མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་རྩོམ་པ་པོའི་བོད་དོན་སྐོར་གྱི་དཔེ་དེབ་གསུམ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་བཏང་འབྱོར་བྱུང་བའི་གནས་ཚུལ་ནང་། བྱང་ཨ་རིར་བཞུགས་མཁན་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཀྲན་ཕོ་ཁུང་དང༌།  བུད་མེད་རྩོམ་པ་པོ་ལི་ཅང་ལིན།  ཁེ་ཎ་ཌར་བཞུགས་མཁན་བུད་མེད་རྩོམ་པ་པོ་ཀྲུའུ་རུའེ་བཅས་ནས་ལོ་འདིའི་ནང་སྔ་ཕྱིར་བོད་དོན་དང་འབྲེལ་བའི་སྐོར་ལ་རྒྱ་ཡིག་ཐོག་དེབ་རེ་བྲིས་ཏེ་ཧོང་ཀོང་དང༌ཐེ་ཝན་ཨ་རི། ཁེ་ན་ཌ་བཅས་སུ་བཀྲམས་ཏེ་བྲིན་རྒྱུག་ཆེན་པོ་བྱུང་ཡོད་འདུག

 

རྒྱ་རིགས་རྩོམ་པ་པོ་ཀྲན་ཕོ་ཁུང་གིས་བྲིས་པའི་དེབ་ཀྱི་མིང་ལ། ༼ ཀྲུང་ནན་ཧའེ་ཡི་གདོང་རིས་ངོ་མ ༽ ཟེར་ཞིང༌། དེབ་དེའི་ནང་རྒྱ་ནག་དཔོན་རིགས་ཚོའི་ནང་ཁུལ་དུ་དབང་ཆའི་འཐབ་རྩོད་རྣོ་ངར་ཆེ་བ་དང་། དབང་ཆ་འཐབ་རྩོད་དེའི་དབང་གིས་ལྐོག་ཟ་རིལ་སུངས་དང་། ཁྲིམས་སྒྲིག་ལས་བརྒལ་བའི་བྱ་སྤྱོད་མང་པོ་སྤེལ་གྱིན་ཡོད་པའི་སྐོར་ཞིབ་ཕྲ་བྲིས་ཡོད་པ་མ་ཟད། དེབ་དེའི་ནང་གི་ལེ་ཚན་དྲུག་ཙམ་བོད་དོན་སྐོར་ཡིན་ཞིང་། རྩོམ་པ་པོ་ཁོང་གིས་ཨ་རིའི་བོད་གཞུང་སྐུ་ཚབ་དོན་ལ་བརྗོད་པ་ལྟར་ན། ཁོང་གིས་བྲིས་པའི་དེབ་དེ་ཧོང་ཀོང་དཔར་སྐྲུན་བྱས་ཏེ་བྲིན་རྒྱུག་ཧ་ཅང་ཆེན་པོ་བྱུང་སྟེ། དཔར་ཐེངས་དང་པོ་ཡོངས་སུ་རྫོགས་ཟིན་པ་དང༌།  ད་ལྟ་དཔར་ཐེངས་གཉིས་པ་དཔར་སྐྲུན་བྱེད་བཞིན་ཡོད་ཅེས་བརྗོད་འདུག

 

 

ཁེ་ཎ་ཌར་གནས་བཞུགས་རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རུའེ་ཡིས་བྲིས་པའི་དེབ་ཀྱི་མིང་ལ། ༼ བོད་སྐོར་ལ་ཉན་ཏེ། རྒྱ་རིགས་ཤིག་གི་ལྟ་ཚུལ ༽ ཟེར་ཞིང༌།  དེབ་དེའི་ནང་ྋགོང་ས་མཆོག་གིས་བཏོན་གནང་མཛད་ཅིང༌། བོད་མི་མང་ཚོགས་བརྒྱ་ཆ་དྲུག་ཅུ་རེ་བཞི་ ༦༤ ལྷག་གིས་རྒྱབ་སྐྱོར་ཐོབ་ཡོད་པའི་དབུ་མའི་ལམ་དེ་ནི། བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན་སྐོར་དང༌། འདས་པའི་མི་ལོ་ ༥༠ ནང་ྋགོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམངས་གཙོའི་ལམ་བཟང་གསར་གཏོད་མཛད་ཅིང་། ཁོང་གི་རླབས་ཆེན་གྱི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་ཚོས་ཆོས་དང་རིག་གཞུང་། སོ་སོའི་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་དང་དར་སྤེལ་བཏང་བར་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་རླབས་ཆེན་ཐོན་ཡོད་ཚུལ་སོགས་བརྗོད་ཡོད་འདུག

 

 

རྩོམ་པ་པོ་ལི་ཅང་ལིན་གྱིས་བྲིས་པའི་དེབ་ཀྱི་མིང་ལ། ༼ ཕྱི་ལོ་ ༡༩༥༩ ལོའི་ལྷ་ས།  ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་དོན་གང་ཡིན་ནམ ༽ ཞེས་ཟེར་ཞིང་ཧོང་ཀོང་དུ་པར་སྐྲུན་བྱས་ཡོད་འདུག དེབ་དེའི་ཁྱད་ཆོས་གཙོ་བོ་ནི་ ༡༩༥༩ ལོའི་དོན་རྐྱེན་དངོས་སུ་བརྒྱུད་མྱོང་མཁན་མང་པོར་བཅར་འདྲི་དང༌།  ྋགོང་ས་མཆོག་ལ་བཅར་འདྲི། རྒྱ་ནག་གཞུང་ནས་ ༡༩༥༩ ལོའི་དོན་རྐྱེན་ལ་འགྲེལ་བརྗོད་བྱེད་སྟངས་དང་དངོས་ཡོད་གནས་ཚུལ་གང་ཡིན་སོགས་ ༡༩༥༦ ནས་ ༡༩༥༩ ལོའི་བར་གྱི་ལོ་རྒྱུས་ལ་ཞིབ་འཇུག་གི་རྣམ་པའི་ཐོག་ནས་བྲིས་པ་ཞིག་ཡིན་འདུག ཁོང་གིས་དེབ་དེའི་ཆེད་དུ་ཀ་རྡོར་སྒང་གསུམ་སོགས་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ལ་དངོས་སུ་བསྐྱོད་དེ། མི་སྣ་མང་པོར་བཅར་འདྲི་བྱས་ཏེ་བྲིས་པ་ཞིག་ཡིན་འདུག

 

 

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ༼ ཕྱི་ལོ་ ༡༩༥༩ ལོའི་ལྷ་ས། ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་དོན་གང་ཡིན་ནམ ༽ ཞེས་པའི་དེབ་དེར་ཀློག་པ་པོ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། དེབ་དེ་ཐོན་པའི་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེན་སོང་ཡོད་འདུག ཀྲན་ཕོ་ཁུང་དང༌། ཀྲུའུ་རུའེ། ལི་ཅང་ལིན་ཁོང་གསུམ་ནི་དུས་རྒྱུན་བོད་དོན་ཐོག་རྒྱུས་མངའ་ཆེ་ཞིང༌། བརྗོད་གཞི་སྣ་ཚོགས་ཀྱི་རྩོམ་ཡིག་གི་བརྗོད་བྱ་དང་བརྗོད་བྱེད་གང་ཐད་ནས་རྒྱ་རིགས་རྩོམ་པ་པོ་ནང་ཁུལ་ནས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་མཁན་གྲས་ཡིན། ཁོང་གསུམ་སྔར་ལོའི་ཕྱི་ཟླ་ ༨ པར་ཇི་ནི་ཝར་སྐོང་ཚོགས་གནང་བའི་རྒྱལ་སྤྱིའི་རྒྱ་བོད་ལྷན་ཚོགས་སོགས་བོད་དོན་དང་འབྲེལ་བའི་ཚོགས་འདུ་སྣ་ཚོགས་ལ་ཞུགས་མྱོང་ཡོད་པ་མ་ཟད། རྒྱ་གར་ངྷ་རམ་ས་ལ་དང་བོད་མིའི་གཞིས་ཆགས་ཁག་ལ་རྟོག་ཞིབ་གཟིགས་སྐོར་ལ་ཐེངས་མང་ཕེབས་ཤིང་། ༧གོང་ས་མཆོག་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཀྱང་ཐོབ་མྱོང་མཁན་གྲས་ཡིན།

 

ཁོང་གསུམ་གྱིས་ཨ་རིའི་བོད་ཀྱི་དོན་གཅོད་ཁང་ལ་གསུངས་རྒྱུར། རང་དབང་གི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དངོས་སུ་བསྐྱོད་དེ་རྟོག་ཞིབ་བྱེད་རྒྱུའི་གོ་སྐབས་བྱུང་བ་དང༌། ལྷག་པར་དུ་ྋགོང་ས་མཆོག་ལ་གནས་ཚུལ་སྣ་ཚོགས་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བ་དེས་ངེད་ཅག་གི་དེབ་འབྲི་རྒྱུར་ཕན་ཐོགས་ཆེན་པོ་བྱུང་། ཞེས་དང་། བོད་མིའི་འཐབ་རྩོད་ནི་བདེན་དོན་རྩོད་ལེན་གྱི་འཐབ་རྩོད་ཅིག་ཡིན་སྟབས་ད་དུང་མུ་མཐུད་ནས་བོད་དོན་སྐོར་དངོས་དོན་དང་མཐུན་པའི་རྩོམ་ཡིག་སྤེལ་རྒྱུ་དང༌།  གོ་སྐབས་ནམ་བྱུང་ལ་བོད་དོན་སྐོར་གླེང་སློང་བྱ་རྒྱུ་ནི་རྩོམ་པ་པོ་ཞིག་གི་དོར་ཐབས་མེད་པའི་འགན་འཁྲི་ཡིན་ཞེས་བརྗོད་འདུག

 

གོང་གི་གནས་ཚུལ་དེ་བོད་གཞུང་དྲ་རྒྱ་ལས་བསྡུ་སྒྲིག་བྱས། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 18

  1. ཤིས་རི། says:
    ལོ་ 15 སྔོན།

    རྒྱ་རིགས་རྩོམ་པ་པོ་གསུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཁྱེད་རྣམ་པ་བརྒྱུད་ནས་རྒྱ་རིགས་སྤྱི་དང་ལྷག་པར་རྒྱ་ནག་སྐམ་ས་ཆེན་མོའི་ནང་བཞུགས་རྒྱ་རིགས་མི་མང་ཡོངས་ལ་མི་རིགས་གཉིས་ཀྱི་དཀའ་རྙོག་འདི་གང་ནས་བྱུང་པ་དང་། ཇི་ལྟར་བྱུང་པ། ག་འདྲ་བྱས་ཏེ་སེལ་དགོས་པ། ལྷག་པར་༧གོང་ས་མཆོག་རྒྱ་བོད་ཀྱི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུ་ཡིན་པ་དེ་དངོས་ཤུགས་གང་ཐད་ནས་ངོ་སྤྲོད་བྱེད་པའི་རེ་བ་ཆེ། བཀྲ་ཤིས་བདེ་ལེགས།

    Reply
  2. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    རྒྱུ་རིགས་རྩོམ་པ་པོ་གསུམ་ལ་བཀྲིས་བདེ་ལེགས་ཞུ།

    Reply
  3. པད་མ་ལྷུན་གྲུབ། says:
    ལོ་ 15 སྔོན།

    རྒྱ་རིགས་རྩོམ་པ་པོ་གསུམ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ། ལྷག་པར་དུ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་འགོ་འཛིན་བློ་བཟང་སྙན་གྲགས་ལ་བསྔགས་བརྗོད་ཞུ་གི་ཡིན། ཨ་རིའི་ནང་རྒྱ་རིགས་དང་འབྲེལ་ལམ་བྱེད་ཡག་དེ་བར་ལམ་ལོ་རེ་གཉིས་ནང་མངོན་གསལ་གྱིས་ཤུགས་ཆེ་རུ་ཕྱིན་སོང་། མུ་མཐུད་ནས་ཧུར་ཐག་གནང་རོགས།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱ་འཁྱམ་གསུམ་གྱི་རྩོམ་ཡིག་ནང་དུ་བོད་རྒྱ་ཁུངས་ཡིན་པར་བྲིས་ཡོད་པ་ཀློག་མེད་ཀྱང་ཤེས་ནུས་པ་ཞིག་རེད། བཙན་བྱོལ་བོད་གཞུང་གི་རྒྱ་དགའ་མ་འདི་ཚོས་དེང་སང་རྒྱ་མི་མ་གཏོགས་བོད་མི་གཙང་མ་དང་བོད་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱི་རྩོམ་བྲིས་པ་ཚོའི་རྩོམ་ཆོས་ལ་མཐོང་ཆུང་བྱས་ཀྱི་ཡོད་པ་འདི་ནི་བོད་མི་རིགས་ཀྱི་ལམ་སྣ་ཐུར་དུ་ཁྲིད་པ་རེད།

    དགྲ་ལ་རེ་བཅོལ་མི་བྱེད་པ་སྐྱེས་པ་ཕོ་ཡི་ཡ་མཚན་རེད།
    ལྟོགས་ཀྱང་རྩ་ཤིང་མི་ཟ་བ་དམར་ཡ་སྟག་གི་ཡ་མཚན་རེད།
    སྤྱི་རྒྱུ་ལྐོག་ཟ་མི་བྱེད་པ་གཞུང་དྲང་དཔོན་གྱི་ཡ་མཚན་རེད།
    རང་བཙན་སེམས་ཀྱིས་མི་དོར་བ་རྒྱལ་གཅེས་པ་ཡི་ཡ་མཚན་རེད།

    གཅན་གཟན་སྒོ་ཁྱི་གསོས་ལེ་དེ་སྒོ་ཟོག་བོར་བའི་སྔ་ལྟས་རེད།
    དགྲ་བོ་ཁྱིམ་དུ་ཁྲིད་པ་དེ་ཁྱིམ་གཞི་སྟོང་བའི་སྔ་ལྟས་རེད།
    རྒྱ་འཁྱམ་མཐོང་ཆེན་བྱས་པ་དེ་བོད་འཁྱམ་བོར་བའི་སྔ་ལྟས་རེད།
    རང་མིའི་རིན་ཐང་མེད་པ་དེ་རང་གཞུང་འཐོར་བའི་སྔ་ལྟས་རེད།

    Reply
  5. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    རྒྱ་རིགས་རྩོམ་པ་པོ་དེ་གསུམ་ལ་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. མཚོ་པདྨ། says:
    ལོ་ 15 སྔོན།

    རྒྱ་རིགས་རྩོམ་པ་པོ་གསུམ་ལ་བཀྲིས་བདེ་ལེགས་ཞུ།
    ཕྱག་དེབ་གསུམ་པོ་དེ་ད་ལྟ་བོད་བསྒྱུར་བྱེད་མེད་ནའང་དབྱིན་ཡིག་ཏུ་བསྒྱུར་ཨེ་ཡོད??
    ཐུགས་རྗེ་ཆེ།

    Reply
  7. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    བརྩམས་ཆོས་གང་ཉིད་ཀྱི་བརྗོད་དོན་ལ་མ་བལྟས་པར། ཆབ་སྲིད་ཀྱི་ངོས་ཐད་ནས་བཤད་ན་རྒྱ་རིགས་རྩོམ་པ་པོ་ཡིན་ཚད་ཀྱི་བོད་དོན་སྐོར་གྱི་བརྩམས་ཆོས་གང་ཡོད་ལ་ངོ་སོ་བསྟོད་ཚིག་འབུལ་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད།
    ཡིན་ནའང་། རྩོམ་པ་པོ་དང་བརྩམས་ཆོས་གང་ཉིད་ཀྱི་ངོས་ཐད་ནས་བཤད་ན་ཡོད་ཚད་བླ་རུ་བཀུར་དགོས་པའི་ངེས་པ་མི་འདུག་སེམས། མཐོང་ཚད་ཆབ་སྲིད་ཀྱི་དགོས་མཁོ་ཡིས་གཡོགས་པ་དེ་ནི། རྩོམ་རིག་རྐྱང་བའི་ཕྱོགས་ནས་བཤད་ན་བར་ཆད་ཆེན་པོ་ཞིག་ཡིན་ངེས། དེ་བཞིན་དུ། འཚར་ལོངས་འབྱུང་བཞིན་པའི་གསར་སྐྱེས་རྩོམ་པ་དང་ཀློག་པ་པོའི་ཁོར་ཡུག་ལ་ཞོགས་འདྲོགས་འུད་སྒྲོག་གི་ལས་རྩོམ་པ་དེས་བསམ་བཞིན་མ་ཡིན་པར་རྩོམ་རིག་གི་ཁོར་ཡུག་ལ་ཤན་ཤུགས་ངན་པ ་བསྐྱེད་སྲིད།
    དེར་རྟེན་ཚང་མས་འུར་འདྲོགས་ལོང་གཏམ་མི་བྱེད་པར་བརྩམས་ཆོས་བཀླགས་ནས་ད་གཟོད་བརྩམས་ཆོས་དེའི་དགེ་སྐྱོན་གླེང་རྒྱུ་གལ་ཏུ་ཆེ། རྩོམ་པ་པོའི་ངོས་ཐད་ནས་བལྟས་ན་ཁྲིན་པའོ་ཁཱུང་གི་དེབ་དེ་ལེགས་པོ་ཡོད་རྒྱུ་རེད་བསམ། ཁོང་ནི་ལོ་མང་རིང་རྒྱ་ནག་གི་སྲིད་ཇུས་ལ་ཉམས་ཞིབ་གནང་མཁན་རྒན་གྲས་ཤིག་རེད། ཀྲུའུ་རེའུ་ཡི་དེབ་ནང་དུ་བོད་བསྒྱུར་བྱེད་དགོས་པའི་དམིགས་བསལ་དོན་དག་གཅིག་ཀྱང་མི་འདུག གླེང་ཟིན་པ་ཏག་ཏག་བསྐྱར་ཟློས་བྱས་པ་ཙམ་རེད། བོད་རང་གི་རྩོམ་རིག་གི་ཁྱབ་ཁོངས་སུ་བཞག་ནས་བལྟས་པ་ཡིན་ན། ཀྲུའུ་རེའུ་ཡི་དེབ་དེ་ནི་ཇ་ཁ་ཆང་ཁའི་གཏམ་ཙམ་རེད། ཡིན་ནའང་། རྒྱ་རིགས་རྩོམ་པ་པོ་ཞིག་གིས་བོད་དོན་གླེང་བ་ཡིན་ཕྱིན་ཁོང་ཚོ་གསུམ་ལ་ཡི་རངས་ཡོད། མ་གཞི་རྩོམ་དེབ་འདི་དག་རྒྱ་ཡིག་དང་དབྱིན་ཡིག་དྲ་ངོས་སུ་ཁྱབ་བསྒྲགས་བྱས་ན་བཟང་རྒྱུ་རེད། ཕྱིར་ཁ་བོད་ནང་དུ་སྐོར་ནས་བོད་པ་ཚོར་རྒྱ་རིགས་ལ་སེམས་ཉེ་དགོས་པའི་བཟོ་འདྲ་ཞིག་བསྟན་ན་དེར་དགོས་པ་རྒྱུ་མཚན་ཅང་མི་འདུག་བསམ།
    ད་དུང་བསམ་འཆར་རྡོ་འདྲ་མ་ཞིག་བོད་གཞུང་དྲ་རྒྱར་ཞུ་འདོད་བྱུང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ལ་དེ་ལྟར་གདེང་འཇོག་མི་བྱེད་པ་དེ་ནི་ཧ་ཅང་གི་བློ་ཕམ་ཆེན་པོ་དང་ནོར་འཁྲུལ་གྱི་ཁ་ཕྱོགས་ཤིག་རེད་འདོད་གི། བོད་ནང་གི་རྩོམ་པ་པོ་དང་གཞས་པ་གཞས་མ་གང་མང་ཞིག་གིས་རང་སྲོག་འབེན་ལ་བཙུགས་ནས་བོད་ཀྱི་འཐབ་རྩོད་དང་སྨན་པའི་བརྩམས་ཆོས་གང་མང་ཞིག་བཙན་འོག་ནས་འགྲེམས་སྤེལ་བྱས་ཡོད་ནའང་། ད་ལྟའི་བར་དུ་བོད་གཞུང་དྲ་རྒྱས་མཐོང་ཆེན་གྱི་རྣམ་པ་གསལ་བོ་ཅི་ཡང་བསྟན་མ་སོང་། བཙན་བྱོལ་སློབ་གྲྭ་བརྒྱད་ཅུ་རྩ་གྲངས་ཤིག་ཡོད་པ་དག་གི་དཔེ་མཛོད་ཁང་དུ། གཞིས་བཞུགས་བོད་རིགས་རྩོམ་པ་པོ་རྣམས་ཀྱིས་ཚེ་སྲོག་ཕུལ་ཏེ་བརྩམས་པའི་དེབ་ག་ཚོད་ཡོད་དམ། གཞིས་བཞུགས་གླུ་བ་གླུ་མ་རྣམས་ཀྱིས་བླངས་པའི་འོད་སྡེར་ག་ཚོད་བཀྲམས་ཡོད་དམ། འདིའི་རིགས་འདི་མི་རིགས་ལས་དོན་འཐབ་རྩོད་བྱེད་མཁན་གྱི་སྤྱི་ཚོགས་ཤིག་གི་ངོས་ཐད་ནས་བཤད་ན་འཐུས་ཤོར་རེད་ལ། བློ་ཕམ་ཀྱང་རེད། རང་ཚིགས་བརྟན་པའི་མི་རིགས་ཀྱི་བསམ་བློ་ཞིག་གཞི་ཚུགས་མ་ཐུབ་པར་གཞན་བརྟེན་གྱི་བསམ་བློ་ཁོ་ནར་བརྟེན་རྒྱུ་ཁྱབ་བརྡལ་དུ་བཏང་ན་མཐར་མི་རིགས་དེ་ཉིད་གཏན་མེད་དུ་འཆི་རྒྱུར་གདོན་མི་ཟའོ།

    Reply
  8. kalsang says:
    ལོ་ 15 སྔོན།

    བདེན་པའི་རྒྱབ་ལང་བྱེད་མཁན་རྩོམ་པ་པོ་གསུམ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱ་ཡིན།

    Reply
  9. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    མགྱོགས་མྱུར་ངང་ཁོང་ཚོས་བརྩམས་པའི་དེབ་གསུམ་པོ་བོད་བསྒྱུར་བྱས་ནས་བོད་རིགས་ཡོངས་ནས་ཀློག་ཐུབ་ན་ཅི་མ་རུང་། གར་ལྟར་རྒྱ་རིགས་མི་མང་གིས་བོད་དོན་གོ་རྟོགས་སེལ་བའི་ཐབས་ལམ་མྱུར་ཤོས་ཤིག་ཏུ་རྩིས་ཆོག་པ་རེད། འདི་འདྲའི་ལས་དོན་རྒྱ་མི་རིགས་ངོས་ནས་སྤེལ་རྒྱུའི་ཐུགས་རེ་དེ་ནི་༧གོང་ས་མཆོག་གིས་དྲུག་ཅུའི་སྨད་ཙམ་ནས་བཅངས་ཡོད་པའི་ཁོང་གི་ཐུགས་དགོངས་བོད་མི་མང་གིས་ལོ་ངོ་ལྔ་བཅུའི་རྗེས་ནས་གཞི་ནས་གོ་རྟོགས་ཐུབ་འདུག

    Reply
  10. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དེབ་དེ་རྣམས་ལྟ་རྒྱུ་རག་སོང་ན་གཞི་ནས་བཤད་རྒྱུ་ལས་ད་ལྟ་ངས་ནས་བཤད་ཤེས་མ་སོང་།ཡིན་ནའང་ཁ་བྱང་ལ་བསམ་ན་ཡག་པོ་འདུག་ནང་དོན་ཡང་དེ་ལྟར་ཡིན་པའི་རེ་བ་ཡོད།
    ལུང་རིག་རྒྱལ་ལགས་ཁྱེད་རང་རྒྱ་ཡིག་ཡག་པོ་ཡོད་པ་རེད་ཟེར་ནས་གོ་མྱོང་།སོང་ཙང་ལས་ཞོར་དུ་དེབ་གསུམ་ནས་གཅིག་ཙམ་བོད་བསྒྱུར་བྱ་ཐུབ་ནའང་ང་ཚོའི་སྤྱི་ཚོགས་ནང་ཕན་ཐོག་ཆེན་པོ་ཡོང་རྒྱུ་རེད་དྲན་གྱིན་འདུག།དེ་ངས་རེ་བ་གཙང་མ་ཞིག་ཡིན།

    Reply
  11. དགྲ་འདུལ་རྡོ་རྗེ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཞུ།

    Reply
  12. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 15 སྔོན།

    འཛམ་གླིང་སྤྱི་ལ་འགན་འཁུར་ནས་དེའི་སྐྱོན་ཡོན་ལ་རྟོག་ཞིབ་ཀྱིས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་སུ་དབྱེས་ནས་དྲང་ཕྱོགས་ལ་བདེན་པའི་རྒྱབ་སྐྱོར་གྱིས་རྒྱལ་ཁ་འཐོབ་ཐབས་བྱེད་པ་དང། ལྡོག་ཕྱོགས་ཀྱི་ནག་ཉེས་ཐེར་འདོན་གྱིས་དེ་ལ་དགག་རྒྱག་བསུན་འབྱིན་གྱིས་གགནོད་བྱེད་འཕངས་དགོས་པ་རྩོམ་པོ་ཚད་ལྡན་རྣམས་ལ་འཁྲི་བའི་ལྡོག་མེད་འདོར་མེད་ཀྱི་འགན་འཁྲི་ཡིན་པས་འགན་འཁྲི་དེ་འཁུར་ནས་རྒྱབ་མདུན་ཕྱི་ནང་གི་གནས་ཚུལ་ཚང་མ་སྦས་གསང་མེད་པར་གསོང་པོར་ལྷུག་སྤེལ་ཞུས་ཡོད་ན་དགའ་འོས་པ་དང་བསྟོད་འོས་པ་བཀུར་འོས་པའི་གནས་ལས་མ་འདས་པས་དགའ་བསུ་ཞུ།་

    Reply
  13. ནད་པ says:
    ལོ་ 15 སྔོན།

    བྱང་ཨ་རིར་བཞུགས་པའི་རྒྱ་རིགས་རྩོམ་པ་པོ་ཀྲན་ཕོ་ཁུང་དང་། ཁ་ཎ་ཌར་བཞུགས་རྒྱ་རིགས་རྩོམ་པོ་ཀྲུའུརུའེཡེ། རྩོམ་པོ་ལི་ཅང་ལི་བཅས་གསུམ་ལ་གུས་བརྩི་དང་མཛའ་བརྩེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད།

    ཁྱེད་ཚོས་བློ་རིག་དྭངས་མོས་དྲིས་པའི་དཔེ་དེབ་རྒྱ་བོད་དབར་གྱི་གནད་དོན་རྣམས་འཛམ་གླིང་སྤྱི་དང་ཡང་སྒོས་རྒྱ་བོད་མི་རིགས་ཀྱི་ད་ལྟ་དང་འབྱུང་འགྱུར་གྱི་མི་རབས་དག་གི་སྤྱན་ལམ་དུ་ཡང་དག་པའི་གནད་དོན་ཐ་དག་དག་ཐེར་དང་དཔྱད་ཞིབ་ཟབ་མོས་སྤྱན་བསྟར་ཐུབ་པ་དེ་ཕྱོགས་གཉིས་ཀར་ཕན་པའི་ཆེས་རླབས་ཆེན་གྱི་བྱ་གཞག་གཅིག་རེད།

    བྱ་གཞག་ཆེན་པོ་འདི་འདྲ་ཞིག་གིས་ཆེད་དུ་ཁྱེད་ཚོས་ངལ་བ་ཁྱད་དུ་བསད་དེ་རྩ་ཆེའི་དཔེ་དེབ་ཡག་པོ་དེ་འདྲ་ཞིག་བཏོན་ཐུབ་པ་ཚན་རིག་དང་མཐུན་ལ་དམངས་གཙོ་དང་མཐུན་ཞིང་ཆོས་ལུགས་འཇིག་རྟེན་ཡ་རབས་ཀྱི་བདེན་པའི་རང་དབང་ཅན་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྟབས་ཁྱེད་ཚོ་ནི་ཆེས་ཚན་སྙན་ཆེ་བའི་རྒྱ་མི་རིགས་ཀྱི་གྲགས་ཅན་མི་སྣ་བཟང་པོ་ཤ་སྟག་ཡིན།

    ང་ཚོ་སྟེ་གདོང་དམར་བོད་རིགས་མི་དམངས་ཀྱས་ཀྱང་ཁྱེད་ཚོའི་རླབས་ཆེ་བའི་བྱ་གཞག་བཟང་པོ་འདི་དག་ལ་རྗེས་སུ་ཡིརངས་མ་བྱེད་ཀ་མེད་ཡིན། ཁྱེད་ཚོ་འདས་ཀྱང་ཁྱེད་ཚོའི་མཚན་སྙན་དང་། གཟི་བརྗིད། མཛད་རྗེས་འདི་དག་ཇི་སྲིད་རྒྱ་བོད་མི་རིགས་གཉིས་མ་སྟོངས་ཀྱི་བར་དུ་གནས་ངེས་ཡིན།

    སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།།

    Reply
  14. རྐང་གསུམ། says:
    ལོ་ 15 སྔོན།

    འདི་ལྟར་ཁོང་ཚོའི་དེབ་རེ་རེའི་རྒྱབ་ནས་ལྟས་ན་ཅི་ཡིན་མི་ཤེས་པའི་སྣང་ཚུལ་ཞིག་གིས་བོད་མི་སོ་སོའི་སེམས་ན་ན་ཐང་། ཡིན་ནའང་དོན་ངོ་མ་གང་ཡིན་ང་ཚོས་བཤད་ཚོད་མི་འདུག་་་་་འདི་དག་གི་དེབ་རེ་ལག་ཏུ་ཐོབ་ན་ཅི་མ་རུང།

    Reply
  15. ཨ་ལ་ལ says:
    ལོ་ 15 སྔོན།

    རྒྱ་རིགས་རྩོམ་པ་པོ་རྣམ་པ་གསུམ་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་རིགས་ཤིག་གིས་བོད་དོན་སྐོར་ལ་བྲིས་པ་ལས་ལྷག་པའི་ནུས་པ་ཐོན་མཁན་ཞིག་མི་རིགས་སུ་ཞིག་གིས་བྲིས་ཀྱང་ཐོན་ཐུབ་མི་སྲིད་པས། སླར་ཡང་ཁོང་རྣམ་པ་གསུམ་ལ་ང་རང་བོད་རིགས་ཤིག་ངོས་ནས་ཐུགས་རྗེ་ཆེ་སོང་ཞེས་ཞུ་འདོད་བྱུང་།

    Reply
  16. གནམ་ལྕགས། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་རང་རེའི་ལོ་ཙཱ་བ་ཡིན་ཟེར་མཁན་ཚོས་བོད་བསྒྱུར་བྱེད་ཐུབ་ན་ལེགས་ཞུ་རྒྱུ་དང་། གལ་སྲིད་ཆ་ཚང་མི་ཡོང་རུང་ཚན་པ་འགའ་རེ་ཡང་བསྒྱུར་ཐུབ་ན་ཤིན་ཏུ་ལེགས།

    Reply
  17. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    བོད་དོན་སྐོར་གྱི་དཔེ་དེབ་གསུམ་པོ་དེ་བོད་དོན་སླང་ངེས་ཡིན་དང་བོད་དོན་བརླག་ངེས་ཡིན་ལྟ་རྒྱུ་རེད། ཐག་གཅོད་སྔ་མི་ཉན་་་

    Reply
  18. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    འདི་ནི་རྒྱ་བོད་མཛའ་འབྲེལ་བཙུགས་པའི་འབྲས་བུ་དངོས་སུ་སྨིན་པ་ཞིག་མ་ཡིན་ནམ། གང་ལྟར་རྩོམ་པ་པོ་གསུམ་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese