མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་བསྐྱར་རྡ་སར་བཞག་ནས་འགྲོ་དགོས་བྱུང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

རི་གྲོང་འདི་ནས་དངོས་ནས་ཞེ་ཆགས་ས་ཞིག་ཡོད་པ་དེ་ནི་བྱེས་སུ་ཡུན་རིང་བསྡོད་མཁན་ང་ལྟ་བུ་མི་ཉུང་བ་ཞིག་ལ་གཅིག་མཚུངས་ཀྱིས་དཀའ་ངལ་འདི་ཡོད་ཤས་ཆེ། འོན་ཀྱང་། རང་གི་འཚོ་བའི་ཆེད་དུ་ཟེར་ན་འགྲིག རང་གི་བུ་མོ་ཆུང་ཆུང་སྙིང་རྗེ་བོ་དེ་ཟེར་ན་འགྲིག རང་ལ་བརྩེ་བའི་མཛའ་མོ་དེ་ཡི་ཆེད་དུ་ཟེར་ན་རེད།

གང་ལྟར། ཟླ་ངོ་གཉིས་ཀྱི་གུང་གསེང་གི་དུས་ཡུན་རྫོགས་ནས། དྲིན་ཆེན་གྱི་ཕ་མ་གཉིས་དང་བརྩེ་བའི་ནུ་མོ། སྙིང་ཉེ་བའི་གྲོགས་དང་གྲོགས་མོ་མང་བོ་ཞིག་བཞག་ནས་གཞན་ཡུལ་གྱི་ལུང་པ་དེར་འབུད་འགྲོ ང་རང་སོང་ཤུལ་དུ། འདྲིས་ཤིང་གཤིབ་པའི་ཐག་རིང་ཐུང་གི་སྤུན་ཟླ་དང་མཛའ་བརྩེ་ཟབ་མོ་ཡོད་པའི་གྲོགས་དང་གྲོགས་མོ་ཡོད་ཚད་ཀྱི་བསམ་དོན་འགྲུབ་པ་དང་མ་ཤི་ཚེ་རིང་བྱུང་ན། སླར་ཡང་རི་སྒང་ཆུང་ཆུང་འདི་ནས་མ་མཇལ་ཡང་། རང་ཡུལ་ཁ་བ་ཅན་ནས་མཇལ་ཐུབ་པར་སྨོན།

སྤྱིར་ན་གུང་གསེང་གི་དུས་ཚོད་འདི་ལ་ལྷོད་ལྷོད་དལ་དལ་ཞིག་བསྡད་ནས། དྲ་ཐོག་གི་ཟིན་བྲིས་པ་སྤུན་ཟླ་ཡོངས་དང་གླེང་མོལ་གྱི་གོ་སྐབས་ཤིག་ཀྱང་རེག་ན་བསམ་ཡང་། དེ་ཡང་རེག་མ་སོང་ལ། རང་ཉིད་ལ་དགོས་འཁོ་ཆེ་བའི་དེབ་ཁ་ཤས་ཀྱང་མ་རེག་པར་འཕངས་སེམས་ཤིག་དང་བཅས་རི་སྒང་འདི་ན་ཡོད་པའི་སྙིང་ཉེ་བ་ཡོད་ཚད་ལ་སེམས་གཏིང་ནས་བདེ་མོ་ཞིག་མི་ཞུ་ཐབས་མེད་དུ་གྱུར་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

ཆུ་ཚོད་ ༣ སྔོན་ལ།
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

ཆུ་ཚོད་ ༩ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༩ སྔོན་ལ།
སྦེན་ཀོག་གི་འགྲེམས་སྟོན་དེ་ནི་ཨི་རན་དང་། རྒྱ་ནག ཨུ་རུ་སུ་བཅས་ནས་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བས་སྤེལ་བའི་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་སྲིད་གཞུང་དེ་དག་གིས་སྤེལ་བའི་གཉའ་གནོན་གྱི་སྐོར་རེད།
Mobile App

བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་འགྲེམས་སྟོན་དང་། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག

༢༠༢༥/༠༨/༢༡
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡

མཆན། 12

  1. sha tak ri sim says:
    ལོ་ 15 སྔོན།

    ཁ་སང་དགོང་མོ་ཕྱིར་རང་གི་བུ་མོ་ཆུང་ཆུང་དང་རང་གི་དགའ་རོགས་མ་གཉིས་ཀྱི་གནམ་ཐང་ནས་སྒུག་ཡོད་པ་དང་འཕྲད་དེ་ངེད་ཅག་ཕྱིར་ཁོ་མོའི་ཨ་མའི་ནང་དུ་འབྱོར་སོང་།

    དེ་རིང་འདི་ནས་དྲ་ཐོག་སྤུན་ཟླ་དག་ལ་་འཚམ་འདྲི་ཞིག་བྱེད་དུ་ཡོང་བ་ཡིན། ད་ནི་མི་རིང་བར་ཉིན་གཉིས་ཀྱི་རྗེས་སུ་ངའི་བུ་མོའི་སྐྱེ་སྐར་ལ་རོལ་རྒྱུ་ཡིན་པ་དང་། རང་གི་གྲོགས་པོ་བོད་རིགས་ཕོ་མོ་གཉིས་ཀར་སྐད་ཅིག་བཏང་ཡོད། དེར་གྲྭ་སྒྲིག་ཞིག་བྱེད་དགོས་དུས་ཉིན་གཉིས་གསུམ་རིང་དྲ་ཐོག་ལ་ཡོང་རྒྱུ་མ་བྱུང་བ་ཡིན་ན། དྲ་ཐོག་གི་སྤུན་ཟླ་ཚོར་དགོངས་དག་ཞུ།

    Reply
  2. namnyonpo says:
    ལོ་ 15 སྔོན།

    ང་རང་ཡང་ས྄ྔོན་མ་ནས་དེར་ཁ་བྲལ་ཟིན།

    Reply
  3. jigme says:
    ལོ་ 15 སྔོན།

    གྲོགས་པོ། གུང་གསེང་རྫོགས་སོང་ངམ། སྤྲོ་བོ་བྱུང་སོང་ངམ། བུ་མོ་ཆུང་ཆུང་སྙིང་རྗེ་བོ་དེ་དང༌། སེམས་གཏིང་གི་མཛའ་མོ་ཡང་དྲན་གྱི་འདུག་གམ། རྡ་ས་ན་རླུང་ཡན་ཞིག་ཡོད། དེ་དང་མ་འགྲོག་ན་ཁྱོད་ཀྱིས་རྡ་ས་ནས་རང་བཙན་ལག་དེབ་མེར་བསྲེག་གཏོང་ཐུབ་ནི་མ་རེད། ཁ་ཕྱིར་ཁོར་བའི་རྗེས་ལ་རང་བཙན་ལག་དེབ་བེད་སྤྱོད་ཡོད་རྒྱུ་མ་རེད། ཁྱིམ་ལ་སླེབས་རྗེས་ངེས་པར་དུ་བསྲེགས་རོགས་གནང༌། ཨ་ལ་རྩེད་མོ་ཡིན།

    Reply
  4. kanglo says:
    ལོ་ 15 སྔོན།

    ཨ་ལེ་ཧ་བོ་ཧ་བོ་ན། ཨ་ཁུ་ས་འདིར་ཡོང་ནས་ཉིན་འགའ་སོང་བ་མ་ཤེས་ཐལ། དེ་མིན་ཨ་ཁུ་དང་མཉམ་དུ་ཇ་ཧུབ་གང་འཐོང་ཞོར་སྐད་ཆ་རེ་བཤད་འདོད་ཡོད་ཀྱང་བུད་སོང་ནི་རེད། ད་ཡིན་ན་ཚར་སོང་ནི། རྗེས་མར་ཨ་ཁུ་འདིར་ཡོང་དུས་གོ་ཙམ་བྱེད་རྒྱུ་མ་བརཇེད་རོགས་ཞུ།

    Reply
  5. mheru says:
    ལོ་ 15 སྔོན།

    དགའ་ལ་བཅོས་རོགས།

    Reply
  6. mheru says:
    ལོ་ 15 སྔོན།

    ཤ་ཁྲག་རི་གྲོང་བཞག་ནས་ནུབ་ལ་འཕུར།།
    སེམས་ཀྱི་ལྷག་མ་གནས་མཆོག་རྡ་སར་ལུས།།
    ལུས་སེམས་ཁ་བྲལ་འགྲོ་བའི་ལས་དབང་འདི།།
    གལ་ཏེ་བཅོས་ཐབས་ཡོད་ན་དག་བ་ལ།།

    Reply
  7. Lobsang Donden says:
    ལོ་ 15 སྔོན།

    ཡིད་སྐྱོའི་གནས་ཚུལ་དང་མ་ཎིའི་ཞལ་འདེབས།

    ཉེ་ཆར་ང་ཚོའི་དུས་བབ་ཟིན་བྲིས་པ་དང་ཐ་སྙད་ཞིབ་འཇུག་པ། རྩོམ་པ་པོ་སྒོམ་སྡེ་ལྷ་རམས་པ་མཆོག་ལ་ཁྲག་རླུང་སྟོད་འཚང་གི་སྙུན་གཞི་ཚབས་ཆེན་ཕོག་སྟེ། ཉིན་བཅོ་བརྒྱད་ཙམ་གྱི་རིང་ཁེ་ན་ཊའི་ chriners hospital དུ་ཞལ་ལག་གསོལ་མ་ཐུབ་པ་དང་། གཟིམ་མི་ཁུག་པ། དེ་བཞིན་ཞལ་ནས་ཁྲག་མང་པོ་སྐྱུགས་པ་སོགས་སྙུན་ཚབས་ཆེན་པོའི་ངང་བཞུགས་ཏེ་འདི་ཟླའི་ཕྱི་ཚེས་༢༦པའི་དགུང་མོའི་ཆུ་ཚོད་བཅུ་དང་སྐར་མ་དྲུག་གི་སྟེང་སྐུ་ཚེའི་འཕེན་པ་རྫོགས་ཡོད་འདུག དམ་པ་འདི་ཉིད་སྐུ་འཚོ་བཞུགས་ཀྱི་རིང་སེ་ར་དགོན་སོགས་སུ་སློབ་གཉེར་གནང་ནས་དགེ་བཞེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་པ་དང་། དགེ་ལུགས་ཚིག་མཛོད་བྲིས་ནས་ཚོད་ལྟའི་དཔར་སྐྲུན་དང་པོ་གྲུབ་ཅིང་། དྲ་རྒྱ་ཁག་གི་སྟེང་དུ་ཁོང་ལ་ཁོང་ལ་ཆོས་ལུགས་དང་ཆོལ་ཁའི་དཀྲུགས་ཤིང་ཆེན་པོ་གནང་ཚུལ་སོགས་ཀྱི་ཁ་སྨྲས་སྣ་ཚོགས་བྱུང་ཡོད་རུང་། སེམས་ཤུགས་མ་ཆག་པར་མུ་མཐུད་ནས་ཚིག་མཛོད་ཇེ་རྒྱས་སུ་གཏོང་མུས་ལ་སྐུ་གཤེགས་པ་རེད་འདུག འབྲེལ་ཡོད་ཁག་ཅིག་གིས་ངོ་སྤྲོད་བྱས་པ་ལྟར་ན་ཁོང་ལ་སྔོན་ཁྲག་རླུང་སྟོང་འཚང་གི་ན་ཚ་མེད་ཀྱང་། ཉེ་ཆར་ཁོང་དང་མི་ཁག་ཅིག་གི་བར་ལ་དྲ་ཐོིག་ནས་འཁྲུག་པ་ཡང་ཡང་ཤོར་བ་དེས་ཁོང་ལ་སྙུན་གཞི་ཕོག་པའི་རྐྱེན་བྱས་ཡོད་པ་དང་། སྐུ་རླུང་བཞེངས་རྒྱུ་དང་ཐུགས་ཁྲལ་གནང་རྒྱུ་མང་དྲགས་པས་རྐྱེན་གྱིས་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་སྙུན་བཞི་ཚབས་ཆེན་པོར་གྱུར་ཚུལ་བརྗོད་ཀྱི་ཡོད་འདུག གང་ལྟར་ཁོང་རང་རེ་བོད་པ་ཚང་གི་དགེ་བཤེས་ལྷ་རམས་པ་ཞིག་ཡིན་པས་བོད་མི་སྤྱི་དང་། ཁྱད་པར་དྲ་ཐོག་ནས་དམ་པ་ཁོང་དང་བཟང་འབྲེལ་ངན་འབྲེལ་བྱུང་མཁན་ཚོས་ཁོང་ལ་མ་ཎི་རྡོག་རེའི་སྐྱེལ་མ་གནང་རོགས་ཞུ་བ་ཡིན། མཐར་མི་ལུས་དོན་ལྡན་དུ་སྐྱེ་བ་བཞེས་པའི་སྨོན་འདུན་ཞུ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ།

    ལེགས་རྩོམ་སྙིང་བསྡུས་རྩོམ་སྒྲིག་པ་བློ་བཟང་དོན་ལྡན་གྱིས་གནས་ཚུལ་མཁོ་གཏོང་བྱས།

    Reply
  8. samkhar says:
    ལོ་ 15 སྔོན།

    ཡ་ད་ཁྱེད་ཚོ་ཚང་མས་དྲ་གྲོགས་རྙིང་པ་ཤ་ཁྲག་རུས་གསུམ་མཇལ་ཟིན་ལ་ཕན་ཚུན་གླེང་མོལ་ཡང་གནང་ཟིན་པ་འདྲ། དེ་ཡང་གོ་སྐབས་ཤིག་རེད་ལ་ཉམས་མྱོང་ཞིག་ཀྱང་རེད།
    འོན་ཀྱང་། ཁོ་བོ་ནི་ཁྱོད་ཀྱི་དྲ་གྲོགས་རྙིང་གྲས་ཤིག་ཡིན་ན་ཡང་ཟླ་ངོ་གཉིས་རིང་འབྲེལ་འདྲིས་མ་བྱུང་བར་བློ་ཕམ་མེད། དོན་དམ་དུ་ང་ཚོས་སེམས་པ་དང་སེམས་པ་སྦྲེལ་ནས་ད་དུང་མང་པོ་གླེང་དགོས་ལ། ལྷག་པར་དུ་མང་པོ་ཞིག་བསྒྲུབ་དགོས་པ་དེ་ང་ཚོའི་ལས་འགན་ངོ་མ་ཡིན་པ་དེ་མ་བརྗེད་རོགས།
    ཨ་རོགས་བདེ་མོ་བྱོས། ཐར་མ་མཚོས་སྒུག་ནས་བསྡད་ཡོད་པ་རེད་དཱ།།

    Reply
  9. dongbu says:
    ལོ་ 15 སྔོན།

    གྲོགས་པོ་ལགས།
    ཁྱེད་རང་མཇལ་བས་ཤིན་ཏུ་དགའ་ཡོད།
    སེམས་པ་དང་སེམས་པ་ཐུག་དུས།
    ངས་མང་པོ་ཞིག་ཤེས་སོང།
    དངོས་ནས་མང་པོ་ཞིག་ཤེས་སོང།
    དེ་ནི་ཁྱེད་ཀྱིས་ང་ལ་བཞག་པའི་དྲན་རྟེན་ཡིན་ལ།
    ངས་ཁྱེད་རང་དུས་གཏན་དུ་དྲན་འོས་པའི་བརྗེད་བྱང་ཡང་ཡིན།

    གང་ལྟར། དྲ་ལམ་ནས་ང་ཚོ་ཡང་ཡང་ཐུག་ཆོག
    གངས་རིའི་ལས་དབང་གླེང་ཞོར།

    Reply
  10. kangwod says:
    ལོ་ 15 སྔོན།

    ཁྱེད་དང་ལྷན་དུ་ཉིན་གང་བོར་ཡར་མར་དྲུག་གསུམ་བཅོ་བརྒྱད་ཀྱི་སྐོར་ལབ་གླེང་བྱས་པ་དེ་ཁྱོད་ཀྱི་སེམས་ནང་ན་ད་དུང་རྡོག་རྡོག་བྱས་ནས་ཡོད་སྲིད། ངེད་གཉིས་ཐུག་པ་དང་པོ་ཡིན་ཡང་འདྲེས་པ་རྒྱུན་རིང་དང་གྲོགས་པོ་རྙིང་བ་ཡིན་པའི་ཚོར་སྣང་ཞིག་ངེད་གཉིས་ཀར་འདུག དེའི་དབང་གིས་ངེད་གཉིས་ཀྱིས་ཆུ་ཚོད་ལྔ་དྲུག་ཅིག་སྐད་ཅིག་ཡུན་ཚད་དེ་སྐད་ཅིག་དེ་ཉིད་ལ་རྫོགས་སོང་། ང་ལ་སྨྲ་བ་ཤིན་ཏུ་མང་མོད། འདིར་བྲིས་ནས་རྫོགས་ཐུབ་ས་མ་རེད། ཅུང་སྒུག་དང་ངས་ཁྱེད་ལ་ཁ་པར་གཏོང་། ཁ་པར་མ་འབྱོར་ན་སོང་ས་ནས་བཀྲ་ཤིས་པའི་སྨོན་འདུན་ཞུ།

    Reply
  11. dongthe says:
    ལོ་ 15 སྔོན།

    བདེ་མོ་ཨ་རོ་ལགས་པ་གཡུག་གཡུག་བྱེད་ཀྱིན་ཡོད།

    Reply
  12. chentsasopa says:
    ལོ་ 15 སྔོན།

    ཡ་ཡ། ད་བདེ་མོ་བྱོས། དགོས་མཁོ་ཆེ་བའི་དཔེ་དེབ་དེ་ཚོ་ལྡི་ལི་རེག་ཨེ་ཡོང་ང་། གཅིག་ཐང་ན་ངས་ཐབས་ཤེས་འདྲ་ཨེ་ཡོང་སྙམ་མོད། ད་ནི་ཁྱོད་སོང་ཚར་བ་འདྲ། དྲ་ཐོག་ནས་ངོ་ཤེས་ཤིང་དྷ་སར་ཟླ་ངོ་གཉིས་བསྡད་ཀྱང་མ་ཐུག་པ་རེད། ད་གང་ལྟར་ཀྱང་རང་སོ་སོའི་གནས་ས་གནས་ཡུལ་ནས་ཁ་ལས་དགེ་ཞིང་ཁ་བོ་དོན་བསྡད་ན་དེ་གས་འགྲིག་གི་རེད། ལམ་སྐབས་སུ་བདེ་བར་སྨོན། མགྱོགས་མྱུར་མཛའ་མོ་དང་ཞི་མོ་སྙིང་རྗེ་མོར་ཐུག་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese