མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

<<བོད་རང་དབང་>> ལ་འོས་ཤོག་འཕེན་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

<< བོད་རང་དབང་ >> རྟགས་ཅན་གྱི་ཊོ་ཡོ་ཊ་འཇེབ་འཁོར་མཛེས་སྤྲོས་ཇུས་འགོད་དེ་ཕྱི་ལོ་ ༢༠༡༠ ལོའི་རྒྱལ་ཡོངས་འཇེབ་འཁོར་འགྲན་ཞུགས་མཛེས་སྤྲོས་ཇུས་འགོད་འགྲན་བསྡུར་ཁྲོད་ཞུགས་འཆར་ཡོད་འདུག 

བོད་རང་དབང་རྟགས་ཅན་གྱི་འཇེབ་འཁོར་མཛེས་སྤྲོས་ཇུས་འགོད་དེ་ནི་ཨ་རིའི་ཁ་ལ་སི་ཁཱ་ (Alaska) མངའ་སྡེ་ཡི་སྐུ་ཞབས་ཁཱ་རོལ་ཇོན་སི (Carl Jones) ལགས་ཀྱིས་ཇུས་འགོད་བྱས་པ་དང་། ཁོང་ནི་རྒྱུན་རིང་པོར་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན་འདུག  ཁོང་གིས་དེ་ནི་མི་མང་པོས་བོད་དོན་ཐད་དོ་སྣང་ཡོང་ཐབས་ཀྱི་ཐབས་ཤེས་ལེགས་པོ་ཞིག་ཡིན་པ་དང་། ཁོ་རང་གི་བསམ་ཚུལ་ལ་མཛེས་སྤྲོས་ཇུས་འགོད་དེ་ལ་འགྲན་ཞུགས་ཁྲོད་ནམ་རྒྱུན་དང་མ་འདྲ་བའི་འགྲན་རྩོད་ཀྱི་ནུས་པ་ཞིག་ཡོད་པར་ངོས་འཛིན་གནང་གིན་ཡོད་འདུག
 
བོད་རང་དབང་རྟགས་ཅན་གྱི་འཇེབ་འཁོར་མཛེས་སྤྲོས་ཇུས་འགོད་དེ་འོས་ཤོག་མང་ཤོས་ཐོབ་མཁན་རྩེ་གྲས་ ༡༠ ཡི་གྲས་སུ་ཚུད་པ་ཡིན་ན། འཇེབ་འཁོར་འགྲན་རྒྱུགས་པ་དག་གིས་རྒྱལ་ཡོངས་འཇེབ་འཁོར་འགྲན་རྒྱུགས་ཁྲོད་ཀྱི་འཇེབ་འཁོར་མཛེས་སྤྲོས་ཇུས་འགོད་དུ་གློག་ཀླད་ཁྲོད་བཟོ་འགོད་བྱེད་སྲིད་པ་དང་། གལ་སྲིད་མཐའ་མའི་འགྲན་རྩོད་ཁྲོད་སླེབས་ཐུབ་པ་བྱུང་ན། རྒྱལ་ཡོངས་འཇེབ་འཁོར་འགྲན་ཞུགས་ཁྲོད་ཀྱི་ཊོ་ཡོ་ཊ་འཇེབ་འཁོར་གྱི་མཛེས་སྤྲོས་ཇུས་འགོད་དེ་ཐོབ་རྒྱུ་ཡིན་པར་མ་ཟད།  ད་ལོའི་ལོ་མཇུག་ལ་ཨ་རེ་ཙོ་ན་ Arizona མངའ་སྡེ་ཡི་ཧྥོ་ཨེ་ནིག་སི་ Phoenix རུ་བདུན་ཕྲག་གཅིག་རིང་འཇེབ་འཁོར་མཛེས་སྤྲོས་ཇུས་འགོད་འགྲེམས་སྟོན་བྱ་རྒྱུ་རེད། 

སྐུ་ཞབས་ཇོན་སི་ལགས་ཀྱིས། “འདི་ནི་བོད་རང་དབང་འཐབ་རྩོད་ཀྱི་ལས་དོན་ལ་དོ་སྣང་ཆེན་པོ་མེད་པའི་མི་སྟོང་ཕྲག་མང་པོར་གསར་དུ་དོ་སྣང་འབྱུང་བའི་ཐབས་ལམ་ལེགས་པོ་ཞིག་རེད” ཅེས་བརྗོད་ཡོད།

རིགས་འདྲ་མིན་སྟོང་ཕྲག་མང་པོའི་ཁྲོད་ནས་འོས་ཤོག་མང་ཤོས་ཐོབ་མཁན་གྱི་རྩེ་གྲས་བཅུ་བདམས་རྗེས།  དེ་ཚོའི་བར་བསྐྱར་ཏུ་འོས་ཐོབ་མང་ཉུང་འགྲན་བསྡུར་བྱས་ཏེ་འོས་ཤོག་མང་ཤོས་ཐོབ་མཁན་གྱི་མཛེས་སྤྲོས་ཇུས་འགོད་དེ་རྒྱལ་ཡོངས་འཇེབ་འཁོར་འགྲན་རྒྱུགས་སྐབས་སུ་འགྲེམས་སྟོན་བྱ་རྒྱུ་རེད། ད་ལྟ་འོས་འཕེན་དུས་བཀག་རྫོགས་རྒྱུར་ཉིན་ ༡༡ ལས་ལྷག་མེད་པ་དང་། འོས་འཕེན་སའི་དྲ་ཚིགས་ནི་ www.sponsafier.com/#/gallery/view/356094  ཡིན། མི་རེས་ཉིན་མ་རེར་འོས་ཤོག་གཅིག་མ་གཏོགས་འཕེན་ཐུབ་ཀྱིན་མེད་པ་རེད།

བོད་རང་དབང་རྟགས་ཅན་གྱི་མཛེས་སྤྲོས་ཇུས་འགོད་ལ་རྒྱལ་ཁ་ཐོབ་པ་ཡིན་ན། བརྙན་འཕྲིན་དང་གསར་ལམ་ཁག་བརྒྱུད་ནས་མི་ཁྲི་སྟོང་མང་པོས་ཤེས་རྟོག་ཡོང་བའི་གོ་སྐབས་ཐོབ་པ་དང་།  གླེང་སློང་ཡང་ཤུགས་ཆེན་པོ་ཡོང་སྲིད་པས། སྐུ་ཞབས་ཇོན་སི་ལགས་ཀྱིས་དེ་ལྟར་ཡོང་བའི་རེ་བ་བཅིངས་ཡོད་འདུག 

ཇོན་སི་དང་ཁོང་གི་གྲོགས་པོ་རྣམས་ཀྱིས་རང་ངོས་ནས་འོས་འཕེན་བཞིན་པར་མ་ཟད། བོད་རང་དབང་རྟགས་ཅན་གྱི་མཛེས་སྤྲོས་ཇུས་འགོད་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་རྒྱུར་འབོད་སྐུལ་ཀྱང་གནང་བཞིན་ཡོད་པ་རེད།

མཆན། 24

  1. ཁམས་པའི་ཕོ་རྒོད། says:
    ལོ་ 12 སྔོན།

    ངོ་མ་ང་ཚོས་ངོས་ནས་འཇོན་པ་ཡིན་ན་འཛམ་བུ་གླིང་རྒྱལ་ཁབ་གང་ལ་གང་འཚམས་ཞིག་གི་ང་ཚོའི་ལ་རྒྱ་སྐྱོར་ཡོད་རེད་ ང་ཚོས་མི་རིགས་ནང་ལ་དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ་གོང་ས་མཆོག་ལྟ་བུ་མི་ཁ་ཤས་ཞིག་ཡོད་ན་རང་དབང་ཐོབ་གི་རེད་དེ་འདྲ་བོ་མི་གཉིས་གསུམ་མ་ཏོག་མེད་པ་སོང་ཙང་ང་ཚོ་དཀའ་ལས་ཁག་པོ་རེད་འདུག་དྲན་གི་འདུག་

    Reply
  2. ཁམས་པའི་ཕོ་རྒོད། says:
    ལོ་ 12 སྔོན།

    ངོ་མ་ང་ཚོས་ངོས་ནས་འཇོན་པ་ཡིན་ན་འཛམ་བུ་གླིང་རྒྱལ་ཁབ་གང་ལ་གང་འཚམས་ཞིག་གི་ང་ཚོའི་ལ་རྒྱ་སྐྱོར་ཡོད་རེད་ ང་ཚོས་མི་རིགས་ནང་ལ་དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ་གོང་ས་མཆོག་ལྟ་བུ་མི་ཁ་ཤས་ཞིག་ཡོད་ན་རང་དབང་ཐོབ་གི་རེད་དེ་འདྲ་བོ་མི་གཉིས་གསུམ་མ་ཏོག་མེད་པ་སོང་ཙང་ང་ཚོ་དཀའ་ཁག་པོ་རེད་འདུག་དྲན་གི་འདུག་

    Reply
  3. འཇིག་རྟེན་ says:
    ལོ་ 12 སྔོན།

    ངས་ལྟོས་ན་ང་ཚོ་ལ་རོགས་པ་མེད་པ་དང་རྒྱབ་སྐྱོལ་མེད་བས་མ་རེད་ང་ཚོ་རང་གི་ངོས་ནས་མ་འཇོན་པ་རེད་བསམ་གི་འདུག་ཁ་དཔེ་ཞིག་ལ་བོད་ལ་མགོ་ཡོད་ཀྱང་འཇུག་མེད་ཞེས་བ་སྟེ་ངས་ཡང་ཡང་དྲན་གི་འདུག

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    རིགས་ཞེན་རྒྱལ་གཅེས་ཅན་གྱི་གངས་ཕྲུག་སྤུན་ཟླ་རྣམ་པ་ལགས །
    ང་ཚོ་ལ་རོགས་བྱེད་མཁན་དང་མཐོང་སྤྲོད་མཁན་ལ་ འོས་འཕེན་རོགས །
    ད་དུས་ཚོད་མང་པོ་མི་འདུག འོས་གང་མང་འཕེན་རོགས།

    Reply
  5. ཧེ་ར་བཀྲ་ཤིས། says:
    ལོ་ 12 སྔོན།

    བོད་མི་ཚོས་ཉིན་རྟག་པར་འོས་ཤོག་ངེས་པར་བླུགས་རོགས་ཞེས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱོར་ནས་འབོད་སྐུལ་བྱེད་བཞིན་ཡོད།

    Reply
  6. གསར་འབྱོར། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་འདི་ལྟའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཁག་ལ་འོས་འཕེན་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཆགས་འདུག་པས་འདི་ལ་འོས་འཕེན་རོགས། ངེས་པར་མི་རེ་ནས་ཉིན་རེར་འོས་རེ་འཕེན་རོགས། ཐུགས་རྗེ་ཆེ།

    Reply
  7. ཇིང་སྲས་མིག་གསུམ་པ། says:
    ལོ་ 13 སྔོན།

    སྐུ་ཞབས་ཁཱར་འཇོན་་སི་ལགས་བཀའ་དྲིན་ཆེ། སྟེང་རྩོད་འགྲན་བསྡུར་ལ་ཞུགས་ཐུབ་པར་སྨོན།

    Reply
  8. མིག་གསུམ་པ། says:
    ལོ་ 13 སྔོན།

    མཐའ་མའི་འགྲན་བསྡུར་དུ་སླེབས་པའི་འཕྲིན་བཅོལ་བྱེདབཞིན་ཡོད། བོད་པ་ཚང་མས།

    Reply
  9. ཨ་འཇིགས says:
    ལོ་ 13 སྔོན།

    གལ་ཆེན་གྱི་ལས་འགུལ་འདི་འདྲ་ལ་ང་ཚོས་རྒྱབ་སྐྱོར་དུས་སུ་བྱ་དགོས་ངེས་རེད། ཡིན་ན
    འང་འདིའི་འགྲོ་སྟངས་ལ་སྦྱོང་དར་སྤྲོད་དགོས་པ་རེད།

    Reply
  10. བཅིངས་འགྲོལ་དམག says:
    ལོ་ 13 སྔོན།

    ༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་མཆོག་ལ།

    ཆེད་ཞུ། ལོ་ཤས་གོང་ནས་བཟུང་། ཐ་སྙད་གསར་པའི་སྲོལ་འབྱེད་པའི་མཚན་གསོལ་ལ་ཆེས་ཆེར་ཧབ་ཐོབ་བྱེད་མཁན་རེ་ཟུང་ གི་ཁ་དབང་དུ་སོང་སྟེ། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཡིག་ཆའི་ནང་བརྡ་ཆད་སྔར་ཡོད་ལ་བཟོ་བཅོས་ ཀྱི་སྦྱོར་བ་སྣ་ཚོགས་ཤིག་བརྩམས་དང་རྩོམ་བཞིན་པར་ཡིག་མུག་པའི་དབུགས་རིང་ འབྱིན་རྒྱུ་ལས་བྱ་ཐབས་མ་མཆིས་ཀྱང་། ཆེས་ཚབས་ཆེན་ཞིག་ལ། དེང་སྐབས་གྲོས་ཚོགས་ཟེར་བའི་ཐ་སྙད་ཅིག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ བསྣུབས་ཉེར་འདུག་པ་ཅི་བས་ཀྱང་ཉེན་ཁ་ཆེ།

    མིང་ཆད་འདི་སྤྱི་འཐུས་ལྷན་ཚོགས་སུ་ནད་ ཡམས་ལྟར་འགོས་ཁྱབ་ཏུ་སོང་ཟིན་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོས་འདི་ལོའི་ཟླ་༣ ཚེས་༩ ཉིན་སྤྱི་ལྷན་ལ་བསྩལ་བའི་གསུང་འཕྲིན་དུའང་ཐེངས་དགུ་ཙམ་ལ་བཅུག་འདུག་པས། དངངས་འཚབ་སྐྱེ་གཞི་ཞིག་རེད།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞེས་པ་ནི་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཁྲིམས་བཟོའི་འགན་དབང་བསྐུར་ཡུལ་སྒྲིག་ འཛུགས་དེ་ཡིན་པ་དང་། བཙན་བྱོལ་བོད་གཞུང་ལ་ཁྲིམས་བཟོའི་འགན་དབང་ལེན་མཁན་སྒྲིག་འཛུགས་འདི་ལས་གཞན་ པ་ཞིག་གཏན་ནས་མེད། ཆུ་ལོག་ལྟར་རྒྱུག་བཞིན་པའི་གྲོས་ཚོགས་ཟེར་བའི་ཐ་སྙད་འདིར་སྤྱི་ལྷན་གྱི་འགན་ དབང་བསྐུར་བསམས་ན། ཐོག་མར་བཅའ་ཁྲིམས་བཟོ་བཅོས་བྱེད་དགོས་ངེས་ཡིན། དེ་མིན་གྲོས་ཚོགས་ཟེར་བ་འདིར་ཁྲིམས་ཀྱི་གོ་དོན་མེད་པར་མ་ཟད། མིང་ཆད་འདི་བཙན་ཤེད་ཀྱིས་སྤྱི་ལྷན་ལ་སྦྱར་བའི་ཡིག་ཆ་དང་གཏམ་བཤད། གྲོས་ཆོད་སོགས་ཚང་མ་ཁྲིམས་འགལ་ཆགས་སྲིད་ལགས་ན། དེ་དོན་དགོངས་དབྱིངས་སུ་མངའ་འཇགས་ཡོད་པ་མཁྱེན་ཞུ་རྒྱུ་བཅས་གྱི་ན་བ་གྲགས་པ་ རྒྱལ་མཚན་ནས་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༤ ལ།

    ཕུལ། །
    http://www.rangwang.net

    Reply
  11. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཇོ་རུ་ཆེ་རིང་དང་མཚོ་སྒོ་བ་གཉིས་ཀྱིས་གསུངས་པར་བདེན་ནོ་ཞུ་རྒྱུ་ཡིན།

    ཡིན་ནའང་རང་གི་རྒྱལ་ཁབ་ལ་དུང་ཞེན་ཟབ་དྲགས་ནས་བློ་ལ་བབ་པོ་གཅིག་མི་འདུག་པས་ཡིན། གཞན་རྒྱུ་མཚན་ཅང་མེད་ལགས།

    Reply
  12. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    ད་དུང་བརྗོད་འདོད་པ་ཞིག་ལ། ཚིག་དོན་ཅི་བཞིན་བསྒྱུར་བ་ལས། ང་ཀ་གང་ཟག་དེ་ཉིད་ཀྱི་ཀུན་སློང་དང་འདུ་ཤེས་མཁྱེན་པའི་ཡེ་ཤེས་དབྱངས་དཔྱད་ཀྱི་ནུས་པ་ཏིལ་འབྲུ་ཙམ་ཡང་མེད། དུས་རྒྱུན་ཁ་སྟོང་ནང་ནས་ཚིག་སྟོང་འཕེན་པ་ལས་ཉིན་རེ་འོས་རེ་འཕེན་ཨེ་ཐུབ་ལ་འབོད་དང་དེས་ཕན་མི་ཡོང་ངམ། འོ་ན། ད་ལྟ་”གསུམ་བཅུ”དུས་དྲན་ཉིན་བོད་མི་བརྒྱ་ཕྲག་རུ་སྒྲིག་ནས་བྱང་ཆུབ་སེམས་མཆོག་མ་གཏོགས་འདོན་མི་ཐུབ་པ་དེར་ཁྱོས་ག་རེ་བརྗོད་འདུན་ཡོད།

    Reply
  13. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    ཅོ་རུ་ལགས། free ཟེར་བ “རང་དབང” གི་དོན་རེད། བརྡ་དོན་ལ་བལྟས་ནས་བརྗོད་ན་རང་དབང་ནི་རང་བཙན་ལས་རྩ་ཆེ་བ་ཡོད་ནི་རེད། རང་བཙན་ཡིན་པ་ཙམ་གྱིས་རང་དབང་ཐོབ་པའི་ངེས་བ་མེད། རང་དབང་ལྡན་ན་རང་བཙན་བྱེད་མིན་རང་གི་མོས་པ་ཙམ་རེད། ཚིག་དོན་གྱི་ཁྱད་པར་འདི་ཙམ་རེད།

    ཆབ་སྲིད་ཀྱི་ངོས་ནས་ཐད་ནས་བརྗོད་བསམ་པ་ཡིན་ན། “བཙན་བྱོལ་བོད་གཞུང་མ་རེད་བཙན་བྱོལ་སྒྲིག་འཛུགས་རེད། བོད་པ་རང་བཙན་མ་རེད་ཀྲུང་གོའི་རང་སྐྱོང་རེད། ” ཚད་འདི་ལ་སླེབས་ཡོད་པ་རེད། ད་རང་དབང་གི་བརྡ་དོན་རང་བཙན་ལ་བཙན་གྱིས་འཐེན་ནས་ཅང་ནུས་ས་མ་རེད།

    དེ་ལས་ཐ་སྙད་ཀྱི་བརྡ་དོན་ཅི་བཞིན་བསྒྱུར་ནས་མ་མཐའ་ཡང་སྐད་བརྡ་ཐ་སྙད་རིག་པའི་ཀྱི་ཁྲིམས་རྩིས་ཅི་མི་དགའ་ཨང་།

    Reply
  14. འོས་ལངས། says:
    ལོ་ 13 སྔོན།

    བོད་རིགས་གསར་འགོད་པ་ཚོས་༼ བོད་རང་དབང་༽གི་འོས་ཤོག་འདི་ཐད་ལ་ཁ་གསལ་གྱི་ལམ་སྟོན་དང་བཅས་ཁྱབ་བསྒྲགས་གཞི་རྒྱ་ཆེ་བ་ཞིག་ཡང་ནས་ཡང་དུ་གནང་གལ་ཆེ་བར་ཞུ། ད་ནི་འོས་འཕེན་དུས་བཀག་རྫོགས་རྒྱུར་ཉིན་བཅུ་ལས་མི་འདུག་པ་དང་། འོས་འཕེན་རྒྱུར་ཡང་མི་གཅིག་ལ་ཉིན་རེར་ཐེངས་གཅིག་རེ་ལས་མི་འདུག ངས་ནི་ལྷག་མའི་ཉིན་བཅུ་བོ་ལ་ཡང་འོས་རེ་འཕེན་ངེས་ཡིན། འདི་ཡང་བོད་དོན་ཁྱབ་བསྒྲགས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད། དྲ་གྲོགས་ཚོས་ཀྱང་དངོས་ཤུགས་བརྒྱུད་གསུམ་གྱི་ཐབས་ལམ་ཅི་རིགས་ནས་རང་དང་། རང་ཉིད་ལ་འབྲེལ་ཡོད་ཚོར་༼ བོད་རང་དབང་༽འདིར་འོས་ཤོག་འཕེན་པར་ཁ་ཚ་དགོས་གཏུག་གིས་འབོད་སྐུལ་གནང་རོགས་ཞུས་པ་ཡིན།

    Reply
  15. ཚོ་སྒོ་བ། says:
    ལོ་ 13 སྔོན།

    ཅོ་རི་ལགས། freeཞེས་པ་རང་དབང་ལ་གོ་དགོས་པ་ལས་རང་བཙན་རང་ད་ཨེ་ཡིན། རང་བཙན་ལ་དབྱིན་སྐད་དུ་independenceཞེས་འབོད་ཀྱི་རེད། ཡིན་ནའང་ཚིག་གྲོགས་དང་སྦྱར་ན་རང་བཙན་བྱུང་ན་རང་དབང་ཡོད་པས་དེ་ལྟར་བརྗོད་ཀྱང་འགལ་ཆེར་མ་མཐོང་། ཨ་ལ་ཁ་མཚར་ཡིན།

    Reply
  16. ཤེས་རབ་འབྱུང་གནས། says:
    ལོ་ 13 སྔོན།

    འདི་ངོ་མ་དགའ་འོས་པའི་དོན་དག་ཞིག་རེད་ཡ།   ང་ཚོས་ཀྱང་འདི་ལ་རྒྱབ་སྐྱོར་ངེས་པར་བྱེད་དགོས།   འོན་ཀྱང་ངས་འོས་ཤོག་ཇི་ལྟར་བླུགས་དགོས་མི་ཤེས་པས།   དྲ་གྲོགས་རྣམས་ཀྱིས་ང་ལ་སློབ་སྟོན་ཅིག་གནང་རོགས་ཞུ་བ་ཡིན།

    ངས་ཁྱེད་ཚོ་སྒུག་བསྡད་ཡོད་ཡ།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལགས་གྱིས་གསུངས་པ་བདེན་ནོ་ཞུ་རྒྱུ་ཡིན།
    free tibet and save tibet ཞེས་ཨིན་ཚིག་འདི་གཉིས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཁྱབ་ཆེ་བའི་ཚིག་རེད། ང་ཚོས་སྐད་འབོད་རྒྱག་སྐབས་ཀྱང་འབོད་བསྡད་པའི་ཚིག་ནི་free tibet ཞེས་སྐད་འབོད་བྱས་བསྡད་འདིར་བོད་རང་བཙན་ཞེས་པའི་དོན་དག་འབོད་ཀྱི་ཡོད་ཀྱང་དེ་རིང་ཚིག་འདིར་དུས་བབ་ཚང་གི་བོད་རང་དབང་ལ་སྒྱུར་འདུག

    ཕྱི་རྒྱལ་བ་དེས་free tibet today ཞེས་པ་འདི་ལ་ཡང་དེ་རིང་བོད་རང་བཙན་བསྟན་པར་ལས་དེ་རིང་བོད་རང་དབང་ཞེས་བསྟན་གྱི་མ་རེད། ཕྱི་རྒྱལ་བ་དེས་དམིགས་ཡུལ་ཡང་བོད་རང་བཙན་རེད་ཞེས་བཤད་ཐུབ།

    དུས་བབ་ཚང་གིས་བོད་རང་བཙན་མ་བྲིས་པར་བོད་རང་དབང་བྲིས་དགོས་དོན་གང་ཡིན་ནམ། དྲ་རྒྱའི་མདུན་ངོར་བོད་རང་བཙན་ཞེས་བྲིས་པ་ཡང་དཀའ་ངལ་འདུག་པས།

    Reply
  18. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    ངས་ནི་འོས་ཤོག་འཕེན་ཚར་བ་ཡིན།གྲོགས་རོགས་ཚོ་ཕེབས་ཤོག།ང་ཚོ་ལ་ལས་འགུལ་དེ་འདྲ་རེ་བྱུང་ནའང་ཡག་པོ་རེད།མཐའ་མའི་རྒྱལ་ཁ་ཐོབ་པའི་རེ་བ་ཡོད།

    Reply
  19. ཀླུ་ བློ་བསམ། says:
    ལོ་ 13 སྔོན།

    འདི་ལ་འོས་ཤོག་འཕེན་རྒྱུན་ཆ་རྐྱེན་ཅི་ཡང་མི་དགོས་ན་ང་ཚོས་ཀྱང་ཁོ་ལ་རྒྱབ་སྐྱོར་ཞིག་བྱོས་ན་འགྲིག་འདུག ཡིན་ནའང་འོས་ཤོག་དྲ་རྒྱ་འདིའི་སྒང་ནས་ཅི་ལྟར་འཕེན་དགོས་མིན་ཤེས་ཀྱི་མི་འདུག་པས། ཤེས་མཁན་ཡོད་ན་དེ་ལུགས་དགོངས་འཇགས་མཚལ།

    Reply
  20. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 13 སྔོན།

    Free Tibet ཟེར་ན་ནམ་རྒྱུན་བོད་རང་བཙན་ལབ་ཀྱི་ཡོད་མ་རེད་དམ།

    གང་ལྟར་རྒྱལ་ཁ་ཐོབ་པར་ཤོག འོས་ཤོག་བླུགས་དགོས་ན་རེད། ག་རེ་བྱེད་དགོས་ན་ཚང་མས་མཉམ་རུབ་བྱེད།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ང་རང་ཚོ་འོས་ཤོག་བླུག་མཁན་འགྲོ་ཡ་་་་་་་ཕེབས་ཤོག་སྤུན་གྲོགས་ཚོ།

    Reply
  22. ཇ་མ་ says:
    ལོ་ 13 སྔོན།

    དེ་འདྲའི་རླང་འཁོར་མཛེས་སྡུག་ཡིད་དུ་འོང་བ་ཞིག ཨ་ལ་སི་ཁཱ་ (Alaska) མངའ་སྡེ་ཡི་སྐུ་ཞབས་ཁཱ་རོལ་ཇོན་སི (Carl Jones) ལགས་ཀྱིས་ཇུས་འགོད་བྱས་པ་ཙམ་གྱིས་འགྲིག་སོང་། མཐའ་མའི་རྒྱལ་ཁ་ཐོབ་དང་མ་ཐོབ་གནས་ཚུལ་ཐ་དད་རེད། སྐུ་ཞབས་ཁྰ་རོལ་ཇོན་སི་ལགས་བཀའ་དྲིན་ཆེ།

    Reply
  23. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 13 སྔོན།

    བོད་ཀྱི་རྩ་དོན་ཐད་ཕྱག་ལས་གལ་ཆེན་པོ་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་རང་རེད། ད་དུང་འཇིབ་འཁོར་དེ་འདྲ་ཞིག་བཟོ་སྐྲུན་བྱེད་མཁན་ནང་བོད་མི་ཞིག་ཡོད་ན་ཡག་པོ་གང་འདྲ་མེད་དམ། མཐའ་མའི་འགྲན་རྩོད་ཀྱི་ནང་ཨང་ཀི་དང་པོ་ཐོབ་པ་ཤོག།།།

    Reply
  24. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    རླངས་འཁོར་འདི་ལ་རྒྱལ་ཁ་ཐོབ་པའི་སྨོན་འདུག་ཞུ། འདི་འདྲའི་ནུས་པ་ཅན་གྱི་མི་རེ་ཡོད་ན་ང་ཚོས་ཀྱང་ཐབས་ལམ་ཅི་ཡོད་བཏོན་ཏེ་རྒྱབ་སྐྱོན་བྱེད་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist