མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་བསྐྲུན་པར་མིའི་ཀུན་སྤྱོད་མེད་དུ་མི་རུང་།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp
ནང་སེམས་ཀྱི་ཞི་བདེ་ཞེས་པ་དེ་ཕན་ཚུན་གཅིག་ལ་གཅིག་རྟེན་བྱས་ཏེ་ཡོང་གི་ཡོད་པས།མ་འོངས་སྤྱི་ཚོགས་ནང་ཞི་བདེ་བསྐྲུན་ཐབས་སུ་མིའི་ཀུན་སྤྱོད་ལེགས་པོ་མེད་དུ་མི་རུང་བས།དེའི་ཐད་མི་རེ་རེ་ནས་ཉིན་རྒྱུན་འཚོ་བའི་ནང་ཀུན་སྤྱོད་གོང་མཐོར་གཏོང་ཐབས་བྱ་དགོས་ཞེས་༸གོང་ས་མཆོག་གིས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་རྣམས་ལ་གསུངས་ཡོད།
ལྡི་ལི་གཙུག་ལག་སློབ་གཉེར་ཁང་གིས་གསོལ་བ་བཏབས་པ་ལྟར།ཟླ་འདིའི་ཕྱི་ཚེས་༨ཉིན་༸གོང་ས་མཆོག་བཞུགས་སྒར་ནས་ལྡི་ལིར་ཆིབས་བསྒྱུར་གནང་ཡོད་ལ།ཁ་སང་ཕྱི་ཚེས་༩ཉིན་གྱི་ཞོགས་པར་གཙུག་ལག་སློབ་གྲྭ་དེ་ཉིད་ཀྱི་དགེ་སློབ་རྣམས་ཀྱི་ཕེབས་བསུའི་ཁྲོད་གཙུག་ལག་སློབ་གྲྭའི་ནང་ཞབས་སོར་བདེ་བར་འཁོད་དེ་དེར་ཡོད་དགེ་སློབ་༡༥༠ལྷག་ལ་མི་ཚེ་ཞེས་པ་དེ་ཅི་ཞིག་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
སྐབས་དེར་༸གོང་ས་མཆོག་གིས་དེར་ཡོད་དགེ་སློབ་རྣམས་ལ།ཁྱེད་རང་ཚོ་དུས་རབས་ཉེར་གཅིག་པའི་སྐབས་ཀྱི་མི་རབས་གསར་བ་ཞིག་ཆགས་ཡོད།ཡིན་ནའང་།ཁྱེད་རང་ཚོས་འདས་ཟིན་པའི་འཐབ་རྩོད་དང་དཀའ་ངལ་གྱི་ལོ་རྒྱུས་ལ་རྒྱུས་ལོན་བྱས་ཏེ་དུས་རབས་ཉེར་གཅིག་པ་འདིའི་ནང་མིའི་རིགས་ལ་ཞི་བདེ་བསྐྲུན་ཐབས་སུ་འབད་བརྩོན་བྱ་དགོས་པ་རེད།ཞི་བདེ་ཞེས་པ་དེ་ཕྱིའི་དཔལ་འབྱོར་འཚོལ་སྒྲུབ་ཁོ་ནར་བརྟེན་ནས་ཡོང་རྒྱུ་ཞིག་མིན་སྟབས།ང་ཚོས་ནང་སེམས་ཀྱི་ཞི་བདེ་འཚོལ་དགོས་པ་རེད་ལ།ནང་སེམས་ཀྱི་ཞི་བདེ་ཞེས་པ་དེ་ཡང་མི་སྒེར་སོ་སོར་དཀའ་ངལ་མེད་པའི་གནས་ཚུལ་ཙམ་མ་ཡིན་པར།ང་ཚོ་འཚོ་སྡོད་ཀྱི་ཁོར་ཡུག་ནང་ཞི་བདེ་ཡོང་ཐབས་དང་དཀའ་ངལ་ཇི་འདྲ་ཞིག་ལ་འཕྲད་ཀྱང་ཐར་ཐབས་བྱ་དགོས་པ་རེད་ཅེས་གསུངས་ཡོད་པ་དང་།མིའི་སྤྱི་ཚོགས་ནང་ཞི་བདེའི་ཁོར་ཡུག་བསྐྲུན་ཏེ་དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་བྱ་དགོས་ཞེས་བཀའ་སློབ་གནང་ཡོད་འདུག
ཡང་༸གོང་ས་མཆོག་གིས། འདས་པའི་ངོ་ལོ་༣༠༠༠ལྷག་གི་ཡར་སྔོན་ནས་རྒྱ་གར་ནང་ཆོས་ལུགས་ཀྱི་ལྟ་གྲུབ་འདྲ་མིན་བྱུང་སྟེ།ཆོས་ལུགས་ཕན་ཚུན་བར་ལྟ་གྲུབ་ཀྱི་ཐོག་རྩོད་པ་དང་དགག་བཞག་བྱས་ཡོད་ཀྱང་།ཆོས་ལུགས་ཕན་ཚུན་བར་བརྩི་བཀུར་ཆེན་པོ་གནངས་ཡོད་པ་ལྟར།ད་ལྟའི་དུས་རབས་འདིའི་ནང་དུའང་ཆོས་ལུགས་མི་མཐུན་པའི་བར་བརྩི་བཀུར་བྱ་དགོས།ནང་སེམས་ཀྱི་ཞི་བདེ་ཞེས་པ་དེ་ཕན་ཚུན་གཅིག་ལ་གཅིག་རྟེན་བྱས་ཏེ་ཡོང་གི་ཡོད་པས།མ་འོངས་སྤྱི་ཚོགས་ནང་ཞི་བདེ་བསྐྲུན་ཐབས་སུ་མིའི་ཀུན་སྤྱོད་ལེགས་པོ་མེད་དུ་མི་རུང་བས་དེའི་ཐད།མི་རེ་རེ་ནས་ཉིན་རྒྱུན་འཚོ་བའི་ནང་ཀུན་སྤྱོད་གོང་མཐོར་གཏོང་ཐབས་བྱ་དགོས།
དེང་སྐབས་ཨ་རི་དང་ཁེ་ན་ཌ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གཞོན་སྐྱེས་གང་མང་ཞིག་ལ་སེམས་ནང་ཞི་བདེ་མེད་པའི་དཀའ་ངལ་གྱི་དབང་གིས་རང་སྲོག་གཅོད་པ་སོགས་ཀྱི་གནས་ཚུལ་ཐབས་སྐྱོ་བོ་དེ་འདྲ་འབྱུང་གི་ཡོད་སྟབས།མ་འོངས་པར་སློབ་གྲྭའི་ནང་དམིགས་བསལ་གྱིས་འགྲོ་བ་མིའི་ཞི་བདེ་གོང་མཐོར་གཏོང་ཐབས་སྐོར་གྱི་སློབ་ཚན་གོ་སྒྲིག་གནང་སྟེ།ལོ་ངོ་དུ་མའི་རྗེས་སུ་དེ་ལ་ནུས་པ་གང་འདྲ་ཞིག་ཡོང་གི་ཡོད་མེད་ཀྱི་ཐད་ལ་བསྐྱར་ཞིབ་བྱ་ཆོག་གི་རེད་ལ།ཁྱེད་རང་ཚོ་དུས་རབས་ཉེར་གཅིག་པའི་མི་རབས་ཤིག་ཡིན་པ་དང་སློབ་ཆེན་པ་ཡིན་པའི་ཆ་ནས།མི་རེ་རེ་ནས་སྤྱི་ཚོགས་ནང་ཞི་བདེ་བསྐྲུན་པར་འབད་བརྩོན་བྱ་དགོས་ཞེས་བཀའ་སློབ་གནང་ཡོད་ལ།བརྗོད་གཞི་དང་འབྲེལ་བའི་ཐད་དེར་ཡོད་དགེ་སློབ་རྣམས་ཀྱིས་དྲི་བ་དྲིས་ལན་གནང་ཡོད་པ་རེད།
དེ་རིང་ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་ལྡི་ལི་གཙུག་ལག་སློབ་ཁང་དུ་རྒྱ་གར་གྱི་བདེ་སྲུང་ཚན་རིག་སློབ་སྟོན་མཁས་དབང་སྐུ་ཞབས་ཀོ་ཐཱ་རིས་ (Kothari) མཆོག་རྗེས་དྲན་གྱི་ཆེད་དུ་སྐོང་འཚོགས་གནང་བའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་སྟེ། སྟོང་ལོ་གསར་བའི་བཟང་སྤྱོད་Ethics For The New Millennium ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་ལ།དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ The Embassy of Czech Republic  ཁང་གིས་༸གོང་ས་མཆོག་དགུང་གྲངས་ ༧༥ཕེབས་པར་དགའ་བསུའི་འཚམས་འདྲི་མཚོན་ཆེད།གསོལ་སྟོན་ཞིག་གོ་སྒྲིག་གནང་བའི་སྟེང་ཕེབས་རྒྱུ་ཡིན་ཚུལ་ལྡི་ལི་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་བརྗོད་ཡོད་པ་རེད།
གསར་འགོད་པ།དོན་གོ། 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 6

  1. དྲང་བདེན་གི་གཏམ་ says:
    ལོ་ 16 སྔོན།

    གང་ཞིག་ལ་ཀུན་སྤྱོད་ལེགས་པོ་བརྗོད་དམ། བཀའ་འདྲི་བཞུ་རྒྱུར་ རང་རེའི་དགེ་བའི་བཤེས་གཉེན་ལ་ལོག་པར་སྨྲ་བ་ནི་ཀུན་སྤྱོད་ལེགས་པ་ཡིན་ནམ་མིན།

    Reply
  2. ནད་པ says:
    ལོ་ 16 སྔོན།

    ཕྱི་ལོ་ ༡༩༥༩ བསྐལ་པ་ཡར་ཐོག་གི་སྔོན་ལ་བོད་འབངས་ལྷ་མི་ཡོངས་ཀྱིས་མ་གྲོས་བསམས་པ་གཅིག་མཐུན་གྱིས་སྒོ་ནས་༸ རྒྱལ་བའི་ཡོངས་འཛིན་ལྷན་གཉིས་ལ་རེ་བསྐུལ་ཞུ་ནན་མཛད་དེ་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་

    ༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་ཆེད་གསོལ་འདེབས་ཞིག་བརྩམས་ནས་ཆོལ་གསུམ་བོད་རིགས་ཡོངས་ཀྱིས་སྔར་ནས་ད་བར་གསོལ་འདེབས་སྨོན་ལམ་འདི་བཏོན་དང་འདོན་བཞིན་ཡོད་པ་སྟེ།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། ། སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། ། འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །

    ཅེས་དང་ཡང་སྐབས་དེའི་བོད་འབངས་ཡོངས་ཀྱིས་རེ་བར་ལྟར།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །

    ཅེས་གངས་ཅན་བོད་འབངས་ཀྱི་རྗེ་བོ་ལྷ་གཅིག་ཕྱག་ན་པདྨོ་༸ རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཅི་གསུངས་བཀའ་བཞིན་སྒྲུབ་ན་ཀུན་བཟང་མཆོད་མཆོག་རྒྱ་མཚོ་ལས་ལྷག་ཡོད་ཅེས་གསུངས་པ་དེ་དོན་ལ་གནས་ཡོད།

    Reply
  3. lyonhomme says:
    ལོ་ 16 སྔོན།

    འདི་ཚོ་ལ་ཡིད་ཆེས་ཞེ་དྲག་མེད། གང་ཡིན་ཟེར་ན་ལྡི་ལི་སློབ་འཕྲུག་སྟོང་བཞི་ཡོད་་པ་ནང་ནས་༧༠༠ མ་གཏོགས་འོས་བླུགས་ཀྱི་ཐོ་འགོད་བྱས་མི་འདུག སློབ་མ་འདི་ཚོས་ཁོང་གི་དུས་ཚོད་འཕྲོ་རླག་དུ་གཏོང་གི་ཡོད་ནི་རེད་ རེ་བ་ཆེན་པོ་མེད་

    Reply
  4. lyonhomme says:
    ལོ་ 16 སྔོན།

    ཨ་རི་གསར་འགྱུར་ནང་བརྗོད་པ་ལྟར་ན་ལྡི་ལི་ལ་བོད་པའི་སློབ་འཕྲུག་སྟོང་བཞི་ཡོད་པ་དང་དེ་ནང་ནས་༧༠༠ ཡིས་མ་གཏོགས་བཀའ་བློན་འཁྲི་བ་འོས་བླུགས་ཀྱི་ཐོ་འགོད་བྱས་མེད་རབས་བཤད་ཀྱི་འདུག དེ་ལ་ལྟོས་ན་འདི་ཚོ་སློབ་གྲ་བ་ཆེན་པོ་ཡིན་ཟེར་བ་ལ་བལྟ་རྒྱུ་ཅིག་ལ་ཡོད་ནི་མ་རེད། ཁོང་གི་་མདུན་ལ་འགྲོ་དུས་ཁོ་ལས་ལྷག་ཅིགགང་ན་ཡོད་འདྲ་བོ་བྱས་ནི་བསྡད་ཡོད་པ་ལ་ལྟོས་དང་། སེམས་པ་སྐྱོ་བོ་འདུག

    Reply
  5. འབྲོང་ཕྲུག་རང་སྐྱ་བ། says:
    ལོ་ 16 སྔོན།

    རིན་ཐང་བྲལ་བའི་ཆུ་ཚོད་དང་བཀའ་སློབ་ལམ་སྟོན་སོགས་ནི་ཉན་མཁན་ཚོའུ་ངོའི་ནས་ཡང་དོན་མེད་ངང་འཕྲོ་བརླག་དང་སྣང་མེད་ལ་མི་གཏོང་རྒྱུ་རེ་འདུན་ཞུ་

    Reply
  6. རང་རྟོན། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གིས་གསུང་བཤད་ལ་རིན་ཐང་ཡོད་ཀྱང་ཉན་མཁན་ལ་རིན་ཐང་དེ་ཙམ་མེད་པས་༧གོང་ས་མཆོག་གི་རིན་ཐང་བྲལ་བའི་དུས་ཚོད་དག་ཆུད་ཟོས་སུ་བཏང་བ་གྲངས་ཀྱིས་ག་ལ་ཆོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese