མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་ ༢༧ །

བོད་ཀྱི་དུས་བབ།
༢༠༡༠/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༣༠ ཉིན་བོད་ཀྱི་གསོལ་མགྲོན་ཁང་དུ་མདོ་སྟོད་དང་བླངས་འོས་གཞི་བསྡུ་རུག་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་མི་ ༢༧ གྱི་མཚན་གཞུང་ཕྱིར་བསྒྲགས་གནང་ཡོད།

གསར་འགོད་གསལ་བསྒྲགས་ཐོག མདོ་སྟོད་དང་བླངས་འོས་གཞི་བསྡུ་རུག་ཚོགས་པའི་སྐོར་ལ་འགྲེལ་བརྗོད་གནང་དོན། མི་ལོ་བཅུ་ཕྲག་མང་བོའི་རིང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཏུ་ཕྱག་ལས་གནང་མྱོང་མཁན། དཀར་མཛེས་སངས་རྒྱས་བཀྲ་ཤིས་ཁོང་ཐེངས་འདིར་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་གཞི་འཚོལ་ཆེད། ཨ་རི་ནས་ངྷ་སར་འབྱོར་བ་དང་། ངྷ་སར་གནས་སྡོད་མདོ་སྟོད་ཁོངས་གཏོགས་ས་གནས་སྟོད་སྨད་བར་གསུམ་གྱི་མི་བཅུ་ཕྲག་གཉིས་ཙམ་གྱིས། ཐེངས་འདིའི་མདོ་སྟོད་ཆོལ་ཁའི་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་རྣམས་བཙལ་འཚོལ་བྱས་པ་དང་། མདོ་སྟོད་དང་བླངས་འོས་གཞི་བསྡུ་རུག་ཚོགས་པ་གསར་དུ་བཙུགས་སྐོར་འགྲེལ་བརྗོད་གནང་།
ཐེངས་འདིར་མདོ་སྟོད་ཆོལ་ཁའི་སྐབས་བཅོ་ལྔ་བའི་འོས་མི་ ༢༧ ཕྱིར་བསྒྲགས་གནང་བའི་མཚན་གཞུང་ནི་གཤམ་གསལ་ལྟར།
༡ ད་ལྟའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག ངྷ་ས།
༢ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ནོར་བུ།  ངྷ་ས།
༣ གཞོན་ནུའི་ཚོགས་གཞོན་དང་ཆབ་སྲིད་ཉམས་ཞིབ་པ་བློ་བཟང་ཡེ་ཤེས། སྦེལ་ཀོབ།
༤ སྤྱི་འཐུས་ལས་ཐོགས་པ་དང་ཆབ་སྲིད་ཉམས་ཞིབ་པ་འབའ་བ་སྐལ་བཟང་རྒྱལ་མཚན། ངྷ་ས།
༥ སྤྱི་འཐུས་ལས་ཐོགས་པ་དང་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས། ངྷ་ས།
༦ སྤྱི་འཐུས་ལས་ཐོགས་པ་དང་མདུན་བཟང་ལམ་སྟོན་ཚོགས་པའི་འགན་འཛིན་དབུ་དཀར་ཚང་གཡུ་སྒྲོན། ལྡི་ལི།
༧ རྒྱ་གར་ Ailce སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཚེ་དབང་བསྟན་འཛིན། ཧོན་སུར།
༨ སྦེལ་ཀོབ་བོད་མིའི་སྤྱི་མཐུན་མཉམ་སྦྲེལ་ལས་ཁུངས་ཀྱི་ལས་བྱེད་ཆོས་འཕེལ་ཐུབ་བསྟན། སྦེལ་ཀོབ།
༩ སིམ་ལ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ནང་ཆེན་བསྟན་འཛིན། སིམ་ལ།
༡༠ སྤྱི་འཐུས་ལས་ཐོགས་པ་དང་ལྡི་ལི་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཆོས་སྐྱོང་དབང་ཕྱུག ལྡི་ལི།
༡༡ ལྷོ་ཕྱོགས་འབྲས་སྤུངས་དགོན་གྱི་མདོ་སྟོད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་ཟུར་བ་ཨ་ཕྲུག་ཚེ་བརྟན། མོན་གྷོ།
༡༢ བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། ངྷ་ས།
༡༣ བོད་རིགས་སྤྱི་འཐུན་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་བདེ་ལེགས། སྦེལ་ཀོབ།
༡༤ སྒེར་བཙུགས་སློབ་གྲྭའི་སྦྱིན་བདག་དང་འགན་འཛིན་བསོད་ནམས་དབང་འདུས། ཧ་སྤ་པུར།
༡༥ ངྷ་ས་དབུས་གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར། ངྷ་ས།
༡༦ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་ཀྱི་གསར་འགོད་པ་བསྟན་འཛིན་དབང་རྒྱལ། ངྷ་ས།
༡༧ ཧོན་སུར་ས་གནས་བུད་མེད་ཚོགས་གཙོ་ཟུར་པ་དང་ས་གནས་ཆུ་སྒང་གི་ཚོགས་གཙོ་ཟླ་བ་སྒྲོལ་མ། ཧོན་སུར།
༡༨ བོད་མི་མང་སྤྱི་འཐུས་ལས་ཐོགས་པ་ཚུལ་ཁྲིམས་བསྟན་འཛིན། སྦིར།
༡༩ བོད་ཀྱི་བང་ཆེན་གསར་འགོད་པ་དང་དྲ་རྒྱའི་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་གངས་ལྷ་མོ། ངྷ་ས།
༢༠ སྦེལ་ཀོབ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་ཀྱི་ཚོགས་གཙོ་སེར་སྨད་བློ་དགའ། སྦེལ་ཀོབ།
༢༡ རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་། ངྷ་ས།
༢༢ བོད་ཀྱི་བང་ཆེན་གསར་ཁང་གི་གསར་འགོད་པ་འཇམ་དབྱངས་བཟོད་པའམ་བསོད་ནམས་རྒྱལ་མཚན། ངྷ་ས།
༢༣ བོད་ཀྱི་བང་ཆེན་གསར་ཁང་གི་དྲ་རྒྱའི་དོ་དམ་ངག་དབང་ཐར་པ། ངྷ་ས།
༢༤ ས་རཱ་མཐོ་སློབ་ནང་སློབ་སྦྱོང་བྱེད་སྐབས་ས་གནས་གཞོན་ནུའི་ཚོགས་གཙོ་དང་། རྩོམ་སྒྲིག་པ་གནང་མྱོང་བའི་པདྨ་རྡོ་རྗེ། ངྷ་ས།
༢༥ རྒྱུད་སྟོད་གྲྭ་ཚང་གི་ལས་ཐོགས་ཕྱག་མཛོདདང་འཕྲོད་བསྟེན་དང་ཤེས་ཡོན་གྱི་འགན་འཛིན་་འཇམ་དཔལ་རྒྱ་མཚོ། ངྷ་ས།
༢༦ ངྷ་ས་ས་གནས་ཆུ་སྒང་དྲུང་ཟུར་ཟུར་བ་སྨོན་ལམ་གྲགས་པ། ངྷ་ས།
༢༧ བོད་ནང་ལོ་མང་སློབ་སྦྱོང་བྱས་ཤིང་རྒྱ་གར་དུ་འབྱོར་རྗེས་ཅན་ངྷི་གྷར་མཐོ་སློབ་ནས་སློབ་སྦྱོང་བྱས་པའི་དབང་འདུས་རྡོ་རྗེ། ངྷ་ས། བཅས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༤ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 10

  1. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    འདི་ཚོ་མང་ཆེ་བ་མཐོང་ནས་ང་ཡིད་ཆད་སོང་།ད་རུང་མུ་མཐུད་དུ་རང་འཇགས་འདུག་གི་ཡིན་ནམ།འདི་ནང་ནས་སྤྱི་མཐུས་རུང་བ་ཁ་ཤེས་འདུག།ཟམ་གདོང་རིན་པོ་ཆེ་དངའབའ་བ་སྐལ་བཟང་རྒྱལ་མཚན།ཆོས་སྐྱོང་དབང་ཕྱུག།རྒྱ་རི་སྒྲོན་མ།པདྨ་བདེ་ལེགས།དོན་འགྲུབ་ལྷ་དར།འདི་དྲུག་མ་གཏོགས་ལེན་ཡ་མི་འདུག་ཡ།གཙོ་བོ་མི་དམངས་ཀྱི་མ་ནོར་བ་བྱེད་རྒྱུ་གལ་ཆེའོ།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    སངས་རྒྱས་བཀྲ་ཤིས་ལགས་ནས་བོད་མི་ཞིག་ཡིན་པའི་ཆ་ནས་མ་བསྐུལ་དངས་བླངས་ཐོག་རང་གིས་ལས་འགན་ལྷག་བསམ་གྱི་སྒྲུབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། འོས་དམིགས་ནང་ཤེས་ཡོན་དང་ལྷག་བསམ་ཅན་ཤ་གཅིག་ཡིན་པའི་ཡིད་ཆོས་ཡོད་པ་མ་ཟད་དེ་སྔོན་གྲོས་ཚོགས་རྭ་བའི་ནང་དུ་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མེད་པའི་སྟག་གཟིགས་འདྲ་བ་གཅིག་ཀྱང་མེད་པ་འདི་དཔེ་ཡག་པོ་རེད། ཁོ་ཚོ་ཡང་བསམ་བློ་ཞིག་མ་བཏང་རང་བཏང་རེད་མི་མང་ནས་འདི་འདྲ་བའི་ལས་མགུལ་སྤེལ་བར་སྙིང་ནས་དགའ་བསུ་བཞུ།།།།།།།།།།།།།།།།།།།

    Reply
  3. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    གད་སྙིགས་མང་པོའི་དཀྱིལ་ནས་གསེར་རྡོག་རེ་གཉིས་རྙེད་པ་དགའ་འོས་ཚོད་རེད། གཞན་མི་མང་ན་རོ་མང༌། ཁྱི་མང་ན་སྐད་ཅོར་མང་ཟེར་བ་ལྟར་གྱུར་འདུག

    Reply
  4. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་རྟ་ཐོག་ནས་འཐེན་སྟེ་བུང་ཐོག་ཏུ་བཞག་པར་ངོས་ལེན་གཏན་ནས་མེད། དེ་ནི་བཀུར་འོས་ཟམ་གདོང་མཆོག་ལ་དོན་མེད་བརྙས་བཅོས་དང་དམའ་འབོད་བྱས་པ་ཞིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་རེད། དཔེར་ན་དགའ་ལྡན་ཁྲི་པ་ལས་ཐོག་ཅིག་མ་འོངས་པར་ཁྲི་ཟུར་ཐོན་མཚམས་དགོན་པའི་ཇ་མ་བྱེད་དགོས་ཟེར་ན་ཁྱེད་དང་ཁྱེད་ཀྱི་འཁོར་དང་བཅས་ལ་དོ་ཕོག་ག་ཚོད་ཀྱིས་ཐེབས་སྲིད། དེར་བརྟེན་ཕྱོགས་ཡོངས་ནས་བསམ་བློ་ཞིབ་ཚགས་བཏང་རྗེས་མཐར་དངོས་གཞི་ལ་འཇུག་དགོས་པ་གལ་ཆེ་མཐོང༌།

    Reply
  5. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ད་མི་འདི་ཚོས་འོས་མི་བཏོན་འདུག ཟམ་གདོང་རིན་པོ་ཆེ། གྲོས་ཚོགས་སུ་བཟོད་གསོལ་ཞུས་ནས་ལས་དུས་མ་གཙང་གོང་ཕེབས། བློ་བཟང་ཡེ་ཤེས་ཀྱིས་གཞོན་ནུའི་ཚོགས་གཞོན་མཇུག་མ་འཁྱོལ། གསེར་རྟ་ཚུལ་ཁྲིམས་ཀྱིས་མདོ་སྟོད་སྨད་བརྩད་ནས་སྤྱི་འཐུས་ཐོབ། དབུ་དཀར་གཡུ་སྒྲོན་དང་ཆོས་སྐྱོང་དབང་ཕྱུག་་སིམ་ལའི་ནང་ཆེན་བསྟན་འཛིན་བཅས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་མཁན་ཕུ་པ་དཔོན་སོགས་མདོ་སྟོད་ནང་ཁུལ་དཀྲུག་མཁན་ཚོས་གར་ཁྲིད་རེད། རྒྱ་རི་སྒྲོལ་མས་རང་གི་ཁྱོ་ག་ཡང་བདག་པོ་མ་ཕོག ཆོས་འཕེལ་ཐུབ་བསྟན་གྱིས་སྐུ་སྒེར་ཡིག་ཚང་ནས་རྐུ་མ་བརྐུས། དོན་གྲུབ་ལྷ་དར་གང་དུ་སོང་ཡང་དོན་མ་འགྲུབ། ཚུལ་ཁྲིམས་བསྟན་འཛིན་ཉི་རྒས་ཀྱི་གྲིབ་སོ་ནང་བཞིན་ཆགས། ཨ་ཀྲུག་ཚེ་བརྟན་གྱིས་རོང་རྒྱས་ཨ་གྲགས་བཙོང་། སེར་སྨད་བློ་དགས་འཁྲབ་སྟོན་ལུང་པ་གང་བྱས། པདྨ་བདེ་ལེགས་ལ་མགོ་གསུམ་ཙམ་སྐྱེས། གངས་ལྷ་མོས་གངས་སྐྱིད་ཀྱི་འགྲོ་སྟངས་ཙམ་ཡང་མི་ཤེས། པདྨ་རྡོ་རྗེ་ནི་རྒྱ་རི་ཚང་གི་སྒོ་ཁྱི་ནང་བཞིན་རེད། འཇམ་དཔལ་རྒྱ་མཚོ་ནི་ཕྱི་འཇམ་ནང་རྩུབ་རེད། སྨོན་ལམ་གྲགས་པས་རང་གི་གདོང་སྔུན་ཡང་མཐོང་མ་མྱོང་། ཧ་ཧཧཧ། ད་དུང་མང་པོ་འདུག

    ག་རེའི་ཤེས་འཇོན། ག་རེའི་ལྷག་བསམ། ག་རེའི་ཆོལ་ཁ་ཆོས་ལུགས་དབྱེར་མེད། ད་སངས་རྒྱས་བཀྲ་ཤིས་ཀྱི་དངུལ་འཕྲོག་རླག་རེད།

    Reply
  6. ནད་པ says:
    ལོ་ 16 སྔོན།

    སངས་རྒྱས་བཀྲིས་ལགས་སུ་བསྔགས་བརྗོད་ཞུ། ཐེངས་འདིར་མཁས་བཙུན་བཟང་གསུམ་གྱི་བཀའ་ཁྲི་ཟམ་དོང་རིན་པོ་འོས་གཞིར་བཏོན་པ་དེར་བསྔགས་བརྗོད་ཞུ་ཡུལ་དུ་གྱུར།

    རླབས་ཆེན་གྱི་སྐྱེས་བུ་ཁོང་དང་འདྲ་བར་མདོ་བསྟོད་ཀྱིས་མི་དམངས་ཡོངས་ནས་ ༸ གོང་ས་ར྅ཡལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་གཞུང་། བོད་མི་རིགས་ལ་ལྷག་བསམ་རྣམ་དག་གི་སྲི་ཞུ་སྒྲུབ་མཁན་ཤ་སྟག་གདམས་ཐུབ་པའི་རེ་འདུན་ཞུ།

    Reply
  7. འབུར་ཐོ། says:
    ལོ་ 16 སྔོན།

    མཁས་དབང་ཟམ་གདོང་རིན་པོ་ཆེ་ད་ལན་འོས་གཞིའི་ནང་བཞག་པ་དེ་ལ་མོས་མཐུན་གཏན་ནས་མེད། གང་ཡིན་ཟེར་ན། ཁོང་གིས་བསྟན་པ་ཆབ་སྲིད་ལ་ཞབས་ཞུ་བླ་ན་མེད་པ་ཞུས་ཚར་བ་རེད། ད་སྐབས་ཁོང་དགོངས་ལོ་ཧ་ཅང་མཐོ་པོ་རེད། ད་གཞོན་སྐྱེས་རྣམས་ཀྱིས་ངེས་པར་འགན་ཁུར་དགོས། ཁོང་རྣམ་པ་ཚོ་སློབ་སྟོན་པ་བྱས་ན་ཏག་ཏག་རེད། གཞན་དག་དེ་ཚོ་མང་པོ་ཞིག་གི་ལོ་རྒྱུས་དང་ལྷག་བསམ་ག་རེ་ཡིན་ཤེས་ཀི་མེད། འོན་ཀྱང་། བློ་བཟང་ཡི་ཤེས་དང་འབའ་བ་སྐལ་བཟང་དོན་གྲུབ་ལྷར་རྣམས་ལ་རེ་བ་ཆེ།ཚང་མས་གཟབ་གཟབ་བྱེད་དགོས་མ་གཏོགས་ཧོ༠ར་རྒྱུག་གཏན་ནས་བྱེད་མི་རུང་།

    Reply
  8. ནད་པ says:
    ལོ་ 16 སྔོན།

    སངས་རྒྱས་བཀྲིས་ལགས་ཀྱིས་ལྷག་བསམ་བཟང་པོས་ཀུན་ནས་བླངས་ཏེ་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་ ༢༧ བཏོན་པར་རྗེས་སུ་ཡི་རངས་ཡོད། འདི་ཁོངས་སུ་མཁས་བཙུན་བཟང་གསུམ་གྱི་བཀའ་ཁྲི་ཟམ་དོང་རིན་པོ་ཆེ་མཆོག་འོས་གཞིར་དམིགས་འཛུགས་གནང་ཡོད་པ་དེ་བསྔགས་བརྗོད་བྱེད་ཡུལ་ཞིག་ཏུ་གྱུར།

    དེ་མིན་མདོ་སྟོད་མི་དམངས་ཡོངས་ཀྱིས་མཁས་དབང་ཟམ་དོང་རིན་པོ་མཆོག་ལྟར་ ༸ གོང་ས་རྒྱལ་བ་རིན་པོ་ཆེ་དང་། བཙན་བྱོལ་བོད་གཞུང་། བོད་མི་ས་ཡ་དྲུག་ལ་ལྷ་བསམ་རྣམ་དག་གིས་སྲི་ཞུ་སྒྲུབ་མཁན་ཤ་སྟག་གདམས་ཐུབ་པའི་རེ་འདུན་ཞུ།

    Reply
  9. དཔའ་ཆེན་དོན་གྲུབ། says:
    ལོ་ 16 སྔོན།

    ཟམ་གདོང་རིན་པོ་ཆེ་ད་ཡང་བསྐྱར་སྤྱི་འཐུས་ཀྱི་འོས་སུ་ཕེབས་དགོས་ཟེར་ན་དགོད་བྲོ་བ་རང་རེད། མི་ཚོས་མགོ་ཚོས་ལ་མ་ཚོས་ལ་ག་རེ་བྱེད་ཀི་ཡོད་ན།

    Reply
  10. བཀྲ་ཤིས། says:
    ལོ་ 16 སྔོན།

    ཟམ་གདོང་རིན་པོ་ཆེ་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིར་ཕེབས་པར་དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese