མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་སྤྱི་འཐུས་ཀྱི་ས་བོན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༦ ཉིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིའི་ས་བོན་གསལ་བསྒྲགས་གནང་བའི་ནང་བཀོད་དོན། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཅུ་བཞི་བའི་དམིགས་བསལ་ཚོགས་ཆེན་ཐོག འབྱུང་འགྱུར་བཀའ་ཁྲིའི་འོས་མི་ ༡༣ སྤྱི་མོས་ཀྱིས་བཏོན་ཟིན་པ་ཚང་མས་མཁྱེན་ཆུབ་དང་། དེ་བཞིན་སྐབས་དེའི་གྲོས་ཆོད་དོན་ཚན་ང་བའི་ནང་གསེས་ ༢ པ་དང་ ༣ པ་གཞིར་བཟུང་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་སྔོན་འགྲོའི་ས་བོན་ ༢༠༡༠ ལོའི་ཟླ་ ༨ ཚེས་ ༡༠ འགྱངས་མེད་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབྱོར་དགོས་རྒྱུའི་གསལ་བསྒྲགས། ས་གནས་ཁག་ལ་ཡིག་ངག་གཉིས་ཐོག་བཏང་བ་ལྟར། མདོ་སྨད་ས་རྒྱུན་ཁག་ནས་གལ་ཆེན་དོན་ཆེན་དུ་དམིགས་ཏེ་མི་མང་བསྡུ་སྐོང་གིས་མང་གཙོའི་འོས་བསྡུའི་འགྲོ་ལུགས་ལྟར། མི་མང་ཉིས་སྟོང་མ་ཟིན་ཙམ་གྱིས་སྤྱི་འཐུས་སྔོན་འགྲོའི་འོས་མི་ ༡༩༡ དབུས་རྒྱུན་ལ་དུས་ཐོག་བཏང་འབྱོར་བཞིན། འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ས་གནས་སོ་སོའི་འོས་གྲངས་མཉམ་བསྡོམས་རྩེ་བཏོག་གིས་གཤམ་གསལ་མི་གྲངས་ཉེར་ལྔ་གཏན་འབེབས་བྱུང་ཡོད། ཅེས་བཀོད་འདུག

 

འོས་གཞིའི་མི་གྲངས་ཉེར་ལྔ་ནི། ད་ལྟའི་སྤྱི་འཐུས་ལས་ཐོག་སྤེན་པ་ཚེ་རིང་དང་རྒྱལ་རོང་ཟླ་བ་ཚེ་རིང་། འཕེལ་རྒྱས་སྒྲོལ་མ་མཚོ་མོ། ཀིརྟི་སྒྲོལ་དཀར་ལྷ་མོ། གསེར་རྟ་ཚུལ་ཁྲིམས་འོད་ཟེར། ཆབ་བྲག་ལྷ་མོ་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། བསྟན་འཛིན་མགོན་པོ་བཅས་དང་། གཞན། དབུ་མའི་ལམ་ཚགས་པར་རྩོམ་སྒྲིག་པ་རྨོག་རུ་བསྟན་པ། ས་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན། བཀའ་ཁྲིའི་དྲུང་ཡིག་བསྟན་འཛིན་དོན་ཡོད། ནོར་གླིང་མཐོ་སློབ་འགན་འཛིན་སྒྲོལ་དཀར་སྐྱབས། མདོ་སྨད་དབུས་རྒྱུན་དྲུང་ཆེ་རྒྱ་རིགས་ཐར། གངས་ལྗོངས་རང་བདེན་ཚོགས་གཙོ་བློ་བཟང་དཔལ་ལྡན། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ། འོད་དཀར་དྲ་ཚིགས་དོ་དམ་པ་གཟུངས་ཕྱུག་སྐྱིད། སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་འགྲུབ། མོན་གྷོ་ཊི་མདོ་སྨད་ས་རྒྱུན་ཚོགས་གཙོ་གངས་རི། མདོ་སྨད་དབུས་རྒྱུན་ཀརྨ་དགེ་ལེགས། བལ་ཡུལ་མདོ་སྨད་ས་རྒྱུན་ཚོགས་གཞོན་བཀྲ་ཤིས་དོན་འགྲུབ། སྨན་རྩིས་ཁང་གི་སློབ་སྤྱི་སྨན་པ་མཁྱེན་རབས། རྩོམ་པ་པོ་ཤེས་རབ་དར་རྒྱས། བོན་གཞིས་ས་གནས་དབྲ་རྩ་སྐལ་བཟང་ལྷ་མོ།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 78

  1. ཀརྨ། says:
    ལོ་ 15 སྔོན།

    དྲ་གྲོགས་རེ་ཟུང་གིས་རང་ཉིད་རྩ་མི་ཚང་བ་ཡིན་པར་མ་ཤེས་པར་ད་དུང། སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་རླབས་ཆེན་ཕྱག་ལས་གནང་བཞིན་པའི་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་དང། མདོ་སྨད་མི་མང་གིས་རེ་བ་ཤིན་ཏུ་ཆེ་བའི་སྐུ་ཞབས་རྨོག་རུ་བསྟན་པ་མཆོག་སོགས་ལ་སྐྱོན་བརྗོད་རེ་བྱས་ནས་བཞུགས་དང། སོ་སོ་ཅུང་ཙམ་སྐྱིད་པོ་འདུག་གམ། མིང་རྫུན་མ་རེའི་འོག་ནས་ཕྲག་ཏོག་ག་ཚོད་འཕར་ཀྱང་འདི་ལས་གཞན་བྱེད་ཐབས་ཟད་པ་རེད། ཤེས་སོང་ངམ། མི་ལ་འཇོན་ཐང་མེད་ཟེར་བ་འདི་ལས་གཞན་གང་ཡང་ཡོད་པ་མ་རེད། བསམ་བློ་ཞིབ་ཏུ་བཏང་ནས་བོད་མིའི་རྩ་དོན་ལ་ཕན་ངེས་ཀྱི་སྐད་ཆ་ཚིག་རེ་གཉིས་བཤད་ཐུབ་ན་ལས་གཞན་དུ་ཁ་བཙུམ་བསྡད་ན་བཟང་བར་མཐོང།

    Reply
  2. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    དབྲ་རྩ་སྐལ་བཟང་ལྷ་མོ་དང་བཟུང་འབྱུང་སྐྱིས་གཉིས་ལ་རེ་བ་ཡོད།

    Reply
  3. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    དྲ་གྲོགས་རོང་རྒྱལ་ཐང་པ་ལགས།་་་རང་ཉིད་སུ་ཡིན་བརྗེད་འདུག་གམ།་མིང་རྫུན་ཞིག་གི་འོག་གབ་ནས་ཁ་སྤོབས་མ་འཐེན་ན་མཛེས་ནིརེད།

    Reply
  4. རོང་རྒྱལ་ཐང༌། says:
    ལོ་ 15 སྔོན།

    མདོ་སྨད་མི་མང་གིས་སྤྱི་འཐུས་ས་བོན་བཏབ་པ་ལ་བསམ་ཚུལ་ཅུང་ཙམ་ཞུ་འདོད་བྱུང༌། མདོ་སྨད་དབུས་རྒྱུན་ལས་ཁང་གིས་གསལ་བསྒྲགས་བྱས་བ་དང་ལྷན་མི་མང་པོས་ཁ་ཡོད་ཚོད་ལག་ཡོད་ཚོད་ཀྱིས་གང་འདོད་འབྲི་བཞིན་འདུག་པར་བློ་ཕམ་བྱུང༌། ཡིན་ཡང༌། དོན་སྙིང་ལྡན་པའི་མཆན་བུ་རེ་བཏབ་ན་སུར་ཡིན་ཡང་བསམ་བློ་གཏོང་ནི་རེད། གང་ལྟར། ངས་གྲྭ་བ་གྲྭ་ལོག་དང་མི་རབས་རྒན་པ་ཚོ་སྤྱི་འཐུས་ནང་མ་ཡོང་ན་ཡག་པོ་འདུག་བསམས་ཀྱི་ཡོད། དེ་ཚོས་དེང་རབས་ཀྱི་ཤེས་ཡོན་དང་དེང་རབས་ཀྱི་ཆབ་སྲིད་སོགས་ཕྱོགས་གང་ཅིའི་ཐད་ཤེས་ནི་མ་རེད་སོ་སོའི་ས་ནས་ཆོས་རེ་བསྒྲུབ་ཐུབ་ན་ཡག་པོ་འདུག བྱས་ཙང༌། དེ་ལས་དཔེར་ན་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་གཉིས་ལྟ་བུ་མཚོན་ན་སྤྱིར་ད་ལྟའི་བོད་ཀྱི་རྩ་དོན་དང་བོད་རྒྱ་ཞི་མོལ་ལ་ཞིབ་འཇུག་རྒྱུས་མངའ་ཆེན་པོ་ཡོད་པ། སྒོས་སུ་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ལ་ཆ་རྒྱུས་སོགས་ཡོད་པས་ཡིན། དེ་རིང་གི་གསལ་བསྒྲགས་མཐོང་བ་དང་ལྷན་མདོ་སྨད་མི་མང་གི་གོ་རྟོགས་དང་བསམ་བློ་དེ་ལས་མེད་པ་ཚོར་གྱི་འདུག སྙིང་རྗེ། མདོ་སྨད་ལ་ཤེས་ཡོན་པ་ཡོད་ཟེར་བཞིན་ཡོད་ནི་རེད། དེ་ནི་སོ་སོ་བསྟོད་ནི་རེད། དངོས་ནས་རང་གིས་རང་ལ་ཅིག་དྲིས་དང་བཅས་ཞུ་རྒྱུ་ཡིན།

    Reply
  5. ཚེ་རིང། says:
    ལོ་ 15 སྔོན།

    ང་ཚོ་མདོ་སྨད་ཀྱི་ས་ཆ་མང་ཆེ་བ་ཞིག་༡༩༥༩ སྔོན་ནས་མ་པོའི་སྤང་གི་མངའ་འོག་ཏུ་ཡོད་ལ། བོད་རྒྱལ་ཁབ་ཡོངས་ཀྱིས་རང་བཙན་མ་ཤོར་སྔོན་ནས། གཞན་འོག་ཏུ་སོང་ཟིན་པ་ཞིག་རེད། འོན་ཀྱང་ཆོས་ཕྱོགས་ནས་བོད་ཀྱི་མངའ་ཁོངས་སྔར་ལྟར་ཡིན་པའི་སྲིད་ཇུས་དང་བག་ཆགས་གཉིས་ཀ་ཡོད་པ་རེད། ད་ལྟ་ཡང་མདོ་སྨད་ཀྱི་གནད་ཡོད་མི་སྣ་ཚོས་རང་བཙན་བཤད་ཀྱི་མེད་མེད། ཆོལ་ཁ་སྤྱིའི་ཆ་ནས་བཤད་ན། བཙན་བྱོལ་ནང་རང་བཙན་བཤད་མཁན་མདོ་སྨད་ཉུང་ཤོས་རེད། དེ་ལ་བརྟེན་ནས་ཡིན་ནམ།
    ཡང་ན་ད་ལྟའི་སྲིད་ཇུས་ཀྱི་དབང་གི་ཡིན་དང་། རང་བཙན་གྱི་འདུ་ཤེས་མེད་པས་ཡིན། གང་ལྟར་སྤྱི་འཐུས་འོས་མིའི་ནང་དུ་རང་བཙན་བཤད་མཁན་གཅིག་ཀྱང་བཀྲམ་མི་འདུག དཔེར་ན་སྤྱི་འཐུས་ལས་ཐོག་པ་སྲས་མཁས་གྲུབ་མ་གཏོགས་ཚང་མ་འདུག སྲས་མཁས་གྲུབ་ཀྱིས་དེ་སྔོན་གྲོས་ཚོགས་ཀྱི་སྟོང་པའི་དུས་ཚོད་ཅིག་ཆེད་དུ་བླངས་ནས། བོད་གཞུང་གི་སྲིད་ཇུས་དེ་རང་བཙན་དུ་སྒྱུར་དགོས་སྐོར་གསུངས་ཡོད།
    དེ་བཞིན་གཞོན་སྐྱེས་ཚོའི་ནང་ནས་ཤེས་ཡོན་པ། ཤང་བཟའ་རིན་པོ་ཆེ་དང། ལུང་རིག་རྒྱལ། མཁའ་འགྲོ་རྒྱལ་སོགས་ནི་གང་འཚམས་ཚད་ལྡན་ཡིན། གསེར་རྟ་རྫུན་མ་དང་ཨ་མདོ་རྫུན་ཚུལ་ཁྲིམས་འོད་ཟེར་དང། རྒྱ་རུང་རྫུན་མ་ཟླ་བ་ཚེ་རིང། ཡེ་ཤེས་སྒྲོལ་མ། འཕེལ་རྒྱས་སྒྲོལ་མ་སོགས་ལས། གོང་གི་ཤེས་ཡོན་པ་དེ་དག་བཟང། འོན་ཀྱང་དངོས་སུ་འོས་མི་མང་གིས་བླུགས་རྒྱུ་ཡིན་པས། སོ་སོར་རང་དབང་རེད།

    Reply
  6. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    དྲ་གྲོགས་ཁ་ཤས་སྨྱོ་བ་ལྟར་དོན་དངོས་ལ་རྟོག་ཞིབ་མེད་པར་བྱུང་རྒྱལ་དུ་མདོ་སྨད་དབུས་རྒྱུན་དང་སྤྱི་འཐུས་འོས་དམིགས་ཁག་ཅིག་ལ་སྐྱོན་བརྗོད་དང་དམའ་འབེབ་བྱེད་བཞིན་པ་ཤེས་ཡོན་པ་ཞིག་གི་འཁུར་དགོས་པའི་འགན་འཁྲི་མི་འཁུར་བར་སྤྱི་ཚོགས་ནང་རྙོག་གླེང་བཟོ་བའི་གོ་སྐབས་འཛིན་བཞིན་པ་ནི་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད།
    ཡང་འགའ་ཤས་ཤིག་ནས་བཙན་བྱོལ་གཞུང་གི་ཁྲིམས་སྒྲིག་ལ་སྣང་མེད་ཀྱིས་ཆོལ་ཁ་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་དམིགས་ཡོང་ཁོངས་རྒྱ་བལ་འབྲུག་གསུམ་ནས་ཡིན་པའང་མགོ་ཚོས་པར་ཧོལ་རྒྱུགས་ཀྱིས་ཕྱི་རྒྱལ་ཡུལ་ཁག་ཏུ་གནས་བཞུགས་མདོ་སྨད་པ་མང་པོ་ཞིག་ཧུར་སྒྲོག་བྱེད་ཀྱི་འདུག འདིས་མི་མང་ལ་ཕན་ཐོགས་ལྡོག་སྟེ་མགོ་རྨོངས་འཇུག་སྲིད་པས་དྲ་ངོས་སུ་ཕེབས་མཁན་རྣམས་ནས་ངེས་པར་དུ་བཅའ་སྒྲིག་དང་སྤྱི་སྨན་རྨང་གཞིར་བཟུང་སྟེ་བསམ་ཚུལ་གསུང་དགོས་པ་གལ་ཆེར་མཐོང༌།

    ༡༽སྤྱི་འཐུས་ཚོགས་སྤེན་པ་ཚེ་རིང་ལགས་ནི། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་རྒྱ་གཞུང་གི་སྲིད་ཇུས་བཅས་ལ་སྲིད་དོན་ཚན་རིག་གི་ཐོག་དཔྱད་ཞིབ་གནང་ཐུབ་མཁན་ཞིག་དང༌། དེ་བཞིནསྤྱི་དོན་ལྷག་བསམ་གཡོ་མེད་དང་རྩ་དོན་ཐོག་ལངས་ཕྱོགས་བརྟན་པའི་བཙན་བྱོལ་དཀྱིལ་འཁོར་ནང་གི་མི་སྣ་སྐད་གྲགས་ཅན་ཞིག་ཡིན།

    ༢༽རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནི། ཆབ་སྲིད་གོ་རྟོགས་མཐོ་བོ་མེད་ཀྱང་འཛིན་སྐྱོང་དོ་དམ་ཐད་ཉམས་མྱོང་ལྡན་ཞིང༌། དེ་བཞིན་སྤྱི་སྨན་ལྷག་བསམ་ལྡན་ལ་རྩ་དོན་ལངས་ཕྱོགས་བརྟན་པོ་ཡོད་པའི་མི་སྣ་ཞིག་ཡིན།
    ༣༽འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས་ནི། སློབ་སྦྱོང་ཚད་གཞི་མཐོ་ཞིང་སྲིད་དོན་གྱི་གོ་རྟོགས་གང་འཚམས་ཡོད་ལ་ལྷག་དོན་ལས་དོན་གང་ཞིག་སྒྲུབ་ཅིང་གཟབ་ནན་དང་ཞིབ་ཚགས་ཀྱིས་སྒྲུབ་མཁན་ཞིག་དང༌། རྩ་དོན་ལངས་ཕྱོགས་བརྟན་ལ་ལྷག་བསམ་དྲང་ཚིགས་ལྡན་པའི་མི་སྣ་ཞིག་ཡིན། འབུར་ཐོན་གྱི་ཞན་ཆ་ཞིག་ཡོད་པ་ནི་གྲོས་ཚོགས་ར་བ་ནས་གསུང་མི་འབྱོན་པ་དེ་ཡིན།
    ༤༽གསེར་རྟའི་ཚུལ་ཁྲིམས་འོད་ཟེར་ལགས་ནི། སྤྱི་དོན་ལ་ལྷག་བསམ་དྲང་ཚིགས་ལྡན་ལ་རྩ་དོན་ལངས་ཕྱོགས་བརྟན་བརླིང་ཡིན་པ། ལྷག་དོན་གཞི་རིམ་མང་ཚོགས་ཀྱི་བདེ་སྡུག་ལ་རྐང་འགན་ཐད་བཞེས་གནང་མཁན་གྱི་མི་སྣ་ཞིག་ཡིན།
    ༥༽ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ནི། བཙན་བྱོལ་ནང་སྤྱི་འཐུས་ལས་རྒྱུན་རིང་ཤོས་ཀྱི་འཐུས་མི་ཞིག་ཡིན་སྟབས། བཙན་བྱོལ་ནང་གི་དཀའ་རྙོག་གང་ལའང་རྒྱུས་མངའ་ཆེ་ཞིང་ལས་དོན་གང་སྒྲུབ་ལ་གོ་རིམ་དང་ཞིབ་ཆ་ལྡན་ཁར། ལྷག་བསམ་དང་རྩ་དོན་ལངས་ཕྱོགས་སྔ་བར་ཕྱི་གསུམ་དུ་བརྟན་པོ་ཡོད་པའི་མི་སྣ་ཞིག་ཡིན།
    ༦༽མདོ་སྨད་དབུས་རྒྱུན་ཀརྨ་དགེ་ལེགས་ལགས་ནི། ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་རྣམ་འགྱུར་དང་བཀའ་མོལ་གསུང་སྟངས་ལ་སྲིད་དོན་ཉམས་འགྱུར་ལྡན་ལ། ལྷག་དོན་ཕྱི་ནང་མི་རིགས་ལ་འབྲེལ་ལམ་འཛུགས་མཁས་ཤིང་རྩ་དོན་ལངས་ཕྱོགས་ཀྱང་བརྟན་པོ་ཡོད་པའི་མི་སྣ་ཞིག་ཡིན།
    ༧༽རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ནི། བོད་དུ་ནུབ་བྱང་མི་རིགས་སློབ་ཆེན་འགྲིམས་སྐབས་གསང་སྒྲིག་འཛུགས་བྱས་སྟབས་ལོ་གསུམ་བཙོན་འཇུག་བྱས་མོང་ཞིང༌། དམིགས་བསལ་བོད་གཞིས་སུ་གསང་བའི་འབྲེལ་ལམ་ཟབ་ཅིང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་རྒྱ་ནག་གི་སྲིད་ཇུས་ཐད་རྒྱུས་མངའ་ཆེ་ལ་ལྷག་བསམ་དང་རྩ་དོན་ལངས་ཕྱོགས་བརྟན་པོ་ཡོད་པའི་མི་སྣ་ཞིག་ཡིན།
    ༨༽རྨོག་རུ་བསྟན་པ་ལགས་ནི། བོད་སྤྱིའི་རྩ་དོན་ཐོག་ལྷག་བསམ་དང་ལངས་ཕྱོགས་བརྟན་པོ་ཡོད་ཅིང་གཞི་རིམ་མང་ཚོགས་ཀྱི་འཚོ་བ་དང་འཕྲོད་བསྟེན་ཐད་དམིགས་བསལ་ཁུར་གནང་མྱོང་ཞིང༌། བཙན་བྱོལ་ཁྲོད་སྤྱི་སྨན་གྱི་ལས་རིགས་སྣ་མང་ཁྲོད་ཕྱག་ལས་གནང་མྱོང་བའི་མི་སྣ་ཞིག་ཡིན། འབུར་ཐོན་གྱི་ཞན་ཆ་ཞིག་ཡོད་པ་ནི། ལས་དོན་གང་སྒྲུབ་ཀྱང་་མཇུག་བསྐྱེལ་མི་ཐུབ་པ་དེ་ཡིན།
    ༩༽བསོད་ནམས་རྒྱལ་མཚན་ལགས་ནི། ལོ་རྒྱུས་རིག་པར་མཁྱེན་རྒྱ་ཡངས་ཤིང་སྤྱི་སྨན་ལྷག་བསམ་ལྡན་ལ་རྩ་དོན་ལངས་ཕྱོགས་བརྟན་པོ་ཡོད་མཁན་ཞིག་ཡིན་ཡང༌། རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་ཐད་ཐུགས་རྒྱུས་དེ་ཙམ་མེད་པའི་མི་སྣ་ཞིག་ཡིན།
    ༡༠༽མགོ་ལོག་དམ་ཆོས་དཔལ་བཟང་ལགས་ནི། ཉེ་བའི་བོད་ནང་གི་རིག་གསར་སོགས་ཀྱི་གདུག་རྩུབ་ཆེ་བའི་ལས་འགུལ་གྱི་བྱུང་རིམ་ཐད་བྱང་ཆ་ལྡན་ཞིང༌། ལྷག་དོནལྷག་བསམ་གཡོ་མེད་དང་རྩ་དོན་ཐད་ལངས་ཕྱོགས་བརྟན་ཅིང་རྒྱའི་སྲིད་ཇུས་སྲིད་ལའང་རྒྱུས་མངའ་གང་འཚམས་ཡོད་པའི་མི་སྣ་ཞིག་ཡིན། གོང་གསལ་སྤྱི་འཐུས་ཀྱི་འོས་མིག་རྣམས་ྋགོང་ས་མཆོག་དང་བོད་གཞུང་ལ་དབུ་འོག་དཔུང་འདེགས་གནང་ཐུབ་པར་རེ་བ་ཆེ་ན། ལ་མདོ་སྨད་མི་མང་ནས་ཐུགས་ཞིབ་གནང་རོགས།

    Reply
  7. མིའུ་ཕྲུག says:
    ལོ་ 15 སྔོན།

    འདྲེ་རིག་ལྡན་གྱིས་འདེམས་པའི་སྤྱི་འཐུས་འདི་དག་ངོ་མ་ད་བར་སྤྱི་ཚོགས་དང་མི་རིགས་ལ་སེམས་ཁུར་ཅན་དང་། ད་དུང་ལ་རྒྱ་དང་ལྷག་བསམ་ཡོད་མཁན་ཤ་རྟག་རེད། ཁོང་ཅག་འདེམས་པའི་དབང་ཆ་ང་ལ་མེད་ཀྱང་ཐོབ་པའི་སྨོན་ལམ་ངས་ཞུ་ཆོག ད་དུང་བུད་མེད་གཅིག་འཚོལ་བཞིན་ཡོད་སྐད་ལ་དེ་ནི་ཚེ་རིང་སྐྱིད་ལས་ལེགས་པ་ཞིག་ནི་མདོ་སྨད་ལྟ་ཅི་བོད་ཆོལ་ཁ་གསུམ་ལའང་ཡོད་རྒྱུ་མ་རེད། ངས་མོ་བཀའ་ཁྲི་ལ་འདེམས་དགོས་སྙམ་མོད་བཀའ་སྤྱི་གཉིས་ཀྱིས་མོ་རྩོད་གཞི་བྱེད་ནས་བོད་ཀྱི་རྩ་དོན་སྒྲུབ་ཀྱིན་མ་རེད་དྲན་ཏེ་་་་་་་་་་

    Reply
  8. ཨ་མའི་བུ། says:
    ལོ་ 15 སྔོན།

    དེ་རིང་བར་དུ་སྒུག་པ་ཡིན། དབུས་རྒྱུན་གྱིས་ལན་གནང་མ་སོང་། ག་རེའི་སྐོར་ནས་གསལ་བོ་ཆགས་མ་སོང་ཟེར་ན། ས་གནས་ག་ཚོད་ཡོད་མེད་དང་དེ་དག་ཚང་མའི་བསམ་ཚུལ་ལམ་ས་བོན་གྱི་འོས་གཞི་སླེབས་ཡོད་མེད་དེ་རེད།

    ངས་དོགས་པ་བྱེད་ས་གཙོ་བོ་ནི། ས་གནས་ཚང་མ་མ་འདུས་གོང་ལ་ཁྱབ་བསྒྲགས་ཀྱི་བཅད་ཁྲ་ལྟ་བུ་དེ་ཡུལ་ཕྱོགས་གང་སར་བསྐུར་དོན་དེ་རེད། དེའི་རྒྱབ་ལྗོངས་ན་སྐབས་འཚོལ་བ་འགའི་དར་འཐག་གི་ལས་གཞི་ཞིག་ཡོད་པར་སྙམ་པ་དེ་ཡིན།

    ཡང་འབྲོག་རི་རྡོ་རྗེས་བཤད་པ་བཞིན་རེད། དཔེར་ན་ཀླུ་བྱམས་དང་ལུང་རིགས་གཉིས་ས་གནས་མང་བོར་འོས་གཞིའི་རྩེ་ཕུད་ཆགས་ཡོད། ངས་འདིའི་སྐོར་གྱི་ཁ་པར་ཞིག་བཏང་བ་ཡིན། རྡ་རམ་ས་ལའི་གྲོགས་པོ་ཞིག་གིས་ཕལ་ཆེར་ཁོང་གཉིས་རང་བཙན་རྩོད་མཁན་ཡིན་སྟབས་དབུས་རྒྱུན་གྱིས་བཀག་པ་མིན་འགྲོ་ཟེར། ངས་སྐད་ཆ་དེ་གོ་དུས་སྙིང་ལ་གྲིས་བརྒྱབ་པ་བཞིན་ཚ་བེར་བེར་བྱས་སོང་།

    དེ་དང་མཉམ་དུ་ང་ལ་བསམ་བློ་ཞིག་འཁོར་སོང་། ཉེ་སྔོན་འོད་དཀར་དྲ་ཚིགས་སུ་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་སོགས་ཀྱིས་དབུས་རྒྱུན་ལས་ལ་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། དེ་དུས་དབུས་རྒྱུན་གྱིས་མདོ་སྨད་སྤྱི་འཐུས་སུ་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཡོང་མི་ཆོག་པ་ལྟ་བུའི་གྲོས་ཆོད་ཅིག་ཡོད་པར་མཐོང་སོང་། དེ་དང་ད་རེའི་གནད་དོན་འདིའི་བར་ན་འབྲེལ་བ་ཤ་དང་ཁྲག་རེད། དེ་ལྟར་དཔྱད་པ་བཏང་ནས་འོང་ན་ར་མི་འཕྲོད་རྒྱུ་ཅང་མི་འདུག

    དེ་ཡིན་ན་ངས་ད་དུང་དྲི་བ་ཞིག་འདོན་གི་ཡིན། མདོ་སྨད་ཀྱི་འོས་ཤོག་འདི་མང་གཙོའི་འོས་ཤོག་རེད་དམ། འདི་རྒྱ་ནག་གིས་བརྗོད་བཞིན་པའི་སྲིད་དབང་སྒེར་གཅོད་ཀྱི་མང་གཙོ་མ་རེད་དམ།

    གནད་དོན་འདི་མདོ་སྨད་ཀྱི་གཞོན་སྐྱེས་ཚོས་རང་དགར་འཇོག་མི་སྲིད་པ་དང་འཇོག་མི་ཉན་པ་དེ་རེད། མི་ཁ་ཤས་ཀྱིས་གནའ་ནས་ད་བར་དུ་འདི་འདྲའི་རིགས་རྐྱང་བྱས་ནས་མདོ་སྨད་མི་མང་ལ་གྱོང་རེག་ནས་བསྡད་ཡོད། འདི་ནི་གཞན་གྱིས་གོ་ན་ངོ་ཚ་དགོས་པ་མ་རེད་དམ།

    འདི་ལ་བསྐྱར་ཞིབ་ཅིག་མ་བྱས་པར་རང་དགར་འཇོག་རྒྱུ་ཞིག་མ་རེད། སྤྱིར་བཏང་གིས་བཤད་ན་འདི་གནད་དོན་ཆེན་པོ་ཅང་མ་རེད། གཙོ་བོ་མཐའ་མའི་དངོས་གཞི་ཡིན་ཡང་། དབུས་རྒྱུན་གྱི་བྱེད་སྟངས་འདི་གཏན་ནས་འགྲིག་མེད། ཁོང་ཚོས་གོ་སྐབས་དམ་འཛིན་བྱས་ནས་ས་གནས་འགའ་ཤས་ཤིག་གི་བསམ་ཚུལ་དེ་མི་མང་ལ་བསྒྲགས་ནས་རེ་བ་ཅན་དག་ཤི་སྦས་རོ་སྦས་བྱེད་ཀྱི་ཡོད།

    འདིའི་སྐོར་ནས་དོགས་སློང་བྱེད་མཁན་འབྲོག་རི་རྡོ་རྗེ་ལགས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  9. འཇམ་དབྱངས། says:
    ལོ་ 15 སྔོན།

    ཡག་པོ་འདུག།

    Reply
  10. དབང་འདུས། says:
    ལོ་ 15 སྔོན།

    བསམ་བློ་གཟུ་བོར་གནས་ཤིང་ཉམས་ཞིབ་ཧུར་ཐག་བྱས་མཐར་ངས་རྙེད་པའི་མདོ་སྨད་སྦྱི་འཐུས་བཅུ་ནི།
    ༡་་་ཚོགས་གཙོ་སྤེན་པ་ཚེ་རིང་།
    ༢་་་་རྒྱལ་རོང་ཟླ་བ་ཚེ་རིང་།
    ༣་་་་་ཆབ་བྲག་ལྷ་མོ་སྐྱབས།
    ༤་་་་་འཕེལ་རྒྱས་སྒྲོལ་མ་མཚོ་མོ།
    ༥་་་་་་བཀའ་ཁྲིའི་སྒེར་དྲུང་བསྟན་འཛིན་དོན་ཡོད།
    ༦ ་་་་་་ཧྥའ་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ།
    ༧་་་་་སྤྱི་ཟུར་ཧོར་གཙང་འཇིགས་མེད།
    ༨་་་་་ནོར་གླིང་སྤྱི་ཁྱབ་འགན་འཛིན་སྒྲོལ་མ་སྐྱབས།
    ༩་་་་་ལ་རྩེ་དཔེ་མཛོད་ཁང་གི་རྒན་པདྨ་འབུམ།
    ༡༠་་་་་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱི་བཟའ་ཟླ་ཚེ་རིང་ལྷ་མོ།

    བཅས་ཡིན།

    Reply
  11. ཚོ་སྒོ་བ། says:
    ལོ་ 15 སྔོན།

    འོ་ད་ཡིན་ན། ཨམ་གསར་ཀླད་མེད་རྣམས་ནས་ཨམ་རྟགས་སྟོན་འགོ་ཚུགས་སོང་། སྙིང་རྗེ་བརྗོད་དོན་སྙིང་པོ་མེད་པ་རང་རེད། འོས་སུ་ལ་བླུགས་མ་བླུགས་རང་གི་འདོད་པ་རེད།
    ཡིན་ནའང་ཨམ་གསར་རྣམས་ཀྱི་ཡིག་གེའི་དག་ཆ་དང་ཚིག་གི་སྦྱོར་བ་ཡག་པོ་འདུག

    Reply
  12. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    འཕེལ་རྒྱས་སྒྲོལ་མ་མཚོ་མོ་ནི་སྔ་ལོའི་སྤྱི་འཐུས་གྲོས་ཚོགས་སྐབས་གྲོས་ཚོགས་དགྲུག་མཁན་དེ་རེད་། ཡིན་ནའང་། འོས་ཤོག་བླུག་སྐབས་ལུང་ཚན་ལ་ཤ་ཞེན་ཛོར་བོ་དེས། འཕེལ་རྒྱས་སྒྲོན་མ་མཚོ་་དང་།གསེར་རྟ་ཚུལ་ཁྲིམས་འོར་ཟེར་གཉིས་ལ་ཐོབ་རྒྱུ་ཉག་གཅིག་རེད།

    Reply
  13. འབྲོག་རུ་རྡོ་རྗེ། says:
    ལོ་ 15 སྔོན།

    དེ་རིང་ང་བལ་ཡུལ་ནས་འདིར་སླེབས་པ་ཡིན། དྷ་སར་སླེབས་མ་ཐག་དུས་བབ་དྲ་ཚིགས་ཀྱི་སྒོ་ཕྱེས་ནས་གསར་འགྱུར་འདི་མཐོང་དུས་སྤྱི་ཚོགས་ནང་གཞོན་སྐྱེས་མང་པོ་ཞིག་གིས་གླེང་ཞིང་བགྲོ་བའི་སྤྱི་འཐུས་ཀྱི་འོས་མིའི་མིང་ཐོ་འདིར་ཐོན་མི་འདུག་པས། བློ་ཕམ་དང་དོགས་སློང་ཞིག་རང་བཞིན་གྱིས་སླེབས་སོང་།
    ང་རང་བལ་ཡུལ་ན་ཡོད་པའི་སྐབས་སྟེ། ཟླ་ ༧ ཚེས ༤ ཉིན་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་གོ་སྒྲིག་འོག ཚོད་ལྟའི་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་བསྡུ་རུབ་བྱས་སོང་། སྐབས་དེར་མདོ་སྨད་བལ་ཡུལ་ས་གནས་རྒྱུན་ལས་ཀྱིས་སྤྱི་འཐུས་འོས་མི་འགའི་མིང་ཐོ་ཁྱེར་ཡོང་ནས་མང་ཚོགས་ནང་བསྒྲགས་སོང་། མིང་ཐོ་དེའི་ནང་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་སོགས་མེད་པར་བརྟེན། གཞོན་སྐྱེས་འགས་རང་གིས་འདོད་པའི་འོས་མིའི་མིང་ཐོ་མེད་པ་སོང་ཙང་། རང་གིས་འདོད་པའི་འོས་མིར་འོས་ཤོག་འཕེན་རྒྱུ་ཡིན་པའི་རེ་བ་བཏོན་པ་ལྟར། མཐར་མར་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ། ལྷ་ཆབ་སྤྱིན་པ་སོགས་ལ་འོས་གྲངས་གང་མང་ཞིག་ཐོན་འདུག
    ཡིན་ནའང་། ཐེངས་འདིར་ཁོང་ཚོའི་མིང་འདིར་ཐོན་མི་འདུག་པས་བློ་ཕམ་སྐྱེས་སོང་། རྒྱུ་མཚན་ང་རང་དྷ་ས་དང་བལ་ཡུལ་ལྡི་ལི་སོགས་སུ་འགྲོ་འདུག་བྱེད་སྐབས་གཞོན་སྐྱེས་མང་བོ་ཞིག་དང་མཉམ་དུ་འདིའི་སྐོར་ནས་གླེང་མོལ་བྱས་པ་ཡིན། ཁོང་ཚོའི་སེམས་ཁོང་གི་སྤྱི་འཐུས་ནི་ཀླུ་མཁར་བྱམས་སོགས་ཡིན་ཚུལ་མང་བོ་གླེང་གི་འདུག འོན་ཀྱང་འདིར་ཁོང་ཚོའི་མིང་མ་ཐོན་པའི་གནས་ཚུལ་གང་ཡིན་གསལ་བོ་ཤེས་མ་སོང་།
    ངའི་བསམ་ཚུལ་ཡིན་ན་སྤྱི་འཐུས་ཀྱི་འོས་མི་གཤམ་གྱི་འདི་དག་སླེབས་ན་ཡག་པོ་རེད་བསམ་གི་འདུག
    སྤེན་པ་ཚེ་རིང་། (སྤྱི་འཐུས་ཚོགས་གཙོ།)
    ཀླུ་མཁར་བྱམས། (བོད་གནས་ཉམས་ཞིབ་པ།)
    ལུང་རིགས་རྒྱལ། (དུས་བབ་རྩོམ་སྒྲིག་པ།)
    རྔ་བ་ཚེ་རྒྱམ། (སྐུ་སྒེར་དྲུང་ཆེ།)
    བཅུད་པར་གཡང་ཁོ་རྒྱལ། (འོས་བསྡུའི་འགན་འཛིན་ལས་རོགས།)
    པདྨ་འབུམ། (ལབ་ཙེ་དཔེ་མཛོད་ཁང་གི་འགན་འཛིན།)
    ལྕགས་མོ་མཚོ།(གསར་འགོད་པ།)
    སྒྲོལ་དཀར་སྐྱབས། (ནོར་གླིང་མཐོ་སློབ་ཀྱི་འགན་འཛིན།)
    སོགས་ཡིན།

    Reply
  14. འབྲོག་རུ་རྡོ་རྗེ། says:
    ལོ་ 15 སྔོན།

    དེ་རིང་ང་བལ་ཡུལ་ནས་འདིར་སླེབས་པ་ཡིན། དྷ་སར་སླེབས་མ་ཐག་དུས་བབ་དྲ་ཚིགས་ཀྱི་སྒོ་ཕྱེས་ནས་གསར་འགྱུར་འདི་མཐོང་དུས་སྤྱི་ཚོགས་ནང་གཞོན་སྐྱེས་མང་པོ་ཞིག་གིས་གླེང་ཞིང་བགྲོ་བའི་སྤྱི་འཐུས་ཀྱི་འོས་མིའི་མིང་ཐོ་འདིར་ཐོན་མི་འདུག་པས། བློ་ཕམ་དང་དོགས་སློང་ཞིག་རང་བཞིན་གྱིས་སླེབས་སོང་།
    ང་རང་བལ་ཡུལ་ན་ཡོད་པའི་སྐབས་སྟེ། ཟླ་ ༧ ཚེས ༤ ཉིན་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་གོ་སྒྲིག་འོག ཚོད་ལྟའི་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་བསྡུ་རུབ་བྱས་སོང་། སྐབས་དེར་མདོ་སྨད་བལ་ཡུལ་ས་གནས་རྒྱུན་ལས་ཀྱིས་སྤྱི་འཐུས་འོས་མི་འགའི་མིང་ཐོ་ཁྱེར་ཡོང་ནས་མང་ཚོགས་ནང་བསྒྲགས་སོང་། མིང་ཐོ་དེའི་ནང་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་སོགས་མེད་པར་བརྟེན། གཞོན་སྐྱེས་འགས་རང་གིས་འདོད་པའི་འོས་མིའི་མིང་ཐོ་མེད་པ་སོང་ཙང་། རང་གིས་འདོད་པའི་འོས་མིར་འོས་ཤོག་འཕེན་རྒྱུ་ཡིན་པའི་རེ་བ་བཏོན་པ་ལྟར། མཐར་མར་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ། ལྷ་ཆབ་སྤྱིན་པ་སོགས་ལ་འོས་གྲངས་གང་མང་ཞིག་ཐོན་འདུག
    ཡིན་ནའང་། ཐེངས་འདིར་ཁོང་ཚོའི་མིང་འདིར་ཐོན་མི་འདུག་པས་བློ་ཕམ་སྐྱེས་སོང་། རྒྱུ་མཚན་ང་རང་དྷ་ས་དང་བལ་ཡུལ་ལྡི་ལི་སོགས་སུ་འགྲོ་འདུག་བྱེད་སྐབས་གཞོན་སྐྱེས་མང་བོ་ཞིག་དང་མཉམ་དུ་འདིའི་སྐོར་ནས་གླེང་མོལ་བྱས་པ་ཡིན། ཁོང་ཚོའི་སེམས་ཁོང་གི་སྤྱི་འཐུས་ནི་ཀླུ་མཁར་བྱམས་སོགས་ཡིན་ཚུལ་མང་བོ་གླེང་གི་འདུག འོན་ཀྱང་འདིར་ཁོང་ཚོའི་མིང་མ་ཐོན་པའི་གནས་ཚུལ་གང་ཡིན་གསལ་བོ་ཤེས་མ་སོང་།
    ངའི་བསམ་ཚུལ་ཡིན་ན་སྤྱི་འཐུས་ཀྱི་འོས་མི་གཤམ་གྱི་འདི་དག་སླེབས་ན་ཡག་པོ་རེད་བསམ་གི་འདུག
    སྤེན་པ་ཚེ་རིང་། (སྤྱི་འཐུས་ཚོགས་གཙོ།)
    ཀླུ་མཁར་བྱམས། (བོད་གནས་ཉམས་ཞིབ་པ།)
    ལུང་རིགས་རྒྱལ། (དུས་བབ་རྩོམ་སྒྲིག་པ།)
    རྔ་བ་ཚེ་རྒྱམ། (སྐུ་སྒེར་དྲུང་ཆེ།)
    བཅུད་པར་གཡང་ཁོ་རྒྱལ། (འོས་བསྡུའི་འགན་འཛིན་ལས་རོགས།)
    པདྨ་འབུམ། (ལབ་ཙེ་དཔེ་མཛོད་ཁང་གི་འགན་འཛིན།)
    ལྕགས་མོ་མཚོ།(གསར་འགོད་པ།)
    སྒྲོལ་དཀར་སྐྱབས། (ནོར་གླིང་མཐོ་སློབ་ཀྱི་འགན་འཛིན།)
    སོགས་ཡིན།

    Reply
  15. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    སྤྱི་འཐུས་ལྷན་ཚོགས་ནི་རྩོམ་ཡིག་འགྲན་བསྡུར་བྱེད་ས་མིན་ལ། ཞབས་བརྟན་སྒྲུབ་སའམ་རྟགས་བསལ་གཏོང་ས་ཡང་མིན། དེ་བས། བོད་ཀྱི་སྤྱི་འཐུས་ཤིག་ཡིན་ན། གཙོ་བོ་བོད་ཕྱི་ནང་གི་གནས་བབ་ཤེས་མཁན་ཞིག་དང་། རྒྱལ་སྤྱི་དང་རྒྱ་ནག་གི་གནས་བབ་དང་བསྟུན་ནས་བཀའ་ཤག་གིས་ལག་བསྟར་བྱེད་ངེས་པའི་སྲིད་ཇུས་ཁག་ལ་དཔྱད་ཞིབ་དང་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་བཤད་ཤེས་མཁན་ཞིག་ཡིན་དགོས་ལ། བོད་ཕྱི་ནང་ཀུན་ལ་ཡོད་པའི་མདོ་སྨད་པ་དག་གི་བདེ་སྡུག་ལ་རྒྱུས་ཡོད་མཁན་ཞིག་དགོས། དེ་བས། ངས་རང་ཉིད་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་མདོ་སྨད་སྤྱི་འཐུས་ཐད་ལ་རང་གི་འོས་མི་འཚམས་སྦྱོར་བྱེད་རྒྱུ་ཡིན།

    ༡ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། (རྒྱལ་སྤྱི་དང་བོད་གཞུང་གི་ཆབ་སྲིད་འཕེལ་རིམ་སོགས་ཁྱོན་ཡོངས་ལ་རྒྱུས་མངའ་ཆེ།)

    ༢ སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། (ཤེས་ཡོན་ཐད་ནས་བཀའ་ཤག་གི་སྲིད་ཇུས་ཁག་ལེགས་སྤེལ་ཉེས་འགོག་གི་ཞབས་ཞུ་ཐུབ་པ་མ་ཟད། ད་ལྟའི་དབར་དུ་སྐད་ཆ་གང་ཞིག་བཤད་རུང་དྲང་བདེན་དང་རང་ཚུགས་ཐུབ་པའི་སྤྱི་འཐུས་ཚད་ལྡན་ཞིག་ཡིན)

    ༣ སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེས་རིང་། (ཡུན་རིང་སྤྱི་འཐུས་བྱས་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་སྔ་ཕྱིའི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་བས། མདོ་སྨད་སྤྱི་འཐུས་ཚོར་ཉམས་མྱོང་བརྒྱུད་བྱེད་ཐུབ།)

    ༤ སྤྱི་འཐུས་བསྟན་འཛིན་མགོན་པོ། (ཟམ་གདོང་རིན་པོ་ཆེར་རྣམ་པ་ཀུན་ཏུ་དགག་པ་བྱས་པའི་ཐལ་ཆ་ཆེན་པོ་ཡོད་རུང་། རྩ་བའི་ཆ་ནས་ཆོལ་ཁའི་ཕྱོགས་ཞེན་མེད་ལ། བསམ་ཕོད་པ་དང་། བཤད་ཕོད་པ། བོད་དང་རྒྱ་ནག་གི་སྲིད་ཇུས་ལ་རྒྱུས་མངའ་ཆེ།)

    ༥ མོན་གྷོ་འདོད་རྒུ་གླིང་གི་སྐུ་ཞབས་ཚེ་རིང་བག་གྲོ། (མི་མང་པོ་ཞིག་གིས་ཁོང་ལ་དོ་སྣང་བྱུང་མི་འདུག་མོད། འོན་ཀྱང་། ཁོང་ནི་གཞིས་ཆགས་སུ་སྐྱེས་པ་དང་། མཐོ་སློབ་ཐོན་པ། ཕྱི་རྒྱལ་དུ་བསྐྱོད་པ། མཐོ་སློབ་ཏུ་ཚོང་ལས་སློབ་སྦྱོང་བྱས་པ་ཇི་བཞིན་ད་ཆ་ICICI ཁེ་ལས་ཀྱི་ལས་བྱེད་ཡིན་པ། སྒེར་ངོས་ནས་ཚོང་ལས་སྒྲུབ་པ་སོགས། སྤྱིའི་ཆ་ནས་དཔལ་འབྱོར་འདུ་འགོད་ཐད་ལ་ཉམས་མྱོང་ཆེ་བས། བཙན་བྱོལ་བོད་མིའི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་བཀའ་ཤག་གི་སྲིད་ཇུས་ལ་གཞོགས་འདེགས་ཐུབ།)

    ༦ དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། (དུས་བབ་རྩོམ་སྒྲིག་གི་ལས་ཀ་ཡུན་རིང་བྱས་པས། བོད་དང་རྒྱ་ནག རྒྱལ་སྤྱི་བཅས་ཀྱི་སྲིད་ཇུས་ཀྱི་འགྱུར་བར་རྒྱུས་མངའ་ཡོད།)

    ༧ ཉམས་ཞིབ་པ་ཨ་ཚོགས་ཀླུ་མཁར་བྱམས། (བོད་རྒྱ་ཡིག་རིགས་གཉིས་ལ་ནང་བྱན་ཆུབ་པ་དང་། ཆབ་སྲིད་དབྱེ་ཞིབ་ཐད་ལ་ཐུན་མོང་མ་ཡིན་པའི་རིག་སྟོབས་ལྡན།)

    ༨ བཀའ་ཁྲིའི་དྲུང་ཡིག་བསྟན་འཛིན་དོན་ཡོད། (ཡུན་རིང་ཟམ་གདོང་རིན་པོ་ཆེའི་ཞབས་ཞུ་བྱས་པས་རིན་པོ་ཆེའི་དགོངས་པར་རྒྱུས་མངའ་ཆེ་བ་དང་། བོད་དབྱིན་ཧིན་གསུམ་ལ་རང་རྐྱ་ཐུབ་པའི་གཞོན་སྐྱེས་ཤེས་ཡོན་པ་གཤོག་པ་ཟུང་ལྡན་ངོ་མ་ཞིག་རེད།)
    ༩ བུད་མེད་གཅིག་འཚོལ་བཞིན་ཡོད། ་་་་་་་་

    ༡༠ བོན་གཞིས་ས་གནས་དབྲ་རྩ་སྐལ་བཟང་ལྷ་མོ། (རྒྱུས་མངའ་མེད། བལྟས་ཚོད་ལ་གསར་པ་ཞིག་རེད་འདུག་པས། གོ་སྐབས་ཤིག་སྤྲད་ནས་ཚོད་ལྟ་བྱེད་ན་ལེགས་པར་སྙམ་པ་ཡིན། )

    འདི་དག་ནི་བདག་གིས་སྤྱི་འཐུས་ཚོ་ཡིན་ལ། ད་དུང་། གོང་གི་མི་དེ་དག་ལས་སུ་དང་ཡང་བརྗེ་ཆོག་པའི་མི་གསུམ་ནི།
    སྨན་རྩིས་ཁང་གི་སློབ་གསོ་དང་སློབ་དཔོན་སྨན་པ་མཁྱེན་རབས་རྒྱ་མཚོ།
    ནོར་གླིང་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་སྒྲོལ་མ་སྐྱབས།
    ནོར་གླིང་རིག་གཞུང་འགན་འཛིན་སྒྲོལ་སྐྱབས།
    བཅས་ཡིན་ནོ། །

    Reply
  16. ཁྲི་གཡུང་དྲུང་། says:
    ལོ་ 15 སྔོན།

    དབྲ་རྩ་སྐལ་བཟང་ལྷ་མོ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།
    ཁོང་མོ་ནི་༡༩༧༤ཟླ་༤ཚེས་༢༤ཉིན་རྒྱ་གར་ཧི་མ་ཅལ་སོ་ལན་མངའ་སྡེ་རུ་སྐྱེས། ཌོ་ལན་ཇིར་གཞི་རིམ་སློབ་གྲྭར་འཛིན་གྲྭ་ལྔ་པའི་བར་ཆས་དེ་ནས་རྡ་ལ་ཧོ་སིའི་བོད་གཞུང་སློབ་གྲྭར་འཛིན་རིམ་བཅུ་པ་མཐར་ཕྱིན་བྱས།

    དེ་རྗེས་དབུས་བོད་ཀྱི་མཐོ་སློབ་ཝ་ར་ཎ་སིར་ལོ་ངོ་དྲུག་རིང་དབྱིན་ཧིན་སོགས་ཀྱི་སྐད་རིགས་ཐོག་བསླབ་པ་སློབ་གཉེར་གནང་། དེའི་སྐབས་ཝར་ཎ་གཡུང་དྲུང་བོན་གྱི་སློབ་ཕྲུག་ཚོགས་པའི་དྲུང་གཞོན་དང་དངུལ་གཉེར་སོགས་ལོ་ཤས་ལ་གནང་།

    ཕྱིས་སུ་ཌོ་ལན་ཇིར་གཞིན་ཆགས་སུ་ས་གནས་གཞན་ནུ་ཚོགས་པའི་དངུལ་གཉེར་བཅས་ཀྱི་འགན་ཡང་འཁུར། དེ་རྗེས་བཞུགས་སྒར་རྡ་སར་གནས་སྤོར་རྗེས་དབུས་སྣེ་ལེན་ཁང་དུ་ལོ་ཤས་རིང་བོད་རིགས་གསར་ཕེབས་རྣམས་པར་དབྱིན་སྐད་ཀྱི་སློབ་ཁྲིད་གནང་།

    ཕ་ཡུལ་ཨ་མདོ་ཤར་ཟིང་ཆུ་ཡིན་པ་དང་ད་ལྟའི་སྡོད་གནས་རྡ་རམ་ས་ལ་རུ་རྒྱུན་བཞུགས་སུ་མཆིས་པ་བཅས་ཀྱི་ངོ་སྤྲོད་རགས་བསྡུས་ཙམ་ཁོ་བོས་གང་ཤེས་ཙམ་འདིར་བཀོད་པ་ཡིན།

    Reply
  17. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་ལས་དབང་གི་ཁ་ཕྱོགས་སྟོན་མཁན་གྱི་ཁྲིམས་བཟོ་ལྷན་ཚོགས་ནི་གལ་ཆེ་རང་བཞིན་ཞིག་ཡིན་པ་སྨྲོས་མ་དགོས་པས་མདོ་སྨད་མི་མང་གིས་འདམ་ཁ་མ་ནོར་བ་བྱ་རྒྱུ་གལ་གནད་དུ་མཐོང་། ལྷག་དོན་མདོ་སྨད་མི་རེ་རེར་འོས་ཤོག་གི་ཐོབ་ཐང་ཡོད་པ་བཞིན་མི་སོ་སོས་འོས་མི་སྔོན་ཚུད་ནས་གྲ་སྒྲིག་ཡོད་ངེས་པ་ལྟར་ཕྲན་གྱིས་མཐོང་བཞིན་པའི་འོས་མི་གཤམ་གསལ་ལྟར་ལགས་ན་དེ་ལུགས་གཟིགས་གསོལ་ཡོང་བར་ཞུ།
    ༡སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།
    ༢རྒྱལ་རོང་ཟླ་བ་ཚེ་རིང་།
    ༣སྤྱི་འཐུས་ཆག་བྲག་ལྷ་མོ་སྐྱབས།
    ༤སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས།
    ༥སྭ་རཱ་མཐོ་སློབ་ཀྱི་དརྒེན་བསོད་ནམས་རྒྱ་མཚོ།
    ༦བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ།
    ༧ནོར་གླིང་མཉམ་ཞིབ་པ་རྡོ་རྗེ་དབང་ཕྱུག
    ༨རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་གྲུབ།
    ༩འཕེལ་རྒྱས་སྒྲོལ་མ་མཚོ་མོ།
    ༡༠སྤྱི་འཐུས་ཚེ་རིང་གཡུ་སྒྲོན།

    Reply
  18. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འདི་འབྲི་ཐང་གཉིས་པ་ཡིན་།་ཅིག་བྲིས་བྲིས་པའི་མཐའ་མར་ནག་འཐོམ་མེར་བུད་སོང་ཐ།་ཨ་ཁ
    ད་མདོར་བསྡུས་ན་གཞོན་རབ་པ་འགའ་ཞིག་སྤྱི་མཐུས་སུ་སླེམས་ན་འདོད་པས་གཤམས་ཀྱི་གཞོན་རབ་པ་ཚོ་གང་འདྲ་འདུག་
    ༡་ལུང་རིག་རྒྱལ
    ༢ཀླུ་མཁར་བྱམས
    ༣་སྤྲོ་ཚིགས་ཆོས་གྲགས
    ༤་ཇོ་ལེབ་ཆོས་འཕེལ
    གཞོན་རབ་པ་འདི་དག་ནི་དེང་དུས་ཀྱི་ཤེས་ཡོན་་དང་ཆབ་སྲིད་ཀྱི་གོ་རྟོགས་ཀྱང་མི་དམན་ཐོག་ཤན་གྱི་མ་གོས་པ་དྭངས་གཙང་ཁོ་ནའོ།
    སྤྱི་སེམས་ཁོ་ན་ལས་ངོ་དགའ་དང་སྤྲེལ་ལད་མིན་མོད་།།ནོར་པ་བྱུང་སྲིད་ན་དགོངྶ་སེལ་ཞུ་

    Reply
  19. བསེ་རུ་ར། says:
    ལོ་ 15 སྔོན།

    དྲ་གྲོགས་ཨ་མའི་བུ་ལགས་ཁྱོད་ཀྱིས་ང་དབུས་གཙང་ཡིན་པ་ཅི་ལྟར་ཤེས། ཕལ་ཆེར་ཁྱོད་ནོར་ཡོད་ཤས་ཆེ། དྲ་གྲོགས་བསེ་རུ་དང་ནོར་ཡོད་ན་ང་བསེ་རུ་མིན་བསེ་རུ་ར་ཡིན། དེ་ཤེས་པ་ཀྱིས་། མ་ཤེས་སྔོན་ནས་འུར་མ་རྒྱབ་རོགས་ཞུ། དེ་གཅིག་ཡིན། གཉིས་ནས་ཁྱོད་ཀྱིས་དབུས་རྒྱུན་ལ་ཁ་བཏང་། དུས་བབ་ལ་ཁ་བཏང་ན་ཡག་པོ་ཁྱོན་ནས་མི་འདུག ཁྱོད་ཀྱིས་དོགས་པ་ཟ་ཆོག་གི་རེད། ཞིབ་འཇུག་བྱེད་ཆོག་གི་རེད། འོན་ཀྱང་ཐག་མ་ཆོད་པའི་སྔོན་ནས་འུར་མ་བརྒྱབ་ན་ཡག་པོ་འདུག ཁྱོད་ཀྱིས་དངོས་གནས་ཤེས་འདོད་ན་དབུས་རྒྱུན་ལ་སོང་དང་། དབུས་རྒྱུན་གྱིས་ཁྱོད་ལ་གསལ་བཤད་ངེས་པར་དུ་བྱེད་ངེས། གལ་སྲིད་གསལ་བཤད་མ་བྱས་ན་སྐབས་དེར་ཁྱོད་ལ་བཤད་རྒྱུ་ཞིག་ཡོད་ནི་རེད། དེ་མིན་འདིར་འུར་ཅི་ལྟར་བརྒྱབ་ཀྱང་ཕན་ཐོག་ཡོད་པ་མ་རེད། མི་སེམས་དཀྲུགས་བྱེད་ཙམ་རེད། དེ་སེམས་ལ་ཟུང་། དེ་མིན་གུས་པས་བསམ་ན་ད་ཐེངས་དབུས་རྒྱུན་གྱིས་ཆོལ་ཁ་གཞན་དང་མ་འདྲ་བར་ལས་དོན་ཡག་པོ་ཞིག་ཁྱོང་འདུག་བསམ་སྟེ་དགའ་ནས་ཡོད། འདིར་ཆེད་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  20. ཨ་འཇིགས says:
    ལོ་ 15 སྔོན།

    ཚང་མས་སྐད་ཆ་ཐལ་ཆ་ཅན་གསུངས་ནས་གང་ཡང་མི་ཐུབ། མ་ཟད་མདོ་སྨད་དབུས་རྒྱུན་ལས་ནས་འོས་ཀྱི་ས་བོན་གཏོན་པ་འདི་ལ་དྲང་མོ་་བྱས་ཡོདམེད་ང་ལ་དོགས་མེད། དངོས་གནས་དོགས་པ་ཡོད་ན་རྒྱུན་ལས་ཁང་སོང་ནས་སྐད་ཆ་དྲིས་ནས་གསལ་པོ་བཟོ་ཆོག་རྒྱུ་རེད། མདོ་དོན་མི་དམངས་ཀྱི་བསམ་བློའི་གནས་སྟངས་དང་ངོས་འཛིན་གང་འདྲ་ཡིན་པ་གསལ་པོར་སྟོན་གྱིན་ཡོད་པར་ང་ཚོས་ཧ་གོ་དགོས་ཀྱི་འདུག

    Reply
  21. ཆོས་འཕེལ། says:
    ལོ་ 15 སྔོན།

    གཞན་རྣམས་ལ་རྒྱུས་ཅི་མེད། གལ་སྲིད་ང་མདོ་སྨད་ཁོངས་གཏོགས་ཤིག་ཡིན་ན། བོད་ལ་ལྷག་བསམ་དང་ཤེས་ཡོན་ཅན། ལུང་ཚན་ལ་ཞེན་ཆགས་ཛོར་བོས་བོད་ནང་མི་དཀྲུགས་མཁན་རྒན་བསོད་ནམས་རྒྱ་མཚོ་ལ་འོས་ཤོག་བླུག་ངེས་ཅན་ཡིན།

    Reply
  22. ཆོས་འཕེལ། says:
    ལོ་ 15 སྔོན།

    སྟོབས་རྒྱལ་གཉིས་གཉིད་སད་པ་མ་རེད། མདོ་སྟོད་མི་མང་ཡང་གཉིད་སད་ཐུབ་ཡོད་མ་རེད། བསོད་ནམས་སྟོབས་རྒྱལ་ནི། བོད་ཀྱི་སྤྱི་འཐུས་ཀྱི་ལས་གནས་ལས་ཀྱང་ཕྱི་རྒྱལ་དགའ་ནས་ཕེབས་པ་རེད། ཨོ་རྒྱན་སྟོབས་རྒྱལ་ནི། སྐུ་གཟུགས་བདེ་ཐང་གི་ནུས་ཤུགས་ཀྱིས་ལས་གནས་ལས་དགོང་པ་གནང་པ་རེད།
    མདོ་སྨད་པ་དང་མ་རྣམས་བསམ་གནོའི་ཡར་རྒྱས་དང་། འདུན་བཀྱོད་ཡིན་མདོག་ཞི་བོ་བྱེད་རེད་དེ། འོས་ཤོག་བླུག་སྐབས་ལུང་ཚན་ལ་ཤ་ཞེན་ཛོར་བོ་དེས། གསེར་རྟ་ཚུལ་ཁྲིམས་འོད་ཟེར་དང་། འཕེལ་རྒྱས་སྒྲོན་མ་མཚོ་གཉིས་ལ་ཐོབ་རྒྱུ་ཉག་གཅིག་རེད།

    Reply
  23. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འབྲི་ཤེས་ཀྱང་བཤད་མི་ཤེས་པ། བཤད་ཤེས་ཀྱང་སྒྲུབ་མི་ཤེས་པ། འདི་ལྟ་བུའི་སྤྱི་འཐུས་ཤིག་གིས་མདོ་སྨད་པ་དང་བོད་སྤྱི་ལ་ཕན་ཐོག་གང་ཡང་མེད། མི་རབས་གསར་པ་འཕོ་འགྱུར་འགྲོ་བཞིན་པའི་སྐབས་དང་བསྟུན་ནས་སྤྱི་འཐུས་ཀྱང་གསར་པ་ཡོང་དགོས་པ་ཞིག་རེད།མི་རབས་གསར་པ་མདུན་དུ་ཞོགས། སྤྱི་འཐུས་རྙིང་པས་རྒྱབ་ནས་སྐྱོར། རི་ཐུབ་ཀྱིས་རི་དང་ཡུལ་ཐུབ་ཀྱིས་ཡུལ་སྐྱོང་དགོས།

    Reply
  24. མགར་རྟོགས་སད། says:
    ལོ་ 15 སྔོན།

    མདོ་སྨད་རྟ་ཡིས་ཆོལ་ཁའི་དྲྭ་གྲོགས་རྣམས་པ།།
    ང་རང་གི་བསམ་ཚུར་འགའ་བཤད་འདོད་པ་ནི་འདི་ཡིན།
    དབུས་རྒྱུན་ལས་ཀྱི་དམིགས་ཡུལ་ཅི་ཞིག་ཡོད་པ་གང་ཤེས།།
    ཤེས་འཇོན་གཉིས་ལྡན་གྱི་ཕོ་རྒོད་ཚོ་བདག་པོ་བརྒྱག་ཤེས་ཀྱི་མི་འདུག
    མང་ཚོགས་ཁྲོད་ན་ཡིད་ཆེས་དང་གདེངས་འཇོག་ཚད་མཐོ་པོ་ཡོད་པའི་མི་སྣ་འདི་དག་སྤྱི་འཐུས་ཀྱི་གྲལ་དུ་མེད་པ་སྐྱོ་འོས་པ་ཞིག་རེད།།
    མགོ་ལོག་ཟླ་བ་ཐར།། རེ་གོང་བ་འཇིགས་མེད།། ལུང་རིགས་རྒྱལ།།
    ལྷ་ཆབ་སྦྱིན་པ།། ཀླུ་མཁར་བྱམས།། ཨ་རིགས་འགྱུར་མེད།།
    འདི་ཚོ་མདོ་སྨད་པའི་བདག་པོ་རྒྱག་མ་ཤེས་ན།
    ཨ་མདོ་བ་བློ་རིག་གསལ་ཟེར་བ་འདི།། གནའ་མའི་གཏམ་དཔེ་ལ།
    སྤྲེའུ་མི་ཤེས་དགུ་ཤེས།། རང་རྩ་འདུད་པ་གྲོལ་མི་ཤེས།།
    ཟེར་བ་དང་གཅིག་མཚུངས་ཡིན་པའི།། འདང་གཟབ་གཟབ་དང་སྤྱན་ཆེས་ཆེས་་གནང་རོགས།།

    Reply
  25. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཚིགས་བཅད་ཐ་རེ་ཐོ་རེ་ཙམ་འབྲི་ཤེས་མཁན་ཤ་སྟག་མདོ་སྨད་ཀྱི་སྤྱི་འཐུས་ནང་སླེབས་པ་ཡིན་ན། མདོ་སྨད་མི་མང་ཚོས་བོད་སྤྱིའི་ཆབ་སྲིད་ཀྱི་ཆགས་འཇིག་བའི་དགོས་མཁོ་ལ་མ་བསྟུན་པར་གང་ཟག་རེ་ཟུང་གི་ངོ་གདོང་ལ་བལྟས་པའི་ལྟས་ངན་བསྒྲུབ་སྟེ་འགྲུབ་སོང་བའི་རྟགས་རེད། འདི་ལྟ་བུའི་ཚིགས་བཅད་ཤོ་ལོ་ཀ་རེ་གཉིས་ཙམ་འབྲི་ཐུབ་མཁན་ཚོར་དགོས་མེད་ཀྱི་ང་རྒྱལ་རི་ལས་ཆེ་ཞིང་། ཕྲག་དོག་དང་ཞེན་ཁོག་གིས་མེ་ལྕེ་འབར་བཞིན་དེང་དུས་ཀྱི་ཤེས་འཇོན་དབུལ་བའི་གླང་གོག་ཤ་སྟག་གི་སྤྱི་འཐུས་ཤིག་ཆགས་མ་སོང་བའི་སྔོན་ནས་སྔོན་བརྡ་ཙམ་ཡིན།

    Reply
  26. གྲྭ་རྒོད says:
    ལོ་ 15 སྔོན།

    ངས་འོས་གཞི་གསར་བའི་ནང་ནས་སྤྱི་འཐུས་ལས་ཐོག་པ་སྤེན་པ་ཚེ་རིང་། འཕེལ་རྒྱས་སྒྲོལ་མ ། གསེར་རྟ་ཚུལ་ཁྲིམས་འོད་ཟེར ། རྒྱ་རོང་ཟླ་བ་ཚེ་རིང་ །
    ཡི་ཤེས་སྒྲོལ་མ་ལྔ་ནི་འོས་བསྐྱརཏུ་བླུགས་རྒྱུ་ཡིན ། གསར་བ་ནི ། ས་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན། བཀའ་ཁྲིའི་དྲུང་ཡིག་བསྟན་འཛིན་དོན་ཡོད།
    ནོར་གླིང་མཐོ་སློབ་འགན་འཛིན་སྒྲོལ་དཀར་སྐྱབས།
    མདོ་སྨད་དབུས་རྒྱུན་དྲུང་ཆེ་རྒྱ་རིགས་ཐར། རྩོམ་པ་པོའི་
    མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་འགྲུབ།བཀུར་འོས་བ་དག་འདི་ན་འདུག་འདི་ངོ་མ་ཅན་གི་མདོ་སྨད་མི་མང་གི་འཚབ་བྱེད་ཐུབ་གི

    Reply
  27. གྲྭ་རྒོད says:
    ལོ་ 15 སྔོན།

    ཤིང་བཟའ་ཟེར་བ་དང་མོག་རུ་ཟེར་བ་དེ་ཚོ་མདོ་སྨད་མི་མང་གི་སྐུ་ཚབ་ཉན་ནི་མ་རེད།ནོར་ཡོངས།མིང་ཆེ་ནས་ཕན་ཐོག་མེད།དོན་དགོས།

    Reply
  28. གྲྭ་རྒོད says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།
    ༢ སྤྱི་འཐུས་ལས་ཐོག་རྒྱལ་རོང་ཟླ་བ་ཚེ་རིང་།
    ༣ སྤྱི་འཐུས་ལས་ཐོག་གསེར་རྟ་ཚུལ་ཁྲིམས་འོད་ཟེར།
    ༤ སྤྱི་འཐུས་ལས་ཐོག་ཆབ་བྲག་ལྷ་མོ་སྐྱབས།
    ༥ ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན།
    ༦ སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས།
    ༧ ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ།
    ༨ གངས་ལྗོངས་རང་བདེན་ཚོགས་གཙོ་བློ་བཟང་དཔལ་ལྡན།
    ༩ འོད་དཀར་དྲ་ཚིགས་དོ་དམ་པ་གཟུངས་ཕྱུག་སྐྱིད།
    ༡༠ སྤྱི་འཐུས་ལས་ཐོག་འཕེལ་རྒྱས་སྒྲོལ་མ་མཚོ་མོ།འདི་དག་ལ་དགའ་བསུ་ཡོད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese