི་ཤེས་མཁན་ཕ་མ་གཉིས་ཀྱིས་སློབ་སྦྱོང་གི་ཐད་ལ་གཟིགས་སྐྱོང་བྱས་པའི་བཀའ་དྲིན། གསུམ་པ། ང་ལ་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་པའི་སྐབས་སུ། ༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ང་ལ་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་སྦྱར་ནས་འཚར་ལོངས་བྱུང་པ་རེད། ད་ལྟ་རང་ཉིད་ཀྱི་རྐང་པའི་ཐོག་ནས་ཆེད་ལས་པ་དང། རིགས་གཅིག་རྐང་འཛིན་གྱི་ཐོག་ནས་དངོས་སུ་ལངས་ཐུབ་པའི་སྐབས། སྔོན་གྱི་མི་རྒན་པ་ཚོས་དཀའ་ལས་བརྒྱབ་ནས་བཙུགས་ཡོད་པའི་བོད་གཞུང་དང་། བོད་མིའི་ལས་འགུལ་ཁག་ལ། རང་ཉིད་ཀྱི་ནུས་ཤུགས་ཡོངས་རྫོགས་བཏོན་ནས་ཞབས་ཕྱི་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ལ། དེ་བཞིན་ཞབས་ཕྱི་བསྒྲུབས་པའི་གྲུབ་འབྲས་ཡང་གང་འཚམ་ཐོན་ཡོད་བསམ་གྱི་འདུག

༤ དྲི་བ། ༢༠༡༡ བཀའ་ཁྲིའི་འོས་གཞིའི་ནང་ཁྱེད་རང་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས། དྲ་རྒྱ་དང་ཟིན་བྲིས་སོགས་སུ་བགྲོ་གླེང་མང་པོ་འགྲོ་བཞིན་པ་རེད། དཔེར་ན། ཉེ་དུས་བཀའ་བློན་ཁྲི་པའི་དྲ་རྒྱ་ www.kalontripa.org. བརྒྱུད་ནས་འོས་འཕེན་སྐབས། ཁྱེད་རང་གཉིས་སྔོན་ལ་རེད་འདུག་པས་འདིའི་ཐད་ལ་དགོངས་ཚུལ་ག་རེ་ཡོད་དམ།

ལན། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་མཉམ་དུ་འོས་འཕེན་དེ་ལྟར་བྱུང་ཡོད་པ་དེ་དགའ་འོས་པ་ཞིག་རེད། ངས་ཁོང་ཡག་པོ་ངོ་ཤེས་ཀྱི་ཡོད་ལ་གུས་ཞབས་ཀྱང་བྱེད་ཀྱི་ཡོད། སྤྱིའི་ཆ་ནས་དྲ་ལམ་ཐོག་ནས་དེ་ལྟར་བྱུང་ཡོད་པར་འགྲེལ་བཤད་རྒྱག་རྒྱུ་སྔ་དྲགས་པ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། དྲ་རྒྱ་དང་ཟིན་བྲིས། མྱུར་འཕྲིན་སོགས་བེད་སྤྱོད་གཏོང་མཁན་མང་ཆེ་བ་བོད་མི་ན་གཞོན་ཚོ་ཡིན་པ་ལས།  བོད་མི་མང་ཆེ་བ་ལ་དྲ་རྒྱའི་མཐུན་རྐྱེན་ཉུང་ཉུང་ཆགས་ཀྱི་ཡོད་པ་རེད།

ངས་ ༢༠༠༦ ལོའི་བཀའ་བློན་ཁྲི་པའི་འོས་འཕེན་གྱི་གྲུབ་འབྲས་སྐོར་འགྲེལ་བརྗོད་ཅིག་བྱས་པ་ཡིན། བོད་མི་བརྒྱ་ཆ་ ༧༠ ལ་འོས་འཕེན་གྱི་ཆ་རྐྱེན་ཚང་ཡོད་རུང་དངོས་སུ་འོས་འཕེན་སྐབས། འཇིགས་སྐུལ་དང་དྲག་སྤྱོད་འོག་ནས་འོས་འཕེན་མཁན། ཨི་རག་དང་ཨ་ཧྥི་གྷ་ནི་སི་ཐན་གཉིས་ཀྱི་ཡུལ་མི་ལས་ང་ཚོ་སྐྱོ་བ་བྱུང་ཡོད་པ་རེད། དེའི་སྐོར་གྱི་དཔྱད་བརྗོད་ཕ་ཡུལ་དྲ་རྒྱའི་ http://www.phayul.com/news/article.aspx?id=26694 ནང་བཀོད་ཡོད་པ་རེད། ༢༠༡༡ ལོར་འོས་འཕེན་དེ་འགྱུར་བ་འགྲོ་ཡི་རེད་དམ་ཞེ་ན། ངས་གོ་ཚོད་ལྟར་ན་སྔོན་མ་ལས་ད་ལྟ་སླེབས་ལ་ཉེ་བའི་འོས་འཕེན་དེ་འགྱུར་བ་འགྲོ་ཚོད་ཆེ་བ་འདུག་ཟེར་གྱི་འདུག་པས་ང་ཚོས་རྗེས་མར་མཐོང་གི་རེད། ངའི་རེ་བ་ལ་བཀའ་སྤྱི་གང་གི་འོས་འཕེན་ཡིན་རུང། ད་ཐེངས་ཀྱི་འོས་འཕེན་གྱི་ལས་རིམ་ནང་འཛུལ་ཞུགས་བྱེད་མཁན་ཚད་གཞི་མཐོན་པོ་ཡོང་གི་རེད་དྲན་གྱི་འདུག དེ་བཞིན་ངས་ནན་བརྗོད་བྱེད་འདོད་པ་གཅིག་ནི་ ༢༠༡༠ ཟླ་ ༨ ཚེས་ ༡༨ སྔོན་ནས་འོས་འཕེན་གྱི་དེབ་སྐྱེལ་དེ་བྱེད་དགོས་པ་དང། ལས་དོན་དེའི་ཐད་ས་གནས་སོ་སོས་ས་གནས་བོད་ཀྱི་ཚོགས་པར་འབྲེལ་བ་བྱེད་དགོས་པ་རེད་བསམ་གྱི་འདུག

༥ དྲི་བ། མི་ཁ་ཤས་ཀྱིས་བཀའ་བློན་ཁྲི་པར་ཕེབས་མཁན་དེར། དྷ་རམ་ས་ལ་ལས་ཀ་བྱས་པའི་ཉམས་མྱོང་དགོས་ཞེས་བརྗོད་ཀྱི་འདུག་པས། ཁྱེད་རང་གི་དགོངས་ཚུལ་ག་རེ་ཡིན་ནམ།

ལན། སྤྱིའི་ཆ་ནས་རྒྱལ་ཁབ་གཞན་དག་གི་འོས་བསྡུ་དང་འདྲ་བར། འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་བསྡུའི་གནས་བབས་དང་གཞུང་ཡར་རྒྱས་གཏོང་ཕྱོགས་སོགས་སྔོན་དུས་ལྟར་རང་འཇགས་བཞག་གི་ཡིན་ནམ། བསྒྱུར་བཅོས་གཏོང་གི་ཡིན་ཟེར་ནས་འདི་གཉིས་འདེམས་སྒྲུག་བྱེད་དགོས་པ་རེད། སྔོན་དུས་ལྟར་རང་འཇགས་བསྡད་དགོས་ཡོད་ཟེར་མཁན་ཚོས་ཉམས་མྱོང་ཅན་ཡིན་ཟེར་མཁན་ཞིག་འོས་གཞིར་འདེམས་ཀྱི་རེད་ལ། བསྒྱུར་བཅོས་ལ་རེ་བ་བྱེད་མཁན་ཚོས་བསམ་བློ་གསར་པ་དང་མཐོང་རྒྱ་ཆེན་པོ་ཞིག་འོས་གཞིའི་ནང་འདེམས་ཀྱི་རེད།

ཉེ་དུས་རྒྱ་གར་ནང་འོས་བསྡུ་བྱེད་པའི་སྐབས་སྔོན་མའི་ལམ་ལུགས་གཞིར་བཞག་ནས། སྲིད་བློན་མན་མཱོ་ཧན་སིན་བསྐྱར་འདེམས་བྱས་ཡོད་པ་རེད། དེ་བཞིན་ ༡༩༨༨ ལོར་ཨ་རིའི་ནང་སྔོན་གྱི་ལམ་ལུགས་ལྟར་བཞག་ནས་བྷུའུ་ཤུ་རྒན་པ་ཨ་རིའི་སྲིད་འཛིན་ལ་བདམས་ཡོད་པ་རེད།

དེ་ལྟར་ཡིན་རུང་ཉེ་དུས་དབྱིན་གཞུང་གིས་སྔོན་གྱི་ལམ་ལུགས་ལྟར་མིན་པ། ཉམས་མྱོང་ཅན་གྱི་སྲིད་བློན་གྷོར་ཌན་བྷི་རཱོན་དང་ཁོང་གི་ཆབ་སྲིད་ཚོགས་པ་གཉིས་བརྗེ་བསྒྱུར་གྱིས། ཌ་ཝི་ཌི་ཁེ་མི་རོན་དང་ནིག་ཁི་ལིག་ (རང་ལོ་ ༤༣ དང་ ༤༢ ལ་)སོན་པ་གཉིས་བདམས་པ་རེད། དེ་བཞིན་ ༡༩༩༢ དང་ ༢༠༠༠། ༢༠༠༨ ལོ་བཅས་ཀྱི་ཨ་རིའི་སྲིད་འཛིན་འོས་འདེམས་བྱེད་པའི་སྐབས། ཨ་རིའི་ཝ་ཤིན་ཊོན་ཌི་སི་ནང་ཉམས་མྱོང་ཡོད་མེད་ཀྱི་སྐོར་རྩོད་གཞི་ཆགས་པ་རེད་དེ། གནད་དོན་དེ་ལམ་ལྷོང་བྱུང་མེད་པ་དང། ཕྱི་ལོ་ ༡༩༩༢ ལོར་བྷིལ་ཁི་ལིན་ཊོན་གྱིས་ཨ་རིའི་སྲིད་འཛིན་བྷུའུ་ཤུ་རྒན་པ་འོས་འཕེན་སྐབས་ཕམ་ཉེས་བཏང་ཡོད་པ་དང།  ཕྱི་ལོ་ ༢༠༠༠ ལོར་བྷུའུ་ཤུ་གཞོན་པས་ཨ་རིའི་ཝ་ཤིན་ཊོན་ནང་གཞིས་ཆགས་ཡོད་པའི་ཉམས་མྱོང་ཅན་གྱི་སྲིད་འཛིན་ཨལ་གྷོར་ཕམ་ཉེས་བཏང་ཡོད་ཅིང། ཕྱི་ལོ་ ༢༠༠༨ རང་ལོ་ ༤༦ ཙམ་ལས་སོན་མེད་ཅིང་ཆབ་སྲིད་ཀྱི་ལས་གནས་སུ་ཐོག་མར་འཇུག་མཁན་སྲིད་འཛིན་ཨོ་བྷ་མས། ཐོག་མའི་ཁ་གཏད་ཉམས་མྱོང་ཤིན་ཏུ་ཆེ་བའི་ཧི་ལ་རི་དང་མཐའ་མའི་ཁ་གཏད་མེག་ཁིན་ཕམ་ཉེས་བཏང་པ་དེ་ནི། མི་རྣམས་ལ་བསམ་ཡུལ་ལས་འདས་པའི་གནད་དོན་ཞིག་བྱུང་ཡོད་པ་རེད།

དེས་ན་ཉམས་མྱོང་ནི་གལ་ཆེན་ཡིན་རུང་འགོ་འཁྲིད་འདེམས་སྒྲུག་གི་ཆ་རྐྱེན་གཙོ་བོ་དེ་ཆགས་མེད་པ་དང། དེའི་རྒྱུ་མཚན་ནི་སྲིད་འཛིན་དང་སྲིད་བློན་སུ་ཡིན་རུང་། གོ་སྐབས་གསར་པ་དང་གདོང་ལེན་གསར་པ་ཞིག་གི་འོག་ཏུ་འགོ་འཛུགས་བྱས་ནས་ཡོང་གི་ཡོད་པ་རེད། བཀའ་བློན་ཁྲི་པའི་ཕྱག་ལས་ནི་མི་མང་པོ་མཉམ་རུབ་ཀྱིས་གནང་གི་ཡོད་པ་དང། དེ་ཡང་མི་རྒན་པ་ཉམས་མྱོང་ཅན་དང་ན་གཞོན་ཆེད་ལས་པ། བུད་མེད། ཤེས་ཡོན་ཅན་ཚང་མས་བོད་ཀྱི་སྲོལ་རྒྱུན་དང་ཤེས་རིག་སོགས་ལ་མཐོང་ཆེན་བརྩི་བཀུར་ཇི་ཙམ་བྱེད་ཐུབ་ན། དེ་ཙམ་གྱིས་ང་ཚོས་ལས་དོན་འདི་བསྒྲུབ་ཐུབ་ཀྱི་རེད།

ངའི་ཉམས་མྱོང་དང་འབྲེལ་ཡོད་ལ་ཆ་མཚོན་ན། ངས་དྷ་རམ་ས་ལའི་ཡིག་ཚང་ནང་ཆུ་ཚོད་ ༩ ནས་ ༥ བར་དུ་ལས་ཀ་བྱས་ནས་བསྡད་མེད་ཀྱང། གངས་ཅན་སྐྱིད་གཤོངས་ཀྱི་གནས་སྟངས་ཡོངས་རྫོགས་ཞིབ་ཕྲ་ཤེས་ཀྱི་ཡོད། དེ་ཡང་བོད་ཀྱི་གྲོས་ཚོགས་དང་འཛིན་སྐྱོང། གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། དེ་མིན་གྱི་ཚོགས་པ་ཁག་གིས་གཏམ་བཤད་དང་ཟབ་སྦྱོང་སོགས་ལ་སྐད་བཏང་སྐབས། ངའི་ངོས་ནས་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཡང་ཡང་ཟབ་སྦྱོང་སོགས་སྤྲོད་ཀྱི་ཡོད། དེ་དང་འབྲེལ་ནས་ལོ་ལྟར་དྷ་རམ་ས་ལར་ཐེངས་ཁ་ཤས་རེ་འགྲོ་ཡི་ཡོད་ལ། འབྲེལ་ཡོད་ཀྱི་ས་གནས་མང་པོར་ཟླ་བ་དང་བདུན་ཕྲག་གི་དུས་ཚོད་གཏོང་བཞིན་ཡོད་པས། བཀུར་འོས་བཀའ་ཤག་ལྷན་རྒྱས་དང་སྤྱི་འཐུས་རྣམ་པ། དོན་གཅོད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱིས་དཔོན་རིགས་ཚོའི་དབར་འབྲེལ་ལམ་དམ་པོ་འཛིན་གྱི་ཡོད། དེས་ན་བོད་རིགས་ཉམས་མྱོང་ཅན་མང་པོས། ངས་བཀའ་ཁྲིའི་ལས་ཀ་དེ་བྱེད་ཐུབ་པའི་གདེང་ཚོད་གནང་གི་ཡོད་རེད། ལས་དོན་འདི་གལ་འགངས་ཆེན་པོ་རེད་ལ་བྱེད་ཐུབ་པ་ཞིག་ཀྱང་རེད།

དྷ་རམ་ས་ལའི་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་ངས་ཇི་མ་ཇི་བཞིན་ཤེས་ཀྱི་ཡོད། དེ་ཡང་ངའི་སློབ་ཐོན་ཆེད་རྩོམ་གྱི་ཆེད་དུ་ལོ་ ༦ གི་རིང་ཞིབ་འཇུག་བྱས་ཏེ། བཅར་འདྲི་ཞུ་ཡུལ་ནི་བོད་པའི་སྤྱི་ཚོགས་ནང་གི་མི་སྣ། བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་དང། སྐུ་སྒེར་དྲུང་ཆེ་རྟ་ར་བ་ཆོས་ཉིད་འོད་གསལ། བཀའ་ཟུར་ས་འདུ་རིན་ཆེན། བཀའ་ཁྲི་ལས་ཐོག་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ། དེ་བཞིན་བཀའ་བློན་དང་སྤྱི་འཐུས། སྤྱི་ཚོགས་ཞབས་ཞུ་བ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་སོགས་ལ་བཀའ་འདྲི་ཞུས་ཡོད་པ་ནི་སྨྲོས་མི་དགོས་པ་རེད། སློབ་ཐོན་ཆེད་རྩོམ་དེ་གཙོ་བོ་ ༡༩༥༩ ནས་༢༠༠༤ བར་གྱི་བཙན་བྱོལ་བོད་གཞུང་དང་འདིའི་མང་གཙོའི་ལམ་ལུགས་ཀྱི་སྐོར་ཡིན་པས། ངས་ཡིད་ཆེས་བྱེད་ཐུབ་པ་ནི་རང་ཉིད་ཀྱིས་དྷ་རམ་ས་ལའི་ནང་གནད་དོན་དབྱེ་ཞིབ་ཀྱི་ལས་དོན་ཡག་པོ་ཞིག་བསྒྲུབས་ཡོད་བསམ་གྱི་ཡོད།

འཛིན་སྐྱོང་གི་ཉམས་མྱོང་དེ་གལ་ཆེན་པོ་རེད། ཡིན་ནའང་འཛིན་སྐྱོང་དེ་ཁྲིམས་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ཡང་བོད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་ཉམས་ཞིབ་བྱས་ནས། རྒྱ་གར་དང་ཨ་རི། དེ་མིན་གྱི་རྒྱལ་ཁབ་གཞན་དག་གི་རྩ་ཁྲིམས་དང་བསྡུར་གཤིབ་བྱས་སྐབས། ང་ལ་གདེང་ཚོད་ཡང་དག་པ་གཅིག་ཡོང་གི་ཡོད་པ་ནི། ངས་ལོ་གྲངས་ ༢༠ རིང་ཁྲིམས་ལུགས་སློབ་སྦྱོང་བྱས་པའི་གཞི་རྟེན་འདིས་ཕན་རླབས་ཆེན་པོ་ཐོན་གྱི་རེད་བསམ་གྱི་ཡོད། འདི་ཡང་གནས་ལུགས་དང་མི་མཐུན་པ་ཞིག་གང་ཡང་མིན། དེང་སྐབས་འཛམ་གླིང་ནང་སྲིད་འཛིན་དང་སྲིད་བློན་བྱེད་བཞིན་པ་མང་པོ་ཞིག་ཁྲིམས་རྩོད་པ་ཡིན་ཞིང། དེ་ཡང་སྲིད་འཛིན་ཨོ་བྷ་མ་དང་ཧིལ་ལ་རི་ཁི་ལིན་ཊོན་གཉིས་ཀ་ཁྲིམས་རྩོད་པ་རེད། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིང་ཕིན་དང་སྲིད་བློན་གཞོན་པ་ལི་ཁི་ཆང་གཉིས། ༢༠༡༢ རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་ཆགས་ལ་ཉེ་བ་དེ་ཡང་ཁྲིམས་ལུགས་སློབ་སྦྱོང་གི་གཞི་རྟེན་ཡོད་པའི་རྐྱེན་གྱིས་ཡིན། དེ་བཞིན་ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇཱའོ་ཡང་ཁྲིམས་རྩོད་པ་རེད།

གལ་ཆེའི་གནད་དོན་གཞན་ཞིག་དང་བོད་མི་སྤྱི་ཡོངས་ནས་ག་རེ་ཚོར་གྱི་ཡོད་མེད་ངས་ཤེས་ཀྱི་ཡོད། དེ་ཡང་ང་བོད་པའི་གཞིས་ཆགས་ཀྱི་གནས་བབས་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། ནམ་དུས་ག་འདྲ་ཞིག་བརྒྱུད་ནས་སྟོན་ཐོག་སྐྱོ་པོ་ཆགས་ཀྱི་ཡོད་པ་དང་། དགུན་དུས་སུ་གནམ་གཤིས་ཚ་ན་བལ་གོས་ཚོང་པ་ཚོར་དཀའ་ངལ་ཇི་ཙམ་ཡོད་མེད་ཤེས་ཀྱི་ཡོད།  ང་གཞིས་ཆགས་ནང་ཡོད་པའི་སྐབས་ཕ་མ་ལ་རོགས་པ་བྱས་ཏེ་དགུན་དུས་སུ་བལ་གོས་ཚོང་ལ་འགྲོ་ཡི་ཡོད་ལ། བོད་པའི་སློབ་གྲྭ་མང་པོ་ཞིག་གི་རྒྱུན་ལྡན་གྱི་ཞལ་ལག་ཀྲིང་མོག་དང་རྡ་ལི་བཟས་ནས་ཡོང་པ་ཡིན། ཉམས་མྱོང་དེ་དག་ལ་བསྟེན་ནས་དྷ་སར་ལོག་ནས་༧གོང་ས་མཆོག་གི་སྐུ་མདུན་དུ་ཞབས་ཞུའི་བསྒྲུབ་རྒྱུར་དགའ་བ་སྒོམ་པ་དང་སྐལ་བ་བཟང་པོ་རེད་དྲན་གྱི་འདུག

༦    དྲི་བ། ཐེངས་རྗེས་མའི་བཀའ་བློན་ཁྲི་པའི་ལས་འགན་གཙོ་བོ་ཁག་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།

ལན།     དང་པོ་ང་ཚོས་བཀའ་བློན་ཁྲི་པ་དེ་འགོ་འཁྲིད་རེད་དམ་ཡང་ན་འཛིན་སྐྱོང་དོ་དམ་པ་རེད། དེ་གཉིས་ལ་དབྱེ་ཞིབ་བྱེད་དགོས། གལ་སྲིད་བཀའ་ཁྲི་དེ་འཛིན་སྐྱོང་དོ་དམ་པ་ཡིན་ན། བོད་གཞུང་གི་སྡེ་ཚན་ཁག་དང་སྲི་ཞུ་བའི་ལས་དོན་གཉིས་ཀའི་ཐད་ལ་ཉམས་མྱོང་ངེས་པར་དུ་དགོས་པ་རེད། ༧གོང་ས་མཆོག་གིས་ནན་གསུང་གནང་བཞིན་པ་ནི། བཀའ་བློན་ཁྲི་པས་གཞུང་དང་མི་མང་གཉིས་ཀ་ཆབ་སྲིད་ཐོག་ནས་འགོ་འཁྲིད་དགོས་པ་འདི་ཡིན་ཞིང།   ཚོགས་པ་ཁག་གིས་ཞིབ་འཇུག་འོག་ནས་འགོ་འཁྲིད་ཀྱི་ཁྱད་ཆོས་བགྲང་གི་ཡོད་པ་ནི། འཆར་འགོད་དང་མཐོང་རྒྱ། འབྲེལ་ལམ་འཛིན་ཐུབ་པ་དང་སྐུལ་ལྕག་གཏོང་ཐུབ་པ། འགོ་འཁྲིད་ཐུབ་པའི་སྙིང་སྟོབས་སོགས་ཡིན། ཉམས་མྱོང་ཡོད་ན་འཇོན་ཐང་འཕར་མ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གི་རེད།
 
བཀའ་ཁྲི་དེ་འགོ་འཁྲིད་ཡིན་པའི་ཐོག་ནས་བརྗོད་ན་ཉུང་མཐའི་ལས་འགན་ལྔ་བསྒྲུབ་དགོས།

དང་པོ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འཛུལ་འོག་ནས། དཀའ་སྡུག་ལ་གདོང་ལེན་བྱེད་བཞིན་པའི་བོད་ནང་གི་བོད་རིགས་སྤུན་ཟླ་ཚོའི་དཀའ་ངལ་སེལ་ཐབས་སུ། ལས་དོན་གང་ཡིན་ཡང་བསྒྲུབ་དགོས་པ་དེ་བཀའ་ཁྲིའི་འོས་འགན་དང་པོ་དེ་རེད།

གཉིས་པ། བོད་ཀྱི་གནད་དོན་ཤེས་པའི་ཐབས་ལམ་བཟང་ཤོས་ག་འདྲ་ཤིག་སྐྲུན་དགོས་ཀྱི་ཡོད་མེད་དང།  རྒྱལ་སྤྱིའི་ཁྲོད་ནས་བོད་དོན་ལ་རྒྱབ་སྐྱོར་འཚོལ་རྒྱུ། བོད་གཞུང་གི་ཕྱོགས་ནས་གནད་དོན་གང་ལ་སྐྱོ་པོ་ཡིན་ན། དེའི་ཕྱོགས་སུ་ཡར་རྒྱས་གྱི་ནུས་པ་གཏོན་རྒྱུ་བཅས་རེད།

གསུམ་པ། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་གཞུང་དེ་སྲ་བརྟན་རྒྱུན་གནས་ཐུབ་ཐབས་དང་དུས་མཚུངས། རྒྱ་གར་མི་མང་གི་རྒྱབ་སྐྱོར་སྲ་བརྟན་གནས་ཐབས་བྱེད་དགོས།

བཞི་པ། དུས་རྒྱུན་ནས་རྒྱ་ནག་ནང་ཡར་རྒྱས་ཇི་ལྟར་འགྲོ་ཡི་ཡོད་མེད་དང། ཕུགས་རྒྱང་རིང་ཐུང་སྣ་ཚོགས་ནས་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གཉིས་ཀ་ལ། བོད་པའི་ངོས་ནས་འབྲེལ་ལམ་འཛིན་པའི་ཐབས་བྱུས་ལེགས་པོ་སྒྲིག་དགོས།

ལྔ་པ། བཀའ་བློན་ཁྲི་པས་བོད་ཕྱི་ནང་གཉིས་ཀའི་བོད་མི་ཚོའི་རེ་འདུན་དེ་ངོས་འཛིན་ཐུབ་པ་བྱེད་དགོས་རྒྱུ་དང། ཨེ་ཤ་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ལ་དོ་སྣང་བྱེད་དགོས་ཤིང། ལུང་པ་དེ་དག་ནང་ཡོད་པའི་བོད་པའི་ན་གཞོན་ཚོ་དང་འབྲེལ་ལམ་བྱེད་རྒྱུ་དང་། བོད་གཞུང་དང་བོད་ཀྱི་ལས་འགུལ་བཅས་ཀྱི་ཆེད་དུ་ན་གཞོན་དེ་དག་གསོ་སྐྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

གལ་སྲིད་བཀའ་ཁྲི་དེ་འོས་འགན་དེ་དག་གནང་མཁན་ཞིག་ཡིན་དགོས་ན། ངས་འདས་པའི་ལོ་༢༠ ནང་བསགས་པའི་ཉམས་མྱོང་བརྒྱུད་ལམ་དེ་དག་གི་ཐོག་ནས་ཐོབ་ཡོད། དེ་ཡང་ངས་རྒྱ་ནག་གི་མཁས་དབང་བརྒྱ་ཕྲག་བརྒལ་བ་དང་རྒྱལ་སྤྱིའི་བསམ་བློ་བ། རྒྱལ་ཁབ་ཀྱི་སྐུ་ཚབ་ཁག དཔོན་རིགས། སློབ་མ། བོད་ནས་ཕེབས་པའི་བོད་རིགས་མཁས་དབང་སོགས་ལ། རང་ཉིད་ཀྱི་ལྟ་ཚུལ་དང་འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་བརྗོད་པ་དང་དེ་དག་གི་བསམ་ཚུལ་ལེན་ནས། ཁོ་ཚོའི་བསམ་འདུན་ག་རེ་ཡིན་མིན་དང། ང་ཚོའི་ཕྱོགས་ནས་གནད་དོན་དེ་སེལ་ཐབས་སུ་ཇི་ལྟར་བྱེད་དགོས་མིན་བཅས་ཀྱི་ཐད་གང་འཚམས་ཤེས་ཀྱི་ཡོད།

༧ དྲི་བ། བོད་དོན་རྒྱབ་སྐྱོར་བ་དང་ལས་འགུལ་བ་འགའ་རེས། རྒྱ་ནག་གི་ཁྲིམས་ཀྱི་སྒྲོམ་གཞི་དེ་བེད་སྤྱད་ནས་བོད་ནང་གི་བོད་མིའི་ཆེད་དུ་གྱོད་འཛུགས་བྱེད་ཆོག་ཟེར་གྱི་འདུག་པས། གལ་སྲིད་ཁྱེད་རང་བཀའ་བློན་ཁྲི་པར་བདམས་པ་ཡིན་ན། ཁྱེད་རང་ཁྲིམས་རྩོད་པ་ཞིག་ཡིན་པའི་ངོས་ནས་གནད་དོན་འདི་ལ་ཐེ་གཏོགས་བྱེད་འདོད་ཡོད་དམ།

ལན། ང་ལ་ལོ་ ༡༥ རིང་རྒྱ་ནག་གི་མཁས་དབང་ཁག་དང་དངོས་སུ་ཐུག་ནས་བགྲོ་གླེང་བྱས་པའི་ཉམས་མྱོང་ཐོག་ནས་བལྟས་ན། རྒྱ་ནག་གི་ཆབ་སྲིད་དང་ཁྲིམས། བསམ་བློ་གཏོང་ཕྱོགས་བཅས་གང་འཚམ་ཤེས་ཀྱི་ཡོད་ལ། ཧར་ཝར་ཌིའི་གཙུག་ལག་སློབ་གྲྭའི་ནང་སྔོན་དུས་བྱུང་མྱོང་མེད་པའི་བོད་པའི་མཁས་དབང་དང་རྒྱ་ནག་གི་མཁས་དབང་བརྒྱ་ཕྲག་ལྷག་གི་དབར། ངས་ཚོགས་འདུ་ཆེན་པོ་མང་པོ་གོ་སྒྲིག་བྱས་ཡོད་པའི་བརྒྱུད་རིམ་དེའི་ཐོག་ནས། བོད་དོན་རྒྱབ་སྐྱོར་བ་ཚོའི་སྐད་ཆ་དེ་ལ་མོས་མཐུན་བྱེད་ཀྱི་ཡོད། དེ་ཡང་ཐབས་བྱུས་གཅིག་ནི་ད་ལྟའི་རྒྱ་ནག་གི་ཁྲིམས་ལ་ཞིབ་འཇུག་བརྒྱུད་ནས། བོད་ནང་གི་བོད་མི་ཚོས་གདོང་ལེན་བྱེད་བཞིན་པའི་དཀའ་སྡུག་དེ་ཉུང་དུ་གཏོང་དགོས་པ་རེད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་ཀིལ་ཧཱ་ཝིལ་མཆོག་གི་དཔྱད་དེབ་”སྟོབས་ཤུགས་མེད་པའི་སྟོབས་ཤུགས།’ “The Power of the Powerless,” ཞེས་པའི་ནང། གཞུང་གིས་མི་མང་ལ་ཁྲིམས་འགལ་གྱི་ཐོག་ནས་བཙན་གནོད་བྱེད་སྐབས། དབང་འཛིན་པ་ཚོས་ཁྲིམས་ལུགས་དེ་རང་ཉིད་ཀྱི་ནག་ཉེས་དག་ཐབས་སུ་བེད་སྤྱོད་གཏོང་གི་ཡོད་ཅེས་གསུངས་ཡོད་པ་རེད། དེས་ན་ནུས་སྟོབས་སམ་ཁྲིམས་དེ་བཙན་གནོན་ལ་བེད་སྤྱོད་གཏོང་ན། ཁྲིམས་ལུགས་དེ་གཞིར་བཞག་ནས་ནུས་སྟོབས་ཡོད་མཁན་ཚོར་ཕར་གྱོད་འཛུགས་བྱེད་དགོས། འདི་ནི་དབང་འཛིན་པ་དང་གྱོད་འཛུགས་བྱེད་མཁན་གཉིས་ཀར་ཕན་ཐོགས་ཡོད། དཔེར་ན་རྒྱ་ནག་གི་དབང་འཛིན་པ་ཚོས་རང་ཉིད་ཀྱི་ཁྲིམས་ལུགས་ཇི་བཞིན་ལག་བསྟར་མ་བྱས་ན། ཁྲིམས་ལུགས་གཞིར་བཞག་ནས་དབང་འཛིན་པ་ཚོར་ཕར་གྱོད་འཛུགས་བྱེད་དགོས། གལ་སྲིད་རྒྱ་ནག་གི་དབང་འཛིན་པ་ཚོས་རང་ཉིད་ཀྱི་ཁྲིམས་ལུགས་ཇི་བཞིན་ལག་བསྟར་བྱེད་ན། ང་ཚོ་བོད་མི་ཚོར་གནས་བབས་དེའི་འོག་ནས་ཐོབ་ཐང་རག་གི་རེད། ང་ཚོས་ཤེས་གསལ་བཞིན། ནིལ་སོན་མན་ཌཱ་ལཱ་དང་གྷན་དྷི། ནཱི་རུ་སོགས་ཁྲིམས་རྩོད་པ་ཡིན་པས། ཁོ་ཚོས་བཙན་གནོན་བྱེད་མཁན་ཚོས་བརྩི་སྲུང་བྱས་པའི་ཁྲིམས་ལུགས་གཞིར་བཞག་ནས་ཕར་འཐབ་རྩོད་བྱས་ཡོད་པས། མཐའ་མཇུག་མི་མང་ལ་རང་དབང་ཐོབ་པ་རེད། ངས་ལོ་མང་རིང་རྒྱ་ནག་གི་ཆབ་སྲིད་དང་ཁྲིམས། དུས་ནས་དུས་སུ་རྒྱ་ནག་གི་གནས་བབས་བཅས་ལ་ཞིབ་འཇུག་བྱས་པ་འདི་ནི་བེད་སྤྱོད་ཆེན་པོ་ཆགས་ཀྱི་རེད་བསམ་བཞིན་ཡོད།

༨ དྲི་བ། ཁྱེད་རང་གི་མི་ཚེའི་ནང་ཆོས་ཀྱི་བྱེད་སྒོ་ག་འདྲ་ཡིན་ནམ།

ལན། ཆོས་ཀྱི་བྱེད་སྒོ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན་ངའི་ཕ་དམ་པ་དེ་གྲྭ་པ་བྱེད་མྱོང་ཡོད་པ་དང། རྗེས་སུ་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་སྐབས་གཞིས་ཆགས་ཀྱི་ཁོངས་སུ་བཞུགས་པ་རེད། ཉིན་ལྟར་ཁོང་གིས་ཞལ་འདོན་སྨོན་ལམ་བྱས་པའི་དྲིན་གྱིས། ང་ལ་ཆུང་དུས་ནས་ཆོས་ཀྱི་བག་ཆགས་གཏིང་ཟབ་པོ་བཞག་ཡོད། ཨ་མ་ད་ལྟ་ང་དང་མཉམ་དུ་བཞུགས་ཡོད་ལ་ཉིན་ལྟར་ཞལ་འདོན་གནང་བ་དང། སྒལ་པ་དང་པུས་མོ་བསྙུང་མིན་ལ་མ་ལྟོས་པར་ཉིན་རེ་བཞིན་ཕྱག་གྲངས་༡༠༨ འཚལ་གྱི་རེད། དེ་བཞིན་བཟའ་ཟླས་ཀྱང་ཞལ་འདོན་སོགས་བྱེད་ཀྱི་ཡོད་པ་རེད།

ང་ལ་ཆ་མཚོན་ན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་ཚོའི་སྐུ་མདུན་ནས་གསུང་ཆོས་མང་པོ་ཞུ་མྱོང་ཡོད་ལ། ལྷག་དོན་༧གོང་ས་མཆོག་གི་སྐུ་མདུན་དུ་གསུང་ཆོས་ཐེངས་མང་ཞུས་བའི་སྐལ་བཟང་ཐོབ་པ་དང། རང་ཉིད་ཀྱི་ངོས་ནས་གང་ཤེས་ཅི་ཐུབ་ཀྱིས་ཆོས་ཉམས་སུ་ལེན་པའི་ཁ་འདོན་དགེ་སྦྱོང་བྱེད་ཀྱི་ཡོད། ནམ་ཡང་བརྗེད་དུ་མི་རུང་བ་ཞིག་ནི་ངའི་ཕ་དམ་པ་གྲོངས་ལ་ཉེ་བའི་སྐབས། འཇིག་རྟེན་འདི་དང་ཁ་བྲལ་སྐབས་ཆོས་མ་གཏོགས་གང་ཡང་འཁྱེར་རྒྱུ་ཡོད་མ་རེད་ཅེས་པའི་ཞལ་འཆེམས་དེ་ནི། ངས་ལས་དོན་གང་བྱེད་ཀྱང་འདི་དང་མཐུན་པ་བྱེད་ཀྱི་ཡོད་ལ། ཕ་དམ་པའི་ཞལ་འཆེམས་ཀྱིས་ང་ལ་ཕན་རླབས་ཆེན་པོ་ཐོན་གྱི་འདུག བོད་མི་ཚང་མས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་བྱེད་དགོས་པ་རེད་གསུངས་ཀྱི་ཡོད་པས། སྤྱི་ཚོགས་ཀྱི་ཞབས་ཞུ་ལྷག་བསམ་རྣམ་དག་གིས་ཐོག་ནས་བསྒྲུབས་པ་དེ། ངའི་ངོས་ནས་དེའང་ཆོས་ཤིག་རེད་དྲན་གྱི་ཡོད།

༩ དྲི་བ། ཉེ་དུས་ཁྱེད་རང་རྒྱ་གར་གྱི་གཞིས་ཆགས་ཁག་མང་པོ་ཞིག་ནང་ཕེབས་ཡོད་ཚོད་འདུག་པས། ས་ཆ་གང་དང་གང་དུ་སོང་ཡོད་མེད་དང་། བསྐྱར་དུ་ཕེབས་རྒྱུའི་འཆར་གཞི་འདྲ་ཡོད་དམ།

ལན། འདི་ནས་གསལ་བརྗོད་བྱེད་དགོས་པ་གཅིག་ནི། ང་ཨ་རིའི་ནང་མ་སླེབས་པའི་སྔོན་ནས་བོད་མིའི་སྡོད་གནས་ཧིམ་མ་ཅལ་མངའ་སྡེའི་ཁྱབ་ཁོངས་གཞིས་ཆགས་ཁག་དང། དྷེ་ར་དྷུན་གཡས་གཡོན་གྱི་གཞིས་ཆགས་ཁག དེ་བཞིན་མན་པ་ཊི་དང། བྷེལ་ཀོབ། ཧུན་སུར། ཀོ་ལི་གྷལ། ང་རང་གི་གཞིས་ཆགས་རྒྱ་གར་བྱང་ཤར་གྱི་ས་ཁུལ་ཁག དེ་མིན་བལ་ཡུལ་ནང་གི་བོད་མིའི་གཞིས་སྒར་ཁག་མང་པོར་འགྲོ་མྱོང་ཡོད།

རྒྱ་གར་ནང་གི་ཚོགས་པ་ཁ་ཤས་ཀྱིས་ང་ལ་ཟབ་སྦྱོང་སྤྲོད་རོགས་ཟེར་ནས་སྐད་བཏང་བ་དང།  དེའི་སྐབས་ངས་”ད་ལྟའི་བོད་ཀྱི་ལས་འགུལ་གྱི་གནས་བབས་”ཟེར་བའི་ཐོག་སྤྲད་པ་ཡིན། དེ་ཡང་གཙོ་བོར་”ནུས་པ་བཅུ་”བརྗོད་གཞིར་བཞག་ནས་སྤྲད་པ་ཡིན། དགོན་སྡེ་ཁག་དང་གཞིས་ཆགས་ཁག དེ་བཞིན་སློབ་གྲྭ་ཁག་སོགས་སུ་སྐད་བཏང་ནས་ལྟ་སྐོར་འགྲོ་རྒྱུར་བྱུང་བར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང། གཞིས་ཆགས་ཁག་ནང་ག་དུས་སོང་རུང་ཉམས་མྱོང་གསོག་རྒྱུ་འདུག ང་གཞིས་ཆགས་ནང་འཚར་ལོངས་བྱུང་པ་ཡོད་པས། གཞིས་ཆགས་ཀྱི་ཁོར་ཡུག་སོགས་མཐོང་སྐབས་རང་ཉིད་ཀྱི་ནང་དུ་སླེབས་པའི་ཚོར་སྣང་ཡོང་གི་འདུག

ལོ་འདིའི་ཟླ་ ༦ ནང་ང་བསྐྱར་དུ་རྒྱ་གར་ནང་གི་གཞིས་ཆགས་ཧུན་སུར་དང། ཀོ་ལི་གྷལ། བྷེལ་ཀོབ། དེ་བཞིན་དྷ་ས་བཅས་ཀྱི་ནང་ཡོང་རོགས་གསུངས་པ་ལྟར་བཅར་པ་ཡིན། མོན་གྷོ་འདོད་རྒུ་གླིང་ནང་སོང་བ་ཐོག་མ་ཡིན། ལྷོ་ཕྱོགས་སུ་དགོན་སྡེ་ཁག་མང་ཆེ་བ་དང་སློབ་གྲྭ་ཁག་ཅིག་ཏུ་སོང་བ་ཡིན། ད་ལྟའི་འདི་དང་སྔོན་དུས་ཟབ་སྦྱོང་སྤྲད་ནས་སོང་ཟིན་པ་ལ་བལྟས་ན། གཞིས་ཆགས་བརྒྱ་ཆ་ ༦༠ ལྷག་ཙམ་ནང་སོང་བ་ཡིན། དེ་དང་འབྲེལ་ནས་རྙིང་མ་དང་བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན་གྱི་དགོན་སྡེ་བཅས་དང། བོད་ཁྱིམ་གྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་དང་གཞི་རིམ་སློབ་གྲྭ་ཁག་བཅས་ལ་བསྐྱོད་པ་ཡིན། སྔོན་འགྲོའི་འོས་འཕེན་(ཟླ་ ༡༠ ཚེས་༣ )གྱི་སྔོན་དུ་གཞིས་ཆགས་བརྒྱ་ཆ་༧༥ ཙམ་ལ་བཀའ་ཁྲིའི་འོས་གཞིའི་ཆེད་དུ་འགྲོ་རྒྱུའི་འཆར་གཞི་ཡོད། ལ་དྭགས་དང་བལ་ཡུལ། རྒྱ་གར་བྱང་ཤར། ཧི་མ་ཅལ། ཨུ་ཏར་ཁན་མངའ་སྡེ་བཅས་ཀྱི་ནང་གང་མགྱོགས་འགྲོ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

རྒྱ་གར་ནང་གི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག  དེའི་ཐོག་བྱང་ཨ་རི་དང་ཡུ་རོབ། ཨོ་སི་ཁྲིར་ལི་ཡ་བཅས་ཀྱི་ནང་ཡོད་པའི་བོད་རིགས་སློབ་གཉེར་བ་བརྒྱ་ཕྲག་ལྷག་དང་ཐུག་པ་ཡིན་ལ། ངའི་ལས་དོན་དེ་ཆེད་ལས་པ་ཡིན་པས། རྒྱལ་ཁབ་གང་སར་ཆེད་ལས་པ་མང་པོ་འདུ་འཛོམས་བྱེད་སར་ང་འཛུལ་ཞུགས་བྱེད་ཐུབ་ཀྱི་ཡོད་པ་དང། དེ་བཞིན་བོད་ནས་ཆེད་ལས་པ་བརྒྱ་ཕྲག་མང་པོ། ཆེད་ལས་པ་འདུ་འཛོམས་བྱེད་སར་ཕེབས་སྐབས། ངས་ཐུག་པ་དང་འབྲེལ་ལམ་འཛིན་པ་སོགས་བྱེད་ཐུབ་ཀྱི་འདུག

ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་ནི། ང་ཚོའི་མང་གཙོའི་ལམ་ལུགས་དེ་སྲ་བརྟན་དང་ནུས་སྟོབས་ལྡན་པ་བྱེད་པ་ལ། མང་གཙོའི་བརྒྱུད་རིམ་འདི་ནུས་ཤུགས་དང་ལྡན་པ་བྱེད་རྒྱུ་དེ་ཡིན་པ་དང་། དགའ་འོས་པ་ཞིག་ལ་མཐོང་ཆེན་དང་ཆེས་གནས་བབས་མཐོ་བའི་སྡིངས་ཆ་དེའི་སྟེང། ང་ལ་འོས་མིའི་གོ་སྐབས་བཟང་པོ་ཐོབ་ཡོད་པས། གཞུང་གི་འོས་འགན་དེའི་ཐོག་ནས་རང་ཉིད་ཀྱི་ཕྱོགས་ནས་གང་འཇོན་ཅི་ཐུབ་བྱེད་ཀྱི་ཡིན། ངས་གཞིས་ཆགས་ཁག་ནང་གི་མི་དང་དགོན་སྡེ་ཁག་གི་གྲྭ་པ། སློབ་ཕྲུག ན་གཞོན་སོགས་ཐུག་སྐབས། དང་ཐོག་ཁོ་རང་ཚོའི་འདོད་དོན་ལ་གུས་བརྩི་བྱེད་ཀྱི་ཡོད། དེ་ནས་དེ་དག་གི་རེ་འདུན་དང་སེམས་འཚབས། ཕུགས་བསམ། རྒོལ་ལན་སོགས་ཤེས་ཐབས་བྱེད་ཀྱི་ཡོད། ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་ནི། འགོ་འཁྲིད་བཟང་པོ་ཞིག་ཡིན་ན་མི་མང་གི་བསམ་བློའི་འཁྱེར་སོ་དེ་དང་འབྲེལ་ལམ་འཛིན་དགོས་པ་དང།  དེར་བརྟེན། ངས་བཀའ་ཁྲིའི་འོས་གཞིའི་ནང་ཡོད་མཁན་ཚོར། ས་གནས་གང་སར་ཕྱོགས་བསྐྱོད་བྱེད་དགོས་པ་དང་བོད་མི་ཤེས་ཡོན་ཅན་ཐུག་པ་སོགས་བྱས་ན། ཉམས་མྱོང་དེས་ཁྱེད་རང་བཀའ་བློན་ཁྲི་པ་ཆགས་པར་རོགས་པ་ཚུལ་མཐུན་ཞིག་བྱེད་ཀྱི་རེད་ཅེས་བརྗོད་ཀྱི་ཡོད།

དེ་བཞིན་ངས་སུད་སི་དང། ཨ་རིའི་ས་ཁུལ་ཨོ་རི་གྷོན། ཀཱ་ལི་ཧྤོ་ནི་ཡ་བཅས་ཀྱི་ནང་གང་མགྱོགས་བགྲོ་གླེང་བྱེད་ཀྱི་ཡིན། ང་ཚོའི་མང་གཙོའི་ལམ་ལུགས་འདིའི་སྐོར་ཤེས་རྟོགས་ཡོང་ཆེད་དུ། ངའི་ངོས་ནས་གང་ཐུབ་པ་དེ་བྱེད་ཀྱི་ཡོད་ལ་བརྒྱུད་རིམ་འདིའི་ཐོག་སློབ་སྦྱོང་ཡང་མང་པོ་བྱེད་ཀྱི་ཡོད། བཀའ་ཁྲིའི་འོས་གཞིའི་ནང་ཞུགས་མཁན་མི་གཞན་དག་གིས་ཀྱང་འདི་ལྟར་བྱེད་ཀྱི་ཡོད་པའི་རེ་བ་རྒྱག་གི་ཡོད།

༡༠ དྲི་བ། ཁྱེེད་རང་བཀའ་བློན་ཁྲི་པར་བཞེངས་མཁན་ཡིན་ནམ།
ལན། ང་བཀའ་ཁྲིའི་འོས་གཞིའི་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་ཐུང་ངུ་ཞིག གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ནས་གསལ་བསྒྲགས་བྱེད་ཀྱི་ཡིན། ཕྱོགས་གཞན་ཞིག་ནས་འོས་བསྡུའི་ལས་འགུལ་སྒྲོམ་གཞིའི་ཐོག་རིམ་བགྲོད་བྱེད་རྒྱུ་དེ། ངའི་ཕྱོགས་ནས་བོད་པའི་མང་གཙོའི་བརྒྱུད་རིམ་ལ་ནུས་ཤུགས་བསྐྲུན་པའི་ལས་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཐེངས་རྗེས་མའི་འོས་བསྡུའི་སྐབས་འོས་གཞིའི་ནང་ཡོད་པ་ཚོས། མང་གཙོའི་རྒྱལ་ཁབ་གཞན་དག་གི་རྒྱུན་ལྡན་གྱི་འོས་བསྡུ་ལྟར་རང་ཉིད་ངོས་ནས་ཆ་ཤས་ལེན་དགོས་ཤིང། འོས་གཞིའི་ནང་ཡོད་པ་ཚོས་འོས་འཕེན་གྱི་བརྒྱུད་རིམ་ནང་གི་ཆ་ཤས་མང་ཙམ་ལེན་ན། འོས་འཕེན་མཁན་ཚོ་རང་བཞིན་གྱིས་ལས་དོན་དེའི་ནང་ཚུད་ཡོང་གི་རེད། གལ་སྲིད་ལས་རིམ་འདི་འདྲ་བ་ཞིག་བྱུང་པ་ཡིན་ན། འདི་ནི་ངས་བོད་པའི་སྤྱི་ཚོགས་དང་མང་གཙོའི་ལམ་ལུགས། བོད་ཀྱི་ལས་འགུལ་བཅས་ལ་ལེགས་སྐྱེས་ཡག་པོ་ཞིག་ཕུལ་བ་རེད་དྲན་གྱི་འདུག

དེར་བརྟེན་བོད་མི་ཚང་མས་ཐུགས་ལ་བཅང་དགོས་པ་ཞིག་ནི། ཟླ་ ༨ ཚེས་ ༡༥ ནང་ཚུད་བཀའ་སྤྱི་གཉིས་ཀའི་འོས་འཕེན་གྱི་དེབ་སྐྱེལ་ཟིན་དགོས་པ་དང་། ངའི་རེ་བ་ལ་འོས་གཞིའི་ནང་ཞུགས་མཁན་ཚང་མའི་བསམ་དོན་ལྷུན་གྱིས་འགྲུབ་པ་དང་། བོད་རིགས་སྤུན་ཟླ་ཚང་མའི་འབྱུང་འགྱུར་གྱི་རེ་འདུན་ལེགས་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

(བཅར་འདྲི་ཞུ་མཁན་ཨ་རིའི་ཨུ་ཏཱ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་སློབ་གཉེར་བ་རིན་ཆེན་གྱིས།།)

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༡༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 54

  1. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    མཁས་དབང་ཁྱེད་ངོ་མ་བཀའ་ཁྲི་ལ་ཕེབས་དགོས། བཙན་བྱོལ་བ་ཚོ།

    ད་ནི་ངོ་མ་བརྙིད་ལས་སད་དགོས།
    ད་ནི་ང་ཚོ་མི་རབ་གསར་པའི་ལམ་
    ཁ་ལ་་འགྲོ་དགོས།
    ད་ནི་ང་ཚོས་འབྱུང་འགྱུར་གྱི་བཀའ་ཁྲི་བློ་བཟང་
    སེང་གེ་ལྟ་བུ་ངེས་པར་དུ་འོས་ཤོག་བླུག་དགོས།
    ད་ནི་ང་ཚོས་སྤོ་རྒན་དང་རྨོ་
    རྒན་འདི་ཚོ་གཏན་ནས་འོས་ཤོག་བླུབ་མི་ཉིན།
    ཕེབས་ཤོག་
    ཕེབས་ཤོག།
    བདག་གི་མི་རབ་གསར་པའི་བཀའ་ཁྲི་མཁས་དབང་ཁྱེད་ཕེབས་ཤོག།

    Reply
  2. མེ་ལྷ་ says:
    ལོ་ 15 སྔོན།

    མཁས་དབང་ཁྱེད་ངོ་མ་བཀའ་ཁྲི་ལ་ཕེབས་དགོས། བཙན་བྱོལ་བ་ཚོ།
    ད་ནི་ངོ་མ་བརྙིད་ལས་སད་དགོས། ད་ནི་ང་ཚོ་མི་རབ་གསར་པའི་ལམ་
    ཁ་ལ་་འགྲོ་དགོས། ད་ནི་ང་ཚོས་འབྱུང་འགྱུར་གྱི་བཀའ་ཁྲི་བློ་བཟང་
    སེང་གེ་ལྟ་བུ་ངེས་པར་དུ་འོས་ཤོག་བླུག་དགོས། ད་ནི་ང་ཚོས་སྤོ་རྒན་དང་རྨོ་
    རྒན་འདི་ཚོ་གཏན་ནས་འོས་ཤོག་བླུབ་མི་ཉིན། ཕེབས་ཤོག་ ཕེབས་ཤོག།
    བདག་གི་མི་རབ་གསར་པའི་བཀའ་ཁྲི་མཁས་དབང་ཁྱེད་ཕེབས་ཤོག།

    Reply
  3. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེངྒེ་ལགས་བཀའ་ཁྲིའི་འོས་ཐོབ་འབྱུང་རྒྱུ་ཡིན་པ་ཐེ་ཚོམ་མི་དགོས།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལས་བྱེད་རྒན་པ་ཞིག་ལ་བཀའ་ཁྲིར་བསྐོས་འགྱུར་ན། །
    ཉམས་མྱོང་ཅན་དང་རྒན་གཞོན་རྒན་རིམ་མཐོང་སྲིད་ཀྱང་། །
    བཟློག་ཕྱོགས་སྐྱོན་ཆའི་རིགས་ཀྱང་ཇེ་མཐུག་འགྲོ་སྲིད་པས། །
    དེས་ན་སྔར་མེད་གསར་ཐོན་གཞོན་སྐྱེས་བསྐོས་ན་ལེགས། །

    བློ་ བཟང་ སེང་ གེ
    བློ་བཟང་གྲགས་པའི་བསྟན་ནས་ཡར་དེད་གཡུང་དྲུང་བོན། །
    བཟང་པོའི་ལེགས་བྱང་ཡོད་ཚད་མི་ཉམས་དར་བ་སོགས། །
    སེང་སེང་སེང་ལ་གནས་པའི་བོད་རིགས་མི་མང་ཚོར། །
    གེ་སར་ལྷ་སྒྲུང་སླར་ཡང་ཆབ་སྲིད་ཟློས་གར་བཟློས། །

    ད་དུང་བོད་རིགས་ན་གཞོན་ཕོ་མོའི་ནང་། །
    ཕ་བཟང་བུ་དང་བུ་མོ་ཡོ་དོ་ཅོག །
    དགའ་ལྡན་ཁྲི་ལ་བདག་པོ་གྲྭ་བཙུན་ཙམ། །
    བཀའ་ཁྲིའི་ཁྲི་ལ་འཇོན་ན་སུ་ཐོབ་རེད། །

    Reply
  5. ནོར་བུ says:
    ལོ་ 15 སྔོན།

    འོས་ཐོབ་མིན་ལ་མི་ལྟོས་པར་མང་གཙོའི་ལམ་ལུགས་ལ་དགོངས་པ་བཞེས་པ་ནི་རླབས་ཆེན་ཞིག་རེད།

    Reply
  6. བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་བསེ་རུ་ཟེར་བས་འདི་འདྲ་ཞིག་བྲིས་འདུག་པ་ལ་གསལ་བཤད།
    ༼བསེ་རུ། ༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས། ཡིད་སྐྱོའི་གནས་ཚུལ་དང་མ་ཎིའི་ཞལ་འདེབས།༽

    ཐུགས་རྗེ་གཟིགས། དཀྲོགས་གཏམ་མ་སྤེལ་རོགས།
    ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
    ཁ་སང་དུས་བབ་དྲ་རྒྱའི་མཆན་གྱི་ཁོངས་སུ། རྩོམ་པ་པོ་སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་འགྲུབ་ལགས་ཕྱི་ཚེས་༢༦གི་དགོང་མོར་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཞིག་བཀོད་འདུག
    གནས་ཚུལ་མཁོ་གཏོང་མཁན་བློ་བཟང་དོན་ལྡན་ཞུ་བ་ཞིག་ཡིན་ལབ་འདུག དོན་དེ་དང་འབྲེལ་ནས་ཁ་བརྡའི་སྒང་དུ་ཡང་སྒྲོལ་མ་མཚོ་ཟེར་མཁན་ཞིག་གིས་དཀྲོགས་གཏམ་དེ་འཁྱེར་ནས་སླེབས་འདུག
    སྒྲོལ་མ་མཚོ་ཞུ་མཁན་དེ་ཡོང་ས་ནེའུ་ཡོག་རེད་འདུག ང་ཚོས་དཀྲོགས་གཏམ་དེ་གསུབ་པ་ཡིན། རྒྱུ་མཚན། ཕྱི་ཚེས་༢༧ཉིན། སྒོམ་སྡེ་ལྷ་རམས་པས་ཁ་བརྡའི་སྒང་གི་རྩོམ་ལ་མཆན་བུ་བཏབས་འདུག
    ལྷག་པར་དུ། ཁ་བརྡའི་ངོས་ནས་སྒོམ་སྡེ་ལྷ་རམས་པའི་མཁྱེན་ཡོན་ལ་བརྩི་བཀུར་ཞུ་གི་ཡོད།
    མདང་དགོང་མཚན་གྱི་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ལ། གློག་འཕྲིན་བརྒྱུད་ནས་སྒོམ་སྡེ་ལྷ་རམས་པར་དེའི་སྐོར་གྱི་གནས་ཚུལ་དྲིས་བ་ཡིན།
    ད་ནངས་ཁོང་གིས་འཕྲིན་ལན་གནང་འདུག འཕྲིན་ལན་གཤམ་གསལ།
    “ཁྱེད་ནས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ།
    ང་གཟུགས་པོ་བདེ་ཐག་ཆོད་དང་། མཛད་འཕྲིན་རྒྱས་ཐག་ཆོད་ཡིན་པས། ཁོང་ཚོར་ང་ད་ལྟ་ཤི་མི་འདུག་གསུང་རོགས། དེང་སང་གཟའ་སྤེན་པ་ཉི་མ་གཉིས་ལ་འཛིན་གྲྭ་བཞི་ཙམ་ལ་སློབ་ཁྲིད་བྱེད་ཀྱི་ཡོད།ད་དུང་མི་སྒེར་གྱིས་ངོས་ནས་ཀྱང་སློབ་ཁྲིད་བྱེད་རོགས་ཟེར་མཁན་ཇེ་མང་འགྲོ་གི་འདུག་ཀྱང་། ངེད་ལ་དུས་ཚོད་ཞེ་དྲག་མེད།
    བདུན་ཕྲག་ཁ་ཤས་སྔོན་སྨན་ཁང་དུ་གློ་བ། མཆིན་པ། སྙིང་། ཁྲག་ཤད། ཅི་ནིའི་ན་ཚ་སོགས་ལུས་པོ་ཡོངས་རྫོགས་བརྟག་དཔྱད་བྱས་ཏེ་ན་ཚ་གང་ཡང་མི་འདུག་པས། ལོ་བརྒྱད་ཅུ་དགུ་བཅུའི་བར་འཆི་ས་མི་འདུག་པས། ཐུགས་ཁྲལ་མི་གནང་བར་ཞུ།
    སྒོམ་སྡེ་ལྷ་རམས་པས།”
    དཀྲོགས་གཏམ་འདི་དང་འབྲེལ་ནས། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་ཚིག་འགའ་ཞུ་གི་ཡིན།
    དང་པོ།
    མ་འོངས་པར་དཀྲོགས་གཏམ་འདིའི་རིགས་སྤེལ་མཁན་དག་ཁ་བརྡའི་ངོས་ནས་གཏན་འགོག་ཞུ་གི་ཡིན།
    གཉིས་པ། དགོས་གལ་བྱུང་ཚེ་དཀྲོགས་གཏམ་སྤེལ་མཁན་དེའི་རིགས་བརྩད་གཅོད་གཏོང་གི་ཡིན།
    གསུམ་པ། དཀྲོགས་གཏམ་འདིའི་རིགས་སྤེལ་མཁན་ལ་ཁ་བརྡ་དྲ་བའི་ངོས་ནས་བློ་ཕམ་ཡོད།

    Reply
  7. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ལུང་རིགས་རྒྱལ་གྱིས་གསལ་བཤད་གནང་བ་ད་ག་རང་རེད།
    ང་ལ་བཤད་རྒྱུ་ཡོད། ངས་ཤེས་ཀྱི་ཡོད། འཇོན་གྱི་ཡོད་ཟེར་ནས་ཚུར་ཐོན་ཡོང་དུས་དེ་ཚོ་ལ་གོ་སྐབས་ལོས་སྤྲོད་དགོས། སྦུག་དེར་འགྱིང་ནས་མི་མང་ལ་གདོང་མི་བསྟན་པ་ནི་དེང་རབས་ཀྱི་ཡར་ཐོན་འགྲོ་སྟངས་ཤིག་ཀྱང་མ་རེད།
    སྤྱིར་བཏང་སོ་སོ་སྒེར་ངོས་ནས་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་པོ་རེད་དེ། རྟག་པར་མིའི་སྐྱོན་ཞིག་ག་པར་འདུག་ལྟ་བསྡད་མཁན་དེ་ཚོ་ལ་ཕལ་ཆེར་དྲང་ཚུགས་ཟེར་བ་ཞིག་ཡོད་ཀྱི་མ་རེད།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་གཙོས་པའི་དྲ་འབངས་དག་ལ་ཞུ་རྒྱུར།

    བོད་ཀྱི་དུས་བབ་ཀྱི་སྒང་ལ་བློ་བཟང་སེང་གེ་ལགས་ཀྱི་རྩོམ་ཡིག་ཁག་ཅིག་དང་བཅར་འདྲི་རེ་བཀོད་པ་འདི་ནི། ལོ་སྔོན་མ་ནས་ཁོང་ལ་ཕར་རེ་སྐུལ་ཞུས་པ་དང་། ཁོང་ལ་ཡང་རང་གི་ལས་དོན་འདིའི་ཐད་ནས་གང་བསམ་པ་དང་གང་ཤེས་པ་དག་བརྒྱུད་ལམ་འདི་བརྒྱུད་དེ་མི་དམངས་ལ་ཤེས་སུ་འཇུག་རྒྱུའི་འདོད་མོས་ཡོད་པ་ལྟར་བཀོད་དང་འགོད་བཞིན་པ་ཡིན།

    བཀའ་ཁྲིར་ལངས་མཁན་དང་། སྤྱི་འཐུས་ལ་ལངས་མཁན་གཞན་པ་དག་ལ་ཡང་གཅིག་མཚུངས་ཀྱི་གོ་སྐབས་ཡོད།

    འདི་ནི་དགོས་ངེས་དང་ཡ་རབས་ཚུལ་མཐུན་ཞིག་གི་ངོ་བོར་གནས་ཡོད་བསམ། གཙོ་བོ་དེ་རྩོམ་ཡིག་དེ་དག་གི་ནང་དོན་དང་། བཅར་འདྲིའི་ནང་བཤད་པའི་གནད་དོན་དེ་དག་མང་ཚོགས་ཀྱི་མངོན་འདོད་དང་བོད་ཀྱི་རྩ་དོན་གྱི་ལངས་ཕྱོགས་ལ་འགལ་ཡོད་མེད་ལྟ་རྒྱུ་གལ་ཆེན་པོ་རེད་བསམ།

    ཁག་ཅིག་གིས་འདི་བོད་སྐད་ནང་བཅར་འདྲི་བྱས་པ་ཡིན་མིན་དང་། ཡང་ན། བོད་ཡིག་གི་ནང་ཡིག་ཐོག་བཅར་འདྲི་བྱས་པ་ཡིན་མིན་སོགས་ཀྱི་ཐད་དོགས་སློང་བྱེད་གི་འདུག སྤྱིར་ཡིན་ན་གསར་འགོད་རིག་པའི་ནང་དུ། བཅར་འདྲི་རིགས་འདི་གཉིས་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་ཀྱི་ཆ་ནས་ཁྱད་པར་ཡོད་ལ། མཚམས་རེར་ནག་འདེད་ (Hard Talk) སོགས་བྱེད་སྐབས་ཐད་ཀར་སྐད་ཆ་འདྲི་རྒྱུ་ནི་ཐབས་ཤེས་ལེགས་པོ་ཞིག་ཡིན་པར་བཤད།

    བློ་བཟང་སེང་གེ་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ཚེ་ནམ་རྒྱུན་གྱི་གཏམ་བཤད་དང་བཅར་འདྲི་སོགས་ཀྱི་སྐབས་ཁོང་ལ་བྱང་ཆ་ཅི་ཙམ་ཡོད་པ་ཤེས་ངེས་ཡིན། དེར་བརྟེན། གལ་སྲིད་ཁོང་གིས་འདི་ལྟ་བུ་ཞིག་བཤད་མི་ཐུབ་བསམ་པ་དང་། བཤད་མི་ཤེས་བསམ་པ་ཚོ་ནི་ནོར་བ་རེད་དྲན། སྐད་ཆ་འདི་དག་ཁོང་གི་སེམས་གཏིང་གི་སྐད་ཆ་ཡིན་མིན་དང་། ཁོང་ལ་ལྷག་བསམ་ཅི་ཙམ་ཡོད་མེད་ནི་མི་སྒེར་སོ་སོས་དཔྱད་རྒྱུ་ཞིག་ལས། ང་ཚོའི་ངོས་ནས་གང་ཡང་ཞུ་ཐུབ་གི་མ་རེད།

    ང་ཚོར་བཅར་འདྲི་འདི་རག་སྟངས་ཀྱང་ནམ་རྒྱུན་གྱི་རྩོམ་ཡིག་དེ་ཚོ་རག་སྟངས་དང་གཅིག་པ་ཡིན། ཕན་ཚུན་ཁ་པར་བཏང་སྟེ་ནང་དོན་གྱི་སྐོར་ཅི་ཡིན་གསལ་བཤད་བྱས། ཐལ་ཆ་དང་འགལ་བའི་རིགས་མེད་ན་དེ་ནས་འཕྲིན་ལམ་དང་མི་ལག་གང་རུང་བརྒྱུད་ནས་འབྱོར་གི་ཡོད།

    བློ་བཟང་སེང་གེ་ལགས་ལ་ཁོང་གི་བཀའ་ཁྲིའི་འོས་འགྲན་གྱི་ལས་འགུལ་སྐབས་དྲུང་ཡིག་དང་སློབ་སྟོན་པ་སོགས་ཀྱང་རག་ན་ཡོད་འོས་པ་ཞིག་རེད་འདོད། རྒྱལ་ཁབ་གཞན་གྱི་སྲིད་འཛིན་དང་སྲིད་བློན་དག་ལ་ཡང་སོ་སོའི་གཏམ་བཤད་ཡིག་ཐོག་ལ་འབེབ་མཁན་དང་། ནང་དོན་གྱི་ཆ་ནས་ག་རེ་བཤད་དགོས་མིན་སློན་སྟོན་བྱེད་མཁན་སོགས་ཡོད་པ་རེད། ཐ་ན། ལས་གནས་ལ་སླེབ་དུས་ཀྱང་དེ་དག་ཡོད་པ་རེད།

    ང་ཚོར་ཁ་སྟབས་ཞན་པའི་དབང་གིས་མི་རྐྱང་གཅིག་གིས་རང་གི་གློ་ཁུག་ནང་གི་སྒོར་རྡོག་ཚོ་བཏོན། གྲོགས་པོ་དང་ལམ་སྟོན་པ་ཡང་མེད་པར་ཁེར་རྐྱང་དུ་གནམ་གྲུ་དང་མེ་འཁོར། སྤྱི་སྤྱོད་རླངས་འཁོར་སོགས་བརྒྱུད་ཅིང་། སོ་སོ་གཅིག་པུའི་རྣམ་དཔྱོད་བཀོལ་ནས་མི་རིགས་ཤིག་གི་རྩ་དོན་དང་མ་འོངས་པ། རྒྱལ་ཁབ་དང་ཡང་ན་རང་དབང་སླར་གསོ། གཞིས་བྱེས་བོད་མི་ཚང་མའི་བདེ་རྩ་སོགས་ལ་འགན་འཁུར་གྱི་སྐད་ཆ་བཤད་ཀྱི་ཡོད་དུས་ལས་སླ་བོ་ག་ལ་ཡིན།

    ཨ་རིའི་སྲིད་འཛིན་དེ་དག་ལངས་དུས་ལས་འགུལ་གྱི་སྔོན་རྩིས་མ་དངུལ་ག་ཚོད་རེད། དེ་དག་ལ་ཡང་བསམ་བློ་གཏོང་དགོས་པ་རེད།

    སེམས་ཤུགས་ཞེས་པ་དེར་ཡང་རང་སྟེང་གི་ཚད་ཅིག་འདུག ཚད་དེར་བསླེབས་སོང་ན། དེའི་ཕན་ནས་སེམས་ཤུགས་ལ་ནུས་པ་ཅི་ཡང་མེད་པའི་སྐབས་ཡོད་པ་རེད། དེ་དུས་མཐུན་རྐྱེན་གང་དགོས་འཛོམས་རྒྱུ་གལ་ཆེན་པོ་རེད།

    ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་སེམས་བསམ་པའི་གཏིང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན། འོས་ཤོག་གཅིག་པུར་སྒུག་ནས་མི་འདུག་པར། ལུས་ཤུགས་དང་སེམས་ཤུགས་གཉིས་ཀ་ཁོང་གི་སྟེང་ལ་འབུལ་རྒྱུ་ནི་རང་རང་གི་མངོན་འདོད་སྒྲུབ་པ་ནི་ཅི་ནས་ཀྱང་ཡིན།

    ཁོང་ལྟ་བུ་ཞིག་བཀའ་ཁྲིར་ལངས་གི་ཡིན། མི་དམངས་ལ་སྐད་ཆ་བཤད་རྒྱུ་ཡོད་ལབ་དུས། བརྒྱུད་ལམ་གྱི་ངོས་ནས་མཐུན་འགྱུར་འདི་འདྲ་རེ་སྤྲོད་རྒྱུ་ནི་གལ་ཆེན་པོ་རེད་འདོད།

    འདི་ནི་བོད་ཀྱི་དུས་བབ་སྟེང་ལ་བློ་བཟང་སེང་གེ་ལགས་ཀྱི་རྩོམ་ཡིག་དང་བཅར་འདྲི་བཀོད་པ་དེར་མི་རྣམས་ཀྱི་མཐོང་ཚུལ་ཡོང་གི་ཡོད་ན། དེར་གསལ་བཤད་ཙམ་ཡིན། བཀའ་ཁྲིའི་ཕྱོགས་ནས་ང་རང་གི་ལྟ་ཚུལ་དང་འདོད་ཚུལ་ནི་སྔར་ནས་བཤད་ཟིན་པ་ཡིན།

    གུས་བཅས།
    མི་ནག་ཚང་ལུང་རིགས་རྒྱལ།

    Reply
  9. ཕྱོགས་གླང། says:
    ལོ་ 15 སྔོན།

    ང་ཚོའི་འཐབ་རྩོད་ནི་རང་དབང་དམངས་གཙོའི་རྒྱལ་ཁབ་ནང་སྲིད་དོན་པ་ཚོས་དབང་ཆ་འཕྲོག་རེས་ཀྱི་འཐབ་རྩོད་བྱེད་ཀྱི་ཡོད་པ་ནང་ལྟར་མ་ཡིན་པར་ང་ཚོའི་འཐབ་རྩོད་ནི། ཡུམ་མྱང་ཚ་དཀར་རྒྱན་གྱིས་ཐོས་པ་དགའ་མཐུ་སློབ་ཏུ་བཏང་དགོས་པའི་རྒྱུ་མཚན་དང་གཅིག་མཚུངས་ལྟ་བུ་ཡིན་པ་བཀའ་སྤྱིའི་འོས་མིར་ལངས་མཁན་དང་། འོས་ཤོག་འཕེན་མཁན་ཚང་མའི་བློར་མངའ་སེམས་གསལ་ཡིན་གྱི་རེད། བྱས་ཙང་ལུང་པ་མེད་པའི་མི་ལ་གོ་གནས་དང་དབང་ཆའི་སྐོར་གླེང་མོལ་དགོས་དོན་ཅང་ཨེ་ཡོད། དེ་འདྲའི་བསམ་བློ་གཏོང་སྟངས་ནི། སྤང་སྐྱ་ཐག་ཆོད་ནའང་རི་བོང་སྔོ་ཐག་མ་ཆོད་པའི་དཔེ་ལྟར་མ་ཡིན་ནམ།། དེ་ལས་ཐོས་པ་དགས་ཡུམ་གྱི་མངོན་འདོད་བསྒྲུབས་པ་ནང་བཞིན་མ་འོངས་པའི་བཀའ་སྤྱི་དེ་ཡང་༧རྒྱལ་བ་རིན་པོ་ཆེའི་དབུ་འཁྲིད་འོག་བོད་མི་ས་ཡ་དྲུག་གི་བདེན་དོན་བསྒྲུབ་རྒྱུར་རེ་བ་རྒྱབ་ཆོག་པའི་བོད་མི་ཤེས་ཡོན་ཅན་དང་། སྙིང་སྟོབས་ཅན། སྤྱི་མི་ཚད་ལྡན་རྐྱང་རྐྱང་སླེབས་རྒྱུར། ཕ་མ་སྤུན་མཆེད་དང་། དགའ་ཉེ་བློ་དཀར། ལུང་ཚན་གཅིག་པ་སོགས་སྒེར་དོན་ཕྱོགས་ལྷུང་གི་དབང་དུ་མ་སོང་བའི་ཐོག་ནས་འོས་ཤོག་འཕེན་རྒྱུ་སྐབས་སུ་བབས་པའི་ལས་འགན་གལ་ཆེ་ཞིག་མ་རེད་པས།།

    Reply
  10. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བཅར་འདྲི་འདི། དུས་བབ་ལ་བརྒྱུད་ལམ་གང་ཞིག་བརྒྱུད་དེ་ཇི་ལྟར་འབྱོར་བ་རེད། བཅར་འདྲི་གནང་མཁན་དེས་ཐད་ཀར་གནང་བ་ཨེ་རེད། དེང་སྐབས་བློ་བཟང་སེང་གེ་ལགས་ཀྱི་རྩོམ་སོགས་བོད་ཀྱི་བང་ཆེན་ལས། བོད་ཀྱི་དུས་བབ་ལ་མང་བ་འདྲ་ཞིག་གནང་གི་འདུག འདི་ཡང་བསམ་བློ་གཏོང་དགོས་ས་ཞིག་རེད།

    Reply
  11. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དྲི་བ་དང་པོའི་ལན་ནི། བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པས་ཆེ་བསྟོད་བྱེད་པའི་དོན་དག ཡོང་ཁུངས་དབུལ་པོ་རེད། ཤོག་ཁག་ཡོད་མ་རེད། བཙན་བྱོལ་ནང་འཚར་ལོངས་བྱས་པ་རེད་ཟེར་བ་དེ་ཚོ་རེད།

    དྲི་བ་གཉིས་པའི་ལན་ནི། སྒྲིག་གཞི་གཞིར་བཟུང་རྒྱ་གར་ལ་ལོག་ནས་ཞབས་འདེགས་མ་ཞུས་པ་དེར་དག་འབུད་བྱས་པ་རེད་འདུག

    དྲི་བ་གསུམ་པའི་ལན་ནི། སློབ་སྦྱོང་གི་གྲུབ་འབྲས་རྣམས་༸གོང་ས་མཆོག་སོགས་ཀྱི་བཀའ་དྲིན་ཡིན་པ་དང་དྲིན་ལན་འཇལ་འདོད་ཡོད་ཟེར་བ་རེད་འདུག

    དྲི་བ་བཞི་པའི་ལན་ནི། དྲྭ་ཐོག་ཏུ་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་རྣམ་གཉིས་ལ་འོས་འཕེན་མཁན་མང་ཤོས་བྱུང་བ་དེ་ངེས་མེད་ཡིན་པ་དང་མང་ཚོགས་ཀྱིས་འོས་བསྡུའི་ཆ་ཤས་ལེན་གལ་ཆེ་སྐོར་རེད།

    དྲི་བ་ལྔ་པའི་ལན་ནི། ཉམས་མྱོང་གལ་ཆེན་མ་རེད། ངས་ངྷ་སར་ཐད་ཀར་ལས་ཀ་མ་བྱས་ཀྱང་།་དྷ་ས་དང་གཞིས་ཆགས་ཁག་སྦར་མཐིལ་ནང་བླུགས་བཞག་ཡོད། སེམས་ཁྲལ་རྩ་བ་ནས་མི་དགོས་ཟེར་བ་རེད།

    དྲི་བ་དྲུག་པའི་ལན་ནི། བཀའ་ཁྲིའི་ལས་འགན་གཙོ་བོའམ་ཤུགས་རྒྱག་དགོས་ས་གང་དང་གང་ཡིན་སྐོར་རེད་འདུག ལན་གྱི་ནང་འདི་དང་འདི་རེད་ཅེས་བཤད་པ་མ་གཏོགས། འདི་ལྟར་བྱེད་ཀི་ཡིན་ཞེས་བཤད་མི་འདུག

    དྲི་བ་བདུན་པའི་ལན་ནི། རྒྱ་ནག་གི་ཁྲིམས་སྤྱད་དེ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་བསམ་ཚུལ་ཞིག་རེད།

    དྲི་བ་བརྒྱད་པའི་ལན་ནི། ང་ཆོས་དད་ཡོད། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པར་དད་གུས་ཡོད་ཅེས་པ་དེ་རེད། བོན་པོའི་མིང་ཙམ་ཡང་སྨྲོས་མི་འདུག འོས་ཤོག་གི་འབྱུང་ཁུངས་མང་པོ་རང་མེད་ཙམ་མིན་ནམ།

    དྲི་བ་དགུ་པའི་ལན་ནི། ས་གནས་མང་པོ་ཞིག་ལ་སོང་ཟིན་པ་ཡིན། མ་འོངས་པར་ཡང་འགྲོ་འཆར་ཡོད་ཅེས་པ་དེ་རེད། འདིའི་སྐབས་རྒྱ་གར་ལྷོ་ཕྱོགས་ཀྱི་་བོན་དགོན་ལ་སོང་ཚུལ་འདྲ་ཞིག་བཤད་འདུག ལྷོ་ཕྱོགས་ལ་བོན་གྱི་དགོན་པ་ཡོད་དམ།

    དྲི་བ་བཅུ་པའི་ལན། བཀའ་ཁྲིའི་འོས་གཞིར་ཞུགས་པའི་འཆར་གཞི་གསལ་བསྒྲགས་བྱེད་རྒྱུ་དང་མང་ཚོགས་ཚོས་འོས་བསྡུའི་ཆ་ཤས་ལེན་དགོས་པའི་སྐོར་རེད་འདུག

    ངས་འདིར་བློ་བཟང་སེང་གེར་དགག་བྱ་བྱེད་ཀི་མེད། དཔྱད་ཞིབ་བྱེད་ཀི་ཡོད། མ་འོངས་བཀའ་ཁྲིར་ལངས་མཁན་གཞན་ཚོས་འདི་འདྲའི་བཅར་འདྲིར་དང་ལེན་བྱེད་སྐབས་སུའང་དཔྱད་ཞིབ་གང་ཐུབ་ཞུ་གི་ཡིན།

    Reply
  12. འབུར་ཐོ། says:
    ལོ་ 15 སྔོན།

    གཙོ་བོ་འོས་འཕེན་མཁན་ལ་དྲང་བདེན་དགོས་དེ་ཡོད་ན་འགྲིག་འགྲོ་གི་རེད། ཕྱོགས་ལྷུང་ཡོང་ན་ཡག་པོ་ཆག་གི་མ་རེད། སེམས་འཚབ་འདུག་ཡ།

    Reply
  13. གུར་གུམ། says:
    ལོ་ 15 སྔོན།

    ད་ལྟའི་ཆར་ང་ལ་མཚོན་ན་བཀའ་ཁྲི་འོས་ཤོས་ཁོང་ཉིད་ལས་མ་འདས།

    Reply
  14. རྒྱང་རིང་། says:
    ལོ་ 15 སྔོན།

    བོད་པ་ལ་ཤུལ་འཛིན་དགོས་ན་གཞོན་རབས་འདི་ཁྲི་པར་དགོས།
    བོད་པ་ལ་གསར་གཏོན་དགོས་ན་གཞོན་རབསའདི་ཁྲི་པ་དགོས།
    བོད་པ་ལ་རེ་བ་དགོས་ན་གཞོན་རབས་འདི་ཁྲི་པ་དགོས།
    བོད་པ་ལ་སྙིང་སྟོབས་གསར་པ་དགོས་ན་བཞོན་རབས་འདི་ཁྲི་པ་དགོས།

    Reply
  15. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ་སྐབས་ཚོལ་བ དུས་ཐོག་དུ་སླེབས་པ
    བྱ་བ ་ས་གནས་གང་སར་འགྲོ་བ
    བྱེད་ལས སློབ་སྟོན་པའིམཐུ་འོག་ནས་མང་ཚོགས་འགུག་པའི་གཏམ་བཤད་པ་བཅས་སོ།།

    Reply
  16. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    ད་ལྟའི་ཆར་བོད་པའི་གཞོན་ཚོའི་ནང་གི་རེ་བ་ཆེ་ཤོས་མཁས་དབང་བློ་བསང་སེང་གེ་ཡིན། ཁོང་ལས་ལྷག་ཅིག་མི་འདུག་པས་ཚང་མས་རྒྱབ་སྐྱོར་གྱིས།

    Reply
  17. ་འབྲི་མཚོ says:
    ལོ་ 15 སྔོན།

    དྲི་བ་ཁག་ལ་ལེན་འདེབས་ཡག་པོ་གནང་འདུག་རྗེས་སུ་ཡིད་རང་ཞུ་བཞིན་ཡོད་མཁས་དབང་ཁོང་གི་གསུངས་པ་ལ་ཞིག་ན་སྐབས་གསུམ་པའི་བཀའ་ཁྲི་ལ་གཞི་རྩམ་རྟག་ས་ཀྱང་འོས་ཤོས་དེ་མཁས་དབང་བློ་བཟང་སེང་གེ་ཁོང་ཁོ་ན་ལས་མ་ཐོང་

    Reply
  18. སྟོང་བསྐོར་ ཐུབ་བསྟན says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འོས་གཞིར་དང་བླངས་གནང་བ་རྗེས་སུ་ཡི་རང་ཡོད། ཁོང་བཀའ་སློན་ཐོབ་ན་འདྲ་མ་ཐོབ་ནའང་འདྲ་ལངས་སྟངས་ཧ་ཅང་ཡག་པོ་འདུག། ཁོང་བཀའ་སློན་ཁྲི་པ་བླངས་སྟངས་ལ་ངས་རྗེས་སུ་ཡི་རང་བྱེད།

    Reply
  19. དོམ་དཀར། says:
    ལོ་ 15 སྔོན།

    གྲོགས་པོ་ཚོ། ཁྱོད་ཚོས་རྩོད་དགོས་མིན་ཚང་མ་རྩོད་དགོས་དོན་མེད། ཁྱོད་ཚོས་ཁོའི་བོད་ཡིག་གནས་ཚད་ག་འདྲ་ཡིན་མིན་རྩད་ནས་ཁོས་སྭ་ར་མཐོ་སློབ་ནང་དུ་
    རྒྱུགས་སྤྲད་དགོས་ནི་མ་རེད། ད་ཁྱོད་ཚོས་སྨྱོན་གཏམ་བཤད་ནས་བསྡད་པའི་དུས་ཚོད་མ་རེད། ཁོའི་གསར་གཏོད་དང་སེམས་ཤུགས་ལ་ངས་རྗེས་སུ་ཡི་རང་བྱེད།

    Reply
  20. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    དྲི་བ་ཁག་ལ་ལན་བསྐྱོན་པ་ནི་ཤིན་ཏུ་ལེགས། ད་དུང་དྲིས་ལན་གྱི་ཟ་དང་ཟུར་ནས་ཁོང་གི་སེམས་ཤུགས་ཀྱང་མཐོང་གི་འདུག ང་ཚོའི་མི་རིགས་ལ་འདི་འདྲའི་མི་བུ་གསར་བ་མང་དུ་འབྱུང་ཐུབ་ན་ཡག་པ་ལ།

    Reply
  21. འོས་ལངས། says:
    ལོ་ 15 སྔོན།

    སུ་ཞིག་བཀའ་ཁྲིར་སླེབས་ཀྱང་བོད་ཀྱི་དཀའ་རྙོག་ནི་སེལ་ཐུབ་རེ་མི་འདུག་ལ། བོད་ཀྱི་གནད་དོན་དེ་ཡང་སྔར་ལྟར་རང་སོར་གནས་ངེས་ལས་ཐག་གཅོད་ཅི་ཡང་མི་ཡོང་། བློ་བཟང་སེང་གེའི་བཤད་སྟངས་དེ་དག་ལ་གཞིགས་ན། སྐབས་འཚོལ་རིང་ལུགས་པའི་རྣམ་པ་ཧ་ཅང་གསལ་པོ་ཡོད་པ་ལས། དེ་ལ་གསར་བཏོད་ཀྱི་ནུས་པ་དང་། འགན་ཁུར་གྱི་རང་བཞིན། སྤོབས་སེམས་སྐྱེ་འགྱུར། ཡིད་ཆེས་བློས་འཁེལ་འབྱུང་གཞི་སོགས་ཀྱི་རྟགས་མཚན་གང་ཡང་མ་མཐོང་། བཤད་སྟངས་དེ་འདྲ་ནི་རང་ཉིད་བཀའ་ཁྲིའི་འོས་གཞིར་ལངས་མཁན་ཞིག་གི་ངོས་ནས་བཤད་དགོས་ངེས་ཤིག་ཆགས་ཡོད། མང་ཚོགས་ཀྱི་ཡིད་བློར་འགྲོ་བའི་སྐད་ཆ་དེ་འདྲ་མ་བཤད་ན་མང་ཚོགས་ཀྱི་རྒྱབ་སྐྱོར་རེག་ཁག་པོ་ཡིན་ཞིང་། དོན་དག་འདི་རང་ཉིད་ལ་གོ་གནས་འཚོལ་མཁན་སུ་ཡིན་གྱིས་གཅིག་མཚུངས་ངང་འབད་སྒྲུབ་བྱེད་པ་ཡིན། སྐད་ཆ་འདྲ་ཆགས་པོ་བཤད་པ་ཙམ་ལ་མགོ་འཁོར་རྒྱུ་གང་ཡང་མི་འདུག ཨ་རིའི་སྲིད་འཛིན་ཨོ་སྦ་མས་ཀྱང་ཁོང་ཉིད་སྲིད་འཛིན་གྱི་འོས་གཞིར་ལངས་སྐབས་སྐད་ཆ་འདྲ་ཆགས་པོ་རྐྱང་རྐྱང་བཤད་པ་རེད། ད་ཆ་ཁོང་ལ་སྲིད་འཛིན་གྱི་གོ་གནས་རེག་ཚར་ནས་ཡུན་རིང་འདས་ཀྱང་དེ་སྔའི་སྐད་ཆ་དག་ནི་མཚོི་ཡི་རླབས་རིས་ལྟར་དུ་གྱུར་ཡོད། ང་ཚོ་ལ་བཀའ་ཁྲི་ཡག་པོ་ཞིག་དགོས་ཀྱི་ཡོད་ན་ཤེས་འཇོན་གཉིས་ཀྱི་ཐོག་ཏུ་ལོི་རྒྱུས་དང་ཉམས་མྱོང་གཉིས་ཀྱང་ཡོད་མཁན་ཞིག་ཅིས་ཀྱང་དགོས་གལ་ཆེ་བར་མཐོང་། བློ་བཟང་སེང་གེ་ལ་མཚོན་ན། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་གི་མིང་བཏགས་པའི་ཚོད་ཀྱིས་ཤེས་ཡོན་གྱི་ཕྱོགས་ནས་ལས་དོན་གལ་གནད་ཅན་དེ་དང་འདི་བྱས་འདུག་བསམ་པ་ཞིག་མ་ཚོར་ལ། ལྷག་པར་དུ་ཁོང་གི་ལས་སྐལ་དུ་གྱུར་པའི་ཁྲིམས་ལུགས་ཀྱི་ཕྱོགས་ནས་ཀྱང་ང་ཚོར་ངོམ་རིན་ཆོག་པའི་ལས་དོན་གང་ཡང་བསྒྲུབས་མི་འདུག རྒྱུས་མེད་ཕྱོགས་བསླད་ཀྱི་མགྲོན་པོ་ལྟ་བུ་ཞིག་གློ་བུར་དུ་གོ་ས་ལ་བཞག་ན་ཁྱད་མཚར་ཞིག་ཡོང་གཞི་ལས། བོད་མི་མང་ལ་དགོས་ངེས་ཀྱི་གཙོ་ཆེའི་སྲིད་དོན་རིགས་ཡོང་ཁག་པོ་རེད། མཚམས་རེར་བོད་ཀྱི་དུས་བབ་སོགས་སུ་བློ་བཟང་སེང་གེའི་ཡིན་ཁུལ་གྱི་རྩོམ་ཡིག་རེ་ཟུང་མཐོང་རྒྱུ་ཡོད་པ་དེ་ཚོ་ནི་དོན་དངོས་སུ་བློ་བཟང་སེང་གེས་བྲིས་མིན་ཤེས་འདོད་ཆེ་བའི་ཁར། ཁོང་གི་སློབ་ཐོན་ཆེད་རྩོམ་དེ་ལ་ཡང་ང་ཚོས་ལྟ་ཀློག་ཅིག་བྱ་དགོས་པར་འདོད།

    Reply
  22. བསེ་རུ། says:
    ལོ་ 15 སྔོན།

    ཁྱེད་རྣམས་ཀྱིས་བཀའ་བློན་ཁྲི་པ་སུ་ཕེབས་མིན་ལ་གླེང་སློང་གནང་བ་དེ་དངོས་གནས་གླེང་དགོས་པ་ཞིག་རེད། འོན་ཀྱང་ངས་བལྟས་ན། བཀའ་བློན་ཁྲི་པ་སུ་ཞིག་ཕེབས་པ་ཡིན་ན་ཡང་ཉེན་ཚབས་ཆེ་ཤོས་དེ་བཀའ་བློན་ཕྱག་རོགས་སུ་དང་སུ་ཞིག་ཕེབས་མིན་དེ་རེད།

    ད་བར་ང་ཚོས་བཀའ་བློན་ཁྲི་པའི་སྐོར་རྐྱང་རྐྱང་གླེང་བསྡད་པ་རེད། ང་ཚོར་བཀའ་བློན་ཕྱག་རོགས་ཚོ་འདི་དང་དེ་འོས་ཞེས་འདེམས་དབང་མེད་ཀྱང་། ཁོང་དང་ཁོང་ཞེས་འོས་མིའི་མཚན་སྨྲོས་ཆོག་ལ་འོས་མིའི་དམིགས་བསལ་གྱི་ཡོན་ཏན་ཁག་ཀྱང་བགྲང་ཆོག །དེ་ལྟར་བྱུང་ན་འབྱུང་འགྱུར་གྱི་བཀའ་ཁྲིས་ཁོང་གི་ཕྱག་རོགས་ཐོག་ལ་དགོངས་པ་བཞེས་རྒྱུའི་སྐུལ་ལྕག་ཀྱང་ཐེབས་ངེས་པ་ཞིག་རེད།།

    ཡ་ད་ང་ཚོ་བཀའ་བློན་ཁྲི་པའི་ཕྱག་རོགས་གླེང་བར་འགྲོ།

    Reply
  23. བསེ་རུ། says:
    ལོ་ 15 སྔོན།

    ཡིད་སྐྱོའི་གནས་ཚུལ་དང་མ་ཎིའི་ཞལ་འདེབས།

    ཉེ་ཆར་ང་ཚོའི་དུས་བབ་ཟིན་བྲིས་པ་དང་ཐ་སྙད་ཞིབ་འཇུག་པ། རྩོམ་པ་པོ་སྒོམ་སྡེ་ལྷ་རམས་པ་མཆོག་ལ་ཁྲག་རླུང་སྟོད་འཚང་གི་སྙུན་གཞི་ཚབས་ཆེན་ཕོག་སྟེ། ཉིན་བཅོ་བརྒྱད་ཙམ་གྱི་རིང་ཁེ་ན་ཊའི་ chriners hospital དུ་ཞལ་ལག་གསོལ་མ་ཐུབ་པ་དང་། གཟིམ་མི་ཁུག་པ། དེ་བཞིན་ཞལ་ནས་ཁྲག་མང་པོ་སྐྱུགས་པ་སོགས་སྙུན་ཚབས་ཆེན་པོའི་ངང་བཞུགས་ཏེ་འདི་ཟླའི་ཕྱི་ཚེས་༢༦པའི་དགུང་མོའི་ཆུ་ཚོད་བཅུ་དང་སྐར་མ་དྲུག་གི་སྟེང་སྐུ་ཚེའི་འཕེན་པ་རྫོགས་ཡོད་འདུག དམ་པ་འདི་ཉིད་སྐུ་འཚོ་བཞུགས་ཀྱི་རིང་སེ་ར་དགོན་སོགས་སུ་སློབ་གཉེར་གནང་ནས་དགེ་བཞེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་པ་དང་། དགེ་ལུགས་ཚིག་མཛོད་བྲིས་ནས་ཚོད་ལྟའི་དཔར་སྐྲུན་དང་པོ་གྲུབ་ཅིང་། དྲ་རྒྱ་ཁག་གི་སྟེང་དུ་ཁོང་ལ་ཁོང་ལ་ཆོས་ལུགས་དང་ཆོལ་ཁའི་དཀྲུགས་ཤིང་ཆེན་པོ་གནང་ཚུལ་སོགས་ཀྱི་ཁ་སྨྲས་སྣ་ཚོགས་བྱུང་ཡོད་རུང་། སེམས་ཤུགས་མ་ཆག་པར་མུ་མཐུད་ནས་ཚིག་མཛོད་ཇེ་རྒྱས་སུ་གཏོང་མུས་ལ་སྐུ་གཤེགས་པ་རེད་འདུག འབྲེལ་ཡོད་ཁག་ཅིག་གིས་ངོ་སྤྲོད་བྱས་པ་ལྟར་ན་ཁོང་ལ་སྔོན་ཁྲག་རླུང་སྟོང་འཚང་གི་ན་ཚ་མེད་ཀྱང་། ཉེ་ཆར་ཁོང་དང་མི་ཁག་ཅིག་གི་བར་ལ་དྲ་ཐོིག་ནས་འཁྲུག་པ་ཡང་ཡང་ཤོར་བ་དེས་ཁོང་ལ་སྙུན་གཞི་ཕོག་པའི་རྐྱེན་བྱས་ཡོད་པ་དང་། སྐུ་རླུང་བཞེངས་རྒྱུ་དང་ཐུགས་ཁྲལ་གནང་རྒྱུ་མང་དྲགས་པས་རྐྱེན་གྱིས་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་སྙུན་བཞི་ཚབས་ཆེན་པོར་གྱུར་ཚུལ་བརྗོད་ཀྱི་ཡོད་འདུག གང་ལྟར་ཁོང་རང་རེ་བོད་པ་ཚང་གི་དགེ་བཤེས་ལྷ་རམས་པ་ཞིག་ཡིན་པས་བོད་མི་སྤྱི་དང་། ཁྱད་པར་དྲ་ཐོག་ནས་དམ་པ་ཁོང་དང་བཟང་འབྲེལ་ངན་འབྲེལ་བྱུང་མཁན་ཚོས་ཁོང་ལ་མ་ཎི་རྡོག་རེའི་སྐྱེལ་མ་གནང་རོགས་ཞུ་བ་ཡིན། མཐར་མི་ལུས་དོན་ལྡན་དུ་སྐྱེ་བ་བཞེས་པའི་སྨོན་འདུན་ཞུ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ།

    ལེགས་རྩོམ་སྙིང་བསྡུས་རྩོམ་སྒྲིག་པ་བློ་བཟང་དོན་ལྡན་གྱིས་གནས་ཚུལ་མཁོ་གཏོང་བྱསཔ་ལྟར་འདིར་དྲངས་པ་ཡིན།།
    ཟིན་བྲིས་པ་དང་དྲ་གྲོགས་རྒན་གྲས་སྒོམ་སྡེ་ལྷ་རམས་པ་འདི་ལྟར་ང་ཚོ་དང་གྱེས་ཟིན་འདུག།

    Reply
  24. བྱམས་རྒྱལ། says:
    ལོ་ 15 སྔོན།

    གསར་གཏོད་གྱི་རང་བཞིན་ དེང་རབ་ཀྱི་འགྲུས་དང་མཐུན་པ་ དེང་དུས་ཀྱི་ཤེས་ཡོན་དང་ དེའི་ཁར་བློ་རིག་བཀྲག་བ་དང་ ལྷག་བསམ་ཡང་ཡོད་མཁན་ རྒྱལ་སྤྱིའི་སྟེང་འབྲེལ་ལམ་ཡང་ཡོད་མཁན་ དངས་བླངས་ཀྱི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་ལགས་ཁྱེད་དུས་ལ་བབ་འདུག་དྲན། ཁྱེད་ལ་འཆར་གཞི་འདུག་ལ་ དཀའ་ལས་ཀྱང་བརྒྱབ་སོང་། དཀའ་ལས་ལ་འབྲས་བུ་ཞིག་ཡོད་ངེས་
    གང་ལྟར་རང་རེའི་རྩ་དོན་འདི་འགུལ་བསྐྱོད་ཏོག་ཙམ་ཞིག་ཐེབས་ན་ཅི་མ་རུང་།
    དེ་མིན་བཀའ་ཁྲི་སུ་ཕེབས་ནའང་བོད་དོན་ལ་འགྱུར་བ་ཞིག་ཐེབས་ཡོང་བསམ་པ་མི་དྲན་འདུག་།།

    Reply
  25. འཕྲིན་ལས says:
    ལོ་ 15 སྔོན།

    འདི་ལྟར་དམངས་ལ་ཐུགས་ཁུར་དང་བཙན་བྱོལ་བོད་ཀྱི་དམངས་གཙོ་ཡར་རྒྱས་སུ་གཏང་བར་སྐད་ཆ་བཤད་ན། ངས་ཀྱང་འཕེན་འདོད་མ་བྱུང་ངའི་འོས་ཤོག་གཅིག་དེ་ལ་བསམ་བློ་གཏང་གི་ཡིན།
    ཡང་ཁ་ཤས་ཀྱི་དམངས་གཙོ་ཡང་དག་པ་ཡིན་ལུགས་ཀྱི་དོན་མེད་རྙོག་གཏམ་བཤད་ན་ངོ་མ་ཉོབ་གི

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སེང་གེ་ལགས་ཀྱིས་ནུབ་ཕྱོགས་པའི་ཚད་ལྡན་རྒྱལ་ཁབ་ཁག་གི་སྲིད་འཛིན་ལངས་སྟངས་བཞིན་ཆ་གཞི་དང་སྒྲུབ་བྱ་དམིགས་ཡུལ་བཅས་ཡིག་ཐོག་དང་ངག་ཐོག་ཏུ་གཏམ་བཤད་སྦེལ་བ་ལྟར་རེད་མི་འདུག་སྟེ་དེང་སང་བོད་པའི་སྤྱི་ཚོགས་ཀྱི་བཀའ་ཁྲི་ལང་སྟངས་ཧ་ཅང་ཡག་པོ་འདུག
    ཁྱེད་ཉིད་བཀའ་ཁྲིའི་འོས་མ་ཐོབ་ཀྱང་བཀའ་ཁྲི་ལང་དུས་བྱེད་སྟངས་འདིའདྲ་རེད་ཟེར་བའི་བརྡ་ཞིག་སྤྲོད་པ་འདི་ནི་བོད་མི་རིགས་ཀྱི་མང་གཙོ་ཡར་རྒྱས་འགྲོ་ཐུབ་པས་ལས་འགུལ་ཞིག་འགྲུབ་འདུག་སྙམ།
    མདོ་དོན་བོད་མི་རིགས་ཀྱི་ཆེད་དུ་བཀའ་ཁྲི་ལངས་འདོད་ཡོད་པ་དང་ལངས་འདོད་ཡོད་པ་མ་ཟད་ཆ་གཞི་དང་དམིགས་ཡུལ་སྒྲུབ་བྱ་གསལ་སྟོན་བྱས་ནས་ཕེབས་པ་ནི་དགའ་དགོས་པ་ཞིག་རེད། ཁྱེད་ཀྱིས་འཇོན་ན་འདྲ་མ་འཇོན་ན་འདྲ་གོམ་པ་རྒྱག་སྟངས་ཡག་པོ་འདུག

    ཁྱེད་ཀྱི་ཆབ་སྲིད་ལྟ་བ་ག་རེ་ཡིན་མིན་གསལ་བཤད་ཡོད་ན་དེ་ལས་ཡག་པོ་ཡོང་བ་འདུག

    Reply
  27. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    གལ་ཏེ་ང་ལ་བཙན་བྱོལ་བོད་མི་ཚོ་ལྟར་འདེམས་ཤོག་འཕེན་པའི་ཐོབ་ཐང་ཡོད་ཚེ་བློ་སེང་ལགས་འདེམས་ངེས་ཡིན། ཅི་ཕྱིར་ཞེ་ན་ཁོ་ནི་བཙན ་བྱོལ་སྤྱི་ཚོགས་ཀྱི་བསྐྱངས་པའི་མཁས་དབང་ཅིག་ཡིན་པས་སོ།

    Reply
  28. གངས་འོད། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་འདི་ལྟར་སྤོབས་པ་ཆེན་པོས་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འོས་གཞིར་དང་བླངས་གནང་བ་རྗེས་སུ་ཡི་རང་ཡོད།
    དེ་བཞིན་ཁོང་གིས་གསུངས་བའི་འོས་འགན་དེ་དག་བཀའ་བློན་ཁྲི་བས་ངེས་པར་བསྒྲུབ་དགོས་པའི་སྔོན་འགྲོ་ལྟ་བུ་ཞིག་ཏུ་མ་ཟད། ད་དུང་དེ་ལས་ལྷག་པའི་དམངས་གཙོའི་འགྲོ་སྟངས་གཙོ་བོ་ཞིག་ནི་མ་འོངས་བོད་དོན་ལངས་ཕྱོགས་ཐད་དངོས་སུ་གོམ་པ་ཇི་ལྟར་སྤོ་རྒྱུས་མཚོན། མི་དམངས་ཀྱི་ངོར་མ་འོངས་བཀའ་ཁྲི་འོས་འདེམ་བྱུང་ཚེ་འདི་དག་དང་འདི་དག་བསྒྲུབ་རྒྱུ་ཡིན་སྐོར་ཀྱི་དམ་བཅའ་ཁ་གསལ་འགྲེལ་བཤད་རྒྱག་རྒྱུ་དེ་བས་ཀྱང་གལ་ཆེན་རེད་འདོད། དེ་ལྟར་མ་བྱས་ན་རྗེས་སོར་བོད་མི་མང་གི་འདོད་པ་ཁེངས་མིན་གྱི་གནས་ཚུལ་འདྲ་ལྷག་ཚེ། ང་ལ་བཀའ་ཁྲིའི་འོས་གཞིར་ཐོག་མར་ལངས་སྐབས་སྔོན་འགྲོའི་དམ་བཅའ་མེད་པར་ཁྱེད་ཅག་གིས་བླུགས་པ་རེད། མདོར་ན་དེ་ཁྱེད་ཅག་གི་ནོར་འཁྲུལ་རེད་མི་ཟེར་བའི་ངེས་པ་མེད་པའི་ཆབ་སྲིད་པ་དག་གི་ལངས་ཕྱོགས་ལ་ཡིད་ཆེས་མེད། ཐད་གར་ཞུས་ན་ངེས་པར་དུ་སྔོན་ལ་འགན་ཞིག་འཁུར་འཇུག་རྒྱུ་གལ་ཆེན་རེད།

    Reply
  29. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ་ངོ་མ་བཤད་ན་ཁོང་མཁས་དབང་རེད་། འོན་ཀྱང་ཁོང་གིས་གསུངས་གཅིག་འདི་ལྟ་སྟེ། རྒྱུན་འཛིན་ན་གཞུང་ཞབས་ཉམས་མྱོང་ཅན་དགོས་པ་དང་གསལ་སྟོད་ཀྱི་རང་བཞིན་ལྡན་པ་ཞིག་དགོས་ན་གཞོན་སྐྱེས་པ་ཞིག་བཀའ་ཁྲིར་ཚོར་དགོས་པ་དེ་རེད།
    ལམ་ཁ་འདི་གཉིས་གང་ཞིག་འདེམས་དགོས་མིན་སོ་སོའི་ཐག་གཅོད་བྱེད་རྒྱུ་དེ་རེད།

    Reply
  30. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས། །
    ད་ལོ་བཀའ་ཁྲི་མ་ཐོབ་ནའང་། །
    རྗེས་མ་ཐོབ་ངེས་འདུག་པས་ཕྱིར། །
    དུས་ནས་དུས་སུ་འབད་འབུངས་མཛོད། །

    Reply
  31. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    འོ་ན་ངས་བཀྲ་ཤིས་ཐར་དང་། འབྲི་འབྲོང་མིང་ཅན་པ་གཉིས་ལ་འདྲི་རྒྱུ་ཞིག་ཡོད་ཀི བཀའ་བློན་ཁྲི་པ་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཤེས་མཁན་ཞིག་ཡིན་རྒྱུ་གལ་ཆེ་བ་རེད་དམ། བོད་ཡིག་ཐོག་རྩོམ་ཡིག་འབྲི་ཐུབ་མཁན་ཞིག་ཡིན་རྒྱུ་གལ་ཆེ་བ་རེད།
    གལ་སྲིད་བོད་ཡིག་དེ་ཙམ་མི་ཤེས་མཁན་ཞིག་ཡིན་ན། བཀའ་བློན་ཁྲི་པ་བྱེད་མི་ཐུབ་པ་རེད་དམ།

    Reply
  32. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    བཟང་རྟགས་ངན་རྟགས་གང་ཡིན་ཡང་གཏམ་གྱི་བབས་ལ་བརྟག་སྐབས་ཁོང་ལ་བཀའ་ཁྲིའི་འོས་གཞི་དང་བཀའ་ཁྲི་བྱེད་པའི་འདུན་པ་ཧ་ཅང་ཆེན་པོ་འདུག
    ངའི་ངོས་ནས་ཀྱང་རེ་བ་ཆེ་ཤོས་ཁོང་ཡིན། རང་གི་བློ་མཐུན་ཚོར་ཞུ་རྒྱུར། བཀྲས་མཆོག་ད་ལན་གྱི་བཀའ་ཁྲི་ལ་འོས་བབས་ཡེ་ནས་མེད།
    རྒྱུ་མཚན་ནི་།
    ༡། སྔར་ཁོང་གིས་བཀའ་བྱེད་བཞིན་པའི་སྒང་ནས་དེ་སྐྱུར་ནས་”ནང་མིའི་དོན་གྱིས”ཨ་རིར་གཞིས་ཆགས་བྱེད་དུ་ཕྱིན་པ།
    ༢། ཁོང་བཀའ་ཁྲི་བྱེད་སྐབས་སྐོར་མོའི་རྙོག་དྲ་ཡོད་པ།
    ༣། བཟའ་ཟླ་བོད་པ་མིན་པ།
    ༤། གོ་སྐབས་དེ་སྔར་རག་ཟིན་པ།
    ༥། ཁོང་ལ་བལྟ་བ་དང་འཆར་གཞི་གསར་བ་གང་ཡང་ཡོད་མདོག་མི་ཆེ་བ་བཅས་ཀྱིས་ཡིན།

    Reply
  33. སྐལ་བུ་ says:
    ལོ་ 15 སྔོན།

    བཀྲིས་ཐར་དང་འབྲི་འབྲོང་གཉིས་ཀྱིས་གསུངས་པ་ལ་གོ་རྒྱུ་འདུག་
    དེ་བཞིན་དུ་མཁས་དབང་བློ་བཟང་སེང་གི་ལགས་ཀྱིས་ཧ་ཅང་ཡག་པོ་གསུངས་
    འདུག་ཡིན་ན་ལག་ལེན་ལ་ཡོང་བ་ཞིག་བྱུང་ན་འོས་གཞིའི་ཧ་ཅང་གི་མཚམས་པོ་
    འདུག་དེ་དེ་ལས་ཡག་པ་དང་མཚམས་པ་ཡོད་ཀྱི་རེད་དེར་བརྟེན་བཀའ་ཁྲིའི་འོས་
    མི་གཞན་པ་རྣམས་ལ་ཡང་འདི་ལྟར་ཅར་འདྲི་ཞུ་མཁན་ཞིག་འབྱུང་ན་སུ་ཡག་པ་ཡོད་མེད་ཤེས་པར་
    ང་ཚོ་མི་མང་རྣམས་ལ་ཕན་སླབས་ཆེན་པོ་ཞིག་ཡོང་ས་འདུག་པས་
    ཅར་འདྲི་ཞུ་མཁན་འམ་སུ་ལ་གོ་སྐབས་ཡག་པ་ཡོད་པ་རྣམས་ཀྱིས་ངེས་པར་དུ་ཅར་འདྲི་ཧ་ཅང་གི་ལེགས་པོ་ཞིག་ཡོང་བ་ཞུ།།

    Reply
  34. བཀྲིས་ཐར། says:
    ལོ་ 15 སྔོན།

    ངས་བལྟས་ན་ད་ལྟ་ཚང་མས་བློ་བཟང་སེང་གེ་ཞིབ་པོ་རེད་ཟེར་གྱི་འདུག་སྟེ། ཉིན་ཤས་རྗེས་རྒྱ་རི་སྒྲོལ་མ་སླེབས་དུས་ལྟད་མོ་ལྟོས་ཨ།

    Reply
  35. བཀྲིས་ཐར། says:
    ལོ་ 15 སྔོན།

    ཡིན་བྷེ་ཁྱོད་རང་ལ་ང་ནང་བཞིན་ལས་རྒྱུས་མེད་པ་འདྲ། དེབ་དེ་ངས་ཤེས་ཀྱི་ཡོད། ཡིན་ནའང་དེབ་ནང་དེའི་བྲིས་པ་རྣམས་ཁོང་གིས་བཤད་དེ་བསྟན་དར་ལགས་ཀྱིས་ཕྱག་རོགས་གནང་བ་ཞིག་ཡིན་ས་ཡོད། དངོས་གནས་ཞིབ་ཕྲ་ཤེས་ན་ལན་བསྐྱོན་རོགས།

    Reply
  36. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    ང་ཚོས་འདིར་འདྲི་བ་གཏོང་མཁན་དང་ཡི་གེ་འབྲི་མཁན་སུ་ཡིན་མིན་གྱི་ཚ་འདྲི་མི་བཏབས་པར་གཙོ་བོར་ཁོང་གི་འཆར་གཞི་དང༌། ལངས་ཕྱོགས། དམིགས་ཡུལ་སོགས་ག་འདྲ་ཡིན་མིན་བརྟག་ཞིབ་ཐུབ་ན་དེ་གས་འགྲིགས་པ་མཐོང༌། བཀྲས་མཐོང་ལགས་དང་ཁོང་ཉིད་གང་རུང་བཀའ་ཁྲིར་བསླེབ་རྒྱུ་ནི་ངེས་པ་རེད་སྙམ།

    Reply
  37. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    ཐོག་མར་མཁས་དབང་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། ཤེས་འཇོན་ཉིས་ལྡན་གྱི་མི་བུ་འདི་ལ་དྲ་གྲོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་ན་རན་འདུག་འདོད།

    Reply
  38. མི་ཆུང་། says:
    ལོ་ 15 སྔོན།

    ལེ་ཚན་འདིའི་ནང་གི་ཚིག་འདི་དག་དག་པར་ཀློག་ན། “ དེ་ནས་ཨ་རིའི་ཧར་ཝར་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཉམས་ཞིབ་པའི་ལས་ཀ་གནང་བ་དང། ༢༠༠༨ ལོར་ཁྲིམས་ཀྱི་ཉམས་ཞིབ་པ་རྒན་གྲས་ཀྱི་ཁོངས་སུ་བཏང་ཡོད་པ་རེད། ” ཚིག་འདིས་གསལ་བཤད་ཅིག་བྱེད་ཀྱིན་ཡོད་པ་ནི། དྲི་བ་འདི་དག་གི་ལན་ཁོང་གིས་གསུངས་ཀྱང་བོད་ཡིག་ཐོག་གཞན་ཞིག་གིས་ཕབ་ལེན་བྱས་མེད་དམ་སྙམ།

    Reply
  39. འབྲི་འབྲོང་། says:
    ལོ་ 15 སྔོན།

    བཀྲིས་ཐར་ལགས་ཀྱིས་དོན་གནད་ལྡན་པའི་དྲི་ཚིག་ཁ་ཤས་བཀོད་པ་དེ་ངོས་ནས་རྒྱབ་བསྐྱོར་ཡོད་ལ། ཡིག་ཐོག་དྲི་བ་ཕུལ་བའི་ལན་དེ་འདིར་བཀོལ་སྤྱོད་བྱས་པ་ཡིན་ན། ངས་དེ་ལྟར་ལན་འདེབས་ཐུབ།

    Reply
  40. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 15 སྔོན།

    བཅར་འདྲི་ཡག་པོ་ཞུས་པས་རྗེས་སུ་ཡི་རངས་ཞུ།

    Reply
  41. མི་ལ་རས་པ། says:
    ལོ་ 15 སྔོན།

    བཅར་འདྲི་ཡག་པ་གནང་འདུག་པས་རྗེས་སུ་ཡི་རངས་ཞུ

    Reply
  42. ཤེས་རབ says:
    ལོ་ 15 སྔོན།

    བརྩེ་བའི་བོད་རིགས་རྣམས་པ་ཁྱེད་རྣམས་པའི་སློབ་སྦྱོང་བྱེད་ན་ཁོང་ནང་བཞིན་བྱས་སྐད་ཆ་བཤད་ན་ཁོང་ནང་བཞིན་ཤོད། དེ་མིན་བློ་བཟང་སེང་གེའི་བོད་ཡིག་ཤེས་གི་མ་རེད་བསམ་པ་ནི་དོན་མེད་ཀྱིས་སེམས་འཕྲལ་རེད། མི་འདི་ལྟ་བུ་ནི་ད་ལྟ་ང་ཚོའི་བོད་མི་རྣམས་ཀྱི་ཁྲོད་དུ་ཕལ་ཆེར་མེད་ཚོད་རེད།
    བློ་བཟང་སེང་གེ་ལགས་ཕ་བཟང་གི་བུ་རེ་བ་ཚང་མ་ཁྱེད་ལ་ཡོད།
    སྐབས་གསུམ་པའི་བཀའ་ཁྲི་ཁྱེད་ལ་ཐོབ་ན་སྐད་གསེང་མཐོན་པའི་སྒོ་ནས་གླུ་དབྱངས་ལེན།

    Reply
  43. ྖganchab says:
    ལོ་ 15 སྔོན།

    དངོས་གནས་ཁོང་ལ་བཅར་འདྲི་བྱེད་པའི་གསུང་བཤད་དང་བཀའ་སློབ་ལམ་སྟོན་གནང་བ་དེ་དག་མཐོང་དུས་ཡིད་སྨོས་རུང་བ་ཞིག་དང་།ཤེས་ཡོན་གཉིས་ལྡན་དང་འཇོན་ཐང་ལྡན་པའི་མཁས་དབང་ཞིག་ཡིན་པ་ནི་བརྗོད་མ་དགོས།ག་སྲིད་མཁས་དབང་བློ་བཟང་སེང་གེ་ལགས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་བཙན་བྱོལ་བོད་མི་མང་གི་དབུ་འཁྲིད་ཅིག་འདེམས་འཐོན་བྱུང་པ་ཡིན་ན།ཁོང་གིས་ཁ་བཤད་ཙམ་མ་ཡིན་པ་ལག་ལེན་དོན་ཁེར་གྱིས་བོད་མི་རིགས་ལ་ཕན་འབྲས་ཆེན་པོ་ཞིག་དང་།བྱ་གཞག་གསར་བཏོད་ཅིག་བསྒྲུབ་ཐུབ་པའི་རེ་བ་དང།རྒྱབ་སྐྱོར་ཡང་ཞུ་རྒྱུ་ཡིན།

    Reply
  44. ཡོན་བྷེ། says:
    ལོ་ 15 སྔོན།

    སྐུ་ཞབས་བཀྲིས་ཐར་ལགས། ཕྲན་གྱིས་ཤེས་རྟོགས་བྱུང་བ་ལྟར་ན་ད་ཐེངས་ཀྱི་དྲི་བ་དྲིས་ལན་འདི་ངག་ཐོག་ཡིན་དང་ཡིག་ཐོག་ཡིན་གསལ་བོ་ཞུ་རྒྱུ་མེད་དེ། ཉིད་ལ་དགོས་པ་མཁས་དབང་བློ་བཟང་སེང་གེའི་བོད་ཡིག་གི་ཤེས་ཚད་ཡིན་ན་གང་འཚམ་འགྲིག་པོ་ཡོད་ས་རེད། ཕྱི་ལོ་ ༢༠༠༣ ལོར་དཔར་དུ་བཏབས་པའི་༼འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ལོ་རྒྱུས་དང་ཚིག་དོན་འགྲེལ་བཤད།༽ཅེས་པའི་དེབ་ཅིག་བོད་ཡིག་སྟེང་ལ་ཁོང་གིས་ཕྱག་བྲིས་གནང་འདུག འདི་ལ་ཅིག་གཟིགས་དང་ཁོང་གི་བོད་ཡིག་ཡོན་ཚད་ག་འདྲ་ཡིན་ཟུར་ཙམ་མཐོང་ཐུབ་གྱི་རེད་སྙམ།

    Reply
  45. གཞི་དྲང་པོ་ says:
    ལོ་ 15 སྔོན།

    ཐོག་མར་བཀྲིས་བདེ་ལེགས་

    Reply
  46. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    མཁས་དབང་ཁོང་ལ་དངོས་གནས་འོན་ཤོག་བླུགས་ཆོག་ཆོག་རེད་ལ། ད་དུང་ཚོགས་གཙོ་སྤེན་པ་ཚེ་རིང་ལའང་བླུགས་ཆོག་ཆོག་འདུག་པས་ང་ཚོས་ད་རེ་བཀའ་ཁྲི་འདི་འདམས་ཀ་མ་ནོར་ཞིག་བྱ་དགོས་པ་ལོ་རྒྱུས་ཀྱིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བསྐུར་བའི་འགན་འཁྲི་བླ་མེད་ཅིག་ཡིན་པ་ངོས་འཛིན་གསལ་ཐོབ་དགོས་པ་ཡིན་ནོ།

    Reply
  47. རྐང་གསུམ། says:
    ལོ་ 15 སྔོན།

    སྤྱིར་མིའི་རིགས་ཀྱི་འཚོ་གནས་ཁ་འཐོར་གྱི་བདག་དབང་ཚུར་བསྡུ་རུབ་བྱེད་དགོས་ན་དང་བོ། རྩ་འཛིན་གྱི་རྒྱུ་ཞིག་དགོས་པ་མ་ཟད་རྒྱུ་དེའི་བྱེད་ལས་དང་དེའི་མཐར་ཐུག་གི་ཕན་དགེ་གཉིས་ལ་དང་བོ་ངེས་པར་དུ་ལྟ་དགོས་པ་ནི་འཚོ་གནས་ཁ་འཐོར་དེའི་མ་རྩའི་གནད་དོན་གལ་ཆེན་ཞིག་རེད། དེའི་ཕྱིར་ང་ཚོ་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ལ་ལྟ་ཞིབ་དང་ད་ལྟའི་གནས་བབ་ལ་སྐྱ་ཐིག་ཅིག་འཐེན་ཁུར་བྱས་ན། ང་ཚོའི་མི་རིགས་འདི་གོ་མཐོང་རིག་གསུམ་གྱིས་རྨོངས་ཤིང་རྨོངས་ཞེེན་གྱི་དད་པའི་རྗེས་སུ་འགྲོ་བ་ཧ་ཅང་མང་དྲགས་པར་བརྟེན་དེང་སྐབས་སོ་སོའི་རྒྱལ་ཁབ་དང་་མི་རིགས་རིག་གནས་བཅས་འཇིག་རྟེན་འདིའི་ནང་ཡོད་མེད་ཀྱི་གནས་སུ་སླེབ་དགོས་བྱུང་ཡོད། ཡིན་ནའང་དེ་རིང་བློ་བཟང་སེང་གེའི་སྐ་ཆ་འདི་གུས་པ་རང་ཉིད་ལ་མཚོན་ན་ཧ་ཅང་མ་གོ་བའི་དཀའ་ངལ་ཡིན།

    Reply
  48. ཕུན་ཚོགས ། says:
    ལོ་ 15 སྔོན།

    ༧གོང་ས་མཚོག་གི་ཞལ་ནས།བཀའ་བློན་བྱེད་མཁན་གྱི་མི་དེ་ལ་ལྷག་བསམ་དང་ཤེས་ཡོན་དགོས་ཀྱི་ཡོད་པ་རེད། འགོ་འཁྲིད་མཁན་ཞིག་ཡིན་པར་བརྟེན་ཉིན་རེའི་ལས་ཀ་ཙག་ཙིག་ཐོག་ཚགས་ཚུད་པོ་ཡོང་གི་ཡོད་རུང་མེད་རུང། རྩ་བའི་བསམ་བློ་མང་པོ་འཁོར་ཐུབ་མཁན་ཞིག་དང། གསར་གཏོད་ཀྱི་བསམ་བློ་བཏང་ཐུབ་མཁན་དེ་གལ་ཆེན་པོ་ཡིན། ཞེས་གསུངས་འདུག་

    གསུང་ཚིག་དུམ་བུ་འདི་ནི་འུ་ཚོས་བསམ་བློ་གཏོང་སའི་ལམ་ནོར་བ་མེད་པ་དེ་རེད་བསམ་གི

    Reply
  49. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བློ་བཟང་སང་གེའི་སྐད་ཆ་འདི་འདྲ་བཤད་མཁན་གསུམ་ནས་ལྔ་བྱུང་ན་ཅི་མ་རུང་། ངས་སྤྱིར་བཀའ་ཁྲིའི་འོས་ཤོག་བླུགས་འདོད་མེད། རྒྱ་ལ་བླུགས་ཚེ། བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ནི་ངས་མཐོང་བའི་བཀའ་ཁྲིའི་འོས་མི་ཡིན།

    Reply
  50. བཀྲིས་ཐར། says:
    ལོ་ 15 སྔོན།

    རིན་ཆེན་རྒྱལ་ལགས་ཀྱིས་དྲི་བ་དེ་ཚོ་ངག་ཐོག་ནས་དྲིས་ཏེ་སྒྲ་ཕབ་བྱས་པ་རེད་དམ། ཡིག་ཐོག་ནས་དྲིས་པ་རེད། ངག་ཐོག་ནས་དྲིས་ཏེ་སྒྲ་ཕབ་བྱས་པ་ཡིན་ཚེ་ཞུ་རྒྱུ་གང་ཡང་མེད།
    ཡིག་ཐོག་ནས་དྲིས་པ་ཡིན་ཚེ་དབྱིན་ཡིག་ཐོག་ནས་དྲིས་པ་ཡིན་ནམ། བོད་ཡིག་ཐོག་ནས་དྲིས་པ་ཡིན། དབྱིན་ཡིག་ཐོག་ནས་དྲིས་པ་ཡིན་ཚེ་བོད་ཡིག་ཏུ་སུས་བསྒྱུར་བ་རེད། བོད་ཡིག་ཐོག་ནས་དྲིས་པ་ཡིན་ཚེ་དྲིས་ལན་ཡང་བོད་ཡིག་ཐོག་ནས་གནང་བ་རེད་དམ། དོན་དངོས་བློ་བཟང་སེངྒེ་ཟེར་བ་དེ་ལ་བོད་ཡིག་གི་གནས་ཚད་ག་འདྲ་ཡོད་མེད་ཀྱང་ཤེས་འདོད་འདུག་པས་སུས་ཤེས་ཀྱི་ཡོད་ལན་གནང་རོགས།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese